རྨི་ལམ་ལ་ཞུགས་པའི་སྙན་ཚིག


(1) ལུང་ཕུ་ཡན་ན་རྫ་རི་སྔོ་ཞུར་ཞིག།
དེ་ན་སྤྲིན་དཀར་སྤྲིན་ནག་ཆ་གཅིག་འཁོར།།
སྤྲིན་དཀར་དེ་ལས་གྲིབ་ནག་རིང་པོ་ཞིག།
རྫ་རིའི་སྟེང་དང་རྒྱབ་ལོགས་དག་ཏུ་ཕོག།
སྤྲིན་ནག་དེ་ལས་ཁ་བ་དཀར་སང་ཞིག།
རྫ་རིའི་སྟེང་དང་མདུན་ངོས་དག་ན་བབས།།
གཅིག་ནི་རྫ་རི་དེ་ཡི་ཉིན་མོ་སྟེ།།
གཅིག་ཡི་རྫ་རི་དེ་ཡི་མཚན་མོ་འོ།།
དེ་མིན་རྫ་རི་དེ་ཡི་སྔོན་རྒྱབ་རེད།།
རྫ་ངོས་གཉིས་ན་རྫི་བོ་ཕོ་མོ་གཉིས།།
ཕོ་ཡིས་ནོར་ནག་མོ་དེས་ལུག་ཁྱུ་འཚོ།།
ནོར་ནག་ཉིན་གྱི་གྲིབ་མར་འབོར་འགྱུར་ལ།།
ལུག་ཁྱུ་མཚན་གྱི་ཁ་བར་འབོར་ཞིང་འགྲོ།།
བོར་བའི་ནོར་དང་ལུག་ཁྱུ་འཚོལ་ལོ་ཞེས།།
ཕོ་དེ་སྐྱ་རེངས་དུས་ནས་སྲོད་ཀྱི་བར།།
འུར་ཐག་བཅངས་ནས་ཕྱོགས་དང་ཕྱོགས་གཞན་ན།།
ཀི་རིང་འདེབས་བཞིན་ལ་ལུང་དུ་མ་འགྲོ།།
སླར་ཡང་འོངས་ནས་སླར་ཡང་འགྲོ་བྱེད་ཅིང་།།
ཉིན་ངོ་ཧྲིལ་པོར་ཕར་འགྲོ་ཚུར་འོང་བསྡུར།།
མོ་དེ་ཟླ་དཀར་འོག་ནས་མཚན་གུང་དུ།།
གཅིག་པུར་རྫ་རི་དེ་ཡི་རྩེ་ལ་འོངས།།
ངུད་མོ་སྒྲོག་བཞིན་གཡང་ས་མཐོ་ནས་ལྡིང།།
ལས་ཀྱིས་སླར་ཡང་གསོན་ནས་སླར་ཡང་འོངས།།
མཚན་ངོ་ཧྲིལ་པོར་ཤི་གྲངས་གསོན་གྲངས་བསྡུར།།

(2) ང་ཉིད་སེམས་ཀྱི་མེ་ལོང་ལ་ཕྱོགས་ཏེ།།
རང་གི་གདོང་པ་ཕན་ཚུན་མོལ་བ་ན།།
མཁའ་མཐའ་དེ་ནས་སྐར་ཚོམ་དཔག་མེད་ཅིག།
ཕན་ཚུན་འདྲེས་ཤིང་ཕན་ཚུན་གྱེས་པ་དག།
གསལ་པོར་སྣང་ཞིང་ལན་རེར་མོག་པོར་སྣང་།།
ཉེ་བར་འོང་ཞིང་སྐབས་རེར་རིང་བར་འགྲོ།།
ལན་ཅིག་གདོང་པ་དེ་ཡི་རྒྱབ་རོལ་ནས།།
རྣ་ལུང་བརྒྱབ་པའི་བུ་མོ་ཡིད་འོང་ཞིག།
ཚུར་ལ་འོང་བཞིན་འཚོ་བའི་ནགས་ཁྲོད་དུ།།
ཁང་ཆུང་བརྩེགས་ནས་མེ་ཁ་གསོ་འོ་ཞེས།།
དུང་བའི་རླབས་ཀྱིས་སྨིན་མ་གཡོ་བར་བྱེད།།
བུ་མོའི་ལག་པ་དགུན་ཞོགས་བ་མོ་བཞིན།།
བསིལ་ཡང་བདག་གི་སེམས་ཆུང་བསྲོ་བར་ནུས།།
གདོང་པ་ཅུང་ཟད་དམར་བའི་བུ་མོ་དང་།།
རྐང་འགྲོས་གཤིབས་ནས་གྲོང་མཐའི་ཕྱོགས་སུ་བརྒྱུགས།།
གྲོང་རྣམས་སྟོངས་ཤིང་བྱེ་མས་ཟོས་པ་མཐོང་།།
དེ་རུ་ལྕང་མ་བཏབ་ཅིང་ཁྱིམ་བྱ་གསོས།།
དཀར་མཁྲེགས་སོ་ཞོ་མངར་བའི་བུ་མོ་དེའི།།
གདོང་གི་མེ་ཏོག་རྙིད་པའི་ཚུལ་ལ་བལྟས།།
སད་པའི་དུས་ན་མེ་ལོང་ཁ་གཏད་དེ།།
རང་གི་གདོང་གཉིས་ཕན་ཚུན་ཅེར་ཅེར་འདུག།
རྨི་ལམ་འདི་འདྲ་རྨི་བ་མི་བསམ་མོད།།
མེ་ལོང་སྤངས་ནས་འགྲོ་བའང་ག་ལ་སྟེ།།
མེ་ལོང་སྤངས་པ་བདག་ཉིད་སྤངས་པ་ལགས།།
བདག་ཉིད་སྤང་བར་མ་ནུས་བདག་ཉིད་ནི།།
རྨི་ལས་སླར་ཡང་སད་ཅིང་སླར་ཡང་རྨིས།།
བསྐལ་པ་དུ་མར་སད་དང་རྨི་བ་བསྡུར།།

                           2015.10.29


                                                                                 རྩོམ་སྒྲིག་པ། ལྷ་སྐྱིད།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨི་ལམ་ལ་ཞུགས་པའི་སྙན་ཚིག

2016-07-15 དུང་རུ་ཚེ་དབང་། ཀློག་གྲངས། མཆན ཡོད།


(1) ལུང་ཕུ་ཡན་ན་རྫ་རི་སྔོ་ཞུར་ཞིག།
དེ་ན་སྤྲིན་དཀར་སྤྲིན་ནག་ཆ་གཅིག་འཁོར།།
སྤྲིན་དཀར་དེ་ལས་གྲིབ་ནག་རིང་པོ་ཞིག།
རྫ་རིའི་སྟེང་དང་རྒྱབ་ལོགས་དག་ཏུ་ཕོག།
སྤྲིན་ནག་དེ་ལས་ཁ་བ་དཀར་སང་ཞིག།
རྫ་རིའི་སྟེང་དང་མདུན་ངོས་དག་ན་བབས།།
གཅིག་ནི་རྫ་རི་དེ་ཡི་ཉིན་མོ་སྟེ།།
གཅིག་ཡི་རྫ་རི་དེ་ཡི་མཚན་མོ་འོ།།
དེ་མིན་རྫ་རི་དེ་ཡི་སྔོན་རྒྱབ་རེད།།
རྫ་ངོས་གཉིས་ན་རྫི་བོ་ཕོ་མོ་གཉིས།།
ཕོ་ཡིས་ནོར་ནག་མོ་དེས་ལུག་ཁྱུ་འཚོ།།
ནོར་ནག་ཉིན་གྱི་གྲིབ་མར་འབོར་འགྱུར་ལ།།
ལུག་ཁྱུ་མཚན་གྱི་ཁ་བར་འབོར་ཞིང་འགྲོ།།
བོར་བའི་ནོར་དང་ལུག་ཁྱུ་འཚོལ་ལོ་ཞེས།།
ཕོ་དེ་སྐྱ་རེངས་དུས་ནས་སྲོད་ཀྱི་བར།།
འུར་ཐག་བཅངས་ནས་ཕྱོགས་དང་ཕྱོགས་གཞན་ན།།
ཀི་རིང་འདེབས་བཞིན་ལ་ལུང་དུ་མ་འགྲོ།།
སླར་ཡང་འོངས་ནས་སླར་ཡང་འགྲོ་བྱེད་ཅིང་།།
ཉིན་ངོ་ཧྲིལ་པོར་ཕར་འགྲོ་ཚུར་འོང་བསྡུར།།
མོ་དེ་ཟླ་དཀར་འོག་ནས་མཚན་གུང་དུ།།
གཅིག་པུར་རྫ་རི་དེ་ཡི་རྩེ་ལ་འོངས།།
ངུད་མོ་སྒྲོག་བཞིན་གཡང་ས་མཐོ་ནས་ལྡིང།།
ལས་ཀྱིས་སླར་ཡང་གསོན་ནས་སླར་ཡང་འོངས།།
མཚན་ངོ་ཧྲིལ་པོར་ཤི་གྲངས་གསོན་གྲངས་བསྡུར།།

(2) ང་ཉིད་སེམས་ཀྱི་མེ་ལོང་ལ་ཕྱོགས་ཏེ།།
རང་གི་གདོང་པ་ཕན་ཚུན་མོལ་བ་ན།།
མཁའ་མཐའ་དེ་ནས་སྐར་ཚོམ་དཔག་མེད་ཅིག།
ཕན་ཚུན་འདྲེས་ཤིང་ཕན་ཚུན་གྱེས་པ་དག།
གསལ་པོར་སྣང་ཞིང་ལན་རེར་མོག་པོར་སྣང་།།
ཉེ་བར་འོང་ཞིང་སྐབས་རེར་རིང་བར་འགྲོ།།
ལན་ཅིག་གདོང་པ་དེ་ཡི་རྒྱབ་རོལ་ནས།།
རྣ་ལུང་བརྒྱབ་པའི་བུ་མོ་ཡིད་འོང་ཞིག།
ཚུར་ལ་འོང་བཞིན་འཚོ་བའི་ནགས་ཁྲོད་དུ།།
ཁང་ཆུང་བརྩེགས་ནས་མེ་ཁ་གསོ་འོ་ཞེས།།
དུང་བའི་རླབས་ཀྱིས་སྨིན་མ་གཡོ་བར་བྱེད།།
བུ་མོའི་ལག་པ་དགུན་ཞོགས་བ་མོ་བཞིན།།
བསིལ་ཡང་བདག་གི་སེམས་ཆུང་བསྲོ་བར་ནུས།།
གདོང་པ་ཅུང་ཟད་དམར་བའི་བུ་མོ་དང་།།
རྐང་འགྲོས་གཤིབས་ནས་གྲོང་མཐའི་ཕྱོགས་སུ་བརྒྱུགས།།
གྲོང་རྣམས་སྟོངས་ཤིང་བྱེ་མས་ཟོས་པ་མཐོང་།།
དེ་རུ་ལྕང་མ་བཏབ་ཅིང་ཁྱིམ་བྱ་གསོས།།
དཀར་མཁྲེགས་སོ་ཞོ་མངར་བའི་བུ་མོ་དེའི།།
གདོང་གི་མེ་ཏོག་རྙིད་པའི་ཚུལ་ལ་བལྟས།།
སད་པའི་དུས་ན་མེ་ལོང་ཁ་གཏད་དེ།།
རང་གི་གདོང་གཉིས་ཕན་ཚུན་ཅེར་ཅེར་འདུག།
རྨི་ལམ་འདི་འདྲ་རྨི་བ་མི་བསམ་མོད།།
མེ་ལོང་སྤངས་ནས་འགྲོ་བའང་ག་ལ་སྟེ།།
མེ་ལོང་སྤངས་པ་བདག་ཉིད་སྤངས་པ་ལགས།།
བདག་ཉིད་སྤང་བར་མ་ནུས་བདག་ཉིད་ནི།།
རྨི་ལས་སླར་ཡང་སད་ཅིང་སླར་ཡང་རྨིས།།
བསྐལ་པ་དུ་མར་སད་དང་རྨི་བ་བསྡུར།།

                           2015.10.29


                                                                                 རྩོམ་སྒྲིག་པ། ལྷ་སྐྱིད།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།