མཁའ་འགྲོ་མ་ཚེ་རིང་ཆོས་སྒྲོན་གྱི་བསྟོད་པ་ཉེར་གཅིག་མ།

སྔགས་པ་བདེ་ཆེན་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2019-01-22

ཞལ་རས་ཟླ་བའི་ཟེར་ལས་བསིལ་ལ།།
ཞལ་དབུགས་སྔགས་ཀྱི་དབྱངས་རྟ་ཅན་མ།།
དབུ་སྐྲ་ཟ་འོག་དར་ལས་འཇམ་ལ།།
མགྲིན་པ་བདེ་བའི་འདབ་མ་ཅན་མ།།

མཆུ་སྒྲོས་མེ་ཏོག་འདབ་མ་རྩེག་པ།།
དུང་དཀར་སྒྲིག་པའི་སོ་ཡི་ཕྲེང་མ།།
དམར་རློན་དྲོད་འཛིན་ལྕེ་ཡི་དར་ཅན།།
སྤྱན་གྱི་མདའ་མོས་སུ་ཡང་གསོད་མ།།

གསུངས་སྐད་སྙན་ལ་སྐད་རིགས་མཁས་པ།།
སྦྱོར་དུས་བདེ་ཆེན་ང་རོ་སྒྲོགས་མ།།
ཁ་ཡི་དྲི་མ་མངར་ལ་ཞིམ་པ།།
ཅི་གསུངས་ངག་གི་ནུས་པ་གྲུབ་མ།།

མགྲིན་པ་ཕྲ་ལ་ཅུང་ཙམ་ཀུག་པ།།
ཕྲག་པ་སྙོམ་ལ་དཔུང་མགོ་དྲང་མ།།
བྲང་གཞུང་ངོས་ལ་སོ་སེན་རྗེས་ཅན།།
གོས་བསལ་སུ་ཡང་འདར་བར་བྱེད་མ།།

ལང་ཚོས་བརྟས་པའི་ནུ་ཟུང་གཉིས་ཀ།
འདོད་ཅན་སྨྱོ་བར་བྱེད་པའི་རྩི་མ།།
རེག་འཇིབ་གར་གྱི་ཕྱག་རྒྱ་ཆེན་པོས།།
བདེ་གསལ་ཉམས་དེ་སྙིང་ལ་སྩོལ་མ།།

ལྟོ་བ་སྙོམ་ལ་ལྟེ་ཁུང་ཟབ་པ།།
རྩིས་རུས་གསལ་ལ་རི་མོ་ཅན་མ།།
སྤུ་དང་གཉེར་མས་མ་གཡོག་རྒྱུ་ཞབས།།
ཀན་རྐྱལ་ཉལ་ཙམ་དཔའ་བོ་འདར་མ།།

མེ་ཏོག་རློན་པ་སྦྲང་རྩི་འཁྱིལ་བ།།
སྦྲང་རྩི་དྲོན་མོ་ལང་ཚོའི་དཔལ་མ།།
རྡོ་རྗེའི་སྦྲང་མ་ཡང་ཡང་གཞིབ་པའི།།
བདེ་ཆེན་པད་མས་རིག་པ་སྟེར་མ།།

སྒལ་ཚིགས་དྲང་མོ་ཙ་རིའི་སྨྱུག་གསར།།
འཕོངས་ཤ་འབུར་ལ་འགྲོ་དུས་འདར་མ།།
རྐེད་པ་ཕྲ་ལ་ལྡེམ་མྱུར་གཡོ་བ།།
བརླ་ཤ་ཕྱེ་ཙམ་སུ་ཡང་འགུགས་མ།།

སྲབ་ཞིང་འཇམ་ལ་དམ་ལ་ལྷོད་པ།།
ཅུང་ཙམ་ནག་པའི་གཞང་ཁ་ལྷུག་མ།།
སྦྱོར་ལ་དགའ་ཞིང་བདེ་དུས་ཕྱེ་བའི།།
པད་མ་གཉིས་པས་སྨྱོ་བར་བྱེད་མ།།

ཉ་མོ་འཁྱུག་འདྲའི་བྱིན་པའི་ཉྭ་ཅན།།
དྲི་བཟང་འཐུལ་བའི་ཞབས་ཟུང་ཅན་མ།།
གར་ལ་མཁས་པའི་སོར་མོ་བཅུ་བོས།།
དྲེགས་ལྡན་སུ་ཡང་ཞབས་སུ་གནོན་མ།།

སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུར།།
སྐད་ཅིག་མ་ལ་མྱོང་བར་བྱེད་མ།།
ཕྱག་འཚལ་བཞིན་དུ་གསོལ་འདེབས་ཉེར་གཅིག།
ཁྱེད་ཀྱི་དྲིན་ལས་ཁྱེད་ལ་འབུལ་ལོ།།

                    ༢༠༡༦-༡༡-༠༨ ལ་རོམ་ནས།

 

རྩོམ་སྒྲིག་པ། ལྷ་སྐྱིད།

                 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)    


 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཁའ་འགྲོ་མ་ཚེ་རིང་ཆོས་སྒྲོན་གྱི་བསྟོད་པ་ཉེར་གཅིག་མ།

2019-01-22 སྔགས་པ་བདེ་ཆེན་རྡོ་རྗེ། ཀློག་གྲངས། མཆན ཡོད།

ཞལ་རས་ཟླ་བའི་ཟེར་ལས་བསིལ་ལ།།
ཞལ་དབུགས་སྔགས་ཀྱི་དབྱངས་རྟ་ཅན་མ།།
དབུ་སྐྲ་ཟ་འོག་དར་ལས་འཇམ་ལ།།
མགྲིན་པ་བདེ་བའི་འདབ་མ་ཅན་མ།།

མཆུ་སྒྲོས་མེ་ཏོག་འདབ་མ་རྩེག་པ།།
དུང་དཀར་སྒྲིག་པའི་སོ་ཡི་ཕྲེང་མ།།
དམར་རློན་དྲོད་འཛིན་ལྕེ་ཡི་དར་ཅན།།
སྤྱན་གྱི་མདའ་མོས་སུ་ཡང་གསོད་མ།།

གསུངས་སྐད་སྙན་ལ་སྐད་རིགས་མཁས་པ།།
སྦྱོར་དུས་བདེ་ཆེན་ང་རོ་སྒྲོགས་མ།།
ཁ་ཡི་དྲི་མ་མངར་ལ་ཞིམ་པ།།
ཅི་གསུངས་ངག་གི་ནུས་པ་གྲུབ་མ།།

མགྲིན་པ་ཕྲ་ལ་ཅུང་ཙམ་ཀུག་པ།།
ཕྲག་པ་སྙོམ་ལ་དཔུང་མགོ་དྲང་མ།།
བྲང་གཞུང་ངོས་ལ་སོ་སེན་རྗེས་ཅན།།
གོས་བསལ་སུ་ཡང་འདར་བར་བྱེད་མ།།

ལང་ཚོས་བརྟས་པའི་ནུ་ཟུང་གཉིས་ཀ།
འདོད་ཅན་སྨྱོ་བར་བྱེད་པའི་རྩི་མ།།
རེག་འཇིབ་གར་གྱི་ཕྱག་རྒྱ་ཆེན་པོས།།
བདེ་གསལ་ཉམས་དེ་སྙིང་ལ་སྩོལ་མ།།

ལྟོ་བ་སྙོམ་ལ་ལྟེ་ཁུང་ཟབ་པ།།
རྩིས་རུས་གསལ་ལ་རི་མོ་ཅན་མ།།
སྤུ་དང་གཉེར་མས་མ་གཡོག་རྒྱུ་ཞབས།།
ཀན་རྐྱལ་ཉལ་ཙམ་དཔའ་བོ་འདར་མ།།

མེ་ཏོག་རློན་པ་སྦྲང་རྩི་འཁྱིལ་བ།།
སྦྲང་རྩི་དྲོན་མོ་ལང་ཚོའི་དཔལ་མ།།
རྡོ་རྗེའི་སྦྲང་མ་ཡང་ཡང་གཞིབ་པའི།།
བདེ་ཆེན་པད་མས་རིག་པ་སྟེར་མ།།

སྒལ་ཚིགས་དྲང་མོ་ཙ་རིའི་སྨྱུག་གསར།།
འཕོངས་ཤ་འབུར་ལ་འགྲོ་དུས་འདར་མ།།
རྐེད་པ་ཕྲ་ལ་ལྡེམ་མྱུར་གཡོ་བ།།
བརླ་ཤ་ཕྱེ་ཙམ་སུ་ཡང་འགུགས་མ།།

སྲབ་ཞིང་འཇམ་ལ་དམ་ལ་ལྷོད་པ།།
ཅུང་ཙམ་ནག་པའི་གཞང་ཁ་ལྷུག་མ།།
སྦྱོར་ལ་དགའ་ཞིང་བདེ་དུས་ཕྱེ་བའི།།
པད་མ་གཉིས་པས་སྨྱོ་བར་བྱེད་མ།།

ཉ་མོ་འཁྱུག་འདྲའི་བྱིན་པའི་ཉྭ་ཅན།།
དྲི་བཟང་འཐུལ་བའི་ཞབས་ཟུང་ཅན་མ།།
གར་ལ་མཁས་པའི་སོར་མོ་བཅུ་བོས།།
དྲེགས་ལྡན་སུ་ཡང་ཞབས་སུ་གནོན་མ།།

སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུར།།
སྐད་ཅིག་མ་ལ་མྱོང་བར་བྱེད་མ།།
ཕྱག་འཚལ་བཞིན་དུ་གསོལ་འདེབས་ཉེར་གཅིག།
ཁྱེད་ཀྱི་དྲིན་ལས་ཁྱེད་ལ་འབུལ་ལོ།།

                    ༢༠༡༦-༡༡-༠༨ ལ་རོམ་ནས།

 

རྩོམ་སྒྲིག་པ། ལྷ་སྐྱིད།

                 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)    


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།