ཨ་ཅག དགའ་དགའ་གནང་དང་།


                               ____དབུས་བཟའ་མ་ཧན་ནེས་ལ་བྲིས་པ།

ས་ནི་རླུང་གིས་གཡོ་ཞིང་།།
རླུང་ནི་མེ་ལ་འགྲོགས་དུས། །
བློ་སེམས་གཙང་ཆུ་བཞིན་གྱིས། །
ཁྱོད་ཕྱོགས་ལྷུང་ལྷུང་བཞུར་འགྲོ། །
དགའ་དགའ་གནང་རྒྱུ་ཨེ་ཡོད། །
བྲོ་གར་འཁྲབ་རྒྱུ་ཨེ་ཡིན། །

ཉི་ཤར་ཉི་ནུབ་ནང་ནས། །
སྐྱེ་འཆི་བྱེ་བ་མཐོང་སྲིད། །
འཆི་བའི་ཨུག་ཆོས་མེ་ཏོག།
སང་ལ་བཞད་པ་ལོས་ཡོད། །
སྐྱོ་སྐྱོ་བྱ་སྙིང་ཨེ་འདུག།
སྤྲོ་སྤྲོ་གནང་དང་ཨ་ཅག།

ཡི་ཆད་བསེར་བུ་ཤུར་ཤུར། །
ང་ཡི་གུར་དུ་སླེབས་བྱུང་། །
ཇ་ཁའི་ཁ་ཞག་འཁྱག་རུང་། །
ཧུབ་ཀྱིས་བཏུང་སྤོབས་ངར་ཡོད། །
སྙིང་རུས་བུད་ཤིང་འདྲ་བ། །
འུར་གྱིས་འབར་བར་བྱ་རོགས། །

ང་ཡི་གཟུགས་དང་སྒྲ་ཡིས། །
རྣམ་སྨིན་བསྐྱེད་པ་མེད་ན། །
འཛུམ་པ་གྱི་ལེར་གནས་པའི། །
ཞལ་ཆུང་ང་ལ་སྟོན་དང་། །
སང་ཞོགས་ཉི་རྩེའི་དྲོད་ལ། །
ལག་པ་མཉམ་པོར་བསྲོས་ཡོང་། །

                2019-12-12

རྩོམ་སྒྲིག་པ། གངས་དགའ།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་ཅག དགའ་དགའ་གནང་དང་།

2019-12-13 ཆར་ཐིགས།(རྨ་ཆུ) ཀློག་གྲངས། མཆན ཡོད།


                               ____དབུས་བཟའ་མ་ཧན་ནེས་ལ་བྲིས་པ།

ས་ནི་རླུང་གིས་གཡོ་ཞིང་།།
རླུང་ནི་མེ་ལ་འགྲོགས་དུས། །
བློ་སེམས་གཙང་ཆུ་བཞིན་གྱིས། །
ཁྱོད་ཕྱོགས་ལྷུང་ལྷུང་བཞུར་འགྲོ། །
དགའ་དགའ་གནང་རྒྱུ་ཨེ་ཡོད། །
བྲོ་གར་འཁྲབ་རྒྱུ་ཨེ་ཡིན། །

ཉི་ཤར་ཉི་ནུབ་ནང་ནས། །
སྐྱེ་འཆི་བྱེ་བ་མཐོང་སྲིད། །
འཆི་བའི་ཨུག་ཆོས་མེ་ཏོག།
སང་ལ་བཞད་པ་ལོས་ཡོད། །
སྐྱོ་སྐྱོ་བྱ་སྙིང་ཨེ་འདུག།
སྤྲོ་སྤྲོ་གནང་དང་ཨ་ཅག།

ཡི་ཆད་བསེར་བུ་ཤུར་ཤུར། །
ང་ཡི་གུར་དུ་སླེབས་བྱུང་། །
ཇ་ཁའི་ཁ་ཞག་འཁྱག་རུང་། །
ཧུབ་ཀྱིས་བཏུང་སྤོབས་ངར་ཡོད། །
སྙིང་རུས་བུད་ཤིང་འདྲ་བ། །
འུར་གྱིས་འབར་བར་བྱ་རོགས། །

ང་ཡི་གཟུགས་དང་སྒྲ་ཡིས། །
རྣམ་སྨིན་བསྐྱེད་པ་མེད་ན། །
འཛུམ་པ་གྱི་ལེར་གནས་པའི། །
ཞལ་ཆུང་ང་ལ་སྟོན་དང་། །
སང་ཞོགས་ཉི་རྩེའི་དྲོད་ལ། །
ལག་པ་མཉམ་པོར་བསྲོས་ཡོང་། །

                2019-12-12

རྩོམ་སྒྲིག་པ། གངས་དགའ།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།