སེམས་ཀྱི་བཞུར་རྒྱུན།(སྙན་ཚོམ)

ཀླུ་ཚང་སྨྱུག་རྩེན།(རྨ་ལྷོ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-06-14
   གླེང་གཞི།

ད་ནངས་ནམ་ལངས་དུས་ཀྱི་དང་པོ་ལ།།
སེམས་ཀྱི་འཆར་སྒོ་སྣ་ཚོགས་རྒྱུད་མར་བྱུང་།།
ཅི་ཞིག་འབྲི་འདོད་གློ་བུར་སོར་རྩེ་འཚབ།།
གང་དྲན་ཡི་གེའི་ཕྲེང་བར་སྤེལ་བ་དགེ།
            
ཁེར་རྐྱང་།

འཇིག་རྟེན་ཕྱི་མ་གང་གི་གང་ཞིག་རེད།།
ད་དུང་དེ་ལ་དུས་ཀྱིས་བསྐལ་ལོ་སྙམ།།
གྲོགས་དག་སྔ་ཕྱིར་ཤི་བའི་ཚུལ་མཐོང་ནས།།
གློ་བུར་སྐྲག་སྣང་དང་བཅས་ཤ་འདར་བརྒྱབ།།

མདུན་གྱི་དངུལ་དཀར་ཆང་ཕོར་བདུད་རྩིས་བཀང་།།
རང་ཤག་དྲོན་མོར་དྲི་མ་གཞན་ཞིག་འཁོར།།
དྲན་ཤེས་འཁྲུལ་ཞིང་གཞི་ནས་ཉོབ་པར་གྱུར།།
ཧུབ་གསུམ་བཏུང་རྗེས་སླར་ཡང་འདང་གསུམ་བརྒྱབ།།

ད་ནི་ཕལ་ཆེར་ཅུང་ཙམ་རྒས་རྟགས་རེད།།
ནམ་མཁའ་མཐོན་པོར་བལྟས་ན་སྔོན་པོར་མཐོང་།།
གཞོན་དུས་ལང་ཚོའི་འགྱུར་བག་སྟོང་ལྡན་པའི།།
སྤྲིན་དཀར་གཡེམ་མའི་འཛུམ་དཀར་གང་ལ་སོང་།།
           
དུར་ས་འཚོལ་བ།

མཐའ་བཞི་གངས་ཀྱིས་བསྐོར་བའི་ཁ་བའི་ཡུལ།།
དུར་སར་བྱས་ན་ཅུང་ཙམ་གྲང་གི་བསམ།།
དམའ་བ་རྒྱ་མཚོའི་འགྲམ་གྱི་སྐྱེད་ཚལ་དག།
དུར་སར་བྱས་ན་རུལ་ནས་འདག་པར་འགྱུར།།

མ་ཤི་གསོན་པོར་འགྲོ་སའི་དག་ཞིང་ཞིག།
ཕལ་ཆེར་འཇིག་རྟེན་འདི་ན་མེད་ཚོད་རེད།།
ཤི་ཡང་ཕྱི་མའི་མཐའ་ལ་མི་དམིགས་པའི།།
སྣང་སྐྱིད་དེ་འདྲ་ང་འདྲས་ག་ལ་ཡོང་།།
              
ཚོད་དཔག

འདི་ཡི་སྒེའུ་ཁུང་ནང་ནས་ཕར་བལྟས་པའི།།
ཁང་རྩེགས་དེ་ཡི་བརྗིད་ཉམས་མཚར་བ་ལ།།
དེ་ཡི་ནང་དུ་སུ་ལ་བསྒུག་ཡོད་པའི།།
ཉམ་ཆུང་དུས་ཀྱི་མགྲོན་པོ་ག་ཚོད་བཞུགས།།
            
དམ་བཅའ།

སྐྱེས་པའི་ཉི་མ་ནས་བཟུང་དེ་རིང་བར།།
དཀར་པོའི་ལྷ་དེ་ང་ཡིས་ཕར་མ་བཙོང་།།
ནག་པོའི་འདྲེ་དེ་རིན་གྱིས་ཚུར་མ་ཉོས།།
དེ་རིང་གློ་བུར་སེམས་འཚུབ་སྙིང་གཡུག་པ།།
ལྷ་ངོ་ཁྱི་ཡིས་བརྫིས་པ་ཡིན་ནམ་ཅི།།

དེ་རིང་ཉི་མ་འདི་ཡི་ཕན་ཆད་ནས།།
སྲོག་གི་རིན་ཆེན་ཀ་བ་མ་ཆག་བར།།
དཀར་པོའི་ཆོས་དང་ནམ་ཡང་མི་འབྲལ་ཞེས།།
རང་གིས་རང་ལ་མི་འགྱུར་དམ་བཅས་པའི།།
རང་སེམས་འདི་ལ་གནོང་འདི་གང་ནས་བྱུང་།།
         
མཇུག་བྱང་།

ཁ་ལ་མ་ཎི་དྲི་ཙམ་མི་བྲོ་བའི།།
བདག་ལ་ངེས་འབྱུང་སྐྱེས་པ་མ་ཡིན་མོད།།
སེམས་ཀྱི་བདག་མེད་རྟ་ཕོ་མཐུར་མེད་འདི།།
དེ་རིང་གློ་བུར་རྒྱུག་ཚུལ་འདི་འདྲ་ལགས།།

བདེ་ཆེན་ཐང་ལ་རྒྱུག་པའི་རྟ་ཕོ་འདི།།
དོན་མེད་ཁེར་རྒྱུག་ཡིན་ན་སྐྱིད་པ་ལ།།
ལས་ཀྱི་ལྕག་ཚན་ནག་པོས་དེད་པ་ཡི།།
བཙན་གྱི་བདའ་འདེད་ཡིན་ན་ཨ་ཙ་མ།།
                ༢༠༢༠ ༦  ༡༤ ཉིན།

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཀྱི་བཞུར་རྒྱུན།(སྙན་ཚོམ)

2020-06-14 ཀླུ་ཚང་སྨྱུག་རྩེན།(རྨ་ལྷོ) ཀློག་གྲངས། མཆན ཡོད།
   གླེང་གཞི།

ད་ནངས་ནམ་ལངས་དུས་ཀྱི་དང་པོ་ལ།།
སེམས་ཀྱི་འཆར་སྒོ་སྣ་ཚོགས་རྒྱུད་མར་བྱུང་།།
ཅི་ཞིག་འབྲི་འདོད་གློ་བུར་སོར་རྩེ་འཚབ།།
གང་དྲན་ཡི་གེའི་ཕྲེང་བར་སྤེལ་བ་དགེ།
            
ཁེར་རྐྱང་།

འཇིག་རྟེན་ཕྱི་མ་གང་གི་གང་ཞིག་རེད།།
ད་དུང་དེ་ལ་དུས་ཀྱིས་བསྐལ་ལོ་སྙམ།།
གྲོགས་དག་སྔ་ཕྱིར་ཤི་བའི་ཚུལ་མཐོང་ནས།།
གློ་བུར་སྐྲག་སྣང་དང་བཅས་ཤ་འདར་བརྒྱབ།།

མདུན་གྱི་དངུལ་དཀར་ཆང་ཕོར་བདུད་རྩིས་བཀང་།།
རང་ཤག་དྲོན་མོར་དྲི་མ་གཞན་ཞིག་འཁོར།།
དྲན་ཤེས་འཁྲུལ་ཞིང་གཞི་ནས་ཉོབ་པར་གྱུར།།
ཧུབ་གསུམ་བཏུང་རྗེས་སླར་ཡང་འདང་གསུམ་བརྒྱབ།།

ད་ནི་ཕལ་ཆེར་ཅུང་ཙམ་རྒས་རྟགས་རེད།།
ནམ་མཁའ་མཐོན་པོར་བལྟས་ན་སྔོན་པོར་མཐོང་།།
གཞོན་དུས་ལང་ཚོའི་འགྱུར་བག་སྟོང་ལྡན་པའི།།
སྤྲིན་དཀར་གཡེམ་མའི་འཛུམ་དཀར་གང་ལ་སོང་།།
           
དུར་ས་འཚོལ་བ།

མཐའ་བཞི་གངས་ཀྱིས་བསྐོར་བའི་ཁ་བའི་ཡུལ།།
དུར་སར་བྱས་ན་ཅུང་ཙམ་གྲང་གི་བསམ།།
དམའ་བ་རྒྱ་མཚོའི་འགྲམ་གྱི་སྐྱེད་ཚལ་དག།
དུར་སར་བྱས་ན་རུལ་ནས་འདག་པར་འགྱུར།།

མ་ཤི་གསོན་པོར་འགྲོ་སའི་དག་ཞིང་ཞིག།
ཕལ་ཆེར་འཇིག་རྟེན་འདི་ན་མེད་ཚོད་རེད།།
ཤི་ཡང་ཕྱི་མའི་མཐའ་ལ་མི་དམིགས་པའི།།
སྣང་སྐྱིད་དེ་འདྲ་ང་འདྲས་ག་ལ་ཡོང་།།
              
ཚོད་དཔག

འདི་ཡི་སྒེའུ་ཁུང་ནང་ནས་ཕར་བལྟས་པའི།།
ཁང་རྩེགས་དེ་ཡི་བརྗིད་ཉམས་མཚར་བ་ལ།།
དེ་ཡི་ནང་དུ་སུ་ལ་བསྒུག་ཡོད་པའི།།
ཉམ་ཆུང་དུས་ཀྱི་མགྲོན་པོ་ག་ཚོད་བཞུགས།།
            
དམ་བཅའ།

སྐྱེས་པའི་ཉི་མ་ནས་བཟུང་དེ་རིང་བར།།
དཀར་པོའི་ལྷ་དེ་ང་ཡིས་ཕར་མ་བཙོང་།།
ནག་པོའི་འདྲེ་དེ་རིན་གྱིས་ཚུར་མ་ཉོས།།
དེ་རིང་གློ་བུར་སེམས་འཚུབ་སྙིང་གཡུག་པ།།
ལྷ་ངོ་ཁྱི་ཡིས་བརྫིས་པ་ཡིན་ནམ་ཅི།།

དེ་རིང་ཉི་མ་འདི་ཡི་ཕན་ཆད་ནས།།
སྲོག་གི་རིན་ཆེན་ཀ་བ་མ་ཆག་བར།།
དཀར་པོའི་ཆོས་དང་ནམ་ཡང་མི་འབྲལ་ཞེས།།
རང་གིས་རང་ལ་མི་འགྱུར་དམ་བཅས་པའི།།
རང་སེམས་འདི་ལ་གནོང་འདི་གང་ནས་བྱུང་།།
         
མཇུག་བྱང་།

ཁ་ལ་མ་ཎི་དྲི་ཙམ་མི་བྲོ་བའི།།
བདག་ལ་ངེས་འབྱུང་སྐྱེས་པ་མ་ཡིན་མོད།།
སེམས་ཀྱི་བདག་མེད་རྟ་ཕོ་མཐུར་མེད་འདི།།
དེ་རིང་གློ་བུར་རྒྱུག་ཚུལ་འདི་འདྲ་ལགས།།

བདེ་ཆེན་ཐང་ལ་རྒྱུག་པའི་རྟ་ཕོ་འདི།།
དོན་མེད་ཁེར་རྒྱུག་ཡིན་ན་སྐྱིད་པ་ལ།།
ལས་ཀྱི་ལྕག་ཚན་ནག་པོས་དེད་པ་ཡི།།
བཙན་གྱི་བདའ་འདེད་ཡིན་ན་ཨ་ཙ་མ།།
                ༢༠༢༠ ༦  ༡༤ ཉིན།

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།