སྒྱུ་འཕྲུལ་གྱི་སོར་རྩེ།

ཁམས་པ་རབ་དབྱངས།(རྫ་སྟོད) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-06-14
པདྨའི་སྟེང་གི་ཡལ་འདབ་བཞིན། །
སྙིང་རྗེའི་ཐུགས་ནི་ཆུ་རླབས་བཞིན། །
སྟོང་ཉིད་ཟབ་དོན་གླུ་རུ་གྱེར། །
དབྱངས་ཅན་ལྷ་མོའི་རྗེས་སུ་འཇུག །
ངག་རིག་དབྱངས་ལ་བོས་པ་ན། །
སེམས་ཉིད་སྣང་བ་རང་སར་འགུལ། །
ཚིག་གི་མེ་ཏོག་འཐོར་རྗེས་སུ། །
དབྱངས་ཅན་ལྷ་མོའི་རྗེས་སུ་འཇུག །
སྙན་ངག་ཆུ་གཏེར་མཚོ་ལས་འཁྲུངས། །
པདྨ་ཚངས་པའི་སྒེག་ལྡན་མ། །
སྤྲོས་པ་ཚིག་གི་ཉམས་གླུ་ལེན། །
དབྱངས་ཅན་ལྷ་མོའི་རྗེས་སུ་འཇུག །
སྣ་ཚོགས་ཚོར་འདུ་འགུལ་བ་ན། །
ཟག་མེད་མེ་ལོང་མ་གསལ་བས། །
ཐོལ་བྱུང་གླུ་སྒྲ་གྲོལ་རྗེས་སུ། །
དབྱངས་ཅན་ལྷ་མོའི་རྗེས་སུ་འཇུག །
ཤིན་ཏུ་སྙན་པའི་དབྱངས་དག་གིས། །
ཚེ་འདི་ལུས་ཟུང་བསྒུལ་བས་ན། །
སྣང་བ་ཉིན་སྲིབ་བྱེད་རྗེས་ནས། །
དབྱངས་ཅན་ལྷ་མོའི་རྗེས་སུ་འཇུག །
རིག་བྱེད་ངག་གི་དབྱངས་བདུན་གྱིས། །
ལྷ་མོ་ཁྱེད་ལ་གསོལ་སྟོན་བགྱིས། །
གང་ཚེ་ཁྱེད་ཀྱི་མཛེས་སྡུག་ལ། །
ཚིག་གི་ཉམས་ལེན་རྗེས་སུ་འཇུག །
སྙན་པའི་དབྱངས་ཀྱི་མཐོང་སྣང་གྲོལ། །
སེམས་ཉིད་སྤྲོས་པ་གླུ་རུ་བཞེངས། །
དབྱངས་ལ་ཆོ་འཕྲུལ་རྩོམ་པའི་ཚེ། །
སྣང་བ་ཁྱེད་ལ་འགོག་པ་མེད། །
སེམས་ཀྱི་གླིང་བུ་ཁྲོལ་བའི་ཚེ། །
ཚོར་བའི་རླབས་རྒྱུན་ཇེ་དལ་རེད། །
ཏིང་འཛིན་བསྒོམ་བྱུང་གྲོལ་བའི་ཚེ། །
སྙན་ངག་རླབས་མཚོ་ཇེ་ཆེ་རེད། །
ཚོར་བའི་འཁྲབ་གཞུང་འདི་ལ་བྱེད། །
སྐྱོ་བའི་གདུང་འབོད་འདི་ལ་བྱེད། །
ཐ་ན་ཚིག་གི་གླུ་སྒྲ་དག །
འདི་ལ་མཆོད་སྟེ་བསུ་བར་བྱེད། །
རྟོག་པའི་འཕྱང་འཕྲུལ་ཁྱེད་ལ་གསོལ། །
ཚེ་གཅིག་སྣང་ལ་ཁྱེད་ལ་བཏང་། །
མགུར་གླུ་ཆུ་རྒྱུན་རིང་མོ་འདི། །
ཁྱེད་ལ་མཆོད་སྟེ་བསུ་བར་བྱེད། །
སྤྱན་ནི་ཚུར་ལ་གཡོ་བར་མཛོད། །
རྒྱུད་དྲུག་ང་ལ་སྟེར་བར་མཛོད། །
ཀུན་ཏུ་དགའ་བའི་དཔལ་མོ་ཀྱེ། །
དབྱངས་ལ་བྱིན་རླབས་ཞུགས་པར་མཛོད། །
སྐུ་ལུས་གཞོན་པའི་གར་ལྡེམ་གཡོ། །
མཐོང་སྣང་སེམས་ཀྱི་མཛེས་སྡུག་གྲོལ། །
ཞི་བ་དབྱངས་ཀྱི་ལྷ་མོ་མ། །
དད་པའི་སྐྱ་རེངས་ཁྱེད་ལ་འདྲེན། །
སྡེབ་ལེགས་དབྱངས་ཀྱི་སྤོས་ཆབ་ལ། །
ཚིག་གི་དྲི་བསུང་ས་རུ་འཐོར། །
སྙན་འཇེབས་སྟོང་གི་འགྱུར་ཁུག་ལ། །
དབྱངས་བདུན་ངག་གི་རོལ་ཆ་རྫོགས། །
དབྱངས་འདི་རྒྱལ་མོའི་གླུ་སྒྲ་ཡིན། །
ཚིག་འདི་རྒྱལ་མོའི་མགུར་འབུམ་ཡིན། །
འདི་ལ་ཚོར་བ་ཞུགས་པར་མཛོད། །
འདི་ལ་རྨི་ལམ་ཞུགས་པར་མཛོད། །
སྤྲོས་པ་དབྱངས་ཀྱི་གུར་ཁང་ནས། །
ཚིག་གི་ཤིང་རྟ་བསྒུལ་ཙམ་ནས། །
སྙན་པ་དབྱངས་ཀྱི་སྐུད་པ་ལ། །
དྲི་ཟའི་མེ་ཏོག་སྙིམ་གང་གཏོར། །
བརྩེ་ཆེན་ཡེ་ཤེས་སྤྱན་གྱིས་འཕྲུལ། །
ཀུན་གསལ་ཐུགས་ཀྱི་རྩེ་བ་རུ། །
སྙན་ཚིག་ངག་རིག་འཁྲོལ་བ་མོ། །
ངག་རིག་རྒྱལ་མོ་རྟག་ཏུ་མཆོད། །
རྟོགས་བཏགས་འཕྲུལ་གྱི་འཇའ་མཚོན་ལ། །
ཁྱེད་ཀྱི་ཞལ་རས་འཛུམ་པ་མཐོང་། །
བརྩེ་ཆེབ་བདུད་རྩི་ཐུགས་རྒྱུད་ལ། །
སྙན་པའི་རོལ་དབྱངས་ཀྱུ་རུ་རུ། །
ཚིག་གི་ཤུགས་གླུ་ལེན་རྗེས་སུ། །
གླུ་ལ་ཆགས་ཐོགས་མི་མངའ་བའི། །
དབྱངས་ཀྱི་རོལ་མོ་ལུས་འཆང་བའི། །
ལྷ་མོ་ཁྱེད་ལ་སུ་ཡང་མངའ། །
དབྱངས་ཅན་དགྱེས་པའི་མེ་ཏོག་མ། །
སྙན་ངག་འཕྲུལ་གྱི་མེ་ལོང་ལ། །
བརྩེ་བའི་འོད་རྡུལ་འཕྲོས་པའི་ཚེ། །
ད་གཟོད་བདག་ཡིད་རབ་ཏུ་བསྒུལ། །
ལྷ་མོ་ཁྱེད་ཀྱི་རང་བཞིན་ལ། །
དབྱངས་ཀྱི་སྐུད་པ་ཡང་ཡང་འདར། །
སྙན་ངག་རྟོག་བརྗོད་གྲོལ་རྗེས་སུ། །
ཁྱེད་ནི་མཛེས་པའི་དཔལ་ཞིག་མངོན། །
དར་སྔོན་གྱོན་པའི་ལྷ་མོ་དེས། །
ཚོར་བའི་འདུ་བྱེད་གཡོ་བ་ན། །
ནགས་ཀྱི་འཁྲིས་སུ་བྱེའུ་དག །
རྩེད་དགའི་ངང་ནས་འཕུར་ལྡིང་བྱེད། །
དབྱངས་ལ་ས་རྡུལ་མ་གོས་པའི། །
ཚིག་གི་ཟླ་བའི་འོད་པོ་ཆེ། །
ཚོར་བའི་རྟོག་པ་འགྱུ་བའི་ཚེ། །
སྙན་ངག་མེ་ལོང་གསལ་བར་བྱས། །
སྙན་ངག་འབབ་ཆུ་མ་སྙོག་པ། །
ལྗོན་པའི་འདབ་མ་འགུལ་བའི་ཚེ། །
དྲི་བསུང་འཐོར་བའི་ལྷོ་མོ་དེ། །
ཐོལ་བྱུང་མགུར་མ་ཅི་ཡང་འཐུལ། །
སེམས་འགྱུ་སྣང་བ་བྲིས་པ་ན། །
མགྲིན་པ་གླུ་ཡིས་དེད་པའི་ཚེ། །
དབྱངས་ཀྱི་གླུ་ཆུང་གཉོམ་པོ་ལ། །
ཚོར་བའི་ལུས་ངག་འདར་འདར་བྱེད། །
ཤེས་བྱ་མཐོང་བའི་མེ་ལོང་ངོས། །
སྣ་ཚོགས་ཚོར་བའི་རི་མོ་བྲིས། །
སྙན་འཇེབས་ངག་གི་འཁྲི་ཤིང་ལ། །
ཚིག་གི་རྩེད་འཇོ་འཁྲབ་པར་བྱེད། །
དབྱངས་ཀྱི་སྣང་བ་རྩེར་སོན་པའི། །
གཡའ་བྲལ་ཚངས་པའི་པི་ཝང་ཅན། །
ངག་གི་མགྲིན་པ་རྩེ་གཅིག་རོལ། །
སྙན་ངག་ལྷ་མོ་ཡིད་ངོར་བྱོན། །
རྟོགས་བརྗོད་འཕྲུལ་བའི་རྩེད་འཇོ་ལ། །
བཅོས་མིན་ཚིག་གི་ཕུང་པོ་གྲོལ། །
སྙན་ངག་རླུང་བུ་ལྡིང་ཙམ་གྱིས། །
སྐྲ་ལོའི་རྩེ་ནས་ཟིལ་བ་བཞུར། །
ལུས་ཀྱི་འགྱུར་བག་ལྡེམ་ལྡེམ་འདི། །
མིག་མཐའ་ལྷུང་བ་རྩིས་གྲངས་མེད། །
འཛུམ་པའི་འོད་ཀྱི་མདངས་རས་འདི། །
སེམས་ནས་དྲན་པ་ཐེངས་ཅིག་མིན། །
གངས་རི་ངོས་ལ་མ་བྲིས་པའི། །
མཚོ་མོ་རླབས་ཀྱི་མ་བརྒྱན་པའི། །
མཛེས་སྡུག་འཁྱུད་པའི་གར་མ་འདི། །
སྙན་ངག་ལུས་ཀྱི་སྲོག་ཤིང་ཡིན། །
སྒྱུ་འཕྲུལ་ངག་གི་རིག་བྱེད་མ། །
སྙན་ངག་ཡངས་པའི་སྐྱེད་ཚལ་དུ། །
སྣང་སྟོང་མགུར་མ་བླངས་བའི་ཚེ། །
དབྱངས་ཀྱི་ཨ་ཅག་ཁྱེད་རང་དྲན། །
ཡེ་ནས་མཛེས་པའི་ཞལ་ངོ་ལ། །
འཇའ་མཚོན་དམར་སེར་བཀྲ་བཞིན་འདུག །
སྙན་ངག་གཙང་ཆུ་འབབ་བཞིན་འདུག །
དེ་ནི་དབྱངས་ཅན་ལྷ་མོ་ཞེས། །
གཉུག་མའི་ཚིག་གི་ཟློས་གར་ལ། །
དགོད་པའི་མིག་མདངས་རིམ་བཞིན་འཕྱུར། །
ཚོར་གཤིས་རླུང་བུ་ལྡིང་འགྲོས་ལ། །
ངག་གི་རིག་བྱེད་གང་སར་གཡོ། །
ཁྱེད་ནི་བརྩེ་བའི་འོད་ལ་བྱས། །
ང་ལ་བརྩེ་བའི་རང་རྣམ་གསལ། །
ཚིག་གི་སིལ་སྒྲ་ཁྱེད་ལ་བཏང་། །
དབྱངས་ཀྱི་རྒྱལ་མོ་ང་ལ་གནང་། །
ཡིད་ཀྱི་དྲན་ངོགས་ཁྱེད་རང་བྱོན། །
སྙན་ཚིག་ལོ་ལ་འགུལ་ཤུལ་དུ། །
ཚིག་གི་ལོ་ཆང་མང་པོ་བཏུས། །
སྤྲོས་པའི་རོལ་མོ་བརྡུང་རྗེས་སུ། །
རྗེས་ཆགས་ཁྱེད་ལ་དགའ་བར་བྱེད། །
ཞི་འཇམ་མཛེས་པའི་ངང་ཚུལ་གྱིས། །
སེམས་ནི་མི་གཡོ་ཚུལ་དུ་བྱེད། །
སྐྲ་ལོ་རླུང་གི་འགུལ་ཤུལ་དུ། །
ཞེ་ཆགས་སྒོ་མོ་རབ་ཏུ་བརྡུངས། །
ཉེ་རིང་མེད་པའི་ལྷ་མོ་དེའི། །
མྱ་ངན་གདུང་བ་སེལ་བར་བྱས། །
ཁྱེད་ཉིད་ཐེངས་ཅིག་དྲན་པས་ན། །
སེམས་ཉིད་ཞི་བ་ཚུལ་ལ་གནས། །
བདག་གི་མིག་སྔོར་བྱོན་ཐེངས་རེས། །
སྒྱུ་མའི་དབྱངས་ཀྱི་མེ་ལོང་འཆང་། །
སྙན་ངག་ཚིག་གི་ཟློས་གར་ལ། །
སྒྱུ་མའི་རྟོག་འཕྲུལ་ལན་མང་བརྩམས། །
ངག་རིག་འཕྲུལ་གྱི་བྱིན་རླབས་སྩོལ། །
བདག་གི་སེམས་ཀྱི་རིན་པོ་ཆེ། །
སེམས་ཉིད་སྣང་བ་གཅིག་ཏུ་འདྲེས། །
འཕྲུལ་བའི་དབྱངས་ཀྱི་མེ་ལོང་དེའི། །
ཚིག་གི་ལྷོད་ཆ་གྲོལ་གྱུར་ཅིག །
སྣ་ཚོགས་གསལ་བའི་མེ་ལོག་ངོགས། །
བརྩེ་ཆེན་འཕྲུལ་བའི་ཆོས་ཉིད་མ། །
རྟོག་འཕྲུལ་སྣང་བ་རྩོམ་པའི་ཚེ། །
ཆོས་ཉིད་མགུར་མ་རིམ་གྱིས་འཐོར། །
ཐོད་ཀའི་དབང་སྔོན་མུ་ཏིག་ལ། །
ཆུ་ཤེལ་དབང་པོའི་གཟི་འོད་འཚེར། །
ཚིག་གི་སྤྲོས་པའི་ཉམས་དག་ལ། །
ཀུན་རྟོག་རླུང་བུ་འགུལ་ཙམ་ནས། །
སོར་རྩེའི་སྒྱུ་འཕྲུལ་བསྐྱོད་ཙམ་ན། །
མ་བཅོས་ཚིག་གི་རིག་བྱེད་དག། །
སྙན་ངག་ཚིག་གི་ཟློས་གར་ཡིན། །
དབྱངས་ཀྱི་ཚོར་བ་ཕོར་གང་འདི། །
རྟོག་འགྱུ་སྣང་བ་གཉོམ་པོ་ཡིན། །
ངག་རིག་ཚངས་པའི་གད་རྒྱངས་འདི། །
དབྱངས་ཅན་ངག་གི་ཤུགས་གླུ་ཡིན། །
ཞི་བ་དབྱངས་ཀྱི་རོལ་མོ་འདི། །
དྭངས་གསལ་ཆུ་མོའི་བཞུར་སྒྲ་ཡིན། །
སྒྱུ་འཕྲུལ་མ་ཡི་བྱིན་རླབས་འདི། །
རིག་བྱེད་དབྱངས་ཀྱི་ཆོ་འཕྲུལ་ཡིན། །
སེམས་སུ་བཞེངས་པའི་ལྷ་མོ་འདི། །
དད་འདུན་ཡིད་སྣང་ཤོར་ས་ཡིན། །
མཚན་དཔེ་མེ་ཏོག་ཕུང་པོ་འདི། །
སྣང་སྲིད་རྟོག་འགྱུ་དྲན་ས་ཡིན། །
སེམས་ཀྱི་འཁྲི་ཤིང་སྨུག་པོ་འདི། །
ཞི་བ་རྒྱལ་མོའི་སྟེར་ལ་རྒྱུས། །
ཚིག་གི་རླབས་རིས་སྔོན་པའི་སྟེང་། །
ཚིག་རྒྱན་མེ་ཏོག་བྲིས་རྗེས་སུ། །
མྱ་ངན་གདུང་བའི་ཚོར་ཤེས་དག །
ཚིག་གི་སིལ་བུ་གདངས་ལ་གྲོལ། །
གས་ཆག་ཤོར་བའི་མིག་མདངས་དེ། །
གྲིབ་མའི་ནང་ནས་གཅིག་པུར་འགུལ། །
ཞལ་གྱི་འཛུམ་བག་ཆ་ཤས་ལ། །
སྒྲུ་འཕྲུལ་པད་མའི་གཟི་འོད་བྱིན། །

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒྱུ་འཕྲུལ་གྱི་སོར་རྩེ།

2020-06-14 ཁམས་པ་རབ་དབྱངས།(རྫ་སྟོད) ཀློག་གྲངས། མཆན ཡོད།
པདྨའི་སྟེང་གི་ཡལ་འདབ་བཞིན། །
སྙིང་རྗེའི་ཐུགས་ནི་ཆུ་རླབས་བཞིན། །
སྟོང་ཉིད་ཟབ་དོན་གླུ་རུ་གྱེར། །
དབྱངས་ཅན་ལྷ་མོའི་རྗེས་སུ་འཇུག །
ངག་རིག་དབྱངས་ལ་བོས་པ་ན། །
སེམས་ཉིད་སྣང་བ་རང་སར་འགུལ། །
ཚིག་གི་མེ་ཏོག་འཐོར་རྗེས་སུ། །
དབྱངས་ཅན་ལྷ་མོའི་རྗེས་སུ་འཇུག །
སྙན་ངག་ཆུ་གཏེར་མཚོ་ལས་འཁྲུངས། །
པདྨ་ཚངས་པའི་སྒེག་ལྡན་མ། །
སྤྲོས་པ་ཚིག་གི་ཉམས་གླུ་ལེན། །
དབྱངས་ཅན་ལྷ་མོའི་རྗེས་སུ་འཇུག །
སྣ་ཚོགས་ཚོར་འདུ་འགུལ་བ་ན། །
ཟག་མེད་མེ་ལོང་མ་གསལ་བས། །
ཐོལ་བྱུང་གླུ་སྒྲ་གྲོལ་རྗེས་སུ། །
དབྱངས་ཅན་ལྷ་མོའི་རྗེས་སུ་འཇུག །
ཤིན་ཏུ་སྙན་པའི་དབྱངས་དག་གིས། །
ཚེ་འདི་ལུས་ཟུང་བསྒུལ་བས་ན། །
སྣང་བ་ཉིན་སྲིབ་བྱེད་རྗེས་ནས། །
དབྱངས་ཅན་ལྷ་མོའི་རྗེས་སུ་འཇུག །
རིག་བྱེད་ངག་གི་དབྱངས་བདུན་གྱིས། །
ལྷ་མོ་ཁྱེད་ལ་གསོལ་སྟོན་བགྱིས། །
གང་ཚེ་ཁྱེད་ཀྱི་མཛེས་སྡུག་ལ། །
ཚིག་གི་ཉམས་ལེན་རྗེས་སུ་འཇུག །
སྙན་པའི་དབྱངས་ཀྱི་མཐོང་སྣང་གྲོལ། །
སེམས་ཉིད་སྤྲོས་པ་གླུ་རུ་བཞེངས། །
དབྱངས་ལ་ཆོ་འཕྲུལ་རྩོམ་པའི་ཚེ། །
སྣང་བ་ཁྱེད་ལ་འགོག་པ་མེད། །
སེམས་ཀྱི་གླིང་བུ་ཁྲོལ་བའི་ཚེ། །
ཚོར་བའི་རླབས་རྒྱུན་ཇེ་དལ་རེད། །
ཏིང་འཛིན་བསྒོམ་བྱུང་གྲོལ་བའི་ཚེ། །
སྙན་ངག་རླབས་མཚོ་ཇེ་ཆེ་རེད། །
ཚོར་བའི་འཁྲབ་གཞུང་འདི་ལ་བྱེད། །
སྐྱོ་བའི་གདུང་འབོད་འདི་ལ་བྱེད། །
ཐ་ན་ཚིག་གི་གླུ་སྒྲ་དག །
འདི་ལ་མཆོད་སྟེ་བསུ་བར་བྱེད། །
རྟོག་པའི་འཕྱང་འཕྲུལ་ཁྱེད་ལ་གསོལ། །
ཚེ་གཅིག་སྣང་ལ་ཁྱེད་ལ་བཏང་། །
མགུར་གླུ་ཆུ་རྒྱུན་རིང་མོ་འདི། །
ཁྱེད་ལ་མཆོད་སྟེ་བསུ་བར་བྱེད། །
སྤྱན་ནི་ཚུར་ལ་གཡོ་བར་མཛོད། །
རྒྱུད་དྲུག་ང་ལ་སྟེར་བར་མཛོད། །
ཀུན་ཏུ་དགའ་བའི་དཔལ་མོ་ཀྱེ། །
དབྱངས་ལ་བྱིན་རླབས་ཞུགས་པར་མཛོད། །
སྐུ་ལུས་གཞོན་པའི་གར་ལྡེམ་གཡོ། །
མཐོང་སྣང་སེམས་ཀྱི་མཛེས་སྡུག་གྲོལ། །
ཞི་བ་དབྱངས་ཀྱི་ལྷ་མོ་མ། །
དད་པའི་སྐྱ་རེངས་ཁྱེད་ལ་འདྲེན། །
སྡེབ་ལེགས་དབྱངས་ཀྱི་སྤོས་ཆབ་ལ། །
ཚིག་གི་དྲི་བསུང་ས་རུ་འཐོར། །
སྙན་འཇེབས་སྟོང་གི་འགྱུར་ཁུག་ལ། །
དབྱངས་བདུན་ངག་གི་རོལ་ཆ་རྫོགས། །
དབྱངས་འདི་རྒྱལ་མོའི་གླུ་སྒྲ་ཡིན། །
ཚིག་འདི་རྒྱལ་མོའི་མགུར་འབུམ་ཡིན། །
འདི་ལ་ཚོར་བ་ཞུགས་པར་མཛོད། །
འདི་ལ་རྨི་ལམ་ཞུགས་པར་མཛོད། །
སྤྲོས་པ་དབྱངས་ཀྱི་གུར་ཁང་ནས། །
ཚིག་གི་ཤིང་རྟ་བསྒུལ་ཙམ་ནས། །
སྙན་པ་དབྱངས་ཀྱི་སྐུད་པ་ལ། །
དྲི་ཟའི་མེ་ཏོག་སྙིམ་གང་གཏོར། །
བརྩེ་ཆེན་ཡེ་ཤེས་སྤྱན་གྱིས་འཕྲུལ། །
ཀུན་གསལ་ཐུགས་ཀྱི་རྩེ་བ་རུ། །
སྙན་ཚིག་ངག་རིག་འཁྲོལ་བ་མོ། །
ངག་རིག་རྒྱལ་མོ་རྟག་ཏུ་མཆོད། །
རྟོགས་བཏགས་འཕྲུལ་གྱི་འཇའ་མཚོན་ལ། །
ཁྱེད་ཀྱི་ཞལ་རས་འཛུམ་པ་མཐོང་། །
བརྩེ་ཆེབ་བདུད་རྩི་ཐུགས་རྒྱུད་ལ། །
སྙན་པའི་རོལ་དབྱངས་ཀྱུ་རུ་རུ། །
ཚིག་གི་ཤུགས་གླུ་ལེན་རྗེས་སུ། །
གླུ་ལ་ཆགས་ཐོགས་མི་མངའ་བའི། །
དབྱངས་ཀྱི་རོལ་མོ་ལུས་འཆང་བའི། །
ལྷ་མོ་ཁྱེད་ལ་སུ་ཡང་མངའ། །
དབྱངས་ཅན་དགྱེས་པའི་མེ་ཏོག་མ། །
སྙན་ངག་འཕྲུལ་གྱི་མེ་ལོང་ལ། །
བརྩེ་བའི་འོད་རྡུལ་འཕྲོས་པའི་ཚེ། །
ད་གཟོད་བདག་ཡིད་རབ་ཏུ་བསྒུལ། །
ལྷ་མོ་ཁྱེད་ཀྱི་རང་བཞིན་ལ། །
དབྱངས་ཀྱི་སྐུད་པ་ཡང་ཡང་འདར། །
སྙན་ངག་རྟོག་བརྗོད་གྲོལ་རྗེས་སུ། །
ཁྱེད་ནི་མཛེས་པའི་དཔལ་ཞིག་མངོན། །
དར་སྔོན་གྱོན་པའི་ལྷ་མོ་དེས། །
ཚོར་བའི་འདུ་བྱེད་གཡོ་བ་ན། །
ནགས་ཀྱི་འཁྲིས་སུ་བྱེའུ་དག །
རྩེད་དགའི་ངང་ནས་འཕུར་ལྡིང་བྱེད། །
དབྱངས་ལ་ས་རྡུལ་མ་གོས་པའི། །
ཚིག་གི་ཟླ་བའི་འོད་པོ་ཆེ། །
ཚོར་བའི་རྟོག་པ་འགྱུ་བའི་ཚེ། །
སྙན་ངག་མེ་ལོང་གསལ་བར་བྱས། །
སྙན་ངག་འབབ་ཆུ་མ་སྙོག་པ། །
ལྗོན་པའི་འདབ་མ་འགུལ་བའི་ཚེ། །
དྲི་བསུང་འཐོར་བའི་ལྷོ་མོ་དེ། །
ཐོལ་བྱུང་མགུར་མ་ཅི་ཡང་འཐུལ། །
སེམས་འགྱུ་སྣང་བ་བྲིས་པ་ན། །
མགྲིན་པ་གླུ་ཡིས་དེད་པའི་ཚེ། །
དབྱངས་ཀྱི་གླུ་ཆུང་གཉོམ་པོ་ལ། །
ཚོར་བའི་ལུས་ངག་འདར་འདར་བྱེད། །
ཤེས་བྱ་མཐོང་བའི་མེ་ལོང་ངོས། །
སྣ་ཚོགས་ཚོར་བའི་རི་མོ་བྲིས། །
སྙན་འཇེབས་ངག་གི་འཁྲི་ཤིང་ལ། །
ཚིག་གི་རྩེད་འཇོ་འཁྲབ་པར་བྱེད། །
དབྱངས་ཀྱི་སྣང་བ་རྩེར་སོན་པའི། །
གཡའ་བྲལ་ཚངས་པའི་པི་ཝང་ཅན། །
ངག་གི་མགྲིན་པ་རྩེ་གཅིག་རོལ། །
སྙན་ངག་ལྷ་མོ་ཡིད་ངོར་བྱོན། །
རྟོགས་བརྗོད་འཕྲུལ་བའི་རྩེད་འཇོ་ལ། །
བཅོས་མིན་ཚིག་གི་ཕུང་པོ་གྲོལ། །
སྙན་ངག་རླུང་བུ་ལྡིང་ཙམ་གྱིས། །
སྐྲ་ལོའི་རྩེ་ནས་ཟིལ་བ་བཞུར། །
ལུས་ཀྱི་འགྱུར་བག་ལྡེམ་ལྡེམ་འདི། །
མིག་མཐའ་ལྷུང་བ་རྩིས་གྲངས་མེད། །
འཛུམ་པའི་འོད་ཀྱི་མདངས་རས་འདི། །
སེམས་ནས་དྲན་པ་ཐེངས་ཅིག་མིན། །
གངས་རི་ངོས་ལ་མ་བྲིས་པའི། །
མཚོ་མོ་རླབས་ཀྱི་མ་བརྒྱན་པའི། །
མཛེས་སྡུག་འཁྱུད་པའི་གར་མ་འདི། །
སྙན་ངག་ལུས་ཀྱི་སྲོག་ཤིང་ཡིན། །
སྒྱུ་འཕྲུལ་ངག་གི་རིག་བྱེད་མ། །
སྙན་ངག་ཡངས་པའི་སྐྱེད་ཚལ་དུ། །
སྣང་སྟོང་མགུར་མ་བླངས་བའི་ཚེ། །
དབྱངས་ཀྱི་ཨ་ཅག་ཁྱེད་རང་དྲན། །
ཡེ་ནས་མཛེས་པའི་ཞལ་ངོ་ལ། །
འཇའ་མཚོན་དམར་སེར་བཀྲ་བཞིན་འདུག །
སྙན་ངག་གཙང་ཆུ་འབབ་བཞིན་འདུག །
དེ་ནི་དབྱངས་ཅན་ལྷ་མོ་ཞེས། །
གཉུག་མའི་ཚིག་གི་ཟློས་གར་ལ། །
དགོད་པའི་མིག་མདངས་རིམ་བཞིན་འཕྱུར། །
ཚོར་གཤིས་རླུང་བུ་ལྡིང་འགྲོས་ལ། །
ངག་གི་རིག་བྱེད་གང་སར་གཡོ། །
ཁྱེད་ནི་བརྩེ་བའི་འོད་ལ་བྱས། །
ང་ལ་བརྩེ་བའི་རང་རྣམ་གསལ། །
ཚིག་གི་སིལ་སྒྲ་ཁྱེད་ལ་བཏང་། །
དབྱངས་ཀྱི་རྒྱལ་མོ་ང་ལ་གནང་། །
ཡིད་ཀྱི་དྲན་ངོགས་ཁྱེད་རང་བྱོན། །
སྙན་ཚིག་ལོ་ལ་འགུལ་ཤུལ་དུ། །
ཚིག་གི་ལོ་ཆང་མང་པོ་བཏུས། །
སྤྲོས་པའི་རོལ་མོ་བརྡུང་རྗེས་སུ། །
རྗེས་ཆགས་ཁྱེད་ལ་དགའ་བར་བྱེད། །
ཞི་འཇམ་མཛེས་པའི་ངང་ཚུལ་གྱིས། །
སེམས་ནི་མི་གཡོ་ཚུལ་དུ་བྱེད། །
སྐྲ་ལོ་རླུང་གི་འགུལ་ཤུལ་དུ། །
ཞེ་ཆགས་སྒོ་མོ་རབ་ཏུ་བརྡུངས། །
ཉེ་རིང་མེད་པའི་ལྷ་མོ་དེའི། །
མྱ་ངན་གདུང་བ་སེལ་བར་བྱས། །
ཁྱེད་ཉིད་ཐེངས་ཅིག་དྲན་པས་ན། །
སེམས་ཉིད་ཞི་བ་ཚུལ་ལ་གནས། །
བདག་གི་མིག་སྔོར་བྱོན་ཐེངས་རེས། །
སྒྱུ་མའི་དབྱངས་ཀྱི་མེ་ལོང་འཆང་། །
སྙན་ངག་ཚིག་གི་ཟློས་གར་ལ། །
སྒྱུ་མའི་རྟོག་འཕྲུལ་ལན་མང་བརྩམས། །
ངག་རིག་འཕྲུལ་གྱི་བྱིན་རླབས་སྩོལ། །
བདག་གི་སེམས་ཀྱི་རིན་པོ་ཆེ། །
སེམས་ཉིད་སྣང་བ་གཅིག་ཏུ་འདྲེས། །
འཕྲུལ་བའི་དབྱངས་ཀྱི་མེ་ལོང་དེའི། །
ཚིག་གི་ལྷོད་ཆ་གྲོལ་གྱུར་ཅིག །
སྣ་ཚོགས་གསལ་བའི་མེ་ལོག་ངོགས། །
བརྩེ་ཆེན་འཕྲུལ་བའི་ཆོས་ཉིད་མ། །
རྟོག་འཕྲུལ་སྣང་བ་རྩོམ་པའི་ཚེ། །
ཆོས་ཉིད་མགུར་མ་རིམ་གྱིས་འཐོར། །
ཐོད་ཀའི་དབང་སྔོན་མུ་ཏིག་ལ། །
ཆུ་ཤེལ་དབང་པོའི་གཟི་འོད་འཚེར། །
ཚིག་གི་སྤྲོས་པའི་ཉམས་དག་ལ། །
ཀུན་རྟོག་རླུང་བུ་འགུལ་ཙམ་ནས། །
སོར་རྩེའི་སྒྱུ་འཕྲུལ་བསྐྱོད་ཙམ་ན། །
མ་བཅོས་ཚིག་གི་རིག་བྱེད་དག། །
སྙན་ངག་ཚིག་གི་ཟློས་གར་ཡིན། །
དབྱངས་ཀྱི་ཚོར་བ་ཕོར་གང་འདི། །
རྟོག་འགྱུ་སྣང་བ་གཉོམ་པོ་ཡིན། །
ངག་རིག་ཚངས་པའི་གད་རྒྱངས་འདི། །
དབྱངས་ཅན་ངག་གི་ཤུགས་གླུ་ཡིན། །
ཞི་བ་དབྱངས་ཀྱི་རོལ་མོ་འདི། །
དྭངས་གསལ་ཆུ་མོའི་བཞུར་སྒྲ་ཡིན། །
སྒྱུ་འཕྲུལ་མ་ཡི་བྱིན་རླབས་འདི། །
རིག་བྱེད་དབྱངས་ཀྱི་ཆོ་འཕྲུལ་ཡིན། །
སེམས་སུ་བཞེངས་པའི་ལྷ་མོ་འདི། །
དད་འདུན་ཡིད་སྣང་ཤོར་ས་ཡིན། །
མཚན་དཔེ་མེ་ཏོག་ཕུང་པོ་འདི། །
སྣང་སྲིད་རྟོག་འགྱུ་དྲན་ས་ཡིན། །
སེམས་ཀྱི་འཁྲི་ཤིང་སྨུག་པོ་འདི། །
ཞི་བ་རྒྱལ་མོའི་སྟེར་ལ་རྒྱུས། །
ཚིག་གི་རླབས་རིས་སྔོན་པའི་སྟེང་། །
ཚིག་རྒྱན་མེ་ཏོག་བྲིས་རྗེས་སུ། །
མྱ་ངན་གདུང་བའི་ཚོར་ཤེས་དག །
ཚིག་གི་སིལ་བུ་གདངས་ལ་གྲོལ། །
གས་ཆག་ཤོར་བའི་མིག་མདངས་དེ། །
གྲིབ་མའི་ནང་ནས་གཅིག་པུར་འགུལ། །
ཞལ་གྱི་འཛུམ་བག་ཆ་ཤས་ལ། །
སྒྲུ་འཕྲུལ་པད་མའི་གཟི་འོད་བྱིན། །

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།