《མེ་ཏོག་ལུང་པའི་ཕྱི་ནང》སོགས་སྙན་ངག་ཁག་གསུམ།

མདོ་བསྟན་འཛིན་སྣང་གྲོལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-09-05

མེ་ཏོག་ལུང་པའི་ཕྱི་ནང་།

མེ་ཏོག་ལུང་པ་ཟླ་བའི་རྨི་ལམ་ནང་།།
ལང་ཚོ་ཟིལ་ཆུ་ཕྲུམ་ཕྲུམ་ཞོགས་པ་ན།།
ལྗང་བུའི་མདངས་ལ་སྤོབས་པའི་གསོན་ཤུགས་ཏེ།།
ན་ཚོད་ཅིག་གི་དབྱར་མགོའི་གེ་སར་སྨིན།།
འདི་ཡི་ནམ་མཁར་སྤྲིན་དཀར་ལེབ་མོ་འགའ།།
མཛེས་པ་དྲུད་དེ་ཉི་མའི་ཕྱོགས་སུ་རྒྱུ།།
རེ་བ་སྒོར་སྒོར་འཛུམ་པའི་མིག་ཟུང་ནང་།།
རྨི་ལམ་སྟོང་གི་ཞོགས་པ་འཚེར་རམ་ཅི།།

ཡིན་ཡང་མེ་ཏོག་ལུང་པའི་ཕྱི་ནང་ན།།
འདི་ལྟར་གདུང་སེམས་བོར་བའི་རླབས་རྒྱུན་ལྟར།།
བདག་ནི་སྟོང་ཉིད་གཙང་བོ་རབ་ཏུ་བྲུག།
དབུགས་རྒྱུན་ཁེགས་པའི་འཁྲུལ་སྣང་རབ་རིབ་འདི།
འཆར་ཡན་ཐ་དག་མཆི་མར་མིད་ཙམ་བྱས།།
ད་ལྟ་ཤི་རྨས་ཐེབ་སཔའི་དུས་ཚོད་དེ།།
བསིལ་རླུང་ལྡོམ་འདི་བཞིན་རྒྱང་ལ་བྱེར།།
དེ་ནི་སེམས་སུ་བཙེམ་པའི་རྨ་ཤུལ་བཞིན།།
སྣང་བ་འཕགས་པས་ན་ཟུག་ཅིས་མི་སློང་།།

སྙིང་ལ་ཉེ་བའི་མེ་ཏོག་ལུང་པ་ན།།
རྣམ་ཤེས་བདེན་པ་བོར་བའི་ངོ་གདོང་ལས།།
སྲོད་དང་སྐྱ་རེངས་བརྗེ་བའི་མཁའ་དབྱིངས་སུ།།
བདག་ནི་འཕུར་ཡུལ་བྲལ་བའི་བྱེའུ་ཆུང་བཞིན།།
གཤོག་ཟུང་ཡི་མུག་ལྡེམ་བཞིན་འཁོར་བ་ཡིས།།
རོ་དང་ཁ་དོག་རྒྱང་ལ་ཡལ་བཞིན་འདུག།
བས་མཐའི་གྲིབ་སོར་ཉེ་བར་བཅར་ཐེངས་རེར།།
ལང་ཚོའི་དཔལ་དང་སྟོབས་དང་མཛེས་པ་དང་།།
འཛུམ་ཆོས་ཅི་སྟེ་གང་ཡང་མི་དགོས་སོ།།

                                    2/7/2020

འཁོར་བའི་སྲང་གི་ལན་ཆགས།

འཁོར་བའི་སྲང་འདི་ཇི་ལྟར་དོག་ན་ཡང་།།
འུ་གཉིས་ཕྲད་པའི་དུས་ནི་ཧ་ཅང་ཉུང་།།
ལན་རེར་འུ་གཉིས་སྟབས་ཀྱིས་ཕྲད་ཙ་ན།།
ཁྱོད་ནི་བརྩེ་བའི་བུད་ཤིང་འབར་མ་བཞིན།།
ང་ཡི་མཁུར་ལ་མེ་སྟག་འགའ་ཞིག་ལྷུང་།།
མིག་ཟུང་གཉིས་པོ་གདོང་ཕྲད་བརྒྱབ་པ་ཡི།།
བར་སྣང་ཕྲ་མོ་དེ་རུ་ལན་ཆགས་འཕྱོ།།
ཐག་སྒྲ་འགའ་ཡི་ནང་དུ་རྣམ་ཤེས་སྦྲིད།།

གྲིབ་གཟུགས་སྲང་ནས་བོར་བའི་ཕུང་པོ་འདི།།
རྨི་ལམ་རྟ་ཕོར་བཞོན་ཏེ་ནུབ་དུ་ཆས།།
སྲོད་ཁའི་མཛའ་གཞས་རི་ནས་མཆེད་ཐེངས་རེར།།
རྟ་ཁ་སྨུག་པའི་སྡེ་ཆེན་གྲོང་ལ་དཀྱོགས།།
ཕྱིར་མིག་ལུག་ཁྱུ་སྲུང་བའི་ཁྱོད་ལ་འཕེན།།

ད་ལྟ་སེམས་ཀྱི་བས་མཐའ་སེམས་ཀྱིས་སྲུང་།།
ཁྱོད་ནི་ལན་ཆགས་སྟོང་གི་སྣམ་བུ་ཞིག།
སྣམ་བུའི་སྟེང་གི་མེ་ཏོག་དམར་ཆེན་ཞིག།
བྲང་གི་མེ་ལོང་ནང་དུ་བཙེམས་པ་བཞིན།།
ལྡེམ་ལྡེམ་གཡོ་ཞིང་གཡོ་བར་བྱེད་པ་ཡི།།
འཁྲུལ་བའི་རླུང་ནི་རི་ཀླུང་བརྟོལ་ཏེ་གཡུག།

ཁྱོད་ཀྱི་མཁྲིག་མའི་ཆུ་ཚོད་མདའ་ཁབ་ཀྱིས།།
སྐྱེ་རྒ་ན་འཆི་བྲེལ་བྲེལ་དྲུད་ན་ཡང་།།
སྟོན་ཟླ་བརྒྱད་པ་ངང་སྒུག་ཁྲོད་དུ་ལྷག།།
མ་མཐར་ལོ་མའི་སྲུབས་ཀྱི་གསང་བ་དག།
ལོ་དེའི་སྟོན་ཀ་ལོ་དེའི་རླུང་བུ་དང་།།
ལོ་དེའི་འུ་གཉིས་མ་གཏོགས་སུ་ལ་འདྲི།།

ནམ་ཞིག་མནལ་གྱི་མུན་པ་སངས་གྱུར་ཡང་།།
ང་ཡི་སྣང་བ་ར་རོའི་སྨིག་རྒྱུའི་ཀློང་།།
ཤམ་ལྭ་ལྗང་ཁུ་ལྷོད་ཀྱིས་གཡོ་བར་བྱེད།།
དབང་པོ་རྐུ་བའི་རྣོ་སྦྲེང་གློ་ཁ་མར།།
བརྩེ་བའི་རོ་བཅུད་མ་ལུས་དབྱངས་སུ་དཀྲོལ།།
ཁྱོད་ཀྱི་སོར་མོ་མཉེན་ལྕུག་སྙིང་ལ་ལྡེམ།།
ཕུར་ཚུགས་ཚུར་བལྟ་མི་ཕོད་ཉམས་ཆུང་གིས།།
འགྲམ་ནས་ཤུར་ཤུར་འཚབ་པོས་བསྐྱོད་ཚུལ་དེས།།
ང་ནི་སྣང་བའི་བར་ཐག་གང་ཞིག་ནས།།
རྣམ་ཤེས་དུས་ཚོད་གཏུབས་ཏེ་ཕྱིར་ལོག་འོངས།།
སྙན་ངག་ལན་གཅིག་ཡང་ན་ལན་བརྒྱ་ཕྲག།
སྟོང་ཕྲག་བྲིས་ཏེ་ཁྱོད་ཀྱི་ཡིག་སྒམ་དུ།།
ག་ལེར་བཏང་ནས་ཐ་མག་རྐང་གཅིག་འཐེན།།

                                1/6/2020སྲང་ནས།

ཡུལ།

དེ་ཚེ་འཆི་བ་སླེབས་ཀྱང་མི་སྐྲག་སྟེ།།
སྒྲུང་གི་སྐུད་པའི་སྣེ་རུ་དུར་སར་སྒོམ།།
དེ་ནི་ཟུངས་ཁྲག་ཁོལ་མ་འཕྱུར་བ་འམ།།
རྟག་པར་བྱང་ཁོག་སྟོད་དུ་གདུ་བའི་མེ།།
ཚ་ཞིང་སྲེག་པའི་སྙིང་ཡང་སྡུག་པར་གྲུབ།།
རུལ་བའི་ལས་ཀྱང་ཡིད་དུ་འོང་བ་བཞིན།།
དེ་ཡང་སེམས་སུ་ཁུར་བའི་ཁྲེས་པོ་འམ།།
ཁྲེས་པོའི་ནང་གི་ལོ་མ་ལྗང་ཁུ་ཉིད།།
ཡུལ་དུ་ལོག་ཚེ་མགྲིན་པར་ཚེར་མ་སྐྱེས།།
ཕུ་ཆུ་བཏུང་ནས་རྒྱང་དུ་ལོག་ན་ཡང་།།
གངས་རིའི་རྒྱབ་ན་རྡེབ་པའི་མཆུ་སྒྲོས་ལ།།
ཨུ་ཚུགས་ལྟ་བུའི་འཛུམ་མདངས་སྐྱ་བོར་གྱུར།།

                                2020/4/28ཡུལ་དུ།

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《མེ་ཏོག་ལུང་པའི་ཕྱི་ནང》སོགས་སྙན་ངག་ཁག་གསུམ།

2020-09-05 མདོ་བསྟན་འཛིན་སྣང་གྲོལ། ཀློག་གྲངས། མཆན ཡོད།

མེ་ཏོག་ལུང་པའི་ཕྱི་ནང་།

མེ་ཏོག་ལུང་པ་ཟླ་བའི་རྨི་ལམ་ནང་།།
ལང་ཚོ་ཟིལ་ཆུ་ཕྲུམ་ཕྲུམ་ཞོགས་པ་ན།།
ལྗང་བུའི་མདངས་ལ་སྤོབས་པའི་གསོན་ཤུགས་ཏེ།།
ན་ཚོད་ཅིག་གི་དབྱར་མགོའི་གེ་སར་སྨིན།།
འདི་ཡི་ནམ་མཁར་སྤྲིན་དཀར་ལེབ་མོ་འགའ།།
མཛེས་པ་དྲུད་དེ་ཉི་མའི་ཕྱོགས་སུ་རྒྱུ།།
རེ་བ་སྒོར་སྒོར་འཛུམ་པའི་མིག་ཟུང་ནང་།།
རྨི་ལམ་སྟོང་གི་ཞོགས་པ་འཚེར་རམ་ཅི།།

ཡིན་ཡང་མེ་ཏོག་ལུང་པའི་ཕྱི་ནང་ན།།
འདི་ལྟར་གདུང་སེམས་བོར་བའི་རླབས་རྒྱུན་ལྟར།།
བདག་ནི་སྟོང་ཉིད་གཙང་བོ་རབ་ཏུ་བྲུག།
དབུགས་རྒྱུན་ཁེགས་པའི་འཁྲུལ་སྣང་རབ་རིབ་འདི།
འཆར་ཡན་ཐ་དག་མཆི་མར་མིད་ཙམ་བྱས།།
ད་ལྟ་ཤི་རྨས་ཐེབ་སཔའི་དུས་ཚོད་དེ།།
བསིལ་རླུང་ལྡོམ་འདི་བཞིན་རྒྱང་ལ་བྱེར།།
དེ་ནི་སེམས་སུ་བཙེམ་པའི་རྨ་ཤུལ་བཞིན།།
སྣང་བ་འཕགས་པས་ན་ཟུག་ཅིས་མི་སློང་།།

སྙིང་ལ་ཉེ་བའི་མེ་ཏོག་ལུང་པ་ན།།
རྣམ་ཤེས་བདེན་པ་བོར་བའི་ངོ་གདོང་ལས།།
སྲོད་དང་སྐྱ་རེངས་བརྗེ་བའི་མཁའ་དབྱིངས་སུ།།
བདག་ནི་འཕུར་ཡུལ་བྲལ་བའི་བྱེའུ་ཆུང་བཞིན།།
གཤོག་ཟུང་ཡི་མུག་ལྡེམ་བཞིན་འཁོར་བ་ཡིས།།
རོ་དང་ཁ་དོག་རྒྱང་ལ་ཡལ་བཞིན་འདུག།
བས་མཐའི་གྲིབ་སོར་ཉེ་བར་བཅར་ཐེངས་རེར།།
ལང་ཚོའི་དཔལ་དང་སྟོབས་དང་མཛེས་པ་དང་།།
འཛུམ་ཆོས་ཅི་སྟེ་གང་ཡང་མི་དགོས་སོ།།

                                    2/7/2020

འཁོར་བའི་སྲང་གི་ལན་ཆགས།

འཁོར་བའི་སྲང་འདི་ཇི་ལྟར་དོག་ན་ཡང་།།
འུ་གཉིས་ཕྲད་པའི་དུས་ནི་ཧ་ཅང་ཉུང་།།
ལན་རེར་འུ་གཉིས་སྟབས་ཀྱིས་ཕྲད་ཙ་ན།།
ཁྱོད་ནི་བརྩེ་བའི་བུད་ཤིང་འབར་མ་བཞིན།།
ང་ཡི་མཁུར་ལ་མེ་སྟག་འགའ་ཞིག་ལྷུང་།།
མིག་ཟུང་གཉིས་པོ་གདོང་ཕྲད་བརྒྱབ་པ་ཡི།།
བར་སྣང་ཕྲ་མོ་དེ་རུ་ལན་ཆགས་འཕྱོ།།
ཐག་སྒྲ་འགའ་ཡི་ནང་དུ་རྣམ་ཤེས་སྦྲིད།།

གྲིབ་གཟུགས་སྲང་ནས་བོར་བའི་ཕུང་པོ་འདི།།
རྨི་ལམ་རྟ་ཕོར་བཞོན་ཏེ་ནུབ་དུ་ཆས།།
སྲོད་ཁའི་མཛའ་གཞས་རི་ནས་མཆེད་ཐེངས་རེར།།
རྟ་ཁ་སྨུག་པའི་སྡེ་ཆེན་གྲོང་ལ་དཀྱོགས།།
ཕྱིར་མིག་ལུག་ཁྱུ་སྲུང་བའི་ཁྱོད་ལ་འཕེན།།

ད་ལྟ་སེམས་ཀྱི་བས་མཐའ་སེམས་ཀྱིས་སྲུང་།།
ཁྱོད་ནི་ལན་ཆགས་སྟོང་གི་སྣམ་བུ་ཞིག།
སྣམ་བུའི་སྟེང་གི་མེ་ཏོག་དམར་ཆེན་ཞིག།
བྲང་གི་མེ་ལོང་ནང་དུ་བཙེམས་པ་བཞིན།།
ལྡེམ་ལྡེམ་གཡོ་ཞིང་གཡོ་བར་བྱེད་པ་ཡི།།
འཁྲུལ་བའི་རླུང་ནི་རི་ཀླུང་བརྟོལ་ཏེ་གཡུག།

ཁྱོད་ཀྱི་མཁྲིག་མའི་ཆུ་ཚོད་མདའ་ཁབ་ཀྱིས།།
སྐྱེ་རྒ་ན་འཆི་བྲེལ་བྲེལ་དྲུད་ན་ཡང་།།
སྟོན་ཟླ་བརྒྱད་པ་ངང་སྒུག་ཁྲོད་དུ་ལྷག།།
མ་མཐར་ལོ་མའི་སྲུབས་ཀྱི་གསང་བ་དག།
ལོ་དེའི་སྟོན་ཀ་ལོ་དེའི་རླུང་བུ་དང་།།
ལོ་དེའི་འུ་གཉིས་མ་གཏོགས་སུ་ལ་འདྲི།།

ནམ་ཞིག་མནལ་གྱི་མུན་པ་སངས་གྱུར་ཡང་།།
ང་ཡི་སྣང་བ་ར་རོའི་སྨིག་རྒྱུའི་ཀློང་།།
ཤམ་ལྭ་ལྗང་ཁུ་ལྷོད་ཀྱིས་གཡོ་བར་བྱེད།།
དབང་པོ་རྐུ་བའི་རྣོ་སྦྲེང་གློ་ཁ་མར།།
བརྩེ་བའི་རོ་བཅུད་མ་ལུས་དབྱངས་སུ་དཀྲོལ།།
ཁྱོད་ཀྱི་སོར་མོ་མཉེན་ལྕུག་སྙིང་ལ་ལྡེམ།།
ཕུར་ཚུགས་ཚུར་བལྟ་མི་ཕོད་ཉམས་ཆུང་གིས།།
འགྲམ་ནས་ཤུར་ཤུར་འཚབ་པོས་བསྐྱོད་ཚུལ་དེས།།
ང་ནི་སྣང་བའི་བར་ཐག་གང་ཞིག་ནས།།
རྣམ་ཤེས་དུས་ཚོད་གཏུབས་ཏེ་ཕྱིར་ལོག་འོངས།།
སྙན་ངག་ལན་གཅིག་ཡང་ན་ལན་བརྒྱ་ཕྲག།
སྟོང་ཕྲག་བྲིས་ཏེ་ཁྱོད་ཀྱི་ཡིག་སྒམ་དུ།།
ག་ལེར་བཏང་ནས་ཐ་མག་རྐང་གཅིག་འཐེན།།

                                1/6/2020སྲང་ནས།

ཡུལ།

དེ་ཚེ་འཆི་བ་སླེབས་ཀྱང་མི་སྐྲག་སྟེ།།
སྒྲུང་གི་སྐུད་པའི་སྣེ་རུ་དུར་སར་སྒོམ།།
དེ་ནི་ཟུངས་ཁྲག་ཁོལ་མ་འཕྱུར་བ་འམ།།
རྟག་པར་བྱང་ཁོག་སྟོད་དུ་གདུ་བའི་མེ།།
ཚ་ཞིང་སྲེག་པའི་སྙིང་ཡང་སྡུག་པར་གྲུབ།།
རུལ་བའི་ལས་ཀྱང་ཡིད་དུ་འོང་བ་བཞིན།།
དེ་ཡང་སེམས་སུ་ཁུར་བའི་ཁྲེས་པོ་འམ།།
ཁྲེས་པོའི་ནང་གི་ལོ་མ་ལྗང་ཁུ་ཉིད།།
ཡུལ་དུ་ལོག་ཚེ་མགྲིན་པར་ཚེར་མ་སྐྱེས།།
ཕུ་ཆུ་བཏུང་ནས་རྒྱང་དུ་ལོག་ན་ཡང་།།
གངས་རིའི་རྒྱབ་ན་རྡེབ་པའི་མཆུ་སྒྲོས་ལ།།
ཨུ་ཚུགས་ལྟ་བུའི་འཛུམ་མདངས་སྐྱ་བོར་གྱུར།།

                                2020/4/28ཡུལ་དུ།

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།