ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ་མེ་ཏོག་ཚོམས་བརྒྱ་མ་ཞེས་བྱ་བ་བཞུགས་སོ།།

རྫོགས་ཆེན་ཀུན་བཟང་ཉི་མ།(རྫོགས་ཆེན) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-10-27
ན་མོ་གུ་རུ་སྭ་ར་སྭ་སྟྱཻ།
མཛེས་པའི་ལང་ཚོ་སྟོབས་བཅུའི་དཔལ་ཡོན་སྣ་ཚོགས་ཡོན་ཏན་ཁུར་གྱིས་དུད།།
སྙན་པའི་གསུང་ལ་དྲུག་བཅུའི་དབྱངས་རྫོགས་འབུམ་ཕྲག་ཆོས་ཀྱི་སྒོ་འཕར་འབྱེད།།
ཐུགས་ཀྱི་གཟིགས་པས་ཡོད་ཚད་ཀུན་མཁྱེན་ཤེས་བྱ་རྒྱ་མཚོའི་ཕ་མཐར་ཕྱིན།།
འཇིག་རྟེན་འདྲེན་པའི་དེད་དཔོན་ཆེན་མོ་བདག་ཡིད་དད་པའི་ཕྱག་རྒྱར་བཞུགས།།
 
རབ་དཀར་སྟོན་ཀའི་ཟླ་བའི་འོད་ལྟར་སྒྲིབ་གཉིས་དྲི་མའི་ཉེས་ཚོགས་དབེན།།
མཁྱེན་རབ་ཡེ་ཤེས་མེ་ལོང་ངོས་དག་རྟག་ཁྱབ་འགྲོ་བའི་འཕྲིན་ལས་རྫོགས།།
རྗེས་ཆགས་བརྩེ་བའི་སྤྱན་གྱི་དཀྱུས་རིང་སྣ་ཚོགས་གདུལ་བྱའི་རེ་འདོད་བསྐང་།།
ཤེས་རབ་ཡེ་ཤེས་ལྷ་མཆོག་ཁྱེད་ལ་གུས་པས་འདུད་དོ་བརྩེ་ལྡན་མ།།

དོན་དམ་སྐྱེ་མེད་ཆོས་སྐུ་ཆེན་པོའི་རྩལ།།
མ་འགག་གདུལ་བྱའི་མགོན་ཏུ་རྟག་འཆར་བ།།
བཅོམ་ལྡན་ཡེ་ཤེས་ལྷ་མཆོག་དབྱངས་ཅན་མ།།
བདག་མགྲིན་པདྨོའི་རྒྱན་དུ་རྟག་བཞུགས་གསོལ།།

རྒྱལ་ཀུན་ཡེ་ཤེས་ཕུང་པོ་མི་ཟད་པ།།
རྣམ་པ་རྟགས་ཀྱི་ཕྱག་རྒྱར་བཞེངས་པའི་ལྷ།།
དྲན་པ་ཡིས་ཀྱང་སྲིད་པའི་རྨོངས་མུན་ཀུན།།
གཏན་དུ་གཞིལ་མཛད་མ་མ་ཁྱེད་ཀྱིས་སྐྱོངས།།

གང་སྐུ་མཛེས་བརྗིད་མཚན་དཔེས་རབ་རྒྱན་པ།།
མཐོང་གྲོལ་དྲི་ཟའི་ལང་ཚོ་ཡིད་འོང་མ།།
སྙན་ངག་སྨྲ་བའི་སྙིང་དབུས་དད་པའི་ཚལ།།
དགྱེས་པའི་ཉམས་ཀྱིས་ཅི་དགར་རྩེན་པར་མཛོད།།

ལྷོ་ཕྱོགས་རྒྱ་མཚོ་བདུད་རྩིའི་རང་བཞིན་ལས།།
སྙན་པའི་སྒྲ་དབྱངས་ཚངས་པའི་སྙིང་ལ་སིམ།།
དེའི་ཚེ་ངོ་མཚར་སྒྲ་དབྱངས་གཅིག་བསྡུས་པའི།།
ཚངས་དབང་འཆི་མེད་བུ་མོའི་ལང་ཚོ་འཁྲུངས།།

ལྷོ་ཕྱོགས་སྭ་ར་སྭ་སྟིའི་མཚོ་ནང་ནས།།
རྒྱལ་ཀུན་ཤེས་རབ་གཅིག་བསྡུས་དྲི་ཟའི་གཟུགས།།
པི་ཝང་འཛིན་པའི་ཐབས་ཀྱི་འཕྲུལ་འཁོར་གྱིས།།
དམན་རྣམས་རྗེས་སུ་འཛིན་པའི་འཕྲིན་ལས་རྫོགས།།

ལང་ཚོའི་མེ་ཏོག་དྲི་ཞིམ་ཁུར་གྱིས་ཞུགས།།
སྒེག་པའི་སྟངས་སྟབས་དྲུག་བཅུའི་ཉམས་ཀྱིས་རྒྱན།།
རྗེས་ཆགས་བརྩེ་བའི་སྤྱན་ཟུང་རེ་རེ་ཡིས།།
སྙན་ངག་སྨྲ་ལ་ཚིག་གི་དངོས་གྲུབ་སྦྱིན།།

དལ་གྱི་ཡོལ་བས་ཆགས་པའི་མྱོས་བུམ་བཀབ།།
འཛུམ་པའི་སྤྱན་གྱིས་དད་པའི་རེ་ཁ་བསྐང་།།
དྲི་ཞིམ་ལུས་ཀྱི་འགྱུར་བག་རེ་རེས་ཀྱང་།།
སྐལ་ལྡན་བུ་ལ་བརྩེ་བའི་དངོས་གྲུབ་གནང་།།

གནག་སྣུམ་དབུ་སྐྲའི་ལན་ཚར་སྨུག་ཅིང་དྭངས།།
འཛུམ་པའི་ཞལ་རས་ཟླ་བའི་ལང་ཚོ་རྐུས།།
སེམས་ལ་དཔལ་ཡོན་སྟེར་བའི་ཡིད་འོང་མ།།
ངག་དབང་དབྱངས་ཅན་ཡིད་ཀྱི་འཁྲི་ཤིང་གྱུར།།

ཞལ་གྱི་དཀྱིལ་འཁོར་སྒེག་པའི་ཉམས་ཀྱིས་ཕྱུག །
སྤྱན་ཟུང་བུང་བའི་འཕུར་ལྡིང་གློག་ལྟར་མྱུར།།
རང་བྱུང་མ་བཅོས་བརྩེ་བའི་རྣམ་གྱུར་གྱིས།།
རྗེས་ཆགས་སྙིང་གི་བུ་ལ་རྟག་ཏུ་གཟིགས།།
༡༠
དྲི་ཟའི་རྒྱུད་མང་སོར་མོས་སྟབས་ཀྱིས་དཀྲོལ།།
སྙན་པའི་དབྱངས་ཟིལ་ཡིད་ཀྱི་ཆོམ་རྐུན་གྱུར།།
མ་ཆགས་ས་ལམ་རྫོགས་པའི་རྣལ་འབྱོར་ཀྱང་།།
ཉིད་ཀྱི་དབྱངས་ལ་ཆགས་པའི་ཟུར་མིག་ཤོར།།
༡༡
འཆི་མེད་བུ་མོའི་དཔལ་གྱི་ལང་ཚོ་ལ།།
བྷྲིངྒི་རི་དྷིའི་ཚོགས་ཀྱང་ཡིད་ཤོར་ནས།།
རྒྱལ་བྱིན་ཐབས་ཀྱིས་འཇུག་པ་མཐུ་ཟད་ནས།།
ཞི་བའི་ལྷ་ཡང་རྩིབ་འགྱུར་ཚལ་དུ་གཏོང་།།
༡༢
ལང་ཚོ་མི་རྟག་འཇའ་ཡི་ཚུལ་གཟིགས་པའི།།
འགོག་སྙོམས་ཏིང་འཛིན་ཐོབ་པའི་གདོང་བཞི་ཡང་།།
དྲན་པའི་སྒོ་གླེབ་ཆགས་པས་གཏོར་བྱས་ནས།།
སྣ་ཚོགས་ཐབས་ཀྱིས་ཁྱེད་ལ་གཟིགས་པར་རྩེན།།
༡༣
དཀར་གསལ་ལང་ཚོ་རྫོགས་པའི་གཞོན་ནུའི་གཟུགས།།
དྲན་པ་ཡིས་ཀྱང་ཤེས་རབ་མཆོག་སྩོལ་བའི།།
མཐུ་སྟོབས་བྱམས་ཆེན་སྟོང་གི་སྦྱིན་བདག་མ།།
དངོས་གྲུབ་ཀུན་གྱི་བྱེད་པོ་ཁྱེད་ལས་སུ།།
༡༤
ཙན་དན་དྲི་བསུང་སྒྲེགས་པའི་བསུང་ཞིམ་པོ།།
འདྲེན་བྱེད་རླུང་གི་རྫི་ཕྱོགས་ཀྱིས་སྤུར་ཚེ།།
སྐལ་ལྡན་སྐྱེ་བོའི་དྲི་འཛིན་དབང་པོ་ལ།།
བརྗོད་མེད་བློ་ལས་འདས་པའི་བདེ་བ་བྱིན།།
༡༥
འཇིག་རྟེན་བྱེད་པོས་མཐུ་སྟོབས་ཆེན་པོ་ཡིས།།
གཅིག་བསྡུས་ཞིང་ཁམས་རྒྱ་མཚོའི་མཛེས་པའི་དཔལ།།
ཀུན་ནས་འགྲན་པའི་གཟུགས་མཛེས་ན་ཆུང་མ།།
ངག་དབང་དབྱངས་ཅན་མིག་གི་དགའ་མར་ཕེབས།།
༡༦
ལྷུན་ཆགས་ཚིག་གི་སྦྱོར་བས་བསྟོད་པའི་ཚལ།།
སྤྱན་ལྡན་སྙན་པའི་ལྷ་མཆོག་དབྱངས་ཅན་མས།།
ངག་རིག་སྒྲ་དབྱངས་རྒྱ་མཚོའི་དངོས་གྲུབ་དཔལ།།
མ་ཐོགས་བྱིན་རླབས་ཡེ་ཤེས་ད་སྩོལ་ཅིག །
༡༧
སྒྲ་དབྱངས་སྙན་པའི་མདངས་འཛིན་ཤེས་རབ་གཟུགས།།
རྨོངས་པའི་མུན་ཆེན་འཇོམས་ལ་མཐུ་སྟོབས་རྫོགས།།
སྙན་འགྱུར་འགྱུར་ཁུག་སྟོང་གི་གླུ་དབྱངས་ཀྱིས།།
དད་པའི་བུ་ལ་རྣ་བའི་ལོངས་སྤྱོད་བྱིན།།
༡༨
འཕྱ་བའི་གེ་སར་སོ་ཕྲེང་དགོད་པའི་རྩེ།།
རང་བྱུང་ཨུཏྤལ་ལ་ཡི་དྲི་བསུང་མཐུལ།།
ངག་ལ་དངོས་གྲུབ་འདོད་པའི་སྐལ་ལྡན་ལ།།
ཤེས་རབ་ཟས་ཀྱི་དངོས་གྲུབ་ཅི་དགའ་སྩོལ།།
༡༩
ཟླ་འོད་འབུམ་ཕྲག་འཐུང་བས་མ་ངོམས་པའི།།
དཀར་གསལ་གངས་ཀྱི་རི་ལྟར་མཛེས་པའི་སྐུ།།
སྲབ་འཇམ་ཡོངས་པའི་གོས་ཀྱིས་རབ་རྒྱན་པས།།
རྒྱལ་རྣམས་རྗེས་སུ་ཆགས་པའི་ངང་ཚུལ་ངོམ།།
༢༠
འཕྲུལ་ལྡན་ལུས་ཀྱི་ལྗོན་བཟང་ཡིད་འཕྲོག་པ།།
མཛེས་བྱེད་ལྷ་ཡི་ན་བཟའ་ལེགས་བགོས་པ།།
མཐོང་བའི་བདེ་སྟེར་ན་ཆུང་དྲི་ཟའི་གཟུགས།།
དད་འདུན་ཡིད་ཀྱི་ཕྱག་རྒྱ་སྙིང་གར་སིམ།།
༢༡
རང་བྱུང་བདུད་བརྩི་མཐུང་བས་མ་ངོམས་པ།།
དྲན་པའི་སྒོ་མོ་སྙན་པས་རྡུང་བྱེད་པའི།།
ངོ་མཚར་དབྱངས་ཀྱི་སྒྱུ་འཕྲུལ་རེ་རེ་ཡིས།།
ཡོད་ཚད་སྐྱེངས་པ་བྱེད་པའི་ངང་ཚུལ་སྟོན།།
༢༢
མཛེས་པའི་ཞལ་རས་ཨུཏྤལ་དཀར་པོའི་འདབ།།
གནག་སྣུམ་སྐྲ་ཡི་ལན་བུ་གཡོ་བ་ཡིས།།
ལྗོན་པའི་ལྕུག་ཕྲན་རླུང་གིས་བསྐྱོད་པའི་རིས།།
སྣ་ཚོགས་མ་ངེས་ཀུན་རྟོག་བརྗོད་ལས་འདས།།
༢༣
ལག་སོར་དབང་གི་མདངས་འཛིན་མཉེན་ལྕུག་འཕྲུལ།།
པི་ཝང་སྙན་པའི་རྒྱུད་སྐུད་དཀྲོལ་བྱེད་པའི།།
གར་སྟབས་མིག་གི་སྒྱུ་འཕྲུལ་འབུམ་ཕྲག་གིས།།
རྨོངས་པའི་མུན་ཆེན་དཀྲོག་པའི་ངོ་མཚར་འབར།།
༢༤
གང་སྐུ་མཛེས་འབར་ཤེས་རབ་ཕུང་པོའི་སྐུ།།
མོས་པའི་བློ་ཡིས་ཡིད་ངོར་འདྲེན་པའི་ཚེ།།
དད་འདུན་མེ་ཏོག་སྤུངས་པའི་བྱིན་མཐུ་ཡིས།།
ལག་སོར་དད་པའི་ཕྱག་རྒྱ་ཡང་ཡང་བསྒྱུར།།
༢༥
འཇིག་རྟེན་མཛེས་དགུ་སྤུངས་ཀྱང་ཁྱེད་ཉིད་ཀྱི།།
མཛེས་པའི་ཆ་ཤས་ཙམ་ཡང་མི་བཟོད་པའི།།
མཚན་དཔེའི་དཔལ་ཡོན་འབར་བའི་ཡིད་འོང་སྐུ།།
མངོན་སུམ་མཇལ་བའི་སྐལ་བཟང་མྱུར་ཐོབ་ཤོག །
༢༦
དཀྱུས་རིང་སྤྱན་གྱི་ཟུར་མདའ་ཟོལ་ཡངས་པོས།།
ཐུགས་ཀྱི་གོ་ཆ་བརྟན་པའི་རྒྱལ་རྣམས་ཀྱང་།།
ཐལ་མར་འབིགས་པའི་ངང་ཚུལ་འདི་མཐོང་བས།།
རྒྱལ་བྱིན་མདའ་ཡི་གྲགས་པ་ཀུན་ནས་བཅོམ།།
༢༧
དཔག་བསམ་ཤིང་གི་ལོ་འབྲས་བེམ་པོའི་གཟུགས།།
མ་རྨོས་ལོ་ཏོག་མཚར་ཡང་མཛེས་པས་སྟོང་།།
དེ་དག་ཀུན་ལས་ཡོངས་འཕགས་དབྱངས་ཅན་ཞལ།།
འཇིག་རྟེན་བྱེད་པོས་ཆེད་དུ་བསྐྲུན་པ་བཞིན།།
༢༨
ཞབས་ཟུང་གསེར་གྱི་འཁོར་ལོ་རྩིབ་སྟོང་ཅན།།
ནོར་འཛིན་སྒལ་བར་ཕབ་པའི་མཛེས་སྡུག་འབུམ།།
ཡོངས་སུ་མ་བཟོད་འཁུན་སྒྲ་ཤོར་བའི་ངག །
ས་གསུམ་སྐྱེ་དགུའི་རྣ་བར་ནམ་ཡང་གྲགས།།
༢༩
མི་མཇེད་ཞིང་འདིའི་བརྟན་གཡོའི་སྣོད་དང་བཅུད།།
ཡོངས་སུ་སྤུངས་པའི་བསོད་ནམས་བརྒྱ་ཕྲག་གིས།།
ཁྱེད་སྐུ་མཛེས་བརྗིད་ཕྱོགས་གཅིག་གྲུབ་པའང་།།
ནུས་པ་མིན་ནོ་ངག་གི་འདོད་འཇོ་མ།།
༣༠
ཟླ་འོད་བདུད་བརྩི་འཐུང་བའི་ཀུ་མུད་ཏ།།
བསིལ་འཇམ་རླུང་བུས་འདབ་ལོ་སྒུལ་བ་ན།།
ཁྱེད་ཞལ་སྤྲིན་གྱི་ཡོལ་བའི་འཛུམ་བག་ལས།།
མ་འདྲེས་ལོངས་སྤྱོད་རྫོགས་པའི་ངོ་མཚར་དྲན།།
༣༡
ཀ་དག་ཆོས་ཀྱི་དེ་ཉིད་མངོན་གཟིགས་ཀྱང་།།
ལྷུན་གྲུབ་སྤྲུལ་བའི་རོལ་བ་འཇམ་ཀླས་པའི།།
ལོངས་སྐུའི་གཟིགས་པ་མངའ་བའི་མཚན་ལྡན་མ།།
ལས་ལྡན་གདུལ་བྱའི་མགོན་དུ་ཅི་ཡང་བརྗིད།།
༣༢
སྣ་ཚོགས་མོས་པའི་སྐྱེ་བོ་མཐའ་ཡས་པའི།།
འདྲེན་པའི་གོ་ཆ་ཐུགས་ལ་རྟག་གནག་པའི།།
སྤྲུལ་བའི་རོལ་གར་ཅི་ཡང་རྩེན་པ་ན།།
རྒྱལ་རྣམས་དགྱེས་པའི་བཞད་སྐྲ་ཀུན་ལས་སྙན།།
༣༣
རིན་ཆེན་དང་པོའི་མདངས་འཛིན་བརྗིད་པའི་སྐུ།།
མཁའ་ཡི་མཛེས་བྱེད་འདྲ་བའི་ཡིད་འཕྲོག་མ།།
མཐོན་མཐིང་རལ་བས་ཤེས་རབ་འོད་དཀྱེ་མ།།
དད་འདུན་སྙིང་གི་པད་འདབ་རྟག་ཏུ་རྩེན།།
༣༤
ཉི་གཞོན་བྱེ་བའི་འོད་ཀྱི་མདངས་འཕྲོག་པའི།།
འདྲེན་བྱེད་སྤྱན་གྱི་ཟུར་མིག་ཕྱོགས་ཙམ་གྱིས།།
སྐལ་ལྡན་བུ་ལ་ཐར་བའི་ལམ་སྟོན་པའི།།
ལས་བཞི་འཕྲིན་ལས་རྫོགས་པའི་མ་མ་དྲན།།
༣༥
གངས་དཀར་རི་བོའི་གསེར་གྱི་དབུ་ཞྭ་ལ།།
དབང་མདོག་བྱེ་རུའི་རྒྱན་གྱིས་རྒྱན་པ་འདྲའི།།
ཚངས་སྲས་ལྷ་ཡི་བུ་མོ་དབྱངས་ཅན་མ།།
མཛེས་པའི་ཞལ་གྱིས་སྲིད་པའི་དཔལ་ཡོན་བརྐུས།།
༣༦
ཚངས་དབང་རྒྱལ་བྱིན་གྱིས་ཀྱང་བསྒྲུན་མིན་པའི།།
བསོད་ནམས་འབུམ་གྱིས་བསྐྲུན་པའི་ཁྱེད་ཀྱི་སྐུ།།
སྲིད་གསུམ་མཁོ་དགུའི་ལོངས་སྤྱོད་ཐམས་ཅད་ཀྱི།།
དཔལ་ཡོན་གཅིག་ཏུ་བྱས་སོ་ཡིད་འཕྲོག་མ།།
༣༧
ཆོས་ཚུལ་ཟབ་མོའི་དེ་ཉིད་མངོན་གཟིགས་ནས།།
ས་ལམ་འབྲས་བུའི་ཡོན་ཏན་མཐར་ཕྱིནད་ཀྱང་།།
དམན་རྣམས་ཐུགས་རྗེ་འཇུག་པས་མ་དོར་བར།།
སྣ་ཚོགས་འགྲོ་འདུལ་གཟུགས་སུ་ཅི་དགའ་རྩེན།།
༣༨
ཀུན་ཁྱབ་འགྱུར་མེད་དོན་དམ་འོད་གསལ་དབྱིངས།།
ལྷུན་གྲུབ་སྣང་བཞིའི་རོལ་གར་འབྱམས་ཀླས་པས།།
མ་འབད་འགྲོ་བའི་གཟིགས་ངོར་སྣ་ཚོགས་སུ།།
ཅི་ཡང་སྣང་མཛད་སེམས་མ་ཁྱེད་གཅིག་དྲན།།
༣༩
ལྷ་ལམ་སྤྲིན་གྱི་ཕོན་ཕུན་གཡོ་བའམ།།
ཁྱེད་སྐུ་སྲབ་ཡངས་གོས་ཀྱིས་རྒྱན་པ་གཉིས།།
མ་ངེས་སྣ་ཚོགས་འཇུ་དྲན་རྒོད་དྲག་པས།།
རང་སེམས་བདག་གིར་མ་ཐུབ་དེ་རྗེས་བསྙེགས།།
༤༠
སྟོན་ཟླ་སྤྲིན་གྱི་ཡོལ་བས་མ་ལྷད་པའི།།
ཆ་རྫོགས་རི་བོང་འཛིན་པའི་ཞལ་རས་ལ།།
ལི་ཁྲིའི་ཐིག་ལེ་བསྐུས་པའི་མཛེས་དཔལ་ཡང་།།
ཁྱེད་ཀྱིས་སྐྱེངས་པར་བྱས་སོ་ཡིད་འཕྲོག་མ།།
༤༡
མཁའ་ལམ་རྡུལ་གྱིས་དྲི་མ་ཡོངས་དབེན་པ།།
མཛེས་བྱེད་རྒྱུ་སྐར་བྱེ་བས་སྤུད་པ་ན།།
དཀར་དམར་ཚོན་གྱིས་མ་ལྷད་རང་བྱུང་ཞལ།།
གཅིག་ཏུ་འཁྲུལ་ནས་རྨོངས་བའི་དྲྭ་བར་ཚུད།།
༤༢
དལ་བབས་ཆུ་ཕྲན་བཞུར་བའི་སྐད་སྒྲ་ལ།།
དྲུག་འགྱུར་གསུང་གི་རམ་འདེགས་སྒྲོན་པའམ།།
ཡང་ན་དྲི་ཟའི་བུ་མོའི་སྙན་པའི་གཞས།།
སོར་མོས་སྟབས་ཀྱིས་ཁྲོལ་ལམ་འཕྱང་མོ་ཉུག །
༤༣
ངོ་མཚར་དབྱངས་ཀྱི་བདག་མོ་འཛུམ་བའི་ཞལ།།
ཞལ་གྱི་དཀྱིལ་འཁོར་མཛེས་འཛུམ་སྟོང་གི་བདག །
བདག་ལ་ཤེས་རབ་སྩོལ་བའི་ཡིད་འཕྲོག་མ།།
མ་ལྟར་བརྩེ་བའི་ལྷ་མཆོག་སྙིང་ནས་དྲན།།
༤༤
ཀུན་གསལ་ལྷ་ལམ་སྟོང་བའི་རང་རྩལ་ལས།།
བརྩེ་ལྡན་བྱམས་པའི་ལྷ་མཆོག་ཁྱེད་ཉིད་ཀྱིས།།
འཛུམ་པའི་ཞལ་རས་སྙིང་རྗེའི་རང་གཟུགས་ཅན།།
མྱུར་དུ་སྟོན་ཅིག་ཤེས་རབ་སྟོང་པའི་ལྷ།།
༤༥
ཁྱེད་ཞལ་མཛེས་པའི་ཆ་ཤས་ཀུན་རྫོགས་པ།།
དྲན་པ་ཡིས་ཀྱང་རྨོངས་པའི་སྲིད་མཚོ་ལས།།
སྐྱོབ་པའི་ཐུགས་དམ་མྱུར་དུ་དྲན་མཛོད་ལ།།
བྱིན་རླབས་རྗེས་གནང་སྩོལ་ཅིག་ཡིད་འཕྲོག་མ།།
༤༦
འགའ་ཞིག་སྙན་ངག་སྨྲ་བའི་ལམ་བཀོད་ཀྱང་།།
རྗོད་པའི་ངག་རིག་མྱུར་དུ་ལྐུགས་གྱུར་ན།།
ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྣམས།།
རྗོད་པ་བྱེད་ལ་ཟད་པའི་མཐའ་མ་སྤོགས།།
༤༧
ལས་ངན་སྲིད་མཚོར་འཁྱམས་པའི་འགྲོ་ཚོགས་རྣམས།།
གང་ནས་གར་སྐྱེས་ཇི་དང་ཇི་འདྲའི་གནས།།
མཐའ་དག་གཟིགས་པའི་མངོན་མཁྱེན་ཐོགས་མེད་པའི།།
གནས་དང་གནས་མིན་མཁྱེན་པའི་ནུས་སྟོབས་རྫོགས།།
༤༨
སྣ་ཚོགས་ལས་ཀྱིས་འགྲོ་བའི་གནས་རིས་སུ།།
བཟང་ངན་བདེ་སྡུག་མྱོང་བའི་ཚུལ་མཁྱེན་ནས།།
རྣམ་དག་དགེ་བཅུའི་འཕྲིན་ལས་རྟག་ཁྱབ་ཀྱིས།།
དམན་རྣམས་རྗེས་སུ་འཛིན་པའི་བྱིན་རླབས་འབར།།
༤༩
དེ་ཡང་གདུལ་བྱའི་འགྲོ་མང་མཐའ་ཡས་པའི།།
བསམ་སྤྱོད་མོས་པའི་རྣམ་དབྱེ་བགྲང་ཡས་ཀྱང་།།
མོས་མཁྱེན་སྟོབས་ཀྱི་མཁྱེན་པ་མཐུ་རྫོགས་པས།།
སྣ་ཚོགས་རྗེས་འཛིན་འཕྲིན་ལས་བརྗོད་མི་སྤོབས།།
༥༠
འགའ་ཞིག་དང་པོ་ལས་ཅན་དམན་པའི་རིགས།།
ཐེག་ཆེན་བསྟན་པའི་གདུལ་ཞིང་མ་གྱུར་ཀྱང་།།
ལྷ་མི་ཐེག་དང་ཉན་ཐོས་ཐེག་པ་སོགས།།
རིམ་བཞིན་དྲངས་བའི་ཁམས་མཁྱེན་འདི་གཅིག་རྨད།།
༥༡
རང་བཞིན་ལས་ཀྱིས་དབང་པོ་སྣ་ཚོགས་ལ།།
དེ་བཞིན་ལམ་གྱི་ཆོས་ཚུལ་མཐའ་ཡས་པ།།
ཇི་བཞིན་སྟོན་པའི་ཐབས་མཁས་ཟབ་མོ་འདི།།
ཁྱེད་ལ་ས་ལམ་རྫོགས་པའི་མངོན་རྟགས་ཡིན།།
༥༢
འགྲོ་བའི་ཁམས་དང་གཏན་གྱི་བདེ་བའི་ལམ།།
ཡོངས་སུ་གཟིགས་པའི་སྣ་ཚོགས་འཕྲིན་ལས་ཀྱིས།།
སྐལ་ལྡན་བུ་ལ་ཐེག་ཆེན་ལམ་བཟང་གི།།
དངོས་གྲུབ་སྩོལ་བའི་མ་མ་སླར་ཡང་དྲན།།
༥༣
བྱེ་བ་ཕྲག་བརྒྱའི་ཏིང་འཛིན་སྒོ་འཕར་ཀུན།།
མ་འདྲེས་གསལ་བར་རྫོགས་པའི་འཕྲུལ་ཐབས་ཀྱིས།།
སྣ་ཚོགས་སྤྲུལ་བའི་རོལ་གར་ཚད་མེད་པ།།
ཅི་དགར་སྟོན་པའི་ངོ་མཚར་བསམ་ལས་འདས།།
༥༤
སྐྱེ་ཀུན་ཚེ་རབས་དྲན་པའི་སྟོབས་མངའ་བས།།
བཟང་པོའི་ལས་ཀྱིས་འཇུག་པ་ཀུན་རྫོགས་པ།།
འདི་སྣང་འཁོར་བའི་ཆོས་ཀུན་སྒྱུ་མ་ལྟར།།
མཁྱེན་པའི་ཡེ་ཤེས་ཏིང་འཛིན་ཐབས་ཀྱིས་བཀང་།།
༥༥
སྣ་ཚོགས་སྡུག་གི་མཚོ་ཆེན་རྡོལ་བའི་ཚལ།།
འཇིག་རྟེན་འཁོར་བའི་ཆོས་ལ་བློ་ལོག་པས།།
ངེས་འབྱུང་རྩ་བ་བརྟན་པའི་དམ་ཆོས་རོ།།
ཅི་དགའ་གནང་མཛད་མ་མ་ཁྱེད་ལ་དད།།
༥༦
འཆི་འཕོ་སྐྱེ་བའི་ཟུག་རྔུ་གཏན་བཅོམ་ནས།།
ཇི་སྙེད་མཁྱེན་པའི་ཐབས་ཚུལ་མི་ཟད་པས།།
བསམ་བཞིན་སྤྲུལ་བའི་རོལ་གར་སྣ་ཚོགས་ཀྱིས།།
ཐུགས་རྗེའི་འཇུག་པ་ནམ་ཡང་དོར་བ་མེད།།
༥༧
སྒྲིབ་གཉིས་དྲི་མའི་བག་ཆགས་མ་ལུས་པ།།
གཏན་ནས་བཅོམ་པའི་མཁྱེན་པ་མཐུ་རྫོགས་པས།།
དྲི་མེད་ཡེ་ཤེས་གཟིགས་པ་གཅིག་གིས་ཀྱང་།།
སྣ་ཚོགས་ཆོས་ཀུན་མཁྱེན་པའི་མངོན་རྟོགས་རྫོགས།།
༥༨
རབ་དཀར་ཁ་བའི་མདངས་ཆགས་མཛེས་པའི་ཞལ།།
མཁུར་ཚོས་ལི་ཁྲི་གསར་བའི་ཐིག་ལེ་ཅན།།
ཚེམས་ཀྱི་གེ་སར་དགོད་པའི་རྣམ་འགྱུར་བཅས།།
ཀུན་ཀྱང་ཡིད་འོང་འཕྲོག་པའི་དངོས་པོ་ཡིན།།
༥༩
ཞལ་གྱི་དཀྱིལ་འཁོར་ཨུཏྤལ་ནི་ལའི་ཚལ།།
སོ་ཕྲེང་ཟེའུ་འབྲུ་གསར་བའི་སྐྱེད་མོའི་ཚལ།།
ལྗགས་ཀྱི་འཕུར་ལྡིང་སྙན་པའི་གཞས་ཆུང་བཅས།།
ང་བདག་བཟུང་འཛིན་བྲལ་བའི་དབྱངས་ལ་བརྒྱུས།།
༦༠
དྲི་ཞིམ་ཙན་དན་བསུང་དང་ཀུན་མུད་ཏ།།
སྣ་ཚོགས་ཡོངས་སུ་སྤུངས་བའི་ཁྱེད་ཀྱི་སྐུ།།
འགྲན་པ་མིན་ནོ་འཇིག་རྟེན་མགོན་གཅིག་མ།།
ཁྱེད་ནི་སྙན་ངག་སྨྲ་བའི་ལྷ་མཆོག་ཡིན།།
༦༡
དཔྱིད་དཔལ་ལྷ་མོ་མི་ཡུལ་དག་ཞིང་དུ།།
བབས་པའི་ལང་ཚོ་མཛེས་པའི་མཆོག་གྱུར་ཀྱང་།།
ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དཔལ།།
ཕྱོགས་ཙམ་མི་འཚོན་འདི་ཡང་ཆེད་དུ་མཚར།།
༦༢
ཚེམས་ཀྱི་གེ་སར་འགྲིག་ལེགས་བསྟར་ལ་བརྒྱུས།།
ལང་ཚོ་སྒྲེགས་པའི་དྲི་ཞིམ་ཕྱོགས་ཀུན་འཐུལ།།
ཟླ་བའི་ཞལ་ལ་རི་དྭགས་འཛིན་པའི་སྤྱན།།
འདི་དག་འཇིག་རྟེན་འདས་པའི་ཆེད་དོན་བཀོད།།
༦༣
ཤེས་རབ་ལང་ཚོའི་སྟངས་སྟབས་རེ་རེ་ལ།།
བྱིན་ཆགས་གདུལ་བྱ་འདྲེན་པའི་སྟོབས་རྫོགས་པའི།།
མོས་ལྡན་ཐར་ལམ་འགོད་པའི་སྒྱུ་འཕྲུལ་རེས།།
གཞན་དག་སྐྱེངས་པར་བྱས་སོ་ཡིད་འཕྲོག་མ།།
༦༤
ཀུན་རྟོག་ཟོལ་གྱིས་མ་ལྷད་འཛུམ་པའི་ཞལ།།
རང་བྱུང་ཙན་དན་དྲི་ངེད་ཀྱིས་ཞུགས་པའི།།
དྭངས་གསལ་ཟླ་བའི་དཀྱིལ་འཁོར་སྐྱེངས་བྱེད་པའི།།
མ་བཅོས་མཛེས་པའི་སྒེག་གཟུགས་ཨེ་མ་མཚར།།
༦༥
ཏིང་འཛིན་བདུད་བརྩི་མཐུང་བས་མ་ངོམས་པ།།
རྗེས་ཆགས་སྣ་ཚོགས་གཟུགས་སུ་ལེགས་བསྟམ་ནས།།
པི་ཝང་རྒྱུད་སྐུད་ཁྲོལ་བའི་སྟངས་སྟབས་ཀྱིས།།
མོས་ལྡན་བུ་ལ་ཐར་བའི་དངོས་གྲུབ་བྱིན།།
༦༦
མཚན་དཔེའི་དཔལ་འབར་ཡིད་འོང་གངས་ཀྱི་མདངས།།
རྗེས་ཆགས་རྟགས་ཀྱིས་དབང་མདོག་ཅོད་པན་འཆང་།།
ལེགས་གསུང་དབྱངས་ཀྱིས་ལས་ཅན་སྐལ་ལྡན་ལ།།
སྣ་ཚོགས་ཆོས་ཀྱི་འཁོར་ལོ་བསམ་ལས་འདས།།
༦༧
སྤྱན་ཟུང་བུང་བའི་འཕུར་ལྡིང་གསལ་བ་ཡིས།།
ཞི་བའི་ཆགས་བྲལ་ཏིང་འཛིན་དཀྲོག་བྱེད་པའི།།
དྲི་ཟའི་དབྱངས་ལ་བརྒྱུས་པའི་སྙན་ཚིག་རེས།།
སྣ་ཚོགས་ཀུན་རྟོག་འཇུག་པ་ཐོལ་གྱིས་བཅོམ།།
༦༨
མཁྱེན་རབ་ཡེ་ཤེས་རྒྱལ་བའི་དཀྱིལ་འཁོར་དུ།།
མ་འདྲེས་གསལ་བར་འཆར་བའི་ཤེས་བྱའི་གཏེར།།
ལོངས་སུ་སྤྱོད་པའི་མཐར་ཐུག་གཟིགས་པའི་སྤྱན།།
ཁྱེད་ཀྱིས་བདག་གིར་བྱས་པར་བསམ་མི་སྤོབས།།
༦༩
རྡུལ་བྲལ་ཁ་བའི་ལང་ཚོ་དྭངས་བའི་གཟུགས།།
གསེར་མདོག་ཉི་མའི་འོད་ཀྱིས་འཁྱུད་པ་ན།།
མཛེས་བྱེད་སྟོང་གིས་ཡོངས་སྤུད་དབྱངས་ཅན་མ།།
དྲན་པའི་དད་འདུན་དམར་ཆུང་སྙིང་ཁར་བཀོད།།
༧༠
གང་ཁྱེད་ཞི་བའི་ཏིང་འཛིན་ཡོངས་བརྟན་པས།།
འབད་སྩོལ་སྤྲོས་པའི་མཚན་མ་ཀུན་སྤངས་ཀྱང་།།
ལྟོས་བཅས་གདུལ་བྱའི་མོས་བློའི་འགྲོ་ཁམས་ལ།།
སྤྲུལ་སྒྱུར་སྣ་ཚོགས་སྟོན་འདི་ཅིར་ཡང་མཚར།།
༧༡
མཁྱེན་པའི་ཤེས་རབ་བརྩེ་བའི་མདངས་རྒྱས་པས།།
བྱིན་ཆགས་ཕྱག་སོར་འཁྱུག་པའི་རྣམ་ཐར་ལ།།
སྐལ་ལྡན་ཐར་ལམ་འགོད་པའི་ལོ་རྒྱུས་རིས།།
མ་བྲིས་གསལ་བར་རྫོགས་འདི་ཨེ་མ་ཧོ།།
༧༢
ལྕུག་ཕྲན་གསར་བ་སིལ་བུའི་འཁྲུལ་ལྡན་དང་།།
ཡོངས་སུ་འཁྲུལ་བའི་སྣ་ཚོགས་སྐུ་ཡི་སྟབས།།
རྗེས་ཆགས་ཆགས་པ་ཆེན་པོའི་རྣལ་འབྱོར་གྱིས།།
དད་ལྡན་མོས་པའི་བུ་ལ་ཀུན་ཏུ་ཆགས།།
༧༣
བརྒྱད་བཅུའི་དཔལ་ཡོན་མཚན་དཔེའི་ལང་ཚོ་ཅན།།
སྟོབས་བཅུ་དབང་རྫོགས་མཁྱེན་པའི་མེ་ལོང་བསྣམས།།
མི་འཇིགས་བཞི་ཡི་དམ་བཅའི་སྒྲ་ཆེན་བཅས།།
སྲིད་གསུམ་ཀུན་ལས་རྒྱལ་བའི་གཟི་བརྗིད་ངོམ།།
༧༤
སྟོན་ཀའི་ཟླ་གཞོན་དཀྱིལ་འཁོར་ཀུན་རྒྱས་པ།།
མཛེས་བྱེད་སྤྲིན་གྱི་ཕོན་ཕུན་གྱིས་སྤུད་པ།།
འདི་གཅིག་ཁྱེད་ཀྱི་མཛེས་སྐུའི་དཔེ་ཟླ་ལ།།
བཀོད་པ་མ་གཏོགས་གཞན་པའི་དཔེ་མ་རྙེད།།
༧༥
གང་ཁྱེད་བཞད་པའི་སྒྲ་ཟུར་ཙམ་ཞིག་གིས།།
སྐྱོ་བས་ནོན་ལ་བདེ་བའི་སྐབས་སྦྱིན་ན།།
སྣ་ཚོགས་ཆོས་ཚུལ་ཀུན་གྱི་དེ་ཉིད་དོན།།
སྙན་མོའི་ངག་ནས་བཀུག་ན་ཅིས་མི་མཚར།།
༧༦
བཅུ་དྲུག་ལང་ཚོ་རྫོགས་པའི་མཛེས་དཔལ་ལ།།
སྲིད་གསུམ་མཁོ་དགུ་ཕུན་ཚོགས་སྤུངས་བྱས་ཀྱང་།།
འགྲན་ནུས་མིན་པའི་གཟི་བྱིན་འདི་གཅིག་པུ།།
བསོད་ནམས་བྱེ་བས་བསྐྲུན་པའི་མཚོན་རྟགས་ཡིན།།
༧༧
འགྱུར་མེད་སྐུ་ཡི་ལང་ཚོ་མཛེས་པས་བརྗིད།།
འགག་མེད་གསུང་གི་ཚངས་དབྱངས་སྙན་ཞིང་འཇེབས།།
འཁྲུལ་མེད་ཐུགས་ཀྱི་མཁྱེན་པ་ཐོགས་མེད་པའི།།
ཀུན་མཁྱེན་ཤེས་རབ་རྫོགས་པའི་མ་མ་བསྟོད།།
༧༨
དཀར་དམར་ཚོན་གྱིས་མ་ལྷད་རང་བྱུང་ཞལ།།
ཆ་རྫོགས་རི་བོང་འཛིན་པས་ཟླ་བྲལ་ཡང་།།
ཁེངས་བ་མེད་པའི་ཐུགས་ཆེན་བརྩེ་བའི་གཏེར།།
མི་ཟད་འགྲོ་ལ་གཟིགས་པའི་ངང་ཚུལ་དྲན།།
༧༩
བྱིན་པ་ཨེ་ན་ཡ་འདྲའི་མཉེན་ལྕུག་འཕྲུལ།།
དལ་འགྲོའི་ངང་པའི་བུ་མོའི་འགྱིང་བག་གིས།།
མི་གཡོ་ཏིང་འཛིན་བརྟན་པའི་རྣལ་འབྱོར་ཚོགས།།
དབང་མེད་ངང་གིས་འདུས་པའི་ཟུར་མིག་གཡོ།།
༨༠
ཕྱག་སོར་དབང་མདོག་གསར་བའི་བླ་གོས་ཅན།།
རྒྱུད་དྲུག་པི་ཝང་བརྡུངས་པའི་སྟངས་སྟབས་ལ།།
མཛེས་པའི་ཆ་ཤས་མ་ཚང་མེད་པའི་ཉམས།།
འདི་གཅིག་ངོ་མཚར་བྱེ་བའི་བླ་ན་བརྗིད།།
༨༡
རིན་ཆེན་དང་པོའི་རྒྱན་ཀྱིས་ཡོངས་སྤུད་པའི།།
ལོངས་སྐུའི་གཟུཊ་སུ་བཞེངས་བའི་མངོན་རྟཊ་ཀྱིས།།
མི་ཟད་འགྲོ་བའི་ཁམས་ལ་ཐུགས་བསྐྱེད་པའི།།
རླབས་ཆེན་བྱང་སེམས་སྤྱོད་འདི་ཀུན་ནས་མཚར།།
༨༢
མཁོ་དགུའི་ལོངས་སྤྱོད་སྤུངས་ཀྱང་མི་ཞེན་ཅིང།།
ངེས་འབྱུང་བློ་ཡི་རྩལ་ཁ་རབ་རྒྱས་པའི།།
ཡོད་ཚད་གཞན་དོན་འཇུག་པ་འདི་གཅིག་པུ།།
བྱང་སེམས་སྤྱོད་པའི་རྣམ་ཐར་བསམ་ལས་འདས།།
༨༣
རང་བྱུང་མ་བཅོས་འཆི་མེད་དག་པའི་ཞིང་།།
ངེས་པ་ལྔ་རྫོགས་ལོངས་སྐུར་སངས་རྒྱས་ནས།།
ཡང་སྤྲུལ་དྲི་ཟའི་གཟུགས་ཀྱིས་གདུལ་བྱ་ལ།།
ཐར་ལམ་སྦྱིན་པའི་བྱེད་པོ་ཁྱེད་ལ་བསྔགས།།
༨༤
ཡིད་འོང་ལང་ཚོ་བཅུ་དྲུག་ཉམས་ཀྱིས་ཕྱུག །
མཛེས་པའི་ཞལ་རས་རི་དྭགས་སྤྱན་གྱིས་རྒྱན།།
སྨིན་མ་འཁྱུག་པའི་བྱིན་ཆགས་དཔལ་ཡོན་གྱིས།།
འདོད་པའི་ཡིད་ལ་མྱོས་པའི་ཆོམ་རྐུན་འཇུག །
༨༥
སྤྱན་ཟུང་བུང་བའི་འཕུར་ལྡིང་དཀྱུས་རིང་པོ།།
གནག་སྣུམ་སྤྱན་རྫི་གཡས་སུ་འཁྱིལ་བས་རྒྱན།།
དཀར་ནག་མ་འདྲེས་གསལ་བའི་ལང་ཚོ་ལ།།
བརྒྱད་བཅུ་དཔེ་བྱད་རྫོགས་པའི་དཔལ་ཡོན་ལྡན།།
༨༦
ངོ་མཚར་བསོད་ནམས་བྱེ་བའི་ཆུ་གཏེར་ལས།།
མཚན་དཔེའི་ལང་ཚོ་རྫོགས་པའི་ཡིད་བཞིན་ནོར།།
གདུལ་འགྲོའི་མགོན་དུ་ཕེབས་པའི་དགའ་བ་འབུམ།།
འགོག་སྙོམས་ཏིང་འཛིན་ཐོབ་པའི་བློ་ལས་འགོང་།།
༨༧
ལས་བཞི་རུ་མཚོན་བསྒྲེངས་བའི་གཡའ་དམ་ལས།།
མ་འབད་འགྲོ་བའི་དོན་ཆེན་རྟག་འཇོ་བའི།།
དབང་རྟགས་ས་ལམ་ཆོད་པའི་ཡེ་ཤེས་ལ།།
མི་འཇིགས་བཞི་ཡི་ཆོད་སེམས་ཅིར་ཡང་མཚར།།
༨༨
ཀུན་མཁྱེན་རྒྱལ་བའི་བསྟན་པ་ལུང་རྟོགས་ཟུང་།།
བཤད་སྒྲུབ་ཚོགས་གཉིས་དཔུང་གིས་སྲུང་བ་ལ།།
གང་ཁྱེད་མི་འཇིགས་རྟགས་ཀྱིས་བཞེངས་བའི་ལྷར།།
རྒྱུན་ཏུ་བསྟེན་ན་འདོད་དགུ་ལྷུན་གྱིས་གྲུབ།།
༨༩
བདག་ཀྱང་འདི་ནས་སྐྱེ་དང་ཚེ་རབས་ཀུན།།
ཡི་དམ་ཁྱེད་ཀྱིས་ཐུགས་རྗེའི་གྲིབ་བསིལ་ལས།།
དོན་གཉིས་ཡིད་བཞིན་འགྲུབ་པའི་ལུས་རྟེན་ལ།།
རྟག་ཏུ་སྤྱོད་པའི་དངོས་གྲུབ་མྱུར་ཐོབ་ཤོག །
༩༠
གང་ཁྱེད་ཤེས་རབ་རང་བཞིན་སྟོང་བའི་གཟུགས།།
སྙན་ངག་སྨྲ་བའི་ཡི་དམ་ལྷག་ལྷ་རུ།།
བཞེངས་བའི་རྣམ་ཐར་དད་པའི་ཡིད་མཚོ་རུ།།
བཀོད་པའི་བསོད་ནམས་དལ་འགྲོའི་རླུང་གིས་བསྐྱོད།།
༩༡
གང་ཁྱེད་བསྟོད་པའི་སྙན་ངག་ཚིག་གི་ལམ།།
སྣ་ཚོགས་རྒྱན་གྱིས་མཛེས་པའི་དཎྜིའི་དབྱངས།།
བཀོད་པའི་རྣམ་དཀར་དགེ་བའི་ཆར་ཆེན་ཚོགས།།
མི་ཟད་འགྲོ་བའི་ཁམས་སུ་རྟག་འཇོ་ཤོག །
༩༢
འཆད་ལ་མཁྱེན་གཏེར་གྲོལ་བའི་མེ་ལོང་ངོས།།
སྣ་ཚོགས་ཤེས་བྱའི་ཆོས་ཚུལ་ཀུན་གཟིགས་པའི།།
གཟུངས་སྤོབས་ཏིང་འཛིན་བཞི་ཡི་རྩལ་ཆེན་གྱིས།།
མི་འཇིགས་འགྲོ་བའི་དོན་ཆེན་མྱུར་འགྲུབ་ཤོག །
༩༣
རྩོད་ལ་ཕས་རྒོལ་ངན་པའི་དམ་བཅའི་རི།།
ཟིལ་གནོན་གནམ་ལྕགས་འབར་བའི་གཟི་དཔལ་གྱིས།།
རྩད་ནས་གཏོར་བའི་ཤེས་རབ་ཡེ་ཤེས་མདའ།།
མྱུར་དུ་ཐོབ་པའི་དད་བརྩོན་སྙིང་ཁར་བཀོད།།
༩༤
མཁྱེན་རབ་ལྷ་མཆོག་དངོས་གྲུབ་མྱུར་བའི་ལྷ།།
གང་ཁྱེད་བསྟོད་པའི་རྣམ་དཀར་དགེ་བའི་རིས།།
སྣ་ཚོགས་ཤེས་བྱའི་དེ་ཉིད་མངོན་གཟིགས་པའི།།
རྒྱུ་གསུམ་རྩོམ་པའི་དཔལ་སྤོབས་བདག་ལ་སྩོལ།།
༩༥
རྒྱལ་ཀུན་མཁྱེན་པའི་རང་གཟུགས་དབྱངས་ཅན་མ།།
དད་པའི་ཡིད་མཁར་གུས་པས་སྤྱན་འདྲེན་ན།།
ཐུགས་རྗེ་འཇུག་པས་དམ་བཅའ་མ་གཡེལ་བ།།
མཁས་པའི་ཤེས་རབ་མྱུར་དུ་བདག་ལ་སྩོལ།།
༩༦
རྗེས་ཆགས་སྙིང་རྗེ་འཇུག་པས་གདུལ་བྱའི་ཁམས།།
བུ་ལྟར་བརྩེ་བའི་དམ་བཅས་རྟག་བཟུང་པའི།།
རླབས་ཆེན་གཞན་དོན་སྤྱོད་པའི་རྣམ་ཐར་ལ།།
དད་པའི་བློ་ཡིས་སྨོན་པ་ལན་བརྒྱར་ཤོར།།
༩༧
ལྷག་བསམ་ཟླ་བ་ཚེས་པའི་གཟུགས་རིས་ལ།།
བྱིན་རླབས་དུས་ཀྱི་རྒྱུན་བསྲིངས་ཉ་གང་བའི།།
འོད་ལྡན་ཡེ་ཤེས་འཇུག་པ་ཐོགས་མེད་ཀྱིས།།
གཏི་མུག་མུན་ཆེན་གཞོམ་པའི་དཔལ་ཐོབ་ཤོག།
༩༨
མི་རྟག་འཁོར་བའི་ཆོས་ལ་བློ་ལོག་པའི།།
ངེས་འབྱུང་ལམ་གྱི་རྩ་བ་རྒྱུན་བརྟན་པོས།།
ཁྱེད་ཉིད་སྒྲུབ་པས་འཕགས་ཆེན་ཡེ་ཤེས་ཀྱི།།
དངོས་གྲུབ་བདག་ལ་སྩོལ་ཅིག་རྗེ་བཙུན་མ།།
༩༩
བདག་ནི་འཁོར་བའི་མུན་ཆེན་ཆེན་པོའི་ཀློང་།།
ཇི་ནར་འཁྱམས་པའི་སྐྱབས་མེད་འགོན་བྲལ་ལ།།
ཁྱེད་ཀྱི་ཐུགས་རྗེ་འཇུག་པས་མ་བཟུང་ན།།
རེ་ལྟོས་སུ་ལ་འཆའ་འོ་རྗེ་བཙུན་མ།།
༡༠༠
དེ་ལྟར་སྙན་ཚིག་མེ་ཏོག་དཀར་པོའི་མདངས།།
བཀོད་ལེགས་ངག་གི་སྦྱོར་བ་རྒྱུན་རིང་པོས།།
ལེགས་བྱས་བསོད་ནམས་འབུམ་གྱི་འོད་ཟེར་གྱིས།།
རྨོངས་པའི་མུན་ཆེན་འཇོམས་པའི་མཐུ་ཐོབ་ཤོག །
    ཅེས་ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ་སྙན་ཚིག་མེ་ཏོག་ཚོམས་བརྒྱ་མ་ཞེས་པ་འདི་ཉིད་སྔོན་བྱོན་དམ་པ་མང་པོས་གང་ཉིད་ལ་བསྟོད་པ་རབ་ཏུ་མང་པོ་བཞུགས་པར་མཇལ་བའི་རྐྱེན་བྱས་ཁྱད་པར་བླ་མ་མི་ཕམ་གྱི་གསང་སྒྲུབ་ཛྙཱ་ན་དརྴ་སོགས་ལས་གསུངས་པའི་ཕན་ཡོན་ལ་གཅིག་ཏུ་མོས་པའི་བློས་བོད་རབ་བྱུང་བཅུ་བདུན་པའི་ཀུན་ལྡན་ལྕགས་བྱི་ལོའི་ཁྲུམས་སྟོད་ཟླ་བའི་དཀར་ཕྱོགས་དགའ་བའི་ཚེས་བཅུ་གསུམ་ཉིན་རྫོགས་ཆེན་ཀུན་བཟང་ཉི་མས་བྱང་བཤད་སྒྲུབ་རྣམ་ངེས་གླིང་གི་རང་སྤྱིལ་ནས་མཇུག་གྲུབ་བགྱིས་པའོ།།

རྩོམ་སྒྲིག་པ། གངས་དགའ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ་མེ་ཏོག་ཚོམས་བརྒྱ་མ་ཞེས་བྱ་བ་བཞུགས་སོ།།

2020-10-27 རྫོགས་ཆེན་ཀུན་བཟང་ཉི་མ།(རྫོགས་ཆེན) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།