འཆི་ཁའི་མགུར།

དབྱུག་སྲས།(གཞིས་ཀ་རྩེ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-09-16
བློ་གཏད་སའི་བླ་མ་དཀོན་ཅོག་གསུམ། །
ཆོས་མདོ་རྒྱུད་ཀུན་ལ་མངའ་བརྙེས་པས། །
རྐང་རུས་པའི་གསེང་ནས་སྐྱབས་བཟུང་སྟེ། །
བདག་འཆི་ཀར་སྐྲག་ཏེ་གཏམ་འདི་ཤོར། །

གཏིང་ཟབ་པའི་འཁོར་བའི་ཁྲོན་པ་འདིར། །
ཚེ་སྔོན་མའི་རྣམ་སྨིན་འབྲས་བུ་ཡིས། །
ལས་སྐུ་དབང་བཙན་པའི་དོང་ནང་དྲུད། །
བཟོད་མི་ཐུབ་ན་རྒའི་ཞགས་པས་བཅིངས། །

མའི་མངལ་དུ་རུམ་པའི་དུས་ཚིགས་ནས། །
གདོང་དྲག་རྩུབ་ཅན་པའི་འཆི་བདག་དྲུང་། །
དུས་སྐར་ཆ་རེ་ནས་ཕྱོགས་འགོ་བརྩམས། །
ང་བྲོས་འདོད་ཡོད་ཀྱང་ཐར་ཐབས་མེད། །

ཆུང་བྱིས་པའི་སྐབས་སུ་ཐལ་རྩེར་གཡེངས། །
གཞོན་ཤ་ཁྲག་རྒྱས་དུས་འདོད་པས་གཡེངས། །
རྒས་རུས་སྒྲོམ་ཉམས་དམན་ཟུག་རྔུས་གདུང་། །
ཚེ་བགོ་བཤའ་བྱས་ན་ཐུན་ཆུང་གསུམ། །

ལུས་ཉམ་ཆུང་འཇིག་སླའི་རྒུད་པ་ཅན། །
ཚེ་ཆར་སྤྲིན་ནང་གི་གློག་ཞགས་བཞིན། །
རྐྱེན་ཚེར་མ་ལྟ་བུ་གདོང་ལེན་དཀའ། །
བསྙད་བཏགས་ནས་མི་འཆི་གདེང་ཚོད་མེད། །

ལུས་ལྷག་རོ་སུ་ལའང་མི་མཁོ་གཅིག །
ཚེ་ལྷག་རོ་གང་ལའང་མི་སྨན་གཉིས། །
ཡར་དག་ཞིང་ཡེ་ནས་རེ་བྲལ་གསུམ། །
མར་དམྱལ་བའི་མགྲོན་པོ་གཏན་འཁེལ་ཞིག །

ལུས་ནད་ཀྱིས་གདུང་བའི་སྐབས་དེ་ནས། །
སྨན་རིན་ཆེན་ཟས་ཀྱང་ཟློག་ཐབས་མེད། །
ལུས་རྒུད་དེ་ཤ་ལྤགས་ཐང་ཐང་འགྱུར། །
ཟུངས་ཟད་ནས་དབང་ཤེས་རབ་རིབ་འགྱུར། །

གཉེན་འཁོར་གཡོག་གཅིག་ཏུ་རུག་པ་དང་། །
རྒྱུ་ལོངས་སྤྱོད་རྒྱལ་བྱིན་བང་མཛོད་ཀྱང་། །
ངས་རེ་ཞིག་ནར་འགྱངས་ཞུ་འབུལ་མེད། །
ནོར་ལོངས་སྤྱོད་གླ་རྔན་སྦྱིན་ས་མེད། །

ལས་དགེ་སྡིག་བསགས་པའི་རྣམ་པ་དེ། །
སེམས་ཉིད་ཀྱི་དངུལ་དཀར་མེ་ལོང་ལ། །
གསལ་ཐིང་ངེའི་འཁྲུལ་མེད་དེ་ནས་གསལ། །
འདར་ཞུམ་ཞུམ་སྐྱབས་ཡུལ་འཚོལ་དུ་སོང་། །

གདོང་ཕྱིར་སྦོས་མིག་འབྲས་ནང་དུ་རྡིབ། །
མལ་ཁྲི་ཡི་སྟེང་དུ་བཙོག་གཅིན་ཤོར། །
ཟས་གང་ཞིག་སྤྲད་ཀྱང་དང་ཁ་མེད། །
ཡིད་འགྲོ་བ་སྔོ་མོའི་གཙང་ཆབ་ཙམ། །

ལས་ངན་པའི་འཁྲུལ་སྣང་ཆུ་ལྟར་འཁྲུགས། །
ཡིད་འཇིགས་སྐྲག་སྡུག་བསྔལ་ཡ་ང་ཅན། །
ཆ་རྒྱུས་མེད་བར་དོའི་འཕྲང་ལམ་དོག །
རང་གཅིག་པུར་འགྲོ་དགོས་ཤིན་ཏུ་འཚེར། །

ལུས་ཤ་མདོག་ཤོར་ཅིང་མཆུ་སྒྲོས་སྐམ། །
མིག་ལྗང་མདོག་གྱུར་ཅིང་འཛུམ་མདངས་མེད། །
ལག་དལ་ཁོམ་མེད་ཅིང་གཡོ་འགུལ་མངས། །
འཆི་གདོན་གྱི་ཟིན་པའི་དན་རྟགས་སྙམ། །

མིག་ཧྲིག་ཧྲིག་ཉེ་དུའི་བཞིན་ལ་བལྟ། །
ལག་ཡམ་ཡོམ་རང་གི་བྲང་ལ་འཇུ། །
དབུགས་ལྷེབ་ལྷེབ་རྒྱུ་བ་ཆད་ལ་ཉེ། །
ནག་ཡོབ་ཡོབ་གཤིན་རྗེས་བསུ་མ་བྱེད། །

དབུགས་ངར་སྒྲ་ཕྱི་ལ་འདོན་པ་དང་། །
ཕྱི་འབྱུང་བ་རིམ་གྱི་འཐིམ་པ་བཅས། །
འཆི་ཟེར་བའི་ལམ་དེས་ཟིན་འགྱུར་ན། །
གཟུགས་ཕུང་པོ་བཞག་ཏེ་བར་དོར་འཁྱམ། །

མཚོ་ནོར་བུའི་གང་བས་གྲུ་ཁ་རུ། །
གཅིག་སླེབས་ཀྱང་ནོར་བུ་མ་ལོན་པ། །
གོས་མེད་པའི་སྒྲེན་མོ་སྟོང་ལོག་བཞིན། །
ལག་སྟོང་དུ་ལོག་དགོས་སེམས་ལ་གཟན། །

སྲོག་འགག་རྗེས་ལམ་རིམ་མགོ་ལ་འཇོག །
ནང་ཤེས་པ་དཔྲལ་རྩེར་ཐོན་ཁུལ་སྐྱབས། །
ལས་རྣམ་སྨིན་གནག་པོ་བསགས་བགྱིས་ན། །
བཀའ་བསྟན་བཅོས་བཞག་ཀྱང་སྐྱོབས་ནུས་མེད། །

དངུལ་གསེར་ཊམ་ས་གཞི་ཁེབས་པ་དང་། །
དབང་བཙན་པོ་བསྒྱུར་རྒྱལ་ལྟར་མཆིས་ཀྱང་། །
མགོ་སྐྲ་ལོའི་ཉག་ཙམ་འཁྱེར་དབང་མེད། །
ལས་དགེ་བ་ཡོད་ན་དེ་ཀས་ཁྱོབས། །

ཁྱིམ་ཤུལ་ལུས་བུ་ཕྲུག་སྨྲེ་ངག་འདོན། །
ཁྱེད་མིང་ནས་འབོད་ཅིང་ངུ་སྒྲ་ལྡིར། །
དགོན་གང་སར་འདས་པོར་བསྔོ་སྨོན་ཞུ། །
སྒོར་མང་པོས་བདེ་འགྲོ་བླུ་ས་མེད། །

གོས་མཐའ་དག་བཤུས་ཏེ་གཅེར་བུ་རུ། །
རོ་ཁང་པའི་སྦུག་ཏུ་བཞག་པ་དང་། །  
གདན་བྱེ་མ་གཏིང་ནས་གྱང་ལ་སྦྱར། །
གོས་མལ་གཟན་དཀར་པོ་ཞིག་གི་བཏུམ། །

ཉིན་ཞག་གསུམ་ཚར་བའི་རྗེས་དེ་ནས། །
ལུས་རྩྭ་ཐག་རིང་པོས་བསྡམས་བྱས་ཏེ། །
གཉེན་ཉེ་དུའི་ཤེད་ཀྱིས་དུར་དུ་འདྲེན། །
ལུས་རངས་པོ་དུར་ཁྲོད་གཅལ་དུ་འགྲེམ། །

གྲི་རྣོན་པོའི་ཤ་རུས་ཁག་ཁག་དབྱེ། །
མགོའི་ཀླད་པ་རུས་དཀར་གསེང་ལ་བྱུགས། །
བྱ་རྒོད་པོའི་ཤ་མིག་བཙན་པོ་འདིས། །
རྒྱང་རིང་ནས་མི་རོ་ཟ་རུ་འོང་། །

དམར་ཆིལ་ཆིལ་བྱ་རྒོད་མིག་ཏུ་འདར། །
དགའ་ལྷང་ལྷང་ཟ་བའི་གྲལ་དུ་ཞུགས། །
ཡོད་མདོག་མདོག་བྱས་ཀྱང་ཁ་གང་ཙམ། །
འཇོན་རྫིག་རྫིག་ཅན་ཡང་འདི་ལས་མེད། །

རོ་སྐྱེལ་མཁན་འཁོར་མི་དེ་དག་གིས། །
ཁྲག་ཛར་ཛོར་བཤུལ་ལ་མིག་བལྟ་ཙམ། །
རོའི་ཟས་དངུལ་སྐལ་བ་དེ་དག་ལ། །
འཛུམ་ཤིག་ཤིག་བགོ་བཤའ་འཛེམ་མེད་རྒྱག །

སེམས་ཧ་ཅང་སྐྱོ་བའི་སྐབས་འདི་འདྲར། །
ཆོས་མ་གཏོགས་གང་གིས་ཕན་ཐོགས་མེད། །
ལས་འདི་འདྲ་ཚང་མར་འོང་ངེས་སྟབས། །
ཡེ་ཕུགས་ནས་ཆོས་ཤིག་སྒྲུབ་རན་འདུག །

ང་ཉལ་བས་ཐོ་རེངས་ཐུན་མཚམས་ལ། །
རོ་སྐྱེལ་མཁན་རྐང་གླིང་རྣ་བར་ཐོས། །
གཉིད་མི་ཁུག་ཡར་ལ་འགྲེང་སྟེ་བལྟས། །
འཁོར་ངུ་ཞིང་སྔགས་པས་རྐང་གླིང་འབུད། །

འཁོར་མི་རྣམས་ཁ་ངོ་བྱི་དོར་རེར། །
གོས་དཀར་པོ་གྱོན་ཏེ་བམ་རོ་འདྲེན། །
དགོན་བཀྲ་ཤིས་ལྷུན་པོའི་ཐང་ཆེན་ནས། །
མགོན་པཎ་ཆེན་བླ་མར་སྐྱབས་འཇུག་ཞུ། །

ཆེས་སྣང་ཚུལ་སྐྱོ་བའི་རོ་འདྲེན་དེ། །
མིག་ལམ་དུ་འདར་དུས་སྙིང་རྩ་འཕར། །
རང་ད་ལྟ་དུས་ཚོད་མ་ཟིན་ཙམ། །
ལམ་འདི་ལ་མི་བརྒྱུད་བྲོས་ས་མེད། །

གསོན་མི་ཡུལ་འདུག་སྐབས་ལམ་སྟོན་པ། །
འཆི་བར་སྲིད་ཁམས་ནས་འདྲེན་པ་མཆོག །
ཚེ་འདི་ཕྱིའི་རེ་སྐྱབས་བསྲིངས་སའི་མགོན། །
གདན་ཀོ་པགས་བཏིང་པའི་བླ་མ་མཁྱེན། །

གུས་པ་གཞིས་རྩེ་རུ་ཉལ་ཁང་སྐྱིད་པོ་ཞིག་ཏུ་སེམས་བདེ་ཤིག་གེར་གཉིད་ལ་ཡུར་སྐབས།  ཐོ་རེངས་ཆུ་ཚོད་བཞི་པ་ཙམ་ལ་གཞུང་ལམ་གྱི་གཡས་གཡོན་གཉིས་ལ་ས་དཀར་གྱི་རི་མོ་བཀྲ་ཤིས་ལྷུན་པོའི་ཐང་ཆེན་བར་དུ་བྲིས་འདུག་པ་དེའི་གཡས་གཡོན་ན་མི་ཚོགས་མང་པོ་ཞིག་འདུས་ནས། ལ་ལ་ནི་ངུ་བཞིན་གཞན་གྱིས་ཕྲག་པ་ནས་སྐྱོར། ལ་ལ་ནི་ལག་ཏུ་སྤོས་རེ་ཁྱེར་ཅིང་ངག་ནས་མ་ཎི་འདོན། ལ་ལས་མལ་གཟན་དཀར་པོར་གཏུམ་པའི་བམ་རོ་རྒྱབ་ལ་བཏེགས། མདུན་དུ་སྔགས་པ་ཞིག་གིས་ལག་གཡོན་པ་རུ་རྐང་གླིང་ཞིག་དང་གཡས་པ་རུ་ཌ་མ་རུ་ཞིག་འཁྱེར་ཏེ། རོའི་འདུན་ལ་སོང་སྟེ་རྐང་གླིང་འབུད་ཅིང་ཌ་མ་རུ་དཀྲོལ། ངག་ནས་སྔགས་ཚིག་སྐད་ཤུགས་ཆེན་པོས་འདོན་པ་སོགས་ཕྱག་རྒྱ་མང་པོ་མཛད་དེ་གཤིན་པོར་ལམ་སྟོན་ཁུལ་ཡིན་པ་འདྲ། སྔགས་པའི་རྐང་གླིང་གི་སྒྲས་དབྱུག་སྲས་གཉིད་ལས་བསད་སྟབས་རྩོམ་འདི་ངལ་མེད་དུ་འབྲི་བར་ཐལ་སོང་། །

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

འཆི་ཁའི་མགུར།

2021-09-16 དབྱུག་སྲས།(གཞིས་ཀ་རྩེ) ཀློག་གྲངས། མཆན ཡོད།
བློ་གཏད་སའི་བླ་མ་དཀོན་ཅོག་གསུམ། །
ཆོས་མདོ་རྒྱུད་ཀུན་ལ་མངའ་བརྙེས་པས། །
རྐང་རུས་པའི་གསེང་ནས་སྐྱབས་བཟུང་སྟེ། །
བདག་འཆི་ཀར་སྐྲག་ཏེ་གཏམ་འདི་ཤོར། །

གཏིང་ཟབ་པའི་འཁོར་བའི་ཁྲོན་པ་འདིར། །
ཚེ་སྔོན་མའི་རྣམ་སྨིན་འབྲས་བུ་ཡིས། །
ལས་སྐུ་དབང་བཙན་པའི་དོང་ནང་དྲུད། །
བཟོད་མི་ཐུབ་ན་རྒའི་ཞགས་པས་བཅིངས། །

མའི་མངལ་དུ་རུམ་པའི་དུས་ཚིགས་ནས། །
གདོང་དྲག་རྩུབ་ཅན་པའི་འཆི་བདག་དྲུང་། །
དུས་སྐར་ཆ་རེ་ནས་ཕྱོགས་འགོ་བརྩམས། །
ང་བྲོས་འདོད་ཡོད་ཀྱང་ཐར་ཐབས་མེད། །

ཆུང་བྱིས་པའི་སྐབས་སུ་ཐལ་རྩེར་གཡེངས། །
གཞོན་ཤ་ཁྲག་རྒྱས་དུས་འདོད་པས་གཡེངས། །
རྒས་རུས་སྒྲོམ་ཉམས་དམན་ཟུག་རྔུས་གདུང་། །
ཚེ་བགོ་བཤའ་བྱས་ན་ཐུན་ཆུང་གསུམ། །

ལུས་ཉམ་ཆུང་འཇིག་སླའི་རྒུད་པ་ཅན། །
ཚེ་ཆར་སྤྲིན་ནང་གི་གློག་ཞགས་བཞིན། །
རྐྱེན་ཚེར་མ་ལྟ་བུ་གདོང་ལེན་དཀའ། །
བསྙད་བཏགས་ནས་མི་འཆི་གདེང་ཚོད་མེད། །

ལུས་ལྷག་རོ་སུ་ལའང་མི་མཁོ་གཅིག །
ཚེ་ལྷག་རོ་གང་ལའང་མི་སྨན་གཉིས། །
ཡར་དག་ཞིང་ཡེ་ནས་རེ་བྲལ་གསུམ། །
མར་དམྱལ་བའི་མགྲོན་པོ་གཏན་འཁེལ་ཞིག །

ལུས་ནད་ཀྱིས་གདུང་བའི་སྐབས་དེ་ནས། །
སྨན་རིན་ཆེན་ཟས་ཀྱང་ཟློག་ཐབས་མེད། །
ལུས་རྒུད་དེ་ཤ་ལྤགས་ཐང་ཐང་འགྱུར། །
ཟུངས་ཟད་ནས་དབང་ཤེས་རབ་རིབ་འགྱུར། །

གཉེན་འཁོར་གཡོག་གཅིག་ཏུ་རུག་པ་དང་། །
རྒྱུ་ལོངས་སྤྱོད་རྒྱལ་བྱིན་བང་མཛོད་ཀྱང་། །
ངས་རེ་ཞིག་ནར་འགྱངས་ཞུ་འབུལ་མེད། །
ནོར་ལོངས་སྤྱོད་གླ་རྔན་སྦྱིན་ས་མེད། །

ལས་དགེ་སྡིག་བསགས་པའི་རྣམ་པ་དེ། །
སེམས་ཉིད་ཀྱི་དངུལ་དཀར་མེ་ལོང་ལ། །
གསལ་ཐིང་ངེའི་འཁྲུལ་མེད་དེ་ནས་གསལ། །
འདར་ཞུམ་ཞུམ་སྐྱབས་ཡུལ་འཚོལ་དུ་སོང་། །

གདོང་ཕྱིར་སྦོས་མིག་འབྲས་ནང་དུ་རྡིབ། །
མལ་ཁྲི་ཡི་སྟེང་དུ་བཙོག་གཅིན་ཤོར། །
ཟས་གང་ཞིག་སྤྲད་ཀྱང་དང་ཁ་མེད། །
ཡིད་འགྲོ་བ་སྔོ་མོའི་གཙང་ཆབ་ཙམ། །

ལས་ངན་པའི་འཁྲུལ་སྣང་ཆུ་ལྟར་འཁྲུགས། །
ཡིད་འཇིགས་སྐྲག་སྡུག་བསྔལ་ཡ་ང་ཅན། །
ཆ་རྒྱུས་མེད་བར་དོའི་འཕྲང་ལམ་དོག །
རང་གཅིག་པུར་འགྲོ་དགོས་ཤིན་ཏུ་འཚེར། །

ལུས་ཤ་མདོག་ཤོར་ཅིང་མཆུ་སྒྲོས་སྐམ། །
མིག་ལྗང་མདོག་གྱུར་ཅིང་འཛུམ་མདངས་མེད། །
ལག་དལ་ཁོམ་མེད་ཅིང་གཡོ་འགུལ་མངས། །
འཆི་གདོན་གྱི་ཟིན་པའི་དན་རྟགས་སྙམ། །

མིག་ཧྲིག་ཧྲིག་ཉེ་དུའི་བཞིན་ལ་བལྟ། །
ལག་ཡམ་ཡོམ་རང་གི་བྲང་ལ་འཇུ། །
དབུགས་ལྷེབ་ལྷེབ་རྒྱུ་བ་ཆད་ལ་ཉེ། །
ནག་ཡོབ་ཡོབ་གཤིན་རྗེས་བསུ་མ་བྱེད། །

དབུགས་ངར་སྒྲ་ཕྱི་ལ་འདོན་པ་དང་། །
ཕྱི་འབྱུང་བ་རིམ་གྱི་འཐིམ་པ་བཅས། །
འཆི་ཟེར་བའི་ལམ་དེས་ཟིན་འགྱུར་ན། །
གཟུགས་ཕུང་པོ་བཞག་ཏེ་བར་དོར་འཁྱམ། །

མཚོ་ནོར་བུའི་གང་བས་གྲུ་ཁ་རུ། །
གཅིག་སླེབས་ཀྱང་ནོར་བུ་མ་ལོན་པ། །
གོས་མེད་པའི་སྒྲེན་མོ་སྟོང་ལོག་བཞིན། །
ལག་སྟོང་དུ་ལོག་དགོས་སེམས་ལ་གཟན། །

སྲོག་འགག་རྗེས་ལམ་རིམ་མགོ་ལ་འཇོག །
ནང་ཤེས་པ་དཔྲལ་རྩེར་ཐོན་ཁུལ་སྐྱབས། །
ལས་རྣམ་སྨིན་གནག་པོ་བསགས་བགྱིས་ན། །
བཀའ་བསྟན་བཅོས་བཞག་ཀྱང་སྐྱོབས་ནུས་མེད། །

དངུལ་གསེར་ཊམ་ས་གཞི་ཁེབས་པ་དང་། །
དབང་བཙན་པོ་བསྒྱུར་རྒྱལ་ལྟར་མཆིས་ཀྱང་། །
མགོ་སྐྲ་ལོའི་ཉག་ཙམ་འཁྱེར་དབང་མེད། །
ལས་དགེ་བ་ཡོད་ན་དེ་ཀས་ཁྱོབས། །

ཁྱིམ་ཤུལ་ལུས་བུ་ཕྲུག་སྨྲེ་ངག་འདོན། །
ཁྱེད་མིང་ནས་འབོད་ཅིང་ངུ་སྒྲ་ལྡིར། །
དགོན་གང་སར་འདས་པོར་བསྔོ་སྨོན་ཞུ། །
སྒོར་མང་པོས་བདེ་འགྲོ་བླུ་ས་མེད། །

གོས་མཐའ་དག་བཤུས་ཏེ་གཅེར་བུ་རུ། །
རོ་ཁང་པའི་སྦུག་ཏུ་བཞག་པ་དང་། །  
གདན་བྱེ་མ་གཏིང་ནས་གྱང་ལ་སྦྱར། །
གོས་མལ་གཟན་དཀར་པོ་ཞིག་གི་བཏུམ། །

ཉིན་ཞག་གསུམ་ཚར་བའི་རྗེས་དེ་ནས། །
ལུས་རྩྭ་ཐག་རིང་པོས་བསྡམས་བྱས་ཏེ། །
གཉེན་ཉེ་དུའི་ཤེད་ཀྱིས་དུར་དུ་འདྲེན། །
ལུས་རངས་པོ་དུར་ཁྲོད་གཅལ་དུ་འགྲེམ། །

གྲི་རྣོན་པོའི་ཤ་རུས་ཁག་ཁག་དབྱེ། །
མགོའི་ཀླད་པ་རུས་དཀར་གསེང་ལ་བྱུགས། །
བྱ་རྒོད་པོའི་ཤ་མིག་བཙན་པོ་འདིས། །
རྒྱང་རིང་ནས་མི་རོ་ཟ་རུ་འོང་། །

དམར་ཆིལ་ཆིལ་བྱ་རྒོད་མིག་ཏུ་འདར། །
དགའ་ལྷང་ལྷང་ཟ་བའི་གྲལ་དུ་ཞུགས། །
ཡོད་མདོག་མདོག་བྱས་ཀྱང་ཁ་གང་ཙམ། །
འཇོན་རྫིག་རྫིག་ཅན་ཡང་འདི་ལས་མེད། །

རོ་སྐྱེལ་མཁན་འཁོར་མི་དེ་དག་གིས། །
ཁྲག་ཛར་ཛོར་བཤུལ་ལ་མིག་བལྟ་ཙམ། །
རོའི་ཟས་དངུལ་སྐལ་བ་དེ་དག་ལ། །
འཛུམ་ཤིག་ཤིག་བགོ་བཤའ་འཛེམ་མེད་རྒྱག །

སེམས་ཧ་ཅང་སྐྱོ་བའི་སྐབས་འདི་འདྲར། །
ཆོས་མ་གཏོགས་གང་གིས་ཕན་ཐོགས་མེད། །
ལས་འདི་འདྲ་ཚང་མར་འོང་ངེས་སྟབས། །
ཡེ་ཕུགས་ནས་ཆོས་ཤིག་སྒྲུབ་རན་འདུག །

ང་ཉལ་བས་ཐོ་རེངས་ཐུན་མཚམས་ལ། །
རོ་སྐྱེལ་མཁན་རྐང་གླིང་རྣ་བར་ཐོས། །
གཉིད་མི་ཁུག་ཡར་ལ་འགྲེང་སྟེ་བལྟས། །
འཁོར་ངུ་ཞིང་སྔགས་པས་རྐང་གླིང་འབུད། །

འཁོར་མི་རྣམས་ཁ་ངོ་བྱི་དོར་རེར། །
གོས་དཀར་པོ་གྱོན་ཏེ་བམ་རོ་འདྲེན། །
དགོན་བཀྲ་ཤིས་ལྷུན་པོའི་ཐང་ཆེན་ནས། །
མགོན་པཎ་ཆེན་བླ་མར་སྐྱབས་འཇུག་ཞུ། །

ཆེས་སྣང་ཚུལ་སྐྱོ་བའི་རོ་འདྲེན་དེ། །
མིག་ལམ་དུ་འདར་དུས་སྙིང་རྩ་འཕར། །
རང་ད་ལྟ་དུས་ཚོད་མ་ཟིན་ཙམ། །
ལམ་འདི་ལ་མི་བརྒྱུད་བྲོས་ས་མེད། །

གསོན་མི་ཡུལ་འདུག་སྐབས་ལམ་སྟོན་པ། །
འཆི་བར་སྲིད་ཁམས་ནས་འདྲེན་པ་མཆོག །
ཚེ་འདི་ཕྱིའི་རེ་སྐྱབས་བསྲིངས་སའི་མགོན། །
གདན་ཀོ་པགས་བཏིང་པའི་བླ་མ་མཁྱེན། །

གུས་པ་གཞིས་རྩེ་རུ་ཉལ་ཁང་སྐྱིད་པོ་ཞིག་ཏུ་སེམས་བདེ་ཤིག་གེར་གཉིད་ལ་ཡུར་སྐབས།  ཐོ་རེངས་ཆུ་ཚོད་བཞི་པ་ཙམ་ལ་གཞུང་ལམ་གྱི་གཡས་གཡོན་གཉིས་ལ་ས་དཀར་གྱི་རི་མོ་བཀྲ་ཤིས་ལྷུན་པོའི་ཐང་ཆེན་བར་དུ་བྲིས་འདུག་པ་དེའི་གཡས་གཡོན་ན་མི་ཚོགས་མང་པོ་ཞིག་འདུས་ནས། ལ་ལ་ནི་ངུ་བཞིན་གཞན་གྱིས་ཕྲག་པ་ནས་སྐྱོར། ལ་ལ་ནི་ལག་ཏུ་སྤོས་རེ་ཁྱེར་ཅིང་ངག་ནས་མ་ཎི་འདོན། ལ་ལས་མལ་གཟན་དཀར་པོར་གཏུམ་པའི་བམ་རོ་རྒྱབ་ལ་བཏེགས། མདུན་དུ་སྔགས་པ་ཞིག་གིས་ལག་གཡོན་པ་རུ་རྐང་གླིང་ཞིག་དང་གཡས་པ་རུ་ཌ་མ་རུ་ཞིག་འཁྱེར་ཏེ། རོའི་འདུན་ལ་སོང་སྟེ་རྐང་གླིང་འབུད་ཅིང་ཌ་མ་རུ་དཀྲོལ། ངག་ནས་སྔགས་ཚིག་སྐད་ཤུགས་ཆེན་པོས་འདོན་པ་སོགས་ཕྱག་རྒྱ་མང་པོ་མཛད་དེ་གཤིན་པོར་ལམ་སྟོན་ཁུལ་ཡིན་པ་འདྲ། སྔགས་པའི་རྐང་གླིང་གི་སྒྲས་དབྱུག་སྲས་གཉིད་ལས་བསད་སྟབས་རྩོམ་འདི་ངལ་མེད་དུ་འབྲི་བར་ཐལ་སོང་། །

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།