མཛངས་མ་ཨ་ཤི་ཝ་རི་ཡ་ལ་བཏབ་པའི་སྙན་ངག་མེ་ཏོག་ཆུན་པོ་ཞེས་བྱ་བ་བཞུགས་སོ།།



མིག་གི་ཟེ་བ་རྨ་བྱའི་སྒྲོ་ལྟར་དཔྲལ་བའི་ཚལ་དུ་རབ་མཛེས་ཤིང་།།
ཨུཏྤལ་སྤྱན་ཡངས་རྒྱུ་སྐར་ཟུང་གིས་གདོང་གི་མཁའ་དབྱིངས་འོད་དུ་བྱེད།།
འཛུམ་གྱི་ཉི་གཞོན་སྒེག་ལྡན་འཆར་ཀ་ལྷུན་པོའི་རྩེ་ནས་ཤར་བའི་ཚེ།།
ཨེ་མ་སྐད་ཅིག་སྐྱེས་པའི་ཚོགས་ཀྱི་པདྨོའི་འདབ་བརྒྱ་ལྷུག་ལྷུག་གྲོལ།།

འཁྲི་ཤིང་གཟུགས་བྱད་ཕྲ་ལ་རན་པ་འཇིག་རྟེན་བྱེད་པོས་བྱས་དང་མཚུངས།།
བྲང་སྐྱེས་འོ་འཛིན་ལྷུང་ལ་ཁད་དེ་སྟག་ཤར་མིག་གི་རྒྱན་དུ་སྤྲུལ།།
འཇོ་སྒེག་སྒྱུ་མའི་ཟུར་མིག་མདའ་མོ་འདོད་ལྡན་ཡིད་ཀྱི་དཔྱིད་དུ་གྱུར།།
མཛེས་པ་ཀུན་གྱི་བསྡུས་གཟུགས་འདྲ་བ་རི་དྭགས་མིག་ཅན་ཁྱེད་ལས་སུ།།

སྒྱུ་འཕྲུལ་སྤྱན་ཟུང་གཡོ་འདུ་ཙམ་གྱིས་དྲང་སྲོང་རྣམས་ཀྱི་ཏིང་འཛིན་དཀྲོགས།།
ཚུལ་འཆོས་འཛུམ་གྱི་སྤུ་གྲིའི་ཁ་རུ་མི་སེམས་ཇི་སྙེད་རྡུལ་དུ་འཐག །
གཡེར་བག་ཚིག་གི་བདུད་རྩི་དྲངས་ན་གཞོན་པ་སུ་ཡང་མྱོས་པར་འགྱུར།
དཔའ་རྟུལ་དག་ཀྱང་ཞུམ་པར་བྱེད་པ་མཛེས་མ་ཁྱེད་ཉིད་ཐར་བའི་གཤེད།།

ཕྱེད་ཙམ་མངོན་པའི་གདོང་རས་ཕག་ཏུ་འཁྲེན་པའི་མིག་ཞགས་འཕེན་མཁན་མ།།
གླང་ཆེན་འགྲོས་ཀྱི་སྟངས་སྟབས་བར་ནས་འདོད་པའི་མདའ་མོ་གཞུ་མཁན་མ།།
འཇིགས་པའི་ཟོལ་གྱིས་དམ་པོར་འཁྱུད་ཅིང་རྫུ་བག་ཅན་གྱི་འདོད་ལྡན་མ།།
གཡོ་བའི་མིག་གི་གསང་བརྡ་རེ་རེས་ལྷ་དང་ལྷ་མིན་བསླུ་བར་ངེས།།

ཞལ་གྱི་དཀྱིལ་འཁོར་མཐོང་བའི་མོད་ལ་ཚངས་པས་བཟོས་སམ་དོགས་པར་འགྱུར།།
མདུན་གྱི་མྱོས་བུམ་འགུལ་ཙམ་བྱས་ན་ཕོ་བརྒྱ་སྙིང་རྩ་དུམ་བུར་བྱེད།།
མཆུ་སྒྲོས་དམར་པོ་ཐུག་པར་གྱུར་ཚེ་སྡོམ་ཁྲིམས་འགལ་ཡང་ཐེ་མི་ཚོམ།།
ལན་ཅིག་འགྲོགས་པའི་སྐལ་བ་ལྡན་ཚེ་ངན་སོང་ལྟུང་ཡང་སུ་ཞིག་འཇིགས།།

  ཞེས་ལྗོངས་རྒྱུ་བས་སྤྱི་ལོ ༢༠༢༡ ཟླ་ ༡༠ ཚེས་ ༢༥ ཉིན་འཕགས་ཡུལ་མཛངས་མའི་གཙུག་རྒྱན་ཨ་ཤི་ཝ་རི་ཡའི་(aishwarya) མཛེས་པ་ལ་སྲོལ་རྒྱུན་རྩོམ་ཐབས་ཀྱི་ལམ་ནས་ཅུང་ཟད་བསྔགས་ཏེ་སྦྱར་ཁུལ་བྱས་པའོ།།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

མཛངས་མ་ཨ་ཤི་ཝ་རི་ཡ་ལ་བཏབ་པའི་སྙན་ངག་མེ་ཏོག་ཆུན་པོ་ཞེས་བྱ་བ་བཞུགས་སོ།།

2022-06-10 ལྗོངས་རྒྱུ་བ། ཀློག་གྲངས། མཆན ཡོད།


མིག་གི་ཟེ་བ་རྨ་བྱའི་སྒྲོ་ལྟར་དཔྲལ་བའི་ཚལ་དུ་རབ་མཛེས་ཤིང་།།
ཨུཏྤལ་སྤྱན་ཡངས་རྒྱུ་སྐར་ཟུང་གིས་གདོང་གི་མཁའ་དབྱིངས་འོད་དུ་བྱེད།།
འཛུམ་གྱི་ཉི་གཞོན་སྒེག་ལྡན་འཆར་ཀ་ལྷུན་པོའི་རྩེ་ནས་ཤར་བའི་ཚེ།།
ཨེ་མ་སྐད་ཅིག་སྐྱེས་པའི་ཚོགས་ཀྱི་པདྨོའི་འདབ་བརྒྱ་ལྷུག་ལྷུག་གྲོལ།།

འཁྲི་ཤིང་གཟུགས་བྱད་ཕྲ་ལ་རན་པ་འཇིག་རྟེན་བྱེད་པོས་བྱས་དང་མཚུངས།།
བྲང་སྐྱེས་འོ་འཛིན་ལྷུང་ལ་ཁད་དེ་སྟག་ཤར་མིག་གི་རྒྱན་དུ་སྤྲུལ།།
འཇོ་སྒེག་སྒྱུ་མའི་ཟུར་མིག་མདའ་མོ་འདོད་ལྡན་ཡིད་ཀྱི་དཔྱིད་དུ་གྱུར།།
མཛེས་པ་ཀུན་གྱི་བསྡུས་གཟུགས་འདྲ་བ་རི་དྭགས་མིག་ཅན་ཁྱེད་ལས་སུ།།

སྒྱུ་འཕྲུལ་སྤྱན་ཟུང་གཡོ་འདུ་ཙམ་གྱིས་དྲང་སྲོང་རྣམས་ཀྱི་ཏིང་འཛིན་དཀྲོགས།།
ཚུལ་འཆོས་འཛུམ་གྱི་སྤུ་གྲིའི་ཁ་རུ་མི་སེམས་ཇི་སྙེད་རྡུལ་དུ་འཐག །
གཡེར་བག་ཚིག་གི་བདུད་རྩི་དྲངས་ན་གཞོན་པ་སུ་ཡང་མྱོས་པར་འགྱུར།
དཔའ་རྟུལ་དག་ཀྱང་ཞུམ་པར་བྱེད་པ་མཛེས་མ་ཁྱེད་ཉིད་ཐར་བའི་གཤེད།།

ཕྱེད་ཙམ་མངོན་པའི་གདོང་རས་ཕག་ཏུ་འཁྲེན་པའི་མིག་ཞགས་འཕེན་མཁན་མ།།
གླང་ཆེན་འགྲོས་ཀྱི་སྟངས་སྟབས་བར་ནས་འདོད་པའི་མདའ་མོ་གཞུ་མཁན་མ།།
འཇིགས་པའི་ཟོལ་གྱིས་དམ་པོར་འཁྱུད་ཅིང་རྫུ་བག་ཅན་གྱི་འདོད་ལྡན་མ།།
གཡོ་བའི་མིག་གི་གསང་བརྡ་རེ་རེས་ལྷ་དང་ལྷ་མིན་བསླུ་བར་ངེས།།

ཞལ་གྱི་དཀྱིལ་འཁོར་མཐོང་བའི་མོད་ལ་ཚངས་པས་བཟོས་སམ་དོགས་པར་འགྱུར།།
མདུན་གྱི་མྱོས་བུམ་འགུལ་ཙམ་བྱས་ན་ཕོ་བརྒྱ་སྙིང་རྩ་དུམ་བུར་བྱེད།།
མཆུ་སྒྲོས་དམར་པོ་ཐུག་པར་གྱུར་ཚེ་སྡོམ་ཁྲིམས་འགལ་ཡང་ཐེ་མི་ཚོམ།།
ལན་ཅིག་འགྲོགས་པའི་སྐལ་བ་ལྡན་ཚེ་ངན་སོང་ལྟུང་ཡང་སུ་ཞིག་འཇིགས།།

  ཞེས་ལྗོངས་རྒྱུ་བས་སྤྱི་ལོ ༢༠༢༡ ཟླ་ ༡༠ ཚེས་ ༢༥ ཉིན་འཕགས་ཡུལ་མཛངས་མའི་གཙུག་རྒྱན་ཨ་ཤི་ཝ་རི་ཡའི་(aishwarya) མཛེས་པ་ལ་སྲོལ་རྒྱུན་རྩོམ་ཐབས་ཀྱི་ལམ་ནས་ཅུང་ཟད་བསྔགས་ཏེ་སྦྱར་ཁུལ་བྱས་པའོ།།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།