ཚོར་བའི་འོད་ཟེར།

དབུ་འཇིགས་མེད།(མཚོ་ལྷོ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2022-07-09
ཞི་བའི་ཏིང་འཛིན་གྱི་སེམས་ཉིད།།
བརྩེ་བའི་སྟོང་ཉིད་དུ་སྦྱར་ཡོད།།
འཁོར་བ་མི་རྟག་པའི་མཛེས་སྡུག།           
ཟག་མེད་སྙན་ངག་གི་ཚོར་འདུ།།

གཉུག་སེམས་སྒྱུ་མ་ཡི་སྣང་བ།།
ཚོར་བའི་སྨུག་སྤྲིན་ལ་བསྲེས་པ།།
ངག་རིག་མེ་ཏོག་དེ་འཐོར་བའི།།
སྙན་ངག་ཉི་ཟླ་དེ་བཞེངས་ཡོད།།    

གཉུག་མའི་ཀུན་རྟོག་གི་འོད་ཟེར།།
མགུར་མའི་རང་བཞིན་དུ་ཐིམ་པ།།
ངག་ལ་དབྱངས་མགུར་དེ་མཛེས་པ།།
ལས་ཀྱི་ཚོར་བ་དེའི་ལས་འཕྲོ།།

མི་རྟག་འཁོར་བ་དེའི་ཟླ་མཛེས།།
ཚིག་གི་མེ་ཏོག་དེ་འཐོར་བྱུང་།།
དུངས་པ་མཚོ་མོ་དེ་འཁྱིལ་བའི།།
སེམས་ཀྱི་བརྩེ་བ་དེ་ཕུལ་ཡོད།།

ནང་སེམས་མེ་ལོང་ཡི་ངོས་སུ།།
ལས་ཀྱི་འཁྲི་ཤིང་དེ་བཞུཊ་ཡོད།།
གཉུག་མའི་བརྩེ་བ་ཡི་བདུད་རྩི།།
འཁོར་བའི་ཟླ་བ་དེར་དྲངས་ཡོད།།

གཞི་མཛེས་རྨི་ལམ་གྱི་འཁོར་བ།།
མེ་ཏོག་འཛུམ་དཀར་གྱི་ལས་འཕྲོ།།
ཞེ་བློ་སྣང་བ་ཡི་འཛུམ་དཀར།།
སྙན་ངག་མཛེས་སྡུག་གི་ལྷ་མོ།།

ཚིག་གི་སྦྲང་ཆར་གྱི་དངོས་གྲུབ།།
འཛུམ་པའི་མེ་ཏོག་གི་དུངས་པ།།
འགྱུར་མེད་གཡུང་དྲུང་གི་རི་མོ།།
བྱམས་པའི་ཕྱི་ཐག་གི་དམ་ཚིག།

འདང་བརྩེ་རྒྱ་མཚོ་ཡི་གཏིང་ལ།།
བརྩེ་བའི་ཆཊ་རིམ་དེ་བྲིས་ཡོད།།
སྙན་ངག་གཙང་བོ་ཡི་རྒྱུན་ལ།།
ལས་འཕྲོའི་མེ་ཏོག་དེ་བསྐུར་ཡོད།།
         ༢༠༢༢.༤.༢༢ཉིན་བརྩམས།
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཚོར་བའི་འོད་ཟེར།

2022-07-09 དབུ་འཇིགས་མེད།(མཚོ་ལྷོ) ཀློག་གྲངས། མཆན ཡོད།
ཞི་བའི་ཏིང་འཛིན་གྱི་སེམས་ཉིད།།
བརྩེ་བའི་སྟོང་ཉིད་དུ་སྦྱར་ཡོད།།
འཁོར་བ་མི་རྟག་པའི་མཛེས་སྡུག།           
ཟག་མེད་སྙན་ངག་གི་ཚོར་འདུ།།

གཉུག་སེམས་སྒྱུ་མ་ཡི་སྣང་བ།།
ཚོར་བའི་སྨུག་སྤྲིན་ལ་བསྲེས་པ།།
ངག་རིག་མེ་ཏོག་དེ་འཐོར་བའི།།
སྙན་ངག་ཉི་ཟླ་དེ་བཞེངས་ཡོད།།    

གཉུག་མའི་ཀུན་རྟོག་གི་འོད་ཟེར།།
མགུར་མའི་རང་བཞིན་དུ་ཐིམ་པ།།
ངག་ལ་དབྱངས་མགུར་དེ་མཛེས་པ།།
ལས་ཀྱི་ཚོར་བ་དེའི་ལས་འཕྲོ།།

མི་རྟག་འཁོར་བ་དེའི་ཟླ་མཛེས།།
ཚིག་གི་མེ་ཏོག་དེ་འཐོར་བྱུང་།།
དུངས་པ་མཚོ་མོ་དེ་འཁྱིལ་བའི།།
སེམས་ཀྱི་བརྩེ་བ་དེ་ཕུལ་ཡོད།།

ནང་སེམས་མེ་ལོང་ཡི་ངོས་སུ།།
ལས་ཀྱི་འཁྲི་ཤིང་དེ་བཞུཊ་ཡོད།།
གཉུག་མའི་བརྩེ་བ་ཡི་བདུད་རྩི།།
འཁོར་བའི་ཟླ་བ་དེར་དྲངས་ཡོད།།

གཞི་མཛེས་རྨི་ལམ་གྱི་འཁོར་བ།།
མེ་ཏོག་འཛུམ་དཀར་གྱི་ལས་འཕྲོ།།
ཞེ་བློ་སྣང་བ་ཡི་འཛུམ་དཀར།།
སྙན་ངག་མཛེས་སྡུག་གི་ལྷ་མོ།།

ཚིག་གི་སྦྲང་ཆར་གྱི་དངོས་གྲུབ།།
འཛུམ་པའི་མེ་ཏོག་གི་དུངས་པ།།
འགྱུར་མེད་གཡུང་དྲུང་གི་རི་མོ།།
བྱམས་པའི་ཕྱི་ཐག་གི་དམ་ཚིག།

འདང་བརྩེ་རྒྱ་མཚོ་ཡི་གཏིང་ལ།།
བརྩེ་བའི་ཆཊ་རིམ་དེ་བྲིས་ཡོད།།
སྙན་ངག་གཙང་བོ་ཡི་རྒྱུན་ལ།།
ལས་འཕྲོའི་མེ་ཏོག་དེ་བསྐུར་ཡོད།།
         ༢༠༢༢.༤.༢༢ཉིན་བརྩམས།
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།