རྗེ་མི་ལ་རས་པ་ལ་དབྱངས་ཀྱི་མེ་ཏོག་གཏོར་བ།(ཞར་བཀོད་གཅིག་ཡོད)

མི་གཙང་འདམ་ནས་རྩ་ཉོན་རྒྱས་བཞིན་སྐྱེས། །
རྐྱེན་ངན་ཁྲ་སྐྱས་སྤར་མོ་བཏབ་ཟོལ་གྱིས། །
བརྩེ་ཆེན་ཕ་ལོའི་འདུ་འཛོམས་ཆད་པའི་རྗེས། །
མ་དག་གདུང་བའི་རླབས་ཁ་ཡང་ཡང་འཕྱུར། །

ཤེས་མེད་ཨ་ཁུ་སྲིད་ཞིའི་ནོམ་རྔམས་ནས། །
ཕུན་ཚོགས་དཔལ་གྱི་འབྱོར་བ་གང་དེ་འཕྲོགས། །
བདེན་ལུགས་མི་སྨྲ་ཉེ་འབྲེལ་ཨ་ནེས་ཀྱང་། །
ཁ་ཡིས་ཚིག་རྩུབ་མེ་ཆར་ཡང་ཡང་བབས། །

མ་རུངས་ཁོང་ཁྲོའི་མེ་ཆེན་མཆེད་ན་ཡང་། །
མི་ཐུབ་དགྲ་བོའི་བ་སྤུ་བསྲེགས་མི་ནུས། །
ཞེད་སྣང་བསྐུམས་ནས་མི་སྨྲ་དུད་ཁྱིམ་ནས། །
ལག་པའི་སེན་ཀ་བྲང་ལ་སྣུན་བཞིན་ངུས། །

དེ་ལྟར་གཉའ་གནོན་མང་ཙམ་བྱས་པའི་མཐར། །
བྱམས་ལྡན་ཨ་མའི་ཞེ་སྣང་ཁྲོ་ཆུ་ཁོལ། །
མཐུ་སྟོབས་དགྲ་བོར་འཁོན་ལན་ལོག་གྲབས་སུ། །
སྙིང་གཅེས་ཐོས་པ་བས་མཐའི་ཚལ་ལ་བཏང་། །

ཇི་སྲིད་དགྲ་བོའི་སྲོག་སྙིང་འབུག་བྱེད་ཀྱི། །
ཡང་དག་བསླུ་མེད་ནུས་མཐུ་མ་བརྙེད་ན། །
དེ་ཚེ་བུ་ཁྱོད་ཡུལ་གྱར་རླུང་བུ་བཞིན། །
དབང་མེད་ཡུལ་ལ་ཡོང་ས་མེད་རབས་བཤད། །

སེམས་ངལ་ལྕི་བས་ཐོས་པ་ཡུལ་གྱར་བྱས། །
འཁྱག་རོམ་ཀློང་གི་སྐྱི་བསེར་རླུང་བུ་བྱས། །
དམིགས་མེད་ཡུལ་ནས་ཡུལ་དུ་བསྙེགས་པའི་རྗེས། །
མཚེར་ཤུལ་དྲིན་མོའི་རེ་རླུང་ཁྱེར་བར་དོགས། །

ལོ་ཟླ་དེད་ནས་ཉིན་ཞག་མང་ཙམ་སོང་། །
ཅི་ཡང་མ་ཐོབ་སྐྱོ་གདུང་མདུན་ལ་སྤུངས། །
ནམ་མཁའི་མཐོངས་ལ་ཅེར་རྒྱང་བཏང་བ་ན། །
འདབ་ཆགས་ཚོགས་ཀྱིས་སྐྱོ་བའི་སྨྲེ་ངག་འདོན། །

ལས་འབྲས་བསླུ་མེད་མིིག་ཟུང་འཕྲལ་གྱིས་ཕྱེས། །
མཐུ་སྟོབས་བླ་མ་ཁྲོ་རྒྱལ་དྲུང་དུ་སླེབས། །
རྣམ་རྟོག་ལེ་ལོའི་འཆིང་རྒྱ་གྲོལ་བྱས་ནས། །
མཐུ་གཟའ་གདོང་དམར་ནག་བྱ་དག་པར་བསླབས། །

དེ་ལྟར་བསླབས་རྗེས་སྤྲིན་པའི་ཕར་ནང་ལ། །
གནོང་མེད་འགྱོད་མེད་དམིགས་པ་གཏད་ནས་སུ། །
ཐོག་དང་འདྲེས་པའི་དུད་རླུང་རྒོད་པོ་ཞིག །
འཕངས་ཏེ་དགྲ་བོ་ཐལ་རྡུལ་ཀློང་ལ་བསྙལ། །

སྡང་ཟུག་མེ་ཡི་འོབ་ཆེན་གཏུམ་པོ་ཡིས། །
ཕས་རྒོལ་དགྲ་བོའི་སྲོག་སྙིང་སུམ་ཅུ་བླངས། །
དྲེགས་ཉམས་སྣང་བའི་སྒོ་མོ་ཕྱེས་རྗེས་སུ། །
རང་ཡུལ་ཕྱོགས་ལ་འགྲོ་བའི་སྟ་གོན་བྱས། །

སླར་ཡང་ཐོས་པ་རང་ཡུལ་ཕྱོགས་གནས་སུ། །
བྱམས་ལྡན་ཨ་མའི་ཕྱོགས་ལ་ཕེབས་པ་ན། །
ཡ་མཚན་ཀུ་མུད་འདབ་ཁ་མི་འབྱེད་པར། །
སྣ་ཚོགས་དུར་བྱས་མགྲིན་པས་སྨྲེ་ངག་འདོན། །

བསད་བྱའི་མི་རྣམས་ཕྱིར་ཡོང་མི་ཐུབ་ཀྱང་། །
སྡང་བའི་གནོད་སེམས་ཆུ་རིས་ཆུ་ལ་འཁོར། །
གཉུག་མའི་བློ་འདོད་ཚིམ་པ་མི་འདུག་པས། །
ངེས་འབྱུང་ཐ་གུ་བློ་སྙིང་བྲང་གསུམ་འཆིང་། །

རྟེན་འབྲེལ་ཆོས་ཀྱིས་འགྲིག་མིན་མི་གསལ་ཡང་། །
འདུ་བྲལ་ཆོས་ཀྱིས་བློ་ཁ་ཡང་ཡང་རྫོགས། །
ཁབ་རྩེ་ཙམ་ཡང་བདེ་དགའ་མི་འདུག་པས། །
སྐད་ཅིག་མི་སྡོད་དམ་ཆོས་བརྩོན་འདོད་སྐྱེས། །

དགྲ་ལ་འཁོན་ལེན་སྲོག་དང་ཁྲག་གིས་གླན། །
སླད་ནས་སྡིག་ལ་འགྱོད་ཅིང་དག་ཐབས་སུ། །
ལྷོ་བྲག་མར་བ་ཆོས་ཀྱི་བློའི་དྲུང་དུ། །
མན་ངག་ཆོས་ཀྱི་བདུད་རྩི་ཞུ་རུ་ཕེབས། །

དབེན་པའི་ཤིང་དྲུང་ནགས་ཚལ་སྟུག་པོ་རུ། །
དག་པ་ཆོས་ཀྱི་ཡང་སྙིང་སྒོམ་ནས་སུ། །
ཇི་སྙེད་ཉོན་མོངས་རླབས་ཀྱི་ཉེས་པ་དག །
སྤངས་པའི་ཡེ་ཤེས་མངོན་དུ་གྱུར་ཐབས་ལ། །

སྟོད་ཕྱོགས་སྐྱིད་གྲོང་གཉའ་ནང་ཁུལ་ཕེབས་ནས། །
སྐུ་ལ་རས་རྐྱང་ཟས་ཟྭ་ཆུ་བརྟེན་ནས། །
ལོ་དགུའི་སྙིང་རུས་དཀའ་ཐུབ་སྤྱད་ནས་སུ། །
ཇི་སྙེད་ཉོན་མོངས་ལྷན་སྐྱེས་རྩད་ནས་བཅད། །

ཀྱེ་མ་འཁོར་འདས་མུན་པའི་ཀློང་ཡངས་སུ། །
ཀུན་རྟོག་ཡེ་ཟད་མཆིས་པ་མ་ཡོད་ཀྱང་། །
ཚེ་གཅིག་ཉོན་མོངས་གཡུལ་ལས་རྣམ་རྒྱལ་བའི། །
མགོན་ཁྱེད་འདྲ་བ་ད་དུང་ཕེབས་ལགས་སམ། །

རྗེ་བཙུན་མི་ལ་གཟུགས་སུ་སྣང་སྤྲུལ་ནས། །
སྒྲུབ་བརྒྱུད་བསྟན་པའི་ཐོག་མའི་སྲོལ་བཙུགས་ཏེ། །
མ་དག་འཁོར་བས་རྨོངས་ལ་བསྙལ་བ་ཡི། །
ཟག་བཅས་ཕོ་མོར་ཐར་བའི་ལམ་སྣ་མཛད། །

གང་སྐུའི་རང་བཞིན་འོད་གསལ་འདུས་མ་བྱས། །
མཐོང་བའི་མོད་ལ་ངན་སོང་སྒོ་བཀག་ཅིང་། །
རྣམ་དཀར་གཞན་ཕན་ལྷག་བསམ་མངའ་མཛད་པའི། །
རྗེ་བཙུན་མི་ལར་སྒོ་གསུམ་གུས་པས་འདུད། །

མཚན་ལྡན་བླ་མ་མི་ལའི་ཞབས་དྲུང་དུ། །
དག་པ་བློ་ཡིས་མཆོད་པ་འབུལ་བ་འདིས། །
ཉམ་ངའི་འཁོར་བ་སྨག་རླུང་སྟུག་པོ་རུ། །
རྟག་ཆད་འཛིན་པའི་སེམས་བྱུང་གཞོམ་གྱུར་ཅིག །

དབྱངས་ཅན་དགྱེས་པའི་ཐོལ་གླུ།

ལྔ་རིག་ནགས་ཀླུང་གི་ལྗོན་པའི་འདབ་མ། །
ཤེས་རབ་སྣ་ཚོགས་ཀྱིས་གོས་སུ་གྱོན་ཡང་། །
སྐལ་བཟང་གང་དེ་ཡི་དད་པའི་འཁྲི་ཤིང་། །
མི་བསྟེན་དབྱངས་ཅན་ཁྱོད་འགའ་ཡང་མེད་ན། །

ཟ་ཟའི་དུད་རླུང་གིས་ནང་སེམས་རྨོངས་པའི། །
དམུ་རྒོད་བདག་འདྲ་ཡང་ཁྱེད་སར་གཅར་ན། །
བྱམས་བརྩེའི་གྲིབ་བསིལ་གྱིས་མུན་པའི་རྡུལ་ཚོགས། །
བཅོམ་ཞིང་སེལ་བ་ལ་སྐྱེངས་ནས་ཅི་བྱ། །

འདྲ་མིན་ཀུན་རྟོག་གི་སྡེབ་རིས་ངོས་ལ། །
འཆར་སྣང་བུ་ཡུག་གི་འཚུབ་རླུང་རྒོད་ཀྱང་། །
མི་སྣང་ཁྲི་ཕྲག་གི་དད་པའི་གཙུག་རྒྱུན། །
གཅིག་གྱུར་ཚངས་མ་ཁྱོད་དེང་འདིར་ཕེབས་ཤིག །

ཀྱེ་ཀྱེ་ཚངས་མ་ཁྱོད་སྟོང་ཆེན་དབྱིངས་ནས། །
མི་མཇེད་སྙན་དབྱངས་ཀྱི་ང་རོ་སྒྲོག་དུས། །
ཏིང་འཛིན་བསམ་སྒོམ་གྱི་འདུ་བྱེད་ཕུང་པོ། །
རྟག་བརྟན་ཐེར་ཟུག་གི་ཆ་ཤས་གཏོར་ན། །

མ་བསྐུལ་རྗེས་ཆགས་ཀྱི་བུང་བ་བདག་འདྲས། །
མི་ཕྱེད་དད་འདུན་གྱིས་དབྱངས་ཅན་འབོད་ན། །
ཁྱེད་ཐུགས་མེ་ལོང་གི་ཆབ་རྒྱུན་གཙང་མས། །
རབ་རིབ་བདག་རྨོངས་འདི་གཙང་མར་བཀྲུ་རོགས། །

གང་ལ་དད་གུས་ཀྱི་འཚུབ་རླུང་རྒོད་པོ། །
ཞེ་རྩའི་ཨུ་ཁུང་ནས་ཁྱེད་སར་ལྡང་ན། །
དེ་ལ་ཟིལ་གནོན་གྱི་སྙན་པའི་ཚན་ཁ། །
བྱིན་རླབས་སྦྲང་ཆར་གྱི་མེ་ཏོག་ཕབ་རོགས། །

ཆགས་མེད་མཁའ་དབྱིངས་ཀྱི་འོད་ཟེར་ཀློང་ན། །
རང་བདེ་ཕྱོགས་ལྷུང་གི་གཉིིས་འཛིན་བྲལ་བའི། །
རོལ་སྒེག་གར་འགྱིངས་ཀྱི་དབྱངས་ཅན་ལྷ་མོས། །
ཐུགས་རྗེ་བདུད་ཟིལ་གྱི་ཟེགས་མ་གཏོར་དང་། །

འདིར་སྣང་ཀུ་མུད་ཀྱི་སྐྱེད་ཚལ་ཀློང་ན། །
མི་ཟད་མཁའ་མཉམ་གྱི་རྒྱུད་མངསདཀྲོལ་བའི། །
མ་གཅིག་ཚངས་མ་ཡི་མགྲིན་པའི་རིག་རྩལ། །
དགྱེས་འཛུམ་བུ་སློབ་ལ་བྱིན་སེ་ཕོབས་དང་། །

མ་དག་ལས་ཉོན་གྱི་འདམ་ལ་འབྱར་བའི། །
སྲིད་པ་ཁམས་སེམས་ཀྱི་སྐྱེ་བོ་དེ་དག །
དག་པ་ལྷ་ལམ་གྱི་ཐེམ་སྐས་བཙུགས་ནས། །
གདོད་མའི་གཞི་ཀློང་གི་ངོ་བོ་རྟོགས་འགྲོ། །

གང་ལ་སྐྱེས་སྟོབས་ཀྱི་དབང་པོ་དམན་ན། །
དེ་ལ་བསམ་ཤེས་ཀྱི་ཀླད་ཁྱིམ་རྩོལ་བའི། །
ཟབ་ཡངས་ཚངས་པ་ཡི་ཐུགས་ཀྱི་སྲས་མོའི། །
ཞབས་རྡུལ་དྲི་མེད་ལ་མགོ་བོ་བཏུད་དོ། །

མི་ངོམས་འཇོ་སྒེག་གི་ཆ་ཤས་རེ་ལ། །
ཡིད་འོང་ཆུ་འཛིན་གྱི་མཚན་མ་འཛིན་ཞིང་། །
ཀུན་ཀྱང་རབ་དགའ་ཡི་མེ་ཏོག་གཏོར་བའི། །
དབྱངས་ཅན་ལྷ་མོ་དེའི་ཞབས་ཀྱིས་འཛིན་རོགས། །

རེས་འགའ་རྗེས་ཆགས་ཀྱི་ཉམས་དགུའི་མགུར་མ། །
མ་མཐོང་རྒྱང་རིང་གི་དབྱངས་ཅན་སྤྲིངས་ན། །
མགྲིན་པ་རབ་རིང་གི་སྙན་པའི་ཟོལ་ཅན །།
ཁྱེད་ཐུགས་ཟླ་སྡོང་གིས་བདག་ལ་གནོངས་རོགས། །

ཆུ་འཛིན་ལང་ལིང་གི་རྒྱུ་ཕྱོགས་བར་ན། །
མི་གཡོ་སྤྲིན་དཀར་གྱི་གཟུགས་རིས་འཛིན་ཞིང་། །
སྙིང་པོ་ཆོས་ཉིད་ཀྱི་གནད་རྩ་རྟོགས་པའི། །
དབྱངས་ཅན་ལྷ་མོ་དེའི་སྒེག་ཉམས་རེ་རེ། །

དར་རྒུད་བརྡབ་གསིག་གི་ཡོ་ལང་བར་ན། །
འགོག་མེད་སྐྱོ་གདུང་གི་འཚུབ་མ་རྒོད་ཀྱང་། །
མི་ཁོམ་འགྲོ་བ་ཡི་གདེངས་ཀའི་རྩེར་ལ། །
འཇོ་སྒེག་གཡེར་བག་གི་གཟུགས་རིས་བྲིས་ཡོད། །

དཀར་དམར་ལི་ཁྲི་ཡི་དབུ་རྒྱན་དེ་ལ། །
འོད་སྟོང་ཕྱོགས་སྤྲོས་ཀྱི་གློག་ཞགས་འཁྱུག་ཡོད། །
ཉག་གཅིག་འཆི་མེད་ཀྱི་མགྲིན་པའི་སྙན་དབྱངས། །
ཐོས་འཛིན་བུ་ག་ནས་ལན་གཅིག་གཏོང་རོགས། །

ཕར་བལྟས་སྲིད་འབྱོར་གྱི་ཟིལ་བ་ཁྲོམ་ཁྲོམ། །
རང་སེམས་དྭངས་ཤེལ་གྱི་ཆུ་མིག་འདྲ་ཡང་། །
ཨེ་འཐོབ་ཆགས་སྡང་གི་འཁོར་ལོ་བསྐོར་ནས། །
ཐོབ་ཀྱང་མནོག་ཆུང་གི་ནང་སྙིང་སྟོང་བ། །

སྲིད་གསུམ་སྙན་འཇེབས་ཀྱི་སྒྲ་སྐད་དེ་ལས། །
བྱུང་བའི་འཇོ་སྒེག་གི་དབྱངས་ཅན་ལྷ་མོ། །
ཞབས་རྡུལ་ཟུར་ཕུད་ཀྱི་རྩེར་ནས་མཆོད་ན། །
ཟག་མེད་དངོས་གྲུབ་ཀྱི་སྙིང་པོ་སྩོལ་རོགས། །
རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།