རབ་གནས་ཆུ་ཡོས་ལོའི་རབ་ལོ་༩༩༧ ལོ་བསུ།

དབྱུག་སྲས།(གཞིས་ཀ་རྩེ) 琼迈文学网 2023-01-21
མུན་འཐིབས་རྦ་ཀློང་འཁྲིགས་པའི་ནམ་ཟླ་དེར། །
མཁྱེན་བརྩེ་དཔུང་གིས་ཡིད་སྲུབས་བཅོམ་གྱུར་ཏེ། །
ཀུ་མུད་འཛུམ་དཀར་གཏད་པའི་ཐུགས་དྲིན་ལས། །
མི་ཤེས་རྨོངས་པའི་སྐྲ་ལོ་ཁྱེད་ཀྱིས་བྲེགས། །
དེ་རིང་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྣམ་པར་དཀར་བ་གནམ་ལོ་གསར་ཚེས་ཀྱི་རང་ཞལ་མངོན་པར་འཛུམ་པའི་དུས་དགེ་བར་སྲིད་ཞིའི་ལེགས་ཚོགས་གཅིག་ཏུ་སྤུངས་པའི་རྟེན་འབྱུང་གི་དགའ་སྟོན་མཚོན་ཙམ་ཕུལ་བར་དགྱེས་པའི་སྤྱན་རས་ཨུཏྤལ་སྔོན་པོའི་རྩེ་དགས་རོལ་བའི་དགེ་བའི་བཤེས་གཉེན་ཚོའི་སྙན་དྲུང་དུ་འབུལ།

དུང་སེམས་ཅན་མའི་མངའ་བདག་མ་ལོ་ཁྱེད། །
ཟླ་དགུ་ངོ་བཅུའི་ཞག་འཕྲང་བརྒྱུད་ནས་བྱོན། །
ནུ་ཞོས་བསྐྱངས་ཤིང་བྱམས་བརྩེའི་མ་མ་ཁྱེད། །
ཚེ་རིང་ལོ་བརྒྱར་སྨིན་ཕྱིར་ལོ་གསར་བརྟས། །
ཚེ་རབས་ཀྱི་ལས་འཕྲོ་བསྐྱངས་གནང་སྟེ་འཇིག་རྟེན་འདིར་སྐྱེ་རྒ་ན་ཟུག་གི་བང་རིམ་བརྒྱུད་ཅིང་བུ་ཕྲུག་ཚོ་ལུས་སེམས་དྲོད་འཇམ་གྱིས་གསོ་སྐྱོང་མཛད་མཁན་ཨ་མ་ཁྱེད་ཀྱི་སྙན་དྲུང་དུ་འབུལ།

སྙན་འགྱུར་ངག་གི་གླིང་བུ་འཛིན་པའི་སྲས། །
མཁས་པ་དགྱེས་པའི་རོལ་མོ་ཁྱེད་ཀྱིས་དཀྲོལ། །
ཕུན་ཚོགས་སྡེ་བཞིའི་དཔལ་ལ་གདེང་ཐོབ་ཅིང་། །
དབྱངས་ཅན་མགྲིན་པར་ཆགས་པའི་སྒྱུ་རྩལ་པ། །
རྣམ་དཔྱོད་འཛིན་མའི་ཁྱོན་ཡངས་སུ་ཚིག་རྒྱན་མེ་ཏོག་ཕྲེང་བས་མངོན་པར་མཛེས་པའི་ངག་རིག་སྨྲ་བ་ཚོའི་སྙན་དྲུང་དུ་འབུལ།

ཚེ་རིག་བདུད་རྩིའི་མཆོད་སྦྱིན་འགྱེད་པའི་ལྷ། །
འཚེ་མེད་ཀུན་ཕན་གྱུར་པས་ནད་པའི་མགོན། །
སྨན་རྐྱལ་ཐོགས་པའི་འཚོ་བྱེད་གཞོན་ནུའི་སྲས། །
གནམ་ལོ་ཚེས་པར་བཀྲ་ཤིས་དར་གོས་བསྒྲོན། །
ཀུན་ཕན་ཚེའི་རིག་བྱེད་འཛིན་པ་སྨན་རྒྱལ་སྐུ་དྲིན་ཅན་ཚོའི་སྙན་དྲུང་དུ་འབུལ།

སྐུ་ལུས་མཛེས་བྱེད་མཚན་བཟང་སྨིན་པའི་རྒྱུ། །
ཡོན་ཏན་ཐམས་ཅད་གཞི་མ་གཡུང་དྲུང་གདན། །
དཔལ་ལྡན་ཐོན་མིའི་ཕྱག་རྗེས་གསེར་གྱི་བྲིས། །
གངས་ལྗོངས་ཡིག་མཁན་དག་ལ་སྨོན་འདུན་ཞུ། །
བསྔགས་འོས་ཡོན་ཏན་གྱི་གཏེར་ཆེན་རྣམ་མང་ཡི་གེའི་མཁན་པོ་ཚོའི་སྙན་དྲུང་དུ་འབུལ།

ཡིད་མཐུན་གྲོགས་པོ་སྙིང་གི་དཀྱིལ་དུ་བཏབ། །
ཆོས་མཐུན་མཚོ་མོར་ངང་པའི་རྣམ་པར་རྩེན། །
གངས་ལྗོངས་ཡུལ་གྲུའི་གནམ་ལོ་ཚེས་པ་ལ། །
མཛའ་བཤེས་ཚོ་ལ་སྨོན་ཚིག་སྦྲང་ཆར་འབེབས། །
ཆོས་མཐུན་ལས་ལ་ངོམས་མེད་དུ་སྤྱོད་པའི་མཛའ་བཤེས་ཚོའི་སྙན་དྲུང་དུ་འབུལ།

སྙིང་གྲོགས་ཡིད་བཞིན་ནོར་བུའི་དམ་ཚིག་མཐུན། །
ཡིད་གཅུགས་འགྱུར་མེད་རྡོ་རྗེའི་མདུད་པ་བཏབ། །
བཅོས་མིན་སེམས་གཉིས་འོ་ཆུ་གཅིག་ཏུ་འབྲེལ། །
གནམ་ལོ་ཚེས་པའི་ལེགས་སྐྱེས་ཁྱོད་ལ་འབུལ། །
སེམས་ཀྱི་རི་དྭགས་སུ་འཆིང་བའི་ཞགས་པ་གཅིག་པུ་གང་དེའི་སྙན་དྲུང་དུ་འབུལ།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

རབ་གནས་ཆུ་ཡོས་ལོའི་རབ་ལོ་༩༩༧ ལོ་བསུ།

2023-01-21 དབྱུག་སྲས།(གཞིས་ཀ་རྩེ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།