རྟོག་བཏགས་ཀྱི་གར་མ།

དབུ་འཇིགས་མེད།(དཔལ་ཡུལ) 琼迈文学网 2023-01-21
སྨིན་དྲུག་བརྩེ་བ་ཡི་ནམ་མཁའ།།
རྟག་ཏུ་གཙང་མ་རུ་བཞུགས་ན།།
སེམས་ཉིད་དུང་བ་ཡི་བདེན་པ།།
གཡུང་དྲུང་རི་མོ་ལྟར་བྲི་ཆོག།།

རྫོཊ་མེད་སྙིང་གཏམ་གྱི་རྒྱ་མཚོ།།
མཁའ་ཡི་སྨིན་དྲུག་ལ་གསོལ་བ།།
བདག་གི་འཁོར་བ་ཡི་རྨི་ལམ།།
ལས་ཀྱི་སྨིན་དྲུག་གིས་བསྐྲུན་སོང་།།

སྲིད་གླུ་མཐའ་མེད་ཅིག་བྲིས་པས།།
ཚེ་ཡི་བདེ་སྡུག་ཅིག་མཚོན་ཡོད།།
འཆི་མེད་བརྩེ་བ་ཡི་ཆགས་རིམ།།
རྫོགས་མེད་རྒྱ་མཚོ་ཡི་མཐར་སོན།།

གཞི་མཛེས་རྨི་ལམ་ཀྱི་གར་མ།།
ངག་རིག་མེ་ཏོག་ཅིག་འཐོར་བ།།
དྲན་པའི་དན་རྟཊ་ཤིག་ཡིན་པ།།
མཚན་གྱི་ཟླ་བ་ཡིས་རྟོགས་སོང་།།

ལོ་ཟླ་འགྱུར་བ་ཡིས་དེད་ཀྱང་།།
ཁྲེལ་གཞུང་ཉི་ཟླ་ཡི་འོད་ཟེར།།
རྟག་ཏུ་འགྱུར་བ་རང་མེད་ན།།
དམ་ཚིག་ནམ་མཁའ་ཡིས་བསྲུངས་ཡོད།།
        ༢༠༢༣.༡.༣ཉིན་བརྩམས།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

རྟོག་བཏགས་ཀྱི་གར་མ།

2023-01-21 དབུ་འཇིགས་མེད།(དཔལ་ཡུལ) ཀློག་གྲངས། མཆན ཡོད།
སྨིན་དྲུག་བརྩེ་བ་ཡི་ནམ་མཁའ།།
རྟག་ཏུ་གཙང་མ་རུ་བཞུགས་ན།།
སེམས་ཉིད་དུང་བ་ཡི་བདེན་པ།།
གཡུང་དྲུང་རི་མོ་ལྟར་བྲི་ཆོག།།

རྫོཊ་མེད་སྙིང་གཏམ་གྱི་རྒྱ་མཚོ།།
མཁའ་ཡི་སྨིན་དྲུག་ལ་གསོལ་བ།།
བདག་གི་འཁོར་བ་ཡི་རྨི་ལམ།།
ལས་ཀྱི་སྨིན་དྲུག་གིས་བསྐྲུན་སོང་།།

སྲིད་གླུ་མཐའ་མེད་ཅིག་བྲིས་པས།།
ཚེ་ཡི་བདེ་སྡུག་ཅིག་མཚོན་ཡོད།།
འཆི་མེད་བརྩེ་བ་ཡི་ཆགས་རིམ།།
རྫོགས་མེད་རྒྱ་མཚོ་ཡི་མཐར་སོན།།

གཞི་མཛེས་རྨི་ལམ་ཀྱི་གར་མ།།
ངག་རིག་མེ་ཏོག་ཅིག་འཐོར་བ།།
དྲན་པའི་དན་རྟཊ་ཤིག་ཡིན་པ།།
མཚན་གྱི་ཟླ་བ་ཡིས་རྟོགས་སོང་།།

ལོ་ཟླ་འགྱུར་བ་ཡིས་དེད་ཀྱང་།།
ཁྲེལ་གཞུང་ཉི་ཟླ་ཡི་འོད་ཟེར།།
རྟག་ཏུ་འགྱུར་བ་རང་མེད་ན།།
དམ་ཚིག་ནམ་མཁའ་ཡིས་བསྲུངས་ཡོད།།
        ༢༠༢༣.༡.༣ཉིན་བརྩམས།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།