མགྱོགས་འཕྲིན་ལས་རྙེད་པའི་གཡུ་རྡོག་རྡོག

སྒོ་སྤྲེའུ་ངེས་དོན།(རྟའུ) 琼迈文学网 2023-01-29

གང་ཞིག་བདག་སེམས་བརྩེ་བའི་དྲོད་ཐིག་གི།།
ཡིད་འོང་ཆུ་སྐྱེས་ལང་ཚོའི་དཔལ་འཛིན་ཞིང་།།
མི་རིགས་སློབ་གསོའི་ལས་ལ་བརྩོན་འཇུག་པའི།།
བུ་མོ་ཁྱོད་ཀྱི་དྲུང་དུ་འཚམས་ཞུ་བྱ།།

གྲང་ལྷགས་གསར་འགྱུར་མང་བའི་དགུན་གནང་དེར།།
གློག་ཐབས་འགྲམ་ནས་དཔེ་ཀློག་བྱེད་ཞོར་དང་།།
དྲྭ་སྒང་སོ་སོའི་ཡིག་འབྲུ་རྒུམ་མུས་སུ།།
འཆར་ཤེལ་ངོས་ནས་ཁྱོད་ཀྱི་བརྙན་མིག་མཐོང་།།

སྐྱེ་བ་སྔོན་མའི་ལས་འབྲས་བག་ཆགས་སམ།།
ད་ལྟའི་ཐོད་པའི་ཁ་ཡིག་མཐུན་ནམ་ཅི།།
གང་ལྟར་ངས་ནི་ཁྱོད་ཀྱི་བརྩམ་ཆོས་ལས།།
གཞན་དང་བྲལ་བའི་མཛེས་པ་མཐོང་སོང་ངོ་།།

དེ་ནི་གང་ཞེ་སྣ་ཚོགས་འཕྲུལ་གྱིས་མ་བཅོས་ཤིང་།།
རྒྱས་སྤྲོས་མེད་ཅིང་ལྷད་མེད་འཛུམས་པའི་མདངས།།
ཚུལ་ལྡན་བབ་ཆགས་ཡིད་འོང་ཁྱོད་རང་ལ།།
དགའ་སོང་སྐད་དུ་བསྔགས་རྡེབས་དབང་མེད་ཤོར།།

དུས་རྒྱུན་དཔྱད་མཆན་བསྔགས་རྡེབས་བྱས་བྱས་ནས།།
ཕན་ཚུན་དོ་ཁུར་བྱས་ཤིང་མཚམས་འདྲི་ཞུས།།
སྤྱིར་བཏང་སྐད་ཆ་མང་པོའི་སྐྱེད་ཚལ་ནས།།
འཕྲིན་ཕྲན་བརྩེ་བའི་མེ་ཏོག་ལྷུག་པར་གྲོལ།།

དེ་ནས་བཟུང་སྟེ་ཉི་མ་རེ་རེ་ལ།།
རང་རང་ས་ཡི་གནས་ཚུལ་བཤད་པ་དང་།།
དཔེ་ཆ་གླེང་དང་དགའ་ཕྱོགས་ངོ་སྤྲོད་སོགས།།
སྐད་ཆའི་ཕྲེང་བ་བརྩེ་བའི་དར་ལ་བརྒྱུས།།

ལོ་ཟླ་གཙང་ཆབ་སྔོན་མོའི་འགྲམ་ངོགས་ནས།།
བརྩེ་བའི་རླབས་ཀྱི་ཟེགས་མ་མཁའ་རུ་འཕྱོ།།
ཁྲི་ཤོར་རྒྱལ་མོ་མ་སྐམ་འགྱུར་མེད་སྐད།།
དུངས་བའི་ཆུ་རྒྱུན་རིང་མོ་བསྲིངས་ནས་ཡོད།།

བར་ཐག་རི་ཆུ་སྟོང་གིས་ཆོད་ནའང་།།
གཅིག་སེམས་གཅིག་ལ་འདྲེས་པའི་ཡིད་རྟོན་གྱིས།།
བར་མེད་བརྩོན་པའི་རྒྱུན་ཐག་མ་ཆད་པར།།
རང་རང་ས་ནས་སློབ་སྦྱོང་ནན་གྱིས་བྱས།།

དགུན་གནང་བཏང་ནས་ཕ་ཡུལ་པང་དུ་ལོག།
འདར་དབྱངས་ནང་ནས་ཁྱབ་བསྒྲག་དམ་བཅའ་བྱས།།
ཆ་རྒྱུས་ཡོད་མེད་ཀུན་པོའི་དགའ་བསུ་ཐོབ།།
ཐོག་མའི་མཛའ་གྲོགས་སུ་གྱུར་སྙིང་གི་ཏོག།

སྙིང་གཏམ་བཤད་ནས་ཐོ་རེངས་སྐར་མདའ་བསུས།།
ལ་གཞས་བླངས་ནས་ཟླ་བ་མགྲོན་དུ་བསྐྱལ།།
ཉིན་མོའི་གྲིབ་མ་མཚན་གྱི་རྨི་ལམ་ཡིན།།
ལས་ལ་བསྐོས་པའི་སྙིང་གི་གཡུ་རྡོག་རྡོག།

བརྡ་རྟགས་ཆད་དུས་ཁེར་རྐྱང་ནམ་མཁའ་རུ།།
དྲན་དང་བརྩེ་འཕྲིན་བྲིས་ནས་སྤྲིན་ལ་བསྐུར།།
པར་མཛོད་ཕྱེས་ནས་ཁྱོད་ཀྱི་འཛུམས་མདངས་ལས།།
ཉིན་དང་མཚན་ཞག་བསྐྱང་རབས་དྲན་ནམ་ལགས།།


ཁྱོད་ཀྱིས་ཆ་འཕྲིན་མང་པོ་བསྐུར་སོང་ཞེས།།
གྲགས་འགུལ་མེད་པས་སེམས་ཁུར་ཆེ་བས་ན།།
ཡི་ག་མེད་ཅིང་གཉིད་མི་ཁུག་པ་དང་།།
ང་ལ་ལས་བདའ་བྱས་པ་བདེན་པ་ཡིན།།

སྣ་བརྒྱ་མེ་ཏོགས་བཞད་པའི་སྤང་ཐང་དུ།།
བེའུ་ཆུང་མཉམ་དུ་འཚོ་བའི་རྫི་བོ་ཞིག།
ངེད་གཉིས་ཡིན་ན་ཇི་འདྲའི་སྐྱིད་ཨང་ཞེས།།
ཁྱོད་ཀྱིས་ང་ལ་འཁོར་བའི་སྙིང་བོ་གླེང་།།


བདག་གི་སྐེ་ཡི་སྲུང་འཁོར་དམར་པོ་དང་།།
ལག་མགོའི་རྒྱ་གར་ཙན་དན་ཕྲེང་བ་འདི།།
ཁྱོད་རང་ཡིན་ན་ཇི་འདྲའི་སྐྱིད་ཨང་ཞེས།།
ངས་ཀྱང་རྒྱུན་དུ་ཁྱོད་ལ་དེ་ལྟར་བཤད།།

འདི་ལྟར་ཕན་ཚུན་སྙིང་གི་ཕྱེད་ཀར་གྱུར།།
སྐྱིད་སྡུག་མང་པོ་མཉམ་དུ་རོལ་ནའང་།།
འཇིག་རྟེན་མི་རྟག་ལས་དབང་བཙན་པོ་ཡིས།།
ཁྱོད་རང་ང་དང་གྱེས་ནས་རྒྱང་དུ་ཆས།།


དེ་རྗེས་ང་ནི་ངེས་མེད་འཁྱམ་པོ་རུ།།
འཚོ་བའི་ཁ་དོག་མ་རྙེད་གཅིག་པུར་ལུས།།
སྡེ་བའི་གཡེན་ཁ་སྡིགས་ཀྱི་འཕྱ་དམོད་ལས།།
ཁྱོད་རང་དྲན་པའི་ན་ཟུག་ཤིན་ཏུ་ལྕི།།

ཁ་པར་མགྱོགས་འཕྲིན་འདར་དབྱངས་འཕྲིན་ཕྲན་སོགས།།
ཇི་ལྟར་བཏང་ཡང་བེད་སྤྱོད་མི་འདུག་ཅེས།།
འབྲེལ་བ་བྱེད་ཐབས་བྲལ་བས་དྲན་པའི་མི།།
ད་ལྟ་གང་དུ་བཞུགས་སམ་ནོར་བུ་མཚོ།།

དབྱར་གསུམ་མེ་ཏོག་བཞད་པའི་སྤང་ཐང་དང་།།
དགུན་གསུམ་ཁ་བའི་འདབ་མ་མཐོང་ཐེངས་རེར།།
འདས་པའི་གཏམ་རྒྱུད་རེ་རེའི་བར་གླེགས་དག།
ཡིད་ལ་ཝ་ལེར་ཤར་བ་ཐེངས་གཅིག་མིན།།

ཁྱོད་ཀྱིས་བསླས་པའི་བལ་དཀར་སྐེ་དཀྲིས་དེ།།
དབྱར་དགུན་སྟོན་དཔྱིད་མེད་པར་སྐྱུར་མ་མྱོང་།།
བདག་སེམས་བརྩེ་བའི་དྲོད་ཀྱི་མ་ཅིག་མཚོ།།
དོ་ཞག་འཚོ་བ་ག་འདྲ་ཡིན་ནམ་ལགས།།

ཁྱོད་ཀྱིས་བྱིན་པའི་རང་བྱེད་ཞ་སྨྱུག་དེས།།
དྲན་པ་བྲིས་ནས་ཁ་དོག་ལད་པ་དང་།།
ཐ་ན་ལྕགས་ཤུབས་ཀྱང་ནི་ཟད་ནའང་།།
ང་ཡི་ལག་ན་ད་དུང་འབྲལ་མེད་ཡིན།།

མདོར་ན་ཁྱོད་ཀྱིས་བྱིན་པའི་ལེགས་སྐྱེས་དག།
ད་དུང་ཉར་ནས་ཡོད་ཅིང་འདང་བརྩེ་ཡོད།།
ཡིན་ཡང་ཁྱོད་ཀྱི་གནས་ཚུལ་མ་ཤེས་བས།།
ཁོ་བོ་སྐྱོ་སྡུག་མུན་པས་ཤིན་ཏུ་གཙེས།།

ཁྱོད་ཀྱིས་ཞིབ་འཇུག་བཏོན་ནམ་མ་བཏོན་ལགས།།
ང་ནི་དེ་རུ་ཕྱོགས་ཀྱིན་འབད་པས་མྱོས།།
ང་ཡི་འབྲེལ་གནས་སྔོན་དང་གཅིག་པ་ཡིན།།
ང་ལ་འབྲེལ་བ་བྱེད་རོགས་མ་ཅིག་མཚོ།།

གུང་གསེང་དང་ནི་ཁོམ་ལོང་ཡོད་པའི་དུས།།
དུས་དེབ་ཚགས་པར་ཀློག་རྒྱུ་མ་བརྗེད་དང་།།
ཁྱོད་ལ་བྲིས་པའི་སྙིང་གཏམ་ཡི་གེའི་ཚོགས།།
ལྷུག་པར་གྲོལ་བ་འགའ་རེ་མཐོང་བར་ངེས།།
              ༢༠༢༡-༤-༡༦

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

མགྱོགས་འཕྲིན་ལས་རྙེད་པའི་གཡུ་རྡོག་རྡོག

2023-01-29 སྒོ་སྤྲེའུ་ངེས་དོན།(རྟའུ) ཀློག་གྲངས། མཆན ཡོད།

གང་ཞིག་བདག་སེམས་བརྩེ་བའི་དྲོད་ཐིག་གི།།
ཡིད་འོང་ཆུ་སྐྱེས་ལང་ཚོའི་དཔལ་འཛིན་ཞིང་།།
མི་རིགས་སློབ་གསོའི་ལས་ལ་བརྩོན་འཇུག་པའི།།
བུ་མོ་ཁྱོད་ཀྱི་དྲུང་དུ་འཚམས་ཞུ་བྱ།།

གྲང་ལྷགས་གསར་འགྱུར་མང་བའི་དགུན་གནང་དེར།།
གློག་ཐབས་འགྲམ་ནས་དཔེ་ཀློག་བྱེད་ཞོར་དང་།།
དྲྭ་སྒང་སོ་སོའི་ཡིག་འབྲུ་རྒུམ་མུས་སུ།།
འཆར་ཤེལ་ངོས་ནས་ཁྱོད་ཀྱི་བརྙན་མིག་མཐོང་།།

སྐྱེ་བ་སྔོན་མའི་ལས་འབྲས་བག་ཆགས་སམ།།
ད་ལྟའི་ཐོད་པའི་ཁ་ཡིག་མཐུན་ནམ་ཅི།།
གང་ལྟར་ངས་ནི་ཁྱོད་ཀྱི་བརྩམ་ཆོས་ལས།།
གཞན་དང་བྲལ་བའི་མཛེས་པ་མཐོང་སོང་ངོ་།།

དེ་ནི་གང་ཞེ་སྣ་ཚོགས་འཕྲུལ་གྱིས་མ་བཅོས་ཤིང་།།
རྒྱས་སྤྲོས་མེད་ཅིང་ལྷད་མེད་འཛུམས་པའི་མདངས།།
ཚུལ་ལྡན་བབ་ཆགས་ཡིད་འོང་ཁྱོད་རང་ལ།།
དགའ་སོང་སྐད་དུ་བསྔགས་རྡེབས་དབང་མེད་ཤོར།།

དུས་རྒྱུན་དཔྱད་མཆན་བསྔགས་རྡེབས་བྱས་བྱས་ནས།།
ཕན་ཚུན་དོ་ཁུར་བྱས་ཤིང་མཚམས་འདྲི་ཞུས།།
སྤྱིར་བཏང་སྐད་ཆ་མང་པོའི་སྐྱེད་ཚལ་ནས།།
འཕྲིན་ཕྲན་བརྩེ་བའི་མེ་ཏོག་ལྷུག་པར་གྲོལ།།

དེ་ནས་བཟུང་སྟེ་ཉི་མ་རེ་རེ་ལ།།
རང་རང་ས་ཡི་གནས་ཚུལ་བཤད་པ་དང་།།
དཔེ་ཆ་གླེང་དང་དགའ་ཕྱོགས་ངོ་སྤྲོད་སོགས།།
སྐད་ཆའི་ཕྲེང་བ་བརྩེ་བའི་དར་ལ་བརྒྱུས།།

ལོ་ཟླ་གཙང་ཆབ་སྔོན་མོའི་འགྲམ་ངོགས་ནས།།
བརྩེ་བའི་རླབས་ཀྱི་ཟེགས་མ་མཁའ་རུ་འཕྱོ།།
ཁྲི་ཤོར་རྒྱལ་མོ་མ་སྐམ་འགྱུར་མེད་སྐད།།
དུངས་བའི་ཆུ་རྒྱུན་རིང་མོ་བསྲིངས་ནས་ཡོད།།

བར་ཐག་རི་ཆུ་སྟོང་གིས་ཆོད་ནའང་།།
གཅིག་སེམས་གཅིག་ལ་འདྲེས་པའི་ཡིད་རྟོན་གྱིས།།
བར་མེད་བརྩོན་པའི་རྒྱུན་ཐག་མ་ཆད་པར།།
རང་རང་ས་ནས་སློབ་སྦྱོང་ནན་གྱིས་བྱས།།

དགུན་གནང་བཏང་ནས་ཕ་ཡུལ་པང་དུ་ལོག།
འདར་དབྱངས་ནང་ནས་ཁྱབ་བསྒྲག་དམ་བཅའ་བྱས།།
ཆ་རྒྱུས་ཡོད་མེད་ཀུན་པོའི་དགའ་བསུ་ཐོབ།།
ཐོག་མའི་མཛའ་གྲོགས་སུ་གྱུར་སྙིང་གི་ཏོག།

སྙིང་གཏམ་བཤད་ནས་ཐོ་རེངས་སྐར་མདའ་བསུས།།
ལ་གཞས་བླངས་ནས་ཟླ་བ་མགྲོན་དུ་བསྐྱལ།།
ཉིན་མོའི་གྲིབ་མ་མཚན་གྱི་རྨི་ལམ་ཡིན།།
ལས་ལ་བསྐོས་པའི་སྙིང་གི་གཡུ་རྡོག་རྡོག།

བརྡ་རྟགས་ཆད་དུས་ཁེར་རྐྱང་ནམ་མཁའ་རུ།།
དྲན་དང་བརྩེ་འཕྲིན་བྲིས་ནས་སྤྲིན་ལ་བསྐུར།།
པར་མཛོད་ཕྱེས་ནས་ཁྱོད་ཀྱི་འཛུམས་མདངས་ལས།།
ཉིན་དང་མཚན་ཞག་བསྐྱང་རབས་དྲན་ནམ་ལགས།།


ཁྱོད་ཀྱིས་ཆ་འཕྲིན་མང་པོ་བསྐུར་སོང་ཞེས།།
གྲགས་འགུལ་མེད་པས་སེམས་ཁུར་ཆེ་བས་ན།།
ཡི་ག་མེད་ཅིང་གཉིད་མི་ཁུག་པ་དང་།།
ང་ལ་ལས་བདའ་བྱས་པ་བདེན་པ་ཡིན།།

སྣ་བརྒྱ་མེ་ཏོགས་བཞད་པའི་སྤང་ཐང་དུ།།
བེའུ་ཆུང་མཉམ་དུ་འཚོ་བའི་རྫི་བོ་ཞིག།
ངེད་གཉིས་ཡིན་ན་ཇི་འདྲའི་སྐྱིད་ཨང་ཞེས།།
ཁྱོད་ཀྱིས་ང་ལ་འཁོར་བའི་སྙིང་བོ་གླེང་།།


བདག་གི་སྐེ་ཡི་སྲུང་འཁོར་དམར་པོ་དང་།།
ལག་མགོའི་རྒྱ་གར་ཙན་དན་ཕྲེང་བ་འདི།།
ཁྱོད་རང་ཡིན་ན་ཇི་འདྲའི་སྐྱིད་ཨང་ཞེས།།
ངས་ཀྱང་རྒྱུན་དུ་ཁྱོད་ལ་དེ་ལྟར་བཤད།།

འདི་ལྟར་ཕན་ཚུན་སྙིང་གི་ཕྱེད་ཀར་གྱུར།།
སྐྱིད་སྡུག་མང་པོ་མཉམ་དུ་རོལ་ནའང་།།
འཇིག་རྟེན་མི་རྟག་ལས་དབང་བཙན་པོ་ཡིས།།
ཁྱོད་རང་ང་དང་གྱེས་ནས་རྒྱང་དུ་ཆས།།


དེ་རྗེས་ང་ནི་ངེས་མེད་འཁྱམ་པོ་རུ།།
འཚོ་བའི་ཁ་དོག་མ་རྙེད་གཅིག་པུར་ལུས།།
སྡེ་བའི་གཡེན་ཁ་སྡིགས་ཀྱི་འཕྱ་དམོད་ལས།།
ཁྱོད་རང་དྲན་པའི་ན་ཟུག་ཤིན་ཏུ་ལྕི།།

ཁ་པར་མགྱོགས་འཕྲིན་འདར་དབྱངས་འཕྲིན་ཕྲན་སོགས།།
ཇི་ལྟར་བཏང་ཡང་བེད་སྤྱོད་མི་འདུག་ཅེས།།
འབྲེལ་བ་བྱེད་ཐབས་བྲལ་བས་དྲན་པའི་མི།།
ད་ལྟ་གང་དུ་བཞུགས་སམ་ནོར་བུ་མཚོ།།

དབྱར་གསུམ་མེ་ཏོག་བཞད་པའི་སྤང་ཐང་དང་།།
དགུན་གསུམ་ཁ་བའི་འདབ་མ་མཐོང་ཐེངས་རེར།།
འདས་པའི་གཏམ་རྒྱུད་རེ་རེའི་བར་གླེགས་དག།
ཡིད་ལ་ཝ་ལེར་ཤར་བ་ཐེངས་གཅིག་མིན།།

ཁྱོད་ཀྱིས་བསླས་པའི་བལ་དཀར་སྐེ་དཀྲིས་དེ།།
དབྱར་དགུན་སྟོན་དཔྱིད་མེད་པར་སྐྱུར་མ་མྱོང་།།
བདག་སེམས་བརྩེ་བའི་དྲོད་ཀྱི་མ་ཅིག་མཚོ།།
དོ་ཞག་འཚོ་བ་ག་འདྲ་ཡིན་ནམ་ལགས།།

ཁྱོད་ཀྱིས་བྱིན་པའི་རང་བྱེད་ཞ་སྨྱུག་དེས།།
དྲན་པ་བྲིས་ནས་ཁ་དོག་ལད་པ་དང་།།
ཐ་ན་ལྕགས་ཤུབས་ཀྱང་ནི་ཟད་ནའང་།།
ང་ཡི་ལག་ན་ད་དུང་འབྲལ་མེད་ཡིན།།

མདོར་ན་ཁྱོད་ཀྱིས་བྱིན་པའི་ལེགས་སྐྱེས་དག།
ད་དུང་ཉར་ནས་ཡོད་ཅིང་འདང་བརྩེ་ཡོད།།
ཡིན་ཡང་ཁྱོད་ཀྱི་གནས་ཚུལ་མ་ཤེས་བས།།
ཁོ་བོ་སྐྱོ་སྡུག་མུན་པས་ཤིན་ཏུ་གཙེས།།

ཁྱོད་ཀྱིས་ཞིབ་འཇུག་བཏོན་ནམ་མ་བཏོན་ལགས།།
ང་ནི་དེ་རུ་ཕྱོགས་ཀྱིན་འབད་པས་མྱོས།།
ང་ཡི་འབྲེལ་གནས་སྔོན་དང་གཅིག་པ་ཡིན།།
ང་ལ་འབྲེལ་བ་བྱེད་རོགས་མ་ཅིག་མཚོ།།

གུང་གསེང་དང་ནི་ཁོམ་ལོང་ཡོད་པའི་དུས།།
དུས་དེབ་ཚགས་པར་ཀློག་རྒྱུ་མ་བརྗེད་དང་།།
ཁྱོད་ལ་བྲིས་པའི་སྙིང་གཏམ་ཡི་གེའི་ཚོགས།།
ལྷུག་པར་གྲོལ་བ་འགའ་རེ་མཐོང་བར་ངེས།།
              ༢༠༢༡-༤-༡༦

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།