གངས་ལྗོངས་ཁུ་བྱུག་སྔོན་མོ།(ཞར་བཀོད་གཅིག་ཡོད)

སྦར་བཟའ་རང་དབང་འཚོ།(གཅིག་སྒྲིལ) 琼迈文学网 2023-02-07
        __འཕྲིན་ཕྲན་དུ་ཉར་བའི་ཁོང་གི་སྐད་ཆ་འགའ་ཐོས་པའི་མོད་ལ།

གངས་རི་ཅི་ལྟར་མཐོ་བ་བཞིན་དུ།།
བདུད་བྷེའི་དཔའ་ཞེན་དེ་ལྟར་མཐོ་བ་འོ།།
གངས་རི་ཅི་ལྟར་དཀར་བ་བཞིན་དུ།།
བདུད་བྷེའི་རིགས་ཞེན་དེ་ལྟར་དཀར་རོ།།

གཙང་བོ་ཅི་ལྟར་རིང་བ་བཞིནདུ།།
བདུད་བྷེའི་ལོ་རྒྱུས་དེ་ལྟར་རིང་ངོ་།།
གཙང་བོ་ཅི་ལྟར་ཟབ་པ་བཞིན་དུ།།
བདུད་བྷེའི་སྐད་ངག་དེ་ལྟར་ཟབ་བོ།།

གངས་རི་མ་འཇིག་བདུད་བྷེ་མི་འཇིག།
གཙང་བོ་མ་ཆད་བདུད་བྷེ་མི་འགག།
གངས་དང་གཙང་བོའི་རང་གཤིས་ཇི་བཞིན།།
ཁ་བའི་ཡུལ་ལ་ཁུ་བྱུག་གྲགས་སོ།།

ཁ་ཅིག་སེམས་ནང་བདུད་བྷེ་ཤི་ཡང་།།
ཁོ་མོའི་སེམས་ན་བདུད་བྷེ་གསོན་ཡོད།།
རྒྱ་གཞས་དེང་གཞས་གཞན་ལ་སྙན་ཡང་།།
ཁོ་མོའི་རྣ་བར་བདུད་བྷེ་སྙན་གི།།

དུས་དང་དུས་ཀྱི་འཕོ་འགྱུར་ཁྲོད་ནས།།
རྡུང་ལེན་སྒྱུ་རྩལ་ཅི་ལྟར་དར་ཡང་།།
རྒྱུད་སྐུད་གཅིག་དང་གཉིས་ཀྱི་བར་ནས།།
བདུད་བྷེ་མི་དྲན་ཀ་མེད་ཡིན་ནོ།།

དྲ་རྒྱའི་མཚོ་ལ་རླབས་བཞིན་འཕྱུར་བའི།།
རྡུང་ལེན་འགྲན་རྩོད་མེ་ལྟར་འབར་ཡང་།།
གླུ་ཚིག་གཅིག་དང་གཉིས་ཀྱི་ཁྲོད་ནས།།
བདུད་བྷེ་མི་གླེང་ཀ་མེད་ཡིན་ནོ།།

བོད་སྙིང་ཡོད་པའི་བོད་མི་སྐྱེ་ཚེ།།
བདུད་བྷེ་མིག་དཔེ་ལྟ་ས་ཡིན་ནོ།།
སུན་མེད་ངག་གི་འགྱུར་ཁུགས་སློབ་ན།།
བདུད་བྷེ་གླུ་ཡི་སྲོག་ཤིང་ཡིན་ནོ།།

རི་དང་རི་བོའི་ཕྲེང་བར་བརྒལ་ནས།།
ས་ཐག་རྒྱང་བའི་ཡུལ་ལ་བསྐྱོད་ན།།
སྙན་མོའི་ལམ་ན་ལྷང་ལྷང་གྲགས་པའི།།
བདུད་བྷེ་ལམ་གྱི་འགྲོ་རོགས་ཡིན་ནོ།།

དེ་རིང་བདུད་བྷེར་ཉན་པས་མི་ཆོག།
སང་ཉིན་བདུད་བྷེར་ཉན་པས་མི་མགུ།།
རྣ་བ་མ་འོན་འཆི་བ་མ་ཐོན།།
ཡང་དང་བསྐྱར་དུ་བདུད་བྷེ་ཉན་འདོད།།
    ༢༠༢༢/༡༡/༡༢ཉིན་སྦར་བཟའ་རང་དབང་འཚོས་ལན་ཀྲུག་གཡུ་གྲོང་ནས།

གླུ་ཡི་རལ་བ་འཁེལ་བའི་ངག་གི་རྒྱལ་པོ།


གངས་གཟི་མདངས་རྒྱས་པའི་མཁའ་དབྱིངས།།
ཁྱོའི་ངག་གི་འགུགས་ལུང་གོང་མ།།
དགུང་སྐར་ཆེན་སྐར་ཕྲན་སྟོང་གི།
འོད་འཚེར་བའི་ཕོ་བྲང་ནང་ལ།།
ལྗོངས་རི་ཆུ་དབྱངས་སུ་བཞེངས་ཡོད།།

བློ་ཟླ་བ་དྭངས་པའི་ཤེས་རབ།།
ཁྱོའི་ངག་གི་འགུགས་ལུང་བར་མ།།
བོད་ཕ་སྐད་གཙང་མའི་ལས་དབང་།།
ཤ་ཞེན་པའི་འབོད་བརྡ་བསྒྲགས་པའི།།
རིགས་ལ་རྒྱ་དབྱངས་སུ་བཀུག་ཡོད།།

སྡེ་སྨུག་པོ་མཚོ་མོ་འཁྱིལ་བ།།
ཁྱོའི་ངག་གི་འགུགས་ལུང་ཞོལ་མ།།
སྡེ་ཆེ་ཆུང་འབུམ་གྱི་རྣ་བ།།
སྐད་གསེར་གྱི་མགྲིན་པས་གསོས་བ།།
སྐྱིད་འཚོ་བ་དབྱངས་སུ་བསྐྱལ་ཡོད།།
    ༢༠༢༣/༢/༡  གཟའ་ལྷག་པར།
རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

གངས་ལྗོངས་ཁུ་བྱུག་སྔོན་མོ།(ཞར་བཀོད་གཅིག་ཡོད)

2023-02-07 སྦར་བཟའ་རང་དབང་འཚོ།(གཅིག་སྒྲིལ) ཀློག་གྲངས། མཆན ཡོད།
        __འཕྲིན་ཕྲན་དུ་ཉར་བའི་ཁོང་གི་སྐད་ཆ་འགའ་ཐོས་པའི་མོད་ལ།

གངས་རི་ཅི་ལྟར་མཐོ་བ་བཞིན་དུ།།
བདུད་བྷེའི་དཔའ་ཞེན་དེ་ལྟར་མཐོ་བ་འོ།།
གངས་རི་ཅི་ལྟར་དཀར་བ་བཞིན་དུ།།
བདུད་བྷེའི་རིགས་ཞེན་དེ་ལྟར་དཀར་རོ།།

གཙང་བོ་ཅི་ལྟར་རིང་བ་བཞིནདུ།།
བདུད་བྷེའི་ལོ་རྒྱུས་དེ་ལྟར་རིང་ངོ་།།
གཙང་བོ་ཅི་ལྟར་ཟབ་པ་བཞིན་དུ།།
བདུད་བྷེའི་སྐད་ངག་དེ་ལྟར་ཟབ་བོ།།

གངས་རི་མ་འཇིག་བདུད་བྷེ་མི་འཇིག།
གཙང་བོ་མ་ཆད་བདུད་བྷེ་མི་འགག།
གངས་དང་གཙང་བོའི་རང་གཤིས་ཇི་བཞིན།།
ཁ་བའི་ཡུལ་ལ་ཁུ་བྱུག་གྲགས་སོ།།

ཁ་ཅིག་སེམས་ནང་བདུད་བྷེ་ཤི་ཡང་།།
ཁོ་མོའི་སེམས་ན་བདུད་བྷེ་གསོན་ཡོད།།
རྒྱ་གཞས་དེང་གཞས་གཞན་ལ་སྙན་ཡང་།།
ཁོ་མོའི་རྣ་བར་བདུད་བྷེ་སྙན་གི།།

དུས་དང་དུས་ཀྱི་འཕོ་འགྱུར་ཁྲོད་ནས།།
རྡུང་ལེན་སྒྱུ་རྩལ་ཅི་ལྟར་དར་ཡང་།།
རྒྱུད་སྐུད་གཅིག་དང་གཉིས་ཀྱི་བར་ནས།།
བདུད་བྷེ་མི་དྲན་ཀ་མེད་ཡིན་ནོ།།

དྲ་རྒྱའི་མཚོ་ལ་རླབས་བཞིན་འཕྱུར་བའི།།
རྡུང་ལེན་འགྲན་རྩོད་མེ་ལྟར་འབར་ཡང་།།
གླུ་ཚིག་གཅིག་དང་གཉིས་ཀྱི་ཁྲོད་ནས།།
བདུད་བྷེ་མི་གླེང་ཀ་མེད་ཡིན་ནོ།།

བོད་སྙིང་ཡོད་པའི་བོད་མི་སྐྱེ་ཚེ།།
བདུད་བྷེ་མིག་དཔེ་ལྟ་ས་ཡིན་ནོ།།
སུན་མེད་ངག་གི་འགྱུར་ཁུགས་སློབ་ན།།
བདུད་བྷེ་གླུ་ཡི་སྲོག་ཤིང་ཡིན་ནོ།།

རི་དང་རི་བོའི་ཕྲེང་བར་བརྒལ་ནས།།
ས་ཐག་རྒྱང་བའི་ཡུལ་ལ་བསྐྱོད་ན།།
སྙན་མོའི་ལམ་ན་ལྷང་ལྷང་གྲགས་པའི།།
བདུད་བྷེ་ལམ་གྱི་འགྲོ་རོགས་ཡིན་ནོ།།

དེ་རིང་བདུད་བྷེར་ཉན་པས་མི་ཆོག།
སང་ཉིན་བདུད་བྷེར་ཉན་པས་མི་མགུ།།
རྣ་བ་མ་འོན་འཆི་བ་མ་ཐོན།།
ཡང་དང་བསྐྱར་དུ་བདུད་བྷེ་ཉན་འདོད།།
    ༢༠༢༢/༡༡/༡༢ཉིན་སྦར་བཟའ་རང་དབང་འཚོས་ལན་ཀྲུག་གཡུ་གྲོང་ནས།

གླུ་ཡི་རལ་བ་འཁེལ་བའི་ངག་གི་རྒྱལ་པོ།


གངས་གཟི་མདངས་རྒྱས་པའི་མཁའ་དབྱིངས།།
ཁྱོའི་ངག་གི་འགུགས་ལུང་གོང་མ།།
དགུང་སྐར་ཆེན་སྐར་ཕྲན་སྟོང་གི།
འོད་འཚེར་བའི་ཕོ་བྲང་ནང་ལ།།
ལྗོངས་རི་ཆུ་དབྱངས་སུ་བཞེངས་ཡོད།།

བློ་ཟླ་བ་དྭངས་པའི་ཤེས་རབ།།
ཁྱོའི་ངག་གི་འགུགས་ལུང་བར་མ།།
བོད་ཕ་སྐད་གཙང་མའི་ལས་དབང་།།
ཤ་ཞེན་པའི་འབོད་བརྡ་བསྒྲགས་པའི།།
རིགས་ལ་རྒྱ་དབྱངས་སུ་བཀུག་ཡོད།།

སྡེ་སྨུག་པོ་མཚོ་མོ་འཁྱིལ་བ།།
ཁྱོའི་ངག་གི་འགུགས་ལུང་ཞོལ་མ།།
སྡེ་ཆེ་ཆུང་འབུམ་གྱི་རྣ་བ།།
སྐད་གསེར་གྱི་མགྲིན་པས་གསོས་བ།།
སྐྱིད་འཚོ་བ་དབྱངས་སུ་བསྐྱལ་ཡོད།།
    ༢༠༢༣/༢/༡  གཟའ་ལྷག་པར།
རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།