འཁོར་བའི་གཏིང་རིམ་དཀྲུག་པའི་སྒྲུང་།

རྫ་ཤུལ་བློ་བཟང་།(ཡ་ཆེན) 琼迈文学网 2023-03-01
དུང་བའི་གཞས་ཆུང་ལ་ལ་རྒྱང་ནས་ཐོས། །
དྲན་པའི་བརྩེ་འཕྲིན་རེ་འགའ་ལག་པས་བྲིས། ། 
འཁོར་བའི་ལ་དང་ལུང་པ་བརྒལ་ཞོར་དུ། །  
དགའ་སྐྱོ་རླབས་རིས་འཚོལ་ཞིང་འཚོལ་བར་བྲེལ། །

མེ་ཏོག་ལ་ལ་རྒྱང་རིང་ཡུལ་དུ་འཁྲུངས། །  
འཛུམ་ཆུང་རེ་འགའ་སེམས་ཀྱི་དབུས་སུ་བཞད། ། 
སྲིད་པའི་ཉིན་སྲིབ་ཕྱོགས་ཀུན་ཉུལ་བ་ཡིས། ། 
ཚེ་ཡི་མར་མེའི་འོད་མདངས་གསལ་བོར་མཐོང་། །

ཆོས་པ་འགའ་ཞིག་བས་མཐའི་དགའ་ཚལ་སྙེག །
རྣལ་འབྱོར་རེ་ཟུང་ཚོར་བའི་བདུད་རྩིར་འཁྲི། ། 
སྐྱིད་ལ་དུངས་ཤིང་སྡུག་ལ་དམོད་པའི་མི། ། 
འཇིག་རྟེན་སྒྱུ་མའི་ཟློས་གར་མིག་ལམ་རྒྱུ། ། 

རྟོག་བཏགས་དྲྭ་བའི་ནང་དུ་ཚུད་པའི་ཕྱིར། ། 
ཁ་བའི་འདབ་མ་ཆ་རེ་སེམས་སུ་འཁྲུངས། ། 
དབྱངས་ཀྱི་རྒྱུད་སྐུད་ཁ་ཤས་རྣ་བས་ཐོས། །
མིག་ཆུས་བརླན་པའི་ཕོ་བྲང་དཀར་པོ་བརྩིགས། །

ཚོར་བའི་ཆ་ཤས་ནམ་མཁའི་དབྱིངས་སུ་བསྲེས། །
ཚོར་གཞས་རེ་ཟུང་འཁོར་བའི་གྲོང་ནས་བླངས། །
ཚོར་ངད་བདུད་རྩིས་ལུས་སེམས་གཉིས་ཀྱང་ངལ། །
ཚོར་བའི་ཁམས་ལ་སྲིད་པའི་མེ་ལོང་བཏགས། །  

སེམས་ཀྱིས་བསྡམས་ཀྱང་སྐད་ཅིག་འགྱུར་ནས་སོང་། །
སྤྲོས་པས་མ་ཟིན་དབྱིངས་ཀྱི་ཤོག་བྱ་ཞིག ། 
ཁུ་སིམ་མཚན་མོའི་ཟླ་འོད་ཇི་བཞིན་དུ། ། 
ང་ལ་བལྟས་ཏེ་མིག་ཆུ་བཞུར་དང་མཚུངས། ། 

སྟོང་བསམ་རེ་རེ་རྟོག་པའི་རྨི་ལམ་ཡིན། ། 
འཁྲུལ་གཟུགས་སྒྱུ་མའི་སྣང་བརྙན་འཆར་ཐེངས་རེ། །
ལག་པས་མ་ཟིན་དབྱངས་ཀྱི་ང་རོ་འཁྱིལ། །  
རྐང་པས་མ་བཞག་རྗེས་ཤུལ་རིང་མོ་བྲིས། ། 

སྡུག་བསྔལ་རེ་རེ་འཁོར་བའི་གྲོང་དུ་འཁྱིལ། །
མིག་ཆུ་རེ་འགའ་གཙང་བོའི་ནང་དུ་བཞུར། ། 
དགའ་སྐྱོ་ཟུང་གིས་བསླེས་པའི་སྲུང་འཁོར་ཞིག །
ལས་ཀྱི་ཐོད་དུ་བརྐོས་པའི་ཐོབ་སྐལ་ཡིན། ། 

སྟོན་གྱི་ཟླ་བས་ཚོར་བའི་རྒྱ་མཚོ་དཀྲུགས། ། 
ཞི་བའི་དབྱངས་ཀྱིས་ངག་གི་མདུད་པ་ལྷོད། ། 
ཚིག་འབྲུ་འབུམ་གྱིས་གྲུབ་པའི་རྣམ་ཤེས་ལ། །
གླིང་བུ་དཀར་པོས་འགྲོ་རོགས་འདུག་རོགས་བྱས། །

ཁ་བའི་མེ་ཏོག་མགྲིན་པའི་ཁབ་ཏུ་རོལ། །
དབྱངས་ཀྱི་ཟིལ་བ་སེམས་སུ་ཤག་སེ་ཤག ། 
འདི་རུ་ཞི་བའི་ལྷ་ཚོགས་བཞེངས་འདྲ་བའི། །
སྒྱུ་མའི་ཟློས་གར་སྣ་ཚོགས་ཅི་ཡང་མངོན། ། 

མ་བྲིས་འཇའ་ཚོན་རི་མོ་གསལ་དང་ལྷན། ། 
ཡིད་ཀྱི་དངུལ་དཀར་མེ་ལོང་དྭངས་སེ་དྭངས། ། 
འདི་རུ་གླུ་ཆུང་ལེན་བཞིན་སྐྱོ་གར་གྱིས། །  
འཁྲུལ་བའི་ནང་དུ་རྟ་མཆོག་ཅང་ཤེས་བརྒྱུགས། །
           ༢༠༢༣/༢/༡༡

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

འཁོར་བའི་གཏིང་རིམ་དཀྲུག་པའི་སྒྲུང་།

2023-03-01 རྫ་ཤུལ་བློ་བཟང་།(ཡ་ཆེན) ཀློག་གྲངས། མཆན ཡོད།
དུང་བའི་གཞས་ཆུང་ལ་ལ་རྒྱང་ནས་ཐོས། །
དྲན་པའི་བརྩེ་འཕྲིན་རེ་འགའ་ལག་པས་བྲིས། ། 
འཁོར་བའི་ལ་དང་ལུང་པ་བརྒལ་ཞོར་དུ། །  
དགའ་སྐྱོ་རླབས་རིས་འཚོལ་ཞིང་འཚོལ་བར་བྲེལ། །

མེ་ཏོག་ལ་ལ་རྒྱང་རིང་ཡུལ་དུ་འཁྲུངས། །  
འཛུམ་ཆུང་རེ་འགའ་སེམས་ཀྱི་དབུས་སུ་བཞད། ། 
སྲིད་པའི་ཉིན་སྲིབ་ཕྱོགས་ཀུན་ཉུལ་བ་ཡིས། ། 
ཚེ་ཡི་མར་མེའི་འོད་མདངས་གསལ་བོར་མཐོང་། །

ཆོས་པ་འགའ་ཞིག་བས་མཐའི་དགའ་ཚལ་སྙེག །
རྣལ་འབྱོར་རེ་ཟུང་ཚོར་བའི་བདུད་རྩིར་འཁྲི། ། 
སྐྱིད་ལ་དུངས་ཤིང་སྡུག་ལ་དམོད་པའི་མི། ། 
འཇིག་རྟེན་སྒྱུ་མའི་ཟློས་གར་མིག་ལམ་རྒྱུ། ། 

རྟོག་བཏགས་དྲྭ་བའི་ནང་དུ་ཚུད་པའི་ཕྱིར། ། 
ཁ་བའི་འདབ་མ་ཆ་རེ་སེམས་སུ་འཁྲུངས། ། 
དབྱངས་ཀྱི་རྒྱུད་སྐུད་ཁ་ཤས་རྣ་བས་ཐོས། །
མིག་ཆུས་བརླན་པའི་ཕོ་བྲང་དཀར་པོ་བརྩིགས། །

ཚོར་བའི་ཆ་ཤས་ནམ་མཁའི་དབྱིངས་སུ་བསྲེས། །
ཚོར་གཞས་རེ་ཟུང་འཁོར་བའི་གྲོང་ནས་བླངས། །
ཚོར་ངད་བདུད་རྩིས་ལུས་སེམས་གཉིས་ཀྱང་ངལ། །
ཚོར་བའི་ཁམས་ལ་སྲིད་པའི་མེ་ལོང་བཏགས། །  

སེམས་ཀྱིས་བསྡམས་ཀྱང་སྐད་ཅིག་འགྱུར་ནས་སོང་། །
སྤྲོས་པས་མ་ཟིན་དབྱིངས་ཀྱི་ཤོག་བྱ་ཞིག ། 
ཁུ་སིམ་མཚན་མོའི་ཟླ་འོད་ཇི་བཞིན་དུ། ། 
ང་ལ་བལྟས་ཏེ་མིག་ཆུ་བཞུར་དང་མཚུངས། ། 

སྟོང་བསམ་རེ་རེ་རྟོག་པའི་རྨི་ལམ་ཡིན། ། 
འཁྲུལ་གཟུགས་སྒྱུ་མའི་སྣང་བརྙན་འཆར་ཐེངས་རེ། །
ལག་པས་མ་ཟིན་དབྱངས་ཀྱི་ང་རོ་འཁྱིལ། །  
རྐང་པས་མ་བཞག་རྗེས་ཤུལ་རིང་མོ་བྲིས། ། 

སྡུག་བསྔལ་རེ་རེ་འཁོར་བའི་གྲོང་དུ་འཁྱིལ། །
མིག་ཆུ་རེ་འགའ་གཙང་བོའི་ནང་དུ་བཞུར། ། 
དགའ་སྐྱོ་ཟུང་གིས་བསླེས་པའི་སྲུང་འཁོར་ཞིག །
ལས་ཀྱི་ཐོད་དུ་བརྐོས་པའི་ཐོབ་སྐལ་ཡིན། ། 

སྟོན་གྱི་ཟླ་བས་ཚོར་བའི་རྒྱ་མཚོ་དཀྲུགས། ། 
ཞི་བའི་དབྱངས་ཀྱིས་ངག་གི་མདུད་པ་ལྷོད། ། 
ཚིག་འབྲུ་འབུམ་གྱིས་གྲུབ་པའི་རྣམ་ཤེས་ལ། །
གླིང་བུ་དཀར་པོས་འགྲོ་རོགས་འདུག་རོགས་བྱས། །

ཁ་བའི་མེ་ཏོག་མགྲིན་པའི་ཁབ་ཏུ་རོལ། །
དབྱངས་ཀྱི་ཟིལ་བ་སེམས་སུ་ཤག་སེ་ཤག ། 
འདི་རུ་ཞི་བའི་ལྷ་ཚོགས་བཞེངས་འདྲ་བའི། །
སྒྱུ་མའི་ཟློས་གར་སྣ་ཚོགས་ཅི་ཡང་མངོན། ། 

མ་བྲིས་འཇའ་ཚོན་རི་མོ་གསལ་དང་ལྷན། ། 
ཡིད་ཀྱི་དངུལ་དཀར་མེ་ལོང་དྭངས་སེ་དྭངས། ། 
འདི་རུ་གླུ་ཆུང་ལེན་བཞིན་སྐྱོ་གར་གྱིས། །  
འཁྲུལ་བའི་ནང་དུ་རྟ་མཆོག་ཅང་ཤེས་བརྒྱུགས། །
           ༢༠༢༣/༢/༡༡

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།