དཔེ་ཆ།(ཞར་བཀོད་གཉིས་ཡོད)

རང་དཔལ་སྙིང་བྱམས།(མགོ་ལོག) 琼迈文学网 2023-04-21

དཔེ་ཆ་གློག་དང་གློག་ཞགས
མུན་པའི་ནགས་སུ་མུན་པ་ཚལ་བར་གཤག

དཔེ་ཆ་ཕུབ་དང་རལ་གྲི
ཡིད་ཆེས་ཀྱི་བློ་གདེང་དེ་ཁོ་ནར་བཅོལ

དཔེ་ཆ་དཔེ་དང་གསལ་བྱེད
བདེན་པ་རྟོགས་པའི་ཐབས་ཁྱད་པར་ཅན

དཔེ་ཆ་མཐུ་དང་ལྕགས་ཀྱུ
འཁོར་བའི་དོང་ལས་འདྲེན་པའི་ཐུགས་རྗེ

དཔེ་ཆ་གཏམ་དང་མིག་ཆུ
ཀློག་པའི་དུས་ཀྱི་སྐྱིད་སྡུག་གི་རི་མོ
      2023/03/26
ཉོན་མོངས། 


ཁྱོད་ཀྱི་ལན་བུའི་ནང་དུ་མེ་ཏོག་བཞད
མེ་ཏོག་དེའི་དུག་ངའི་སྙིང་ལ་ཕོག

མེ་ཏོག་དེའི་གསོ་བྱེད་ནི
བག་ཆགས་དང་དྲན་པ

མེ་ཏོག་དེའི་སྐྱེ་ཤི
འུ་གཉིས་ཀའི་འདི་ཕྱི
       2023/04/03
གྱེས་གདུང་། 


ཉི་མ་གྱོལ་བོ་རི་ལ་འཛེག་པ་བཞིན
དུས་ཚོད་སྦྲུལ་ཁྲ་བོ་འཁྱིལ་ནས་འགྲོ་བ་ལྟར
ངའི་མིག་ལམ་དུ་དལ་བ་དལ་བུར

སྔོན་ཆད་ཟིན་ན་གཏོང་བློ་མེད་པའི
ད་ལྟ་ཟིན་ཀྱང་འཛིན་འདོད་མེད་པའི
མགོ་ཐོག་གི་ཉི་མ་དང་ཟླ་བ
ད་དུང་མཁྲིག་མར་བཏགས་པའི
དུས་ཚོད་ཀྱིས་ཕྱེ་བའི་སྔ་དྲོ་དང་ཕྱི་དྲོ

དེ་དུས་མགྱོགས་ཚད་དང་ལྡན་པ་དེ
ཉིན་གཅིག་ལ་འདི་ལྟར་དལ་བར་གྱུར

ད་ནི་ཆད་སྣང་ཞིག་གིས
དབུགས་གཏོང་རྔུབ་ལའང་ངལ
སྙིང་ལ་སུན་སྣང་གི་བྱ་བྱེད་མང་པོ་སླེབས
       2023/03/28

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དཔེ་ཆ།(ཞར་བཀོད་གཉིས་ཡོད)

2023-04-21 རང་དཔལ་སྙིང་བྱམས།(མགོ་ལོག) ཀློག་གྲངས། མཆན ཡོད།

དཔེ་ཆ་གློག་དང་གློག་ཞགས
མུན་པའི་ནགས་སུ་མུན་པ་ཚལ་བར་གཤག

དཔེ་ཆ་ཕུབ་དང་རལ་གྲི
ཡིད་ཆེས་ཀྱི་བློ་གདེང་དེ་ཁོ་ནར་བཅོལ

དཔེ་ཆ་དཔེ་དང་གསལ་བྱེད
བདེན་པ་རྟོགས་པའི་ཐབས་ཁྱད་པར་ཅན

དཔེ་ཆ་མཐུ་དང་ལྕགས་ཀྱུ
འཁོར་བའི་དོང་ལས་འདྲེན་པའི་ཐུགས་རྗེ

དཔེ་ཆ་གཏམ་དང་མིག་ཆུ
ཀློག་པའི་དུས་ཀྱི་སྐྱིད་སྡུག་གི་རི་མོ
      2023/03/26
ཉོན་མོངས། 


ཁྱོད་ཀྱི་ལན་བུའི་ནང་དུ་མེ་ཏོག་བཞད
མེ་ཏོག་དེའི་དུག་ངའི་སྙིང་ལ་ཕོག

མེ་ཏོག་དེའི་གསོ་བྱེད་ནི
བག་ཆགས་དང་དྲན་པ

མེ་ཏོག་དེའི་སྐྱེ་ཤི
འུ་གཉིས་ཀའི་འདི་ཕྱི
       2023/04/03
གྱེས་གདུང་། 


ཉི་མ་གྱོལ་བོ་རི་ལ་འཛེག་པ་བཞིན
དུས་ཚོད་སྦྲུལ་ཁྲ་བོ་འཁྱིལ་ནས་འགྲོ་བ་ལྟར
ངའི་མིག་ལམ་དུ་དལ་བ་དལ་བུར

སྔོན་ཆད་ཟིན་ན་གཏོང་བློ་མེད་པའི
ད་ལྟ་ཟིན་ཀྱང་འཛིན་འདོད་མེད་པའི
མགོ་ཐོག་གི་ཉི་མ་དང་ཟླ་བ
ད་དུང་མཁྲིག་མར་བཏགས་པའི
དུས་ཚོད་ཀྱིས་ཕྱེ་བའི་སྔ་དྲོ་དང་ཕྱི་དྲོ

དེ་དུས་མགྱོགས་ཚད་དང་ལྡན་པ་དེ
ཉིན་གཅིག་ལ་འདི་ལྟར་དལ་བར་གྱུར

ད་ནི་ཆད་སྣང་ཞིག་གིས
དབུགས་གཏོང་རྔུབ་ལའང་ངལ
སྙིང་ལ་སུན་སྣང་གི་བྱ་བྱེད་མང་པོ་སླེབས
       2023/03/28

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།