ཡིད་ཀྱི་གཞིས་ཀ

གུ་དཔལ་ཤིས།(དཀར་མཛེས) 琼迈文学网 2023-11-21
ཕལ་བའི་རྨི་ལམ་རི་མོ་འདིས།།
ཡུལ་དང་ལྗོངས་ཀུན་མཛེས་པར་བསྣན།།
སྟེང་གི་ནམ་མཁའ་སྔོ་ཞིང་དྭངས།།
དེ་རུ་ལས་ཀྱི་ཉི་ཟླ་ཚེས།།
འོག་གི་ས་གཞི་ཡངས་ཤིང་ཆེ།།
རི་ཆུ་ནགས་ལུང་པིར་གྱིས་འཁྱུག།
འཚོ་བའི་མེ་སྒོང་ཞེ་རུ་འབར།།
སྐྱིད་སྡུག་རླུང་བུ་མཉམ་དུ་བཏེག།
དུང་བའི་མཛུབ་དཀྲིས་ཞེ་ན་སྐུང་།།
ཡིད་ཀྱི་ཕ་ལམ་ཁོག་ཏུ་འཚོས།།
ཉི་མས་གྲང་བའི་གདུང་བ་སེལ།།
ཆར་བས་ཚ་གདུག་ངལ་བ་འཇོམས།།
རླུང་བུ་གཟུགས་མེད་གྲུ་ཁ་ནས།།
ལས་ཀྱི་གཙང་བོ་ཞེ་རུ་དྭངས།།
ཡིད་ཀྱི་འཇམ་ཤ་དྲན་པས་མྱོང་།།
གངས་ཀྱི་རྒྱབ་རི་བརྗིད་པ་དེར།།
ལས་ཀླུང་དར་ལྕོག་རང་དབང་འདེ།།
མདུན་གྱི་མཚོ་མའི་དྭངས་གསལ་ངོགས།།
ཕལ་བའི་སེམས་ཅན་ཞེ་རེ་ལྷོད།།
མེ་ལོང་ངོས་ཀྱི་གྲིབ་ཡོལ་དག།
སྒྱུ་མའི་དུར་ས་སེམས་ཀྱིས་བསྲུང་།།
    ༢༠༢༣ ༡༠ ༢༡

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཡིད་ཀྱི་གཞིས་ཀ

2023-11-21 གུ་དཔལ་ཤིས།(དཀར་མཛེས) ཀློག་གྲངས། མཆན ཡོད།
ཕལ་བའི་རྨི་ལམ་རི་མོ་འདིས།།
ཡུལ་དང་ལྗོངས་ཀུན་མཛེས་པར་བསྣན།།
སྟེང་གི་ནམ་མཁའ་སྔོ་ཞིང་དྭངས།།
དེ་རུ་ལས་ཀྱི་ཉི་ཟླ་ཚེས།།
འོག་གི་ས་གཞི་ཡངས་ཤིང་ཆེ།།
རི་ཆུ་ནགས་ལུང་པིར་གྱིས་འཁྱུག།
འཚོ་བའི་མེ་སྒོང་ཞེ་རུ་འབར།།
སྐྱིད་སྡུག་རླུང་བུ་མཉམ་དུ་བཏེག།
དུང་བའི་མཛུབ་དཀྲིས་ཞེ་ན་སྐུང་།།
ཡིད་ཀྱི་ཕ་ལམ་ཁོག་ཏུ་འཚོས།།
ཉི་མས་གྲང་བའི་གདུང་བ་སེལ།།
ཆར་བས་ཚ་གདུག་ངལ་བ་འཇོམས།།
རླུང་བུ་གཟུགས་མེད་གྲུ་ཁ་ནས།།
ལས་ཀྱི་གཙང་བོ་ཞེ་རུ་དྭངས།།
ཡིད་ཀྱི་འཇམ་ཤ་དྲན་པས་མྱོང་།།
གངས་ཀྱི་རྒྱབ་རི་བརྗིད་པ་དེར།།
ལས་ཀླུང་དར་ལྕོག་རང་དབང་འདེ།།
མདུན་གྱི་མཚོ་མའི་དྭངས་གསལ་ངོགས།།
ཕལ་བའི་སེམས་ཅན་ཞེ་རེ་ལྷོད།།
མེ་ལོང་ངོས་ཀྱི་གྲིབ་ཡོལ་དག།
སྒྱུ་མའི་དུར་ས་སེམས་ཀྱིས་བསྲུང་།།
    ༢༠༢༣ ༡༠ ༢༡

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།