ཏཱ་ནི་སྟོད་ཀྱི་ནམ་མཁར་བལྟས་པ།

འབུམ་ལྷ་སྲས།(དཔལ་ཡུལ) 琼迈文学网 2023-12-23

             ---གློག་བརྙན《ཏཱ་ནི་སྟོད་ཀྱི་ནམ་མཁར》བལྟས་རྗེས།

སྣ་མང་འཚོ་བར་བྲིས་པའི་རེ་བཞག་དག །
རླུང་དང་འཇའ་ཡི་གཟུགས་སུ་བཞེངས་པ་ནས། །
ཡིད་ལ་གྲང་ངད་མཆེད་པ་བགྲང་ལས་འདས། །
ཚིག་དང་ཚིག་གི་མཛོད་དུ་ཇི་ལྟར་བསྡུ། །
འཇིག་རྟེན་མིག་ལ་འཐོག་པ་དེ་ག་ནས། །
སྐྱིད་སྡུག་རྒྱུན་ཐག་ལྷན་དུ་བསླས་པ་ཡིས། །
གཞོན་ནུའི་མཛའ་བརྩེ་སྦྲུམ་འདིའི་སྐད་ཅིག་ལ། །
སོ་སོར་དགར་བའི་སྤོབས་པ་སུ་ལ་མཆིས། །
ལྷན་ཅིག་ཚེ་ཡི་ལམ་རིང་བརྒལ་བར་འབད། །
གཞིས་གཅིག་འདི་སྣང་གར་ལ་རོལ་ན་བསམ། །
འཁོར་བ་སྙིང་པོ་བྲལ་འདྲའི་བྱེ་ཐང་ལ། །
དུང་བརྩེའི་ཕོ་བྲང་བཞེངས་པ་ཀུན་ལས་འཕགས། །
འོན་ཏེ་འགལ་འདུ་བར་ཆད་འབུམ་ཕྲག་རླུང་། །
འགོག་མེད་གཡབ་མོའི་ཟོལ་དུ་ཡོང་བ་དེས། །
གཏམ་གྱི་གཙང་པོ་ཆད་ཅིང་ཡུན་དུ་ལུས། །
སྨྲེང་བ་ཞེ་ལ་རྒྱུ་བ་འཆད་ཀྱང་ངལ། །
མིག་ཟུང་སྐར་ཆེན་མདངས་ཀྱི་མཐའ་ཀུན་ཏུ། །
གཙང་ཆུ་དལ་གྱིས་འཁོར་བཞིན་གནས་པ་ཡང་། །
ཁྱོད་ཙམ་མ་ཡིན་བདག་ཀྱང་དེ་རུ་འདུས། །

ཕྱིར་དྲན་ནམ་མཁའི་འོག་ཏུ་དེ་ལྟར་རོ། །
དབང་མེད་ལྗོན་འདབ་རྒྱས་པའི་ལོ་ཟླ་རུ། །
བཟོད་བྲལ་སྡུག་གི་གཏམ་རྒྱུད་ཅི་ཙམ་ཡོད། །
བྲན་བཞིན་གཞན་རྗེས་འབྲང་བའི་རྣམ་འགྱུར་གསེབ། །
ན་ཟུག་ཁྲི་འབུམ་བརྩེགས་པར་རྟོག་བཏགས་བྱས། །
དུང་སེམས་ཆུ་གཏེར་རླབས་ཀྱི་ཤུགས་དྲགས་པ། །
བཙན་རྫོང་འབུམ་གྱི་འགོག་ནུས་རྫུན་གྱི་གར། །
དམར་ཆུང་སྙིང་གི་འཕར་ལྡིང་འདི་ཀོ་ཡང་། །
ཐུག་འཕྲད་ལན་གཅིག་ཚབ་ཏུ་ཕུལ་བ་ཨང་། །

ད་ནི་སྨྲ་བ་མེད་པར་ཧད་དེ་ལུས། །
སེམས་ཀྱི་འཆར་སྒོ་ཡོད་དོ་སྣང་མ་ནུས། །
དགའ་སྐྱོའི་ཐིག་རིས་ཙམ་ཡང་འབྲི་ཐབས་བྲལ། །
དབང་མེད་ཚེ་ཡི་གར་ལ་རབ་ཏུ་སུན། །
             2022/8/11ཉིན།

སྟོན་དུས་རོལ་བ།


མ་ཕྱིས་བཻ་ཌཱུར་བདལ་འདྲའི་གནམ་སྔོན་ངོས། །
མདངས་མཛེས་སྤྲིན་དཀར་འོ་མའི་འགྲན་བདོ་བ། །
དལ་དལ་རྒྱུ་ལ་དལ་དལ་བརྩེགས་མཐོང་ཚེ། །
འཆར་ཡན་ཟློས་གར་གཞན་ཞིག་བློ་རུ་བསྐྲུན། །
གསེར་མདོག་མར་ཁུའི་བཞིན་ལྡན་རྩྭ་ལོའི་ཚོགས། །
རྒྱང་རིང་ཡུལ་ཀུན་བཀླུབས་པ་ཉིད་གསལ་བས། །
མི་ཟིན་འདས་དོན་ཀློང་དུ་རྟོག་པ་རྒྱུ། །
ཕྱི་དྲན་ལོ་ཟླའི་གཏམ་རྒྱུད་ཡིད་ལ་བྱས། ། 
ཚེ་ཡི་ཉི་མའི་ལམ་ཐག་རིང་ལ་ཐུང་། །
ཅི་བྱས་སྐད་ཆའི་མཚོན་པ་དཀའ་སྙམ་ཡང་། །
སྟོན་འདིར་བྱས་ཟིན་སྟོན་ཟླ་གཞན་ཞིག་མཐོང་། །
གཏེར་བཞིན་ཡིད་དུ་སྦས་པ་དྲན་པར་བསླངས། །
དུས་དེར་གཞོན་པའི་སྣང་བ་དྭངས་ཚུལ་དང་། །
ཅི་བྱེད་སྟོབས་ཀྱི་མེ་ལྕེ་འབར་བ་མཐོང་། །
དོན་མེད་ལས་ཀྱིས་ཉིན་མཚན་འདས་པ་དྲན།།
ཚེ་འདི་རླུང་ལ་བསྐུར་བའི་གྲབས་ཀྱང་མཐོང་། །
གང་བྱས་རྨི་ལམ་ལྟ་བུའི་འཆར་སྣང་གིས། །
འབྱུང་འགྱུར་སྒྲུང་གི་ལྷག་མ་གང་ཡོད་སྙམ། །
ལོ་ཟླས་བདག་གི་ལོ་ཟླ་བསགས་གྱུར་ཅིང་། །
རྒ་དང་རྒུད་པའི་ལས་ལ་གཡབ་མོ་བྱས། །
འཚོ་བར་འཛུམ་དང་ངུ་བ་ཅི་ཡང་འབྱུང་། །
ཚེ་ཡི་ཉིན་མཚན་བརྗོད་ལ་དཀའ་བའི་ལས། །
འོན་ཏེ་རྗེ་བཙུན་དམ་པའི་ཞབས་དྲུང་དུ། །
སྐྱེ་བའི་སྐྱེ་བར་འཁོད་པ་དེ་ཡིས་ཚིམས། །

སྐབས་འདིར་གྲོགས་དང་ལྷན་དུ་ནམ་ཟླ་བསྐྱལ། །
ཅི་འབྱུང་གཏམ་གྱི་ལབ་རྡོལ་གང་མང་འབྱིན། །
ནམ་ཞིག་དུས་འདི་ཕྱི་དྲན་ཁྲོད་ནས་གསལ། །
གཏམ་རྒྱུད་ཡིད་འོང་ཞིག་གི་རྨང་གཞི་ཨང་། །
              23/9/27
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཏཱ་ནི་སྟོད་ཀྱི་ནམ་མཁར་བལྟས་པ།

2023-12-23 འབུམ་ལྷ་སྲས།(དཔལ་ཡུལ) ཀློག་གྲངས། མཆན ཡོད།

             ---གློག་བརྙན《ཏཱ་ནི་སྟོད་ཀྱི་ནམ་མཁར》བལྟས་རྗེས།

སྣ་མང་འཚོ་བར་བྲིས་པའི་རེ་བཞག་དག །
རླུང་དང་འཇའ་ཡི་གཟུགས་སུ་བཞེངས་པ་ནས། །
ཡིད་ལ་གྲང་ངད་མཆེད་པ་བགྲང་ལས་འདས། །
ཚིག་དང་ཚིག་གི་མཛོད་དུ་ཇི་ལྟར་བསྡུ། །
འཇིག་རྟེན་མིག་ལ་འཐོག་པ་དེ་ག་ནས། །
སྐྱིད་སྡུག་རྒྱུན་ཐག་ལྷན་དུ་བསླས་པ་ཡིས། །
གཞོན་ནུའི་མཛའ་བརྩེ་སྦྲུམ་འདིའི་སྐད་ཅིག་ལ། །
སོ་སོར་དགར་བའི་སྤོབས་པ་སུ་ལ་མཆིས། །
ལྷན་ཅིག་ཚེ་ཡི་ལམ་རིང་བརྒལ་བར་འབད། །
གཞིས་གཅིག་འདི་སྣང་གར་ལ་རོལ་ན་བསམ། །
འཁོར་བ་སྙིང་པོ་བྲལ་འདྲའི་བྱེ་ཐང་ལ། །
དུང་བརྩེའི་ཕོ་བྲང་བཞེངས་པ་ཀུན་ལས་འཕགས། །
འོན་ཏེ་འགལ་འདུ་བར་ཆད་འབུམ་ཕྲག་རླུང་། །
འགོག་མེད་གཡབ་མོའི་ཟོལ་དུ་ཡོང་བ་དེས། །
གཏམ་གྱི་གཙང་པོ་ཆད་ཅིང་ཡུན་དུ་ལུས། །
སྨྲེང་བ་ཞེ་ལ་རྒྱུ་བ་འཆད་ཀྱང་ངལ། །
མིག་ཟུང་སྐར་ཆེན་མདངས་ཀྱི་མཐའ་ཀུན་ཏུ། །
གཙང་ཆུ་དལ་གྱིས་འཁོར་བཞིན་གནས་པ་ཡང་། །
ཁྱོད་ཙམ་མ་ཡིན་བདག་ཀྱང་དེ་རུ་འདུས། །

ཕྱིར་དྲན་ནམ་མཁའི་འོག་ཏུ་དེ་ལྟར་རོ། །
དབང་མེད་ལྗོན་འདབ་རྒྱས་པའི་ལོ་ཟླ་རུ། །
བཟོད་བྲལ་སྡུག་གི་གཏམ་རྒྱུད་ཅི་ཙམ་ཡོད། །
བྲན་བཞིན་གཞན་རྗེས་འབྲང་བའི་རྣམ་འགྱུར་གསེབ། །
ན་ཟུག་ཁྲི་འབུམ་བརྩེགས་པར་རྟོག་བཏགས་བྱས། །
དུང་སེམས་ཆུ་གཏེར་རླབས་ཀྱི་ཤུགས་དྲགས་པ། །
བཙན་རྫོང་འབུམ་གྱི་འགོག་ནུས་རྫུན་གྱི་གར། །
དམར་ཆུང་སྙིང་གི་འཕར་ལྡིང་འདི་ཀོ་ཡང་། །
ཐུག་འཕྲད་ལན་གཅིག་ཚབ་ཏུ་ཕུལ་བ་ཨང་། །

ད་ནི་སྨྲ་བ་མེད་པར་ཧད་དེ་ལུས། །
སེམས་ཀྱི་འཆར་སྒོ་ཡོད་དོ་སྣང་མ་ནུས། །
དགའ་སྐྱོའི་ཐིག་རིས་ཙམ་ཡང་འབྲི་ཐབས་བྲལ། །
དབང་མེད་ཚེ་ཡི་གར་ལ་རབ་ཏུ་སུན། །
             2022/8/11ཉིན།

སྟོན་དུས་རོལ་བ།


མ་ཕྱིས་བཻ་ཌཱུར་བདལ་འདྲའི་གནམ་སྔོན་ངོས། །
མདངས་མཛེས་སྤྲིན་དཀར་འོ་མའི་འགྲན་བདོ་བ། །
དལ་དལ་རྒྱུ་ལ་དལ་དལ་བརྩེགས་མཐོང་ཚེ། །
འཆར་ཡན་ཟློས་གར་གཞན་ཞིག་བློ་རུ་བསྐྲུན། །
གསེར་མདོག་མར་ཁུའི་བཞིན་ལྡན་རྩྭ་ལོའི་ཚོགས། །
རྒྱང་རིང་ཡུལ་ཀུན་བཀླུབས་པ་ཉིད་གསལ་བས། །
མི་ཟིན་འདས་དོན་ཀློང་དུ་རྟོག་པ་རྒྱུ། །
ཕྱི་དྲན་ལོ་ཟླའི་གཏམ་རྒྱུད་ཡིད་ལ་བྱས། ། 
ཚེ་ཡི་ཉི་མའི་ལམ་ཐག་རིང་ལ་ཐུང་། །
ཅི་བྱས་སྐད་ཆའི་མཚོན་པ་དཀའ་སྙམ་ཡང་། །
སྟོན་འདིར་བྱས་ཟིན་སྟོན་ཟླ་གཞན་ཞིག་མཐོང་། །
གཏེར་བཞིན་ཡིད་དུ་སྦས་པ་དྲན་པར་བསླངས། །
དུས་དེར་གཞོན་པའི་སྣང་བ་དྭངས་ཚུལ་དང་། །
ཅི་བྱེད་སྟོབས་ཀྱི་མེ་ལྕེ་འབར་བ་མཐོང་། །
དོན་མེད་ལས་ཀྱིས་ཉིན་མཚན་འདས་པ་དྲན།།
ཚེ་འདི་རླུང་ལ་བསྐུར་བའི་གྲབས་ཀྱང་མཐོང་། །
གང་བྱས་རྨི་ལམ་ལྟ་བུའི་འཆར་སྣང་གིས། །
འབྱུང་འགྱུར་སྒྲུང་གི་ལྷག་མ་གང་ཡོད་སྙམ། །
ལོ་ཟླས་བདག་གི་ལོ་ཟླ་བསགས་གྱུར་ཅིང་། །
རྒ་དང་རྒུད་པའི་ལས་ལ་གཡབ་མོ་བྱས། །
འཚོ་བར་འཛུམ་དང་ངུ་བ་ཅི་ཡང་འབྱུང་། །
ཚེ་ཡི་ཉིན་མཚན་བརྗོད་ལ་དཀའ་བའི་ལས། །
འོན་ཏེ་རྗེ་བཙུན་དམ་པའི་ཞབས་དྲུང་དུ། །
སྐྱེ་བའི་སྐྱེ་བར་འཁོད་པ་དེ་ཡིས་ཚིམས། །

སྐབས་འདིར་གྲོགས་དང་ལྷན་དུ་ནམ་ཟླ་བསྐྱལ། །
ཅི་འབྱུང་གཏམ་གྱི་ལབ་རྡོལ་གང་མང་འབྱིན། །
ནམ་ཞིག་དུས་འདི་ཕྱི་དྲན་ཁྲོད་ནས་གསལ། །
གཏམ་རྒྱུད་ཡིད་འོང་ཞིག་གི་རྨང་གཞི་ཨང་། །
              23/9/27
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།