ཐོས་པ་དགའ་བ།

རུས་རྐང་དྭངས་མ།(ཁྲི་འདུ) 琼迈文学网 2024-01-05
ཡབ་ཤེས་རབ་ཀྱི་སྙིང་གི་གཅེས་ལོ་ཡིན་ཞིང་། །
ཡུམ་མྱང་ཚ་ཡི་མིག་གི་གདུ་བུ་ཡིན་དུས། །
སྐྱིད་དགའ་སྤྲོ་ཡི་རླབས་སྒྲ་སྤང་ལ་འཐིམ་པའི། །
སྟོད་མངའ་རིས་ཀྱི་བུ་ཕྲུག་ཐོས་པ་དགའ་བ། །

གནམ་སྔོན་པོ་ཡི་ཁ་རྒྱ་མིག་གིས་དབྱེ་ཞིང་། །
ས་དོག་མོ་ཡི་སྲབ་འཐུག་ལག་པས་ཚོར་དུས། །
གནས་གུ་ཡངས་ཀྱི་སྤྱོད་ཤེས་གདན་དུ་འཛེག་པའི། །
ཡུལ་གུང་ཐང་གི་རས་ཆེན་ཐོས་པ་དགའ་བ། །

ཚེ་མི་རྟག་གི་མཛའ་བ་ཆུ་ལ་བསྐྱུར་ཞིང་། །
གྲགས་བཀུར་བསྟོད་ཀྱི་ཆོས་བརྒྱད་རླུང་ལ་སྐུར་དུས། །
བྱང་ཁ་བ་ཡི་མུན་པ་བསལ་བར་བྱེད་པའི། །
དུང་ཟླ་བ་ཡི་དཔུང་ཡ་ཐོས་པ་དགའ་བ། །

ལམ་འོད་གསལ་གྱི་ཕྱག་རྒྱ་དོན་གྱིས་བསྐྱངས་ཤིང་། །
ཆོས་བདེན་གཉིས་ཀྱི་གནས་ལུགས་རིམ་གྱིས་རྟོགས་དུས། །
གནས་རི་ཁྲོད་དང་གངས་ཁྲོད་ཕྱོགས་ཀུན་ཉུལ་བའི། །
ཕ་བྱང་སེམས་ཀྱི་ཐུགས་སྲས་ཐོས་པ་དགའ་བ། །

ཆུ་གཙང་པོ་དང་གཙང་པོ་ཡུད་ཙམ་བརྒལ་ཞིང་། །  
རི་གངས་སྟོད་དང་གངས་སྨད་གོམ་པས་འཇལ་དུས། །
འོད་དཀར་སེར་གྱིས་ལུས་ལ་ཆོས་གོས་རྒྱན་པའི། །
མཐུ་ཟླ་མེད་ཀྱི་རྩལ་ཆེན་ཐོས་པ་དགའ་བ། །

ཆོས་གཤིས་བབས་ཀྱི་གནད་ལ་རང་དབང་ཡོད་དུས། །
སྤྲིན་དཀར་པོ་ཡི་འདབ་མ་གདན་དུ་བྱས་ཤིང་། །
ཆུ་གཙང་པོ་ཡི་རླབས་ཕྲེང་ཧུབ་ཀྱིས་འཐུང་བའི། །
རི་གངས་དཀར་གྱི་སྒོམ་ཆེན་ཐོས་པ་དགའ་བ། །

ཆུ་གཙང་གསུམ་གྱི་རབ་ཁ་སྒང་དང་མཉམ་ཞིང། །
སེམས་གངས་དཀར་གྱི་འདབ་མ་དབྱིངས་སུ་སྐྱོད་དུས། །
ནགས་རྒྱ་རྫོང་གི་སྟག་དམར་འགྲན་ཡར་ཡོང་ཞིང་། །
རྒོད་ཐང་དཀར་གྱི་འཕུར་ཡ་ཐོས་པ་དགའ་བ། །  

སྟོད་གངས་དཀར་གྱི་དབུ་རྩེར་དལ་གྱིས་འགྱིང་ཞིང་། །
སྨད་རྒྱ་མཚོ་ཡི་གཏིང་རིམ་ལྷོད་ཀྱིས་འཁྱུག་དུས། །
ཆོས་ཏིང་འཛིན་གྱི་ཟས་ཀྱིས་ལང་ཚོ་རྫོགས་པའི། །
རི་གངས་ལྗོངས་ཀྱི་རྟོགས་ལྡན་ཐོས་པ་དགའ་བ། །

ཚེ་མི་རྟག་གི་ནམ་ཟླ་དགུན་ལ་བསླེབས་ཤིང་། །
གཉེན་ཉེ་འབྲེལ་ཡང་རིམ་བཞིན་འབྲལ་བར་འགྱུར་དུས། །
གཞི་འཁོར་བ་ཡི་གཤིས་ལ་སྐྱོ་ཤེས་སྐྱེས་པའི། །
གནས་རི་ཁྲོད་ཀྱི་ཆོས་པ་ཐོས་པ་དགའ་བ། །

མ་འཁའ་འགྲོ་ཡིས་ལུང་བསྟན་དུས་ལྟར་ཐོན་ཞིང་། །
ཆོས་བདེན་གཉིས་ཀྱི་སྐྱ་རེངས་ཤར་ནས་འཛུམ་དུས། །
དྲིན་མར་པ་ཡི་བྱིན་རླབས་སྙིང་ལ་ཞུགས་པའི། །
ཕ་བཀའ་བརྒྱུད་ཀྱི་བུ་ཆེན་ཐོས་པ་དགའ་བ། །  

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཐོས་པ་དགའ་བ།

2024-01-05 རུས་རྐང་དྭངས་མ།(ཁྲི་འདུ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།