ཟླ་བས་ཕྱིར་མིག་གནང་བ།(ཞར་བཀོད་གཅིག་ཡོད)

རྫས་ལུང་ཚེ་དར།(ཀླུ་ཆུ) 琼迈文学网 2024-01-19
སྨག་ནག་མུན་པའི་གདོང་ལ།།
འོད་ཀྱིས་ཁྲུས་གསོལ་གནང་བྱུང་།།
དཀར་གསལ་ཟླ་བའི་ཞལ་རས།།
གངས་དཀར་སེམས་ལ་བཏགས་བྱུང་།།

མཚན་ལ་དཀར་ཆ་ཆེ་བས།།
དབུས་འགྲོའི་ལམ་བུ་བདེ་བ།།
ལམ་གྱི་དགའ་སྐྱོ་ཆགས་སྡང་།།
དད་བརྩོན་འོ་མས་བཀྲུས་སོང་།།

མཚན་གང་ཕྱག་ལས་གནང་སྟེ།།
ནུབ་རིར་སྐུ་ངལ་གསོ་བཞིན།།
ཞོགས་པར་ཕྱིར་མིག་གནང་ན།།
སེམས་ལ་དྲན་འཆར་མང་བ།།

མ་བརྟག་སེམས་ཀྱི་སྣང་ངོར།།
ཡོད་ཚད་མཛེས་མཛེས་སྣང་ཡང་།།
བསམ་གཞིགས་ནན་གྱིས་བཏང་ཚེ།།
ལོ་རྒྱུས་སེམས་ལ་གསལ་ཡོང་།།

ཟླ་བ་དངུལ་སྒོར་ཡིན་ན།།
ཀུན་གྱིས་འཕྲོག་ཅིང་རྩོད་ངེས།།
ཟླ་བ་ཟླ་བར་སྣང་དུས།།
ཟླ་བའི་སེམས་རྟེན་སུ་ཡིན།།

ཟླ་བ་ཟླ་བ་ཟེར་ནས།།
སྙན་ཚིག་གླུ་རུ་གྱེར་ཡང་།།
ཟླ་བའི་གཞིས་ཁྱིམ་ནང་མ།།
སུ་ཡི་སེམས་ཀྱིས་འཚོས་མྱོང་།།

ཁབ་མིག་དོག་མོ་རྩོད་དུས།།
རྐང་མགྱོགས་བང་ཆེན་མང་བ།།
ཟླ་བའི་མིག་ཆུ་འཛག་དུས།།
སུ་ཡི་མཁུར་ཚོས་བརླན་འགྲོ།།

ནུབ་ཕྱོགས་ལྷུན་པོའི་རྩེ་ནས།།
ཟླ་བས་ཕྱིར་མིག་གནང་ན།།
རྣམ་དག་སེམས་ཀྱི་སྨོན་འདུན།།
ཁྱོད་ཀྱི་སྙན་ལ་ཞུས་འགྲོ།།

དཀར་གསལ་ཟླ་བའི་འོད་སྣང་།།
མུན་སེལ་སྒྲོན་མེར་སྣང་བ།།
སེམས་ཀྱི་ཉོན་མོངས་ལྗན་ལྗིན།།
ཡང་ཡང་བཀྲུས་ན་བསམ་བྱུང་།།

འཁྲུལ་བའི་སེམས་ཀྱི་སྣང་ངོར།།
ཨ་མའི་བཞིན་རས་འདྲ་བ།།
རྒྱུ་སྐར་དབུས་ཀྱི་ཟླ་བ།།
མ་ཕེབས་བཞུགས་ན་བསམ་བྱུང་།།

ཞོགས་པ་བསུ་བའི་གཅེས་ཕྲུག་ཚོ།

བཞིན་ཟླ་གསར་བར་བོད་ཀྱི་མདངས་ལྡན་གསེར་ཞུན་ཉི་མའི་འོད་ཅིག་འཁྱིལ།།
དཀར་གཙང་སེམས་ལྗོངས་ར་རིས་མ་གོས་དྭངས་གཙང་དགོད་སྒྲས་སློབ་ར་རྒྱན།།
ཕ་མའི་སེམས་ཀྱི་དྲོད་ཐིག་གོར་མོ་དགེ་རྒན་སྙིང་གི་ཟེའུ་འབྲུ་ཡག།
ཡར་སྐྱེས་ཤིང་ལས་ཙན་དན་ཡིན་པ་ཙན་དན་དྲི་བསུང་ཞིམ་པ་ལ།།

མ་བཅོས་ལྷུན་གྲུབ་པྲ་ཚགས་སྤྱོད་པས་དགའ་སྡུག་གང་རུང་བསླངས་ན་ཡང་།།
བརྩོན་པ་མི་བརྟན་ཐང་ལྷོད་རེས་མོས་གྲུབ་འབྲས་སྣ་ཚོགས་མངོན་ཡང་རུང་།།
འགྱུར་ཏུ་མེད་པ་རྒན་ལ་བཅངས་པའི་ལྷག་བསམ་དྲོན་མོ་དྲོད་ལམ་ལམ།།
ལས་ཀྱིས་བསྐོས་པའི་རི་མོ་རེ་རེ་ཁྱོད་དང་འུ་ཚོའི་དཔྲལ་བར་མཛེས།།

ཤེས་རིག་འབྲས་བཟང་རབ་ཏུ་སྨིན་དགོས་དབྱངས་གསལ་སོ་བཞིའི་བདག་པོ་ཚོ།།
རྨོངས་པའི་རྒྱ་ལས་ལེགས་པར་གྲོལ་དགོས་གངས་དང་མཚོ་ཡི་གཅེས་ཕྲུག་ཚོ།།
ལས་བྱའི་ཁུར་བོ་ཅི་ཙམ་ལྕི་ཡང་སྟོབས་ཤུགས་ངར་མ་ལྷོད་མི་ཉན།།
སྐར་མའི་དཔྱ་ཁྲལ་གང་འདྲ་མཐོ་ཡང་སྤོབས་པའི་ཕྲག་པ་གློད་མི་ཉན།།

དུས་འདི་འགྱུར་ནས་གང་ལ་གཏུག་ཀྱང་རྟག་པའི་ཆོས་ཤིག་ནམ་ཡང་ཡོད།།
སྐད་ཆ་སྣ་དགུས་ཅི་ཙམ་བསླུས་ཀྱང་བདེན་པའི་མཐའ་ཞིག་གསལ་ནས་ཡོང་།།
འབྱུང་འགྱུར་ལམ་གྱི་གསེར་སྐུད་རིང་མོའི་སོ་སོའི་སེམས་ཀྱི་དམ་བཅས་གསོ།།
ཤེས་བརྩོན་ཟུང་གི་གཤོག་པ་རིང་མོ་སྤྱོད་ཡོན་གཉིས་ཀྱི་འོད་དུ་སྒྲོན།།

ཞོགས་པ་བསུ་བའི་གཅེས་ཕྲུག་འདི་ཚོ་མཚན་མོ་སྲུང་བའི་སེམས་དཔའ་ཡིན།།
གཡང་ཁྱིམ་ཚང་གི་གཅེས་ཕྲུག་འདི་ཚོ་ཕ་ས་སྐྱོང་བའི་ཤེས་ལྡན་ཡིན།།
ཤེེས་རིག་གླིང་གི་སློབ་བུ་འདི་ཚོ་མ་ཡུམ་སློབ་གྲྭའི་སེང་ཕྲུག་ཡིན།།
མི་བཟད་དགུན་གྱི་བཙག་རླུང་འགོག་མཁན་བློ་གསལ་ཚོགས་འདི་རྒྱལ་གྱུར་ཅིག།

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཟླ་བས་ཕྱིར་མིག་གནང་བ།(ཞར་བཀོད་གཅིག་ཡོད)

2024-01-19 རྫས་ལུང་ཚེ་དར།(ཀླུ་ཆུ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།