ཞུ་ཡིག་མུ་ཏིག་གསར་པའི་མགུལ་རྒྱན།

ཁམས་པ་རབ་དབྱངས།(ཡུལ་ཤུལ) 琼迈文学网 2024-05-18
ཚིག་རྒྱན་མགྲིན་པ་ཡངས་པའི་སྤྲིན་གྱི་རྔ། །      
ཐོས་འཛིན་གློག་གི་དབྱུག་གུས་བསྐུལ་བ་ལས། །
སྙན་ཚིག་དབྱངས་ཀྱི་ན་ཆུང་མྱོས་པའི་གླུ། །
མཚོ་བྱུང་ལྷ་མོ་དགྱེས་པའི་མཆིད་འདི་ཞུ། །

ཞབས་རྡུལ་པདྨ་དཀར་པོའི་སྐྱེད་ཚལ་ལས། །
མཁྱེན་རབ་ཉི་མའི་སྤྲིན་སྔོན་བརྩེགས་པ་ན། །
སྙན་ངག་མགྲིན་པ་གསར་པའི་ཆུན་པོ་ཡིས། །
སྡེབ་ལེགས་ངག་གི་རོལ་མོ་སླར་ཡང་འཁྲོལ། །

སྙན་ཚིག་ག་བུར་ཟེགས་མའི་མེ་ལོང་ལས། །
མ་ཟུམ་ལག་པའི་འཁྲི་ཤིང་རབ་ཏུ་ལྡེམ། །
ཕྱོགས་སུ་སྤྲིངས་པའི་རྟོགས་བརྗོད་རིང་མོ་དག །
ཚིག་གི་འདོད་རྒུ་རྫོགས་པའི་དབྱུག་པ་ཅན། །

བསླབ་གསུམ་ཁྲིམས་ཀྱི་ཆུ་གཏེར་རབ་ཏུ་གཡོ། །
འཁྲུལ་མེད་མཁྱེན་པའི་ལོ་འདབ་ཕྱོགས་ཀུན་འགེངས། །
རྨད་བྱུང་ཡོན་ཏན་དུ་མས་མངོན་མཐོ་བའི། །
ལེགས་བཤད་གསེར་གྱི་གྲིབ་བསིལ་འདི་ན་གཡོ། །

སྤྲོས་པའི་མཚན་མ་གྲོལ་བའི་ཐབས་ཚུལ་གྱིས། །
ཟག་མེད་ཆོས་སྐུའི་ཞལ་བཟང་མངོན་དུ་གྱུར། །
ཞུ་འཕྲིན་དབྱངས་ཅན་གཏམ་གྱི་རོལ་མོ་འདི། །
ཉེ་བར་སིམ་པ་བདུད་རྩིའི་ཆར་བཞིན་གྱུར། །

མིག་གི་བུང་བ་ཐམས་ཅད་ཆགས་པའི་རྟེན། །
ཚེམས་དཀར་ཟེའུ་འབྲུའི་ཕྲེང་བ་བཞད་པ་ན། །
ཡིད་འཕྲོག་ལང་ཚོའི་གེ་སར་དགོད་ནའང་།  
མངོན་འདོད་རྩེ་དགའི་ཟིལ་བ་མི་འཛིན་ནམ། །

ཐུགས་བསྐྱེད་ཀུན་གསལ་ཡངས་པའི་ལྟོ་བ་རུ། །
མཐའ་དག་ཤེས་བྱའི་སྙིང་བོའི་བཅུད་རྫོགས་པའི། །
ཡོངས་འདུས་དཔག་བསམ་རྩེ་མོ་མཁའ་ལ་རེག། །
མ་དྲོས་ཆུ་གཏེར་ཀླུང་ནས་ཅི་དགར་རྩེན། །

ཚོགས་གཉིས་དྲི་གཞོན་འཁྲིགས་པའི་སྤྲིན་ཕུང་ལ། །
རྣམ་དག་ཐུགས་བསྐྱེད་རྩ་བ་རབ་བརྟན་པའི། །
ལེགས་བཤད་འདུས་པའི་སྦྲང་རྩིའི་སིམ་པ་ལ། །
སྙན་ངག་མགྲིན་པའི་དྲིལ་ཆུང་ཡང་དུ་འཁྲོལ། །

ཞུ་ཡིག་མུ་ཏིག་དཀར་པོའི་འཁྲི་ཤིང་རྩེེར། །
ངག་རིག་ཁུ་བྱུག་སྔོན་མོའི་འཕུར་ལྡིང་དང་།།
སྙན་ཚིག་ཀུ་མུད་སར་པའི་མདངས་ཤར་བ། །
ལག་པའི་སྙིམ་པ་གང་གིས་ཚིམ་པར་མཛོད། །

མི་ཕྱེད་དད་པས་གསོལ་བའི་སྤྱན་ཟུང་ལ། །
ཞུ་མཆིད་སྙིམ་པ་གང་བའི་བདུད་རྩི་འདི། །
ཚིག་གི་སྦྱོར་བ་མཛེས་པ་ལྷུར་བླངས་ནས། །
ངག་རིག་དབྱངས་ལ་སྦྱོར་བ་འདིས་བྱས་སོ། །

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཞུ་ཡིག་མུ་ཏིག་གསར་པའི་མགུལ་རྒྱན།

2024-05-18 ཁམས་པ་རབ་དབྱངས།(ཡུལ་ཤུལ) ཀློག་གྲངས། མཆན ཡོད།
ཚིག་རྒྱན་མགྲིན་པ་ཡངས་པའི་སྤྲིན་གྱི་རྔ། །      
ཐོས་འཛིན་གློག་གི་དབྱུག་གུས་བསྐུལ་བ་ལས། །
སྙན་ཚིག་དབྱངས་ཀྱི་ན་ཆུང་མྱོས་པའི་གླུ། །
མཚོ་བྱུང་ལྷ་མོ་དགྱེས་པའི་མཆིད་འདི་ཞུ། །

ཞབས་རྡུལ་པདྨ་དཀར་པོའི་སྐྱེད་ཚལ་ལས། །
མཁྱེན་རབ་ཉི་མའི་སྤྲིན་སྔོན་བརྩེགས་པ་ན། །
སྙན་ངག་མགྲིན་པ་གསར་པའི་ཆུན་པོ་ཡིས། །
སྡེབ་ལེགས་ངག་གི་རོལ་མོ་སླར་ཡང་འཁྲོལ། །

སྙན་ཚིག་ག་བུར་ཟེགས་མའི་མེ་ལོང་ལས། །
མ་ཟུམ་ལག་པའི་འཁྲི་ཤིང་རབ་ཏུ་ལྡེམ། །
ཕྱོགས་སུ་སྤྲིངས་པའི་རྟོགས་བརྗོད་རིང་མོ་དག །
ཚིག་གི་འདོད་རྒུ་རྫོགས་པའི་དབྱུག་པ་ཅན། །

བསླབ་གསུམ་ཁྲིམས་ཀྱི་ཆུ་གཏེར་རབ་ཏུ་གཡོ། །
འཁྲུལ་མེད་མཁྱེན་པའི་ལོ་འདབ་ཕྱོགས་ཀུན་འགེངས། །
རྨད་བྱུང་ཡོན་ཏན་དུ་མས་མངོན་མཐོ་བའི། །
ལེགས་བཤད་གསེར་གྱི་གྲིབ་བསིལ་འདི་ན་གཡོ། །

སྤྲོས་པའི་མཚན་མ་གྲོལ་བའི་ཐབས་ཚུལ་གྱིས། །
ཟག་མེད་ཆོས་སྐུའི་ཞལ་བཟང་མངོན་དུ་གྱུར། །
ཞུ་འཕྲིན་དབྱངས་ཅན་གཏམ་གྱི་རོལ་མོ་འདི། །
ཉེ་བར་སིམ་པ་བདུད་རྩིའི་ཆར་བཞིན་གྱུར། །

མིག་གི་བུང་བ་ཐམས་ཅད་ཆགས་པའི་རྟེན། །
ཚེམས་དཀར་ཟེའུ་འབྲུའི་ཕྲེང་བ་བཞད་པ་ན། །
ཡིད་འཕྲོག་ལང་ཚོའི་གེ་སར་དགོད་ནའང་།  
མངོན་འདོད་རྩེ་དགའི་ཟིལ་བ་མི་འཛིན་ནམ། །

ཐུགས་བསྐྱེད་ཀུན་གསལ་ཡངས་པའི་ལྟོ་བ་རུ། །
མཐའ་དག་ཤེས་བྱའི་སྙིང་བོའི་བཅུད་རྫོགས་པའི། །
ཡོངས་འདུས་དཔག་བསམ་རྩེ་མོ་མཁའ་ལ་རེག། །
མ་དྲོས་ཆུ་གཏེར་ཀླུང་ནས་ཅི་དགར་རྩེན། །

ཚོགས་གཉིས་དྲི་གཞོན་འཁྲིགས་པའི་སྤྲིན་ཕུང་ལ། །
རྣམ་དག་ཐུགས་བསྐྱེད་རྩ་བ་རབ་བརྟན་པའི། །
ལེགས་བཤད་འདུས་པའི་སྦྲང་རྩིའི་སིམ་པ་ལ། །
སྙན་ངག་མགྲིན་པའི་དྲིལ་ཆུང་ཡང་དུ་འཁྲོལ། །

ཞུ་ཡིག་མུ་ཏིག་དཀར་པོའི་འཁྲི་ཤིང་རྩེེར། །
ངག་རིག་ཁུ་བྱུག་སྔོན་མོའི་འཕུར་ལྡིང་དང་།།
སྙན་ཚིག་ཀུ་མུད་སར་པའི་མདངས་ཤར་བ། །
ལག་པའི་སྙིམ་པ་གང་གིས་ཚིམ་པར་མཛོད། །

མི་ཕྱེད་དད་པས་གསོལ་བའི་སྤྱན་ཟུང་ལ། །
ཞུ་མཆིད་སྙིམ་པ་གང་བའི་བདུད་རྩི་འདི། །
ཚིག་གི་སྦྱོར་བ་མཛེས་པ་ལྷུར་བླངས་ནས། །
ངག་རིག་དབྱངས་ལ་སྦྱོར་བ་འདིས་བྱས་སོ། །

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།