ཨ་ཙི་ནད་བོད་ཡུལ་དུ་འགོས་ཁྱབ་འགྲོ་སྟངས་དང་དེའི་སྔོན་འགོག་སྐོར་གྱི་ཤེས་བྱ་ཕྲན་བུ་བཀོད་པ།

ཁྱུང་མཆུའི་བརྒྱ་བྱིན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-03-28

    གུ་རུ་རིན་པོ་ཆེར་གསོལ་བ་འདེབས།
   འདིར་ཁོ་བོ་བོད་ལྗོངས་ལྷོ་ཁ་ས་ཁུལ་དུ་ལོ་ངོ་གཅིག་དང་ཟླ་བ་གསུམ་ལྷག་གི་རིང་གྲོང་གསེབ་ཀྱི་འཕྲོད་བསྟེན་སློབ་གསོ་གཉེར་བའི་སྐབས་འཚོ་བ་དངོས་ཀྱི་མཐོང་ཐོས་དང་རང་གི་ལས་ཀའི་ཉམས་མྱོང་གི་ཁྲོད་ནས།ཨ་ཙིའི་ནད་དེ་གཙོ་ཆེར་གང་འདྲ་བྱས་ནས་བོད་ཀྱི་ས་ཁུལ་དུ་འགོས་ཁྱབ་འགྲོ་བཞིན་པ་མཐོང་བའི་སྣང་ཚུལ་ཇི་མ་ཇི་བཞིན་ཡིག་ཐོག་ཏུ་བཀོད་པ་ལགས་པས།དེ་ཡིས་བོད་མི་ཀུན་ལ་ཕན་ཅུང་ཟད་ཐོགས་པར་ཤོག
འབྲེལ་ཡོད་ཀྱི་ཤེས་བྱ་ཐོར་བུ།
 ཨ་ཙིའི་ནད་ཀྱི་གསོ་རིག་གི་མིང་ཆ་ཚང་བར་“འགོས་ཐོབ་ཅན་གྱི་རིམ་ནད་སྔོན་འགོག་མ་ལག་གཏོར་བའི་ནད”ཟེར་ཞིང་།ནད་དེ་ནི་མིའི་རིགས་ཀྱི་ནད་ཡམས་འགོག་པའི་ནུས་ཤུགས་ཞན་པའི་རྐྱེན་གྱིས་བསླངས་པའི་ནད་དུག་ཞིག་ཡིན།ནད་དུག་དེས་མིའི་ལུས་ཕུང་གི་ནད་འགོག་མ་ལག་ལ་གཏོར་བརླག་བཏང་ནས།ནད་རིགས་འདྲ་མིན་ལ་འགོག་རྒོལ་བྱེད་པའི་ནུས་པ་མེད་པར་འགྱུར་བ་ཡིན།ད་བར་དུ་འཛམ་གླིང་གི་ཨ་ཙིའི་ནད་ཀྱི་ནད་དུག་འགོས་ཁྱབ་འགྲོ་བའི་བརྒྱུད་ལམ་ཆེས་ཆེ་བ་གསུམ་ནི།ཟུངས་ཁྲག་བརྒྱུད་ནས་འགོས་ཁྱབ་འགྲོ་བ།ཨ་མས་བུ་རྒྱུད་ལ་འགོས་ཁྱབ་འགྲོ་བ།ཕོ་མོའི་བར་འཁྲིག་སྤྱོད་བྱས་པ་བརྒྱུད་འགོས་ཁྱབ་འགྲོ་བ་བཅས་ཡིན་ལ།ཨ་ཙིའི་ནད་ནི་ད་བར་འཛམ་གླིང་གི་བཅོས་ཐབས་མེད་པའི་ནད་དེ་ཡིན།
  1981ལོར་ཨ་མའེ་རུ་ཁའི་ཞིབ་འཇུག་པས་ཐོག་མར་ཨ་ཙིའི་ནད་དུག་ཤེས་པ་ནས་བཟུང་།ནད་དེ་དུས་ཚོད་ཐུང་ངུའི་ནང་འཛམ་གླིང་གི་རྒྱལ་ཁབ་མང་པོར་འགོས་ཁྱབ་བྱུང་པ་རེད།ནད་དུག་དེས་མིའི་རིགས་ལ་གནོད་སྐྱོན་ཚབ་ཆེན་ཐེབས་པ་བརྒྱུད།1988ལོའི་ཟླ་ཐེངས་དང་པོར་འཛམ་གླིང་འཕྲོད་བསྟེན་ཚོགས་པས་མི་དམངས་དམངས་ཚོགས་ཀྱིས་ཨ་ཙིའི་ནད་འདིར་ངོས་འཛིན་དང་རྒྱུས་ལོན་ཡོང་ཆེད་ལོ་རེའི་སྤྱི་ཟླ12པའི་ཚེས1ཉིན་དེ་འཛམ་གླིང་ཨའེ་ཙིའི་དུས་ཆེན་ལ་གཏན་འཁེལ་བྱས་པ་དང་།འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་རྒྱལ་སྤྱིའི་ཚོགས་པ་སོ་སོས་འབྲེལ་ཡོད་ཀྱི་བྱ་འགུལ་སྤེལ་ཏེ།ཨ་ཙིའི་ནད་ཀྱི་ཤེས་བྱ་ཁྱབ་བརྡལ་གཏོང་བར་བསྐུལ་བཞིན་ཡོད།
  2008ལོར་འཛམ་གླིང་གི་མི་གྲངས་ས་ཡ་2ཨའེ་ཙིའི་ནད་ཀྱིས་ཤི་བ་རེད།དེ་མིན།རྒྱལ་ཁབ་རེ་འགའི་ཁྲིམས་ལུགས་ཀྱི་ནང་དུ་ད་དུང་ཨ་ཙིའི་ནད་དུག་འཁུར་བའི་མིར་མཐོང་ཆུང་དང་ཆད་པ་གཅོད་པའི་དོན་ཚན་ཡོད་པ་དང་།དེའི་མ་ཚད་དམངས་ཚོགས་ཀྱིས་ཨ་ཙིའི་ནད་སྐོར་ལ་རྒྱུས་ལོན་ཉུང་ཞིང་།ཨ་ཙིའི་ནད་དུག་འཁུར་བའི་ནད་པར་ཚད་མི་འདྲ་བའི་སྒོ་ནས་མཐོང་ཆུང་དང་བརྙས་བཅོས་བྱེད་པའི་གནས་ཚུལ་སོགས་ཡོད་ཕྱིན།མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་བ་ཆེན་མོ་ཕན་ཇི་ཝིན་གྱིས།རྒྱལ་ཁབ་སོ་སོས་མུ་མཐུད་དུ་ནུས་པ་ལྡན་པའི་སྒོས་ནས་ཨ་ཙིའི་ནད་ལ་སྔོན་འགོག་དང་ཚོད་འཛིན་དང་།ཨ་ཙིའི་ནད་དུག་གིས་ཟིན་པའི་བྱིས་པ་དང་ཁྱིམ་ཚང་གི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་དགོས་ཤིང་།2010ལོར་མི་ཚང་མར་ཨ་ཙིའི་ནད་སྔོན་འགོག་དང་གསོ་བཅོས།བདག་སྐྱོང་།རོགས་སྐྱོར་ཞབས་ཞུ་ཐུབ་པར་འབད་བརྩོན་བྱེད་དགོས་པར་འབོད་སྐུལ་བཏང་ངོ་།
  དང་པོ།ཡུལ་ངེས་མེད་དུ་རྒྱུ་བའི་ལས་ཀ་བ་སྡོམ་པོས་ཨའེ་ཙིའི་ནད་དུག་བོད་ཡུལ་ལ་འཁུར་ནས་འོང་།
  ང་ཚོར་མཚོན་ན།འཁྲིག་སྤྱོད་བརྒྱུད་ནས་ཨ་ཙིའི་ནད་ཚ་ཕོག་མཁན་ཡང་གང་མང་འདུག
  ཉེ་བའི་ལོ་འགའི་ནང་ཁུལ་དུ།བོད་ལྗོངས་ས་ཁུལ་གཙོ་བྱས་པའི་བོད་ཀྱི་ཡུལ་གྲུ་ཀུན་ཏུ་སི་ཁྲོན་གཙོ་བྱས་པའི་རྒྱ་ནག་གི་གྲོང་ཁྱེར་མང་པོའི་ལས་ཤོར་ཕྱི་སྡོད་མི་སྣ་མང་པོ་ཞིག་འགོག་མེད་ཆུ་ལོག་ཤོར་བ་དང་གཉིས་སུ་མེད་པར་ཞོར་ལས་དང་ཚོང་ལས།དེ་མིན་ལས་ཀ་འདྲ་མིན་གྱི་གོ་སྐབས་སམ།འཚོ་ཐབས་འདྲ་མིན་ནམ།ཡུལ་སྐོར་ཚོང་ལས་སོགས་སྤེལ་ཆེད་དེ་གར་སླེབས་དང་སླེབས་བཞིན་ཡོད།དེའི་ནང་གི་བུད་མེད་མི་སྣ་གྲངས་མེད་ཅིག་གིས་སྨད་འཚོང་མའི་ལས་ཀ་གཉེར་བཞིན་ཡོད་ཅིང་།ཁོང་ཚོའི་ཁ་སྒོ་སྐྱེ་འབྲས་ཡག་པོ་ཡོད་ཐོག རྫས་རྒྱན་འདྲ་མིན་སྤུད་ལ།སྦྱར་བྱུང་གི་དྲི་བཟང་ལྡན་ཕྱིར།ཐོག་མར་ས་ཆ་དེ་གར་གཞུང་ལམ་དང་ཁང་ཁྱིམ་འཛུགས་སྐྲུན་ལ་ཡོང་བའི་ཕྱི་སྡོད་མི་སྣ་མང་པོ་རང་གི་བཟའ་ཟླ་དང་ཡུན་རིང་བོར་བྲལ་བས་ཆགས་སྤྱོད་ཀྱི་འདོད་པའི་གཟུར་ནས་བུད་མེད་དེ་དག་ནམ་རྒྱུན་འཚོལ་དུ་འགྲོ་ཞིང་།ས་ཆ་དེ་གར་ཡོད་པའི་ཕྱི་སྡོད་མི་སྣ་མང་པོའི་ཆགས་མགུ་སྐོང་བའི་ཆེད་དུ་བུད་མེད་དེ་དག་གི་སར་འགྲོ་བཞིན་ཡོད།དེ་བཞིན་དུ་གཞུང་ཞབས་པ་སྐོར་ཞིག་དེ་གར་འགྲོ་བཞིན་ཡོད།ཡུལ་སྐོར་མི་སྣ་སྐོར་ཞིག་དེ་གར་འགྲོ་བཞིན་ཡོད།གྲོང་གསེབ་ནས་ཡོང་བའི་མི་སེར་དཀྱིས་མ་སྐོར་ཞིག་དེ་གར་འགྲོ་བཞིན།མི་འདི་དག་གི་ཁྲོད་དུ་གཉེན་སྒྲིག་བྱས་ཡོད་མིན་ཀུན་འདུས་ཡོད།རྒྱུན་མཚན་དེའི་ཕྱིར་སྨད་འཚོང་མའི་ཚོང་རར་ཡོང་སྒོ་ཆེར་བྱུང་ཞིང་།ས་ཆ་གང་སར་སྨད་འཚོང་མས་ཁེངས་པས།ཆགས་སྤྱོད་མྱུར་པོ་ཐེངས་གཅིག་བྱེད་པར་དམངས་སྒོར་༢༠ནས་༥༠་བར་ལས་གཏོང་མི་དགོས་ཤིང་།ཞག་མ་རེར་དམངས་སྒོར་༡༥༠ནས༣༠༠ཡས་མས་ལས་འགྲོ་སོང་མི་དགོས་ཕྱིར།སྨད་འཚོང་མའི་ས་ནས་འདོད་པ་བསླུ་བའི་མིར་འདོད་པའི་མཐའ་མེད་པར་ལངས་ཤོར་དུ་གྱུར་ཡོད་ལ།དེ་ལ་ཡང“མྱུར་ཟས” དང་ཞགས་ཉལ་གཉིས་སུ་དབྱེ་ཞིང་།འགྲོ་སོང་ཆུང་བའི་རྒྱུ་མཚན་ལ་བརྟེན་ནས་མི་མང་པོ་ཞིག་དེ་དག་གི་སར་འཛད་སྤྱོད་བྱེད་དུ་འགྲོ་བཞིན་ཡོད་པ་དང་།དེའི་ནང་གི་མི་སྐོར་ཞིག་གིས་སྨད་འཚོང་མ་མང་པོའི་བར་དུ་སྒོར་མོ་དང་འདོད་པའི་གྲོགས་བསྒྲིགས་ཡོད།ཡང་འཛད་སྤྱོད་པ་འདི་དག་གི་ཁྲོད་ཀྱི་མི་གྲངས་ཆེས་མང་ཤོས་དེ་ཕྱིར་སྡོད་ཞོར་ལས་མི་སྣས་ཁེངས་ཤིང་།དེ་དག་གི་ཤུགས་རྐྱེན་འོག་བོད་ཁུལ་གྱི་གྲོང་གསེབ་ནས་ཡོང་བའི་མི་སྐོར་ཞིག་གིས་སྨད་འཚོང་མ་དག་འཚོལ་བར་འགྲོ་རྒྱུ་ནི་ཁོ་ཚོར་མཚོན་ན་ཆེས་སྐྱིད་པའི་འཛད་སྤྱོད་ཀྱི་རྣམ་གྲངས་ཤིག་ཏུ་བརྩི་བ་དང་།སྐོར་ཞིག་གིས་ལྐོག་ནས་དེ་དག་གི་སར་འཛད་སྤྱོད་བྱེད་དུ་འགྲོ་བཞིན་ཡོད་ལ།མི་ཚོགས་དེས་གཙོ་བྱས་ནས་HIV/AIDSཡི་ནད་དུག་བོད་ཁུལ་གྱི་སྤྱི་ཚོགས་སུ་ཁྱབ་བཞིན་ཡོད།།
  གཉིས་པ། ལུས་འབྲེལ་བརྒྱུད་ནས་HIV/AIDS ཡི་ནད་དུག་བོད་ཀྱི་གྲོང་སྡེར་འགོས་ཁྱབ་འགྲོ་ཚུལ་སྐོར་ཅུང་ཟད་གླེང་བ།
  ནད་དུག་ཁུར་ཡོང་མཁན་གཙོ་བོ་གཤམ་གསལ་སྐོར་ཞིག་ཡིན་སྙམ།
  (༡)དེ་ཡང་བོད་ཁུལ་གྱི་གྲོང་གསེབ་ནས་ཡོང་བའི་སྐྱེས་པ་ཁག་ཅིག་ལ་ནད་དུག་དེ་འགོས་ཉེན་ཆེ་སྟེ།དེ་ནི། གཅིག ནམ་རྒྱུན་ཞིང་འབྲོག་གི་ཐོན་རྫས་ཁུར་ནས་རྒྱ་ནག་ཏུ་འགྲོ་མཁན་ཚོས་སྨད་འཚོང་མ་འཚོལ་བའི་ཉེན་ཁ་ཆེ། གཉིས། ནམ་རྒྱུན་རླངས་འཁོར་ཆེ་ཆུང་བཏང་ནས་གྲོང་ཁྱེར་ཁ་ཤས་བར་རྒྱུག་མཁན་ཚོས་བུད་མེད་འདྲ་མིན་ལ་འཁྲིག་སྦྱོར་བྱེད་པའི་ཉེན་ཁ་ཡོད།  གསུམ། དོན་མེད་དུ་ས་ཆ་འདྲ་མིན་ལ་འགྲོ་འདུག་བྱེད་རྒྱུར་དགའ་པོ་ཡོད་པའི་མི་སྟེ།འདི་ལ་སྐྱེས་པ་དང་བུད་མེད་གཉིས་ཀ་འདུ། བཞི། རྒྱ་ནག་ན་ཞོར་ལས་སྒྲུབ་མཁན་གྱི་སྐྱེས་པ་བུད་མེད། ལྔ།ཕྱིར་འགྲོ་འོང་ཆེ་བའི་ཚོང་པ་ཁག་ཅིག་སོགས་ཡིན་སྙམ་མོ།།
  (༢)གཙོ་བོ་རྒྱ་ནག་ནས་ཡོང་བའི་ཤེས་མེད་ལས་མེད་ཀྱི་བུད་མེད་སྨད་འཚོང་མ་དེ་ཚོ་ནི་ང་ཚོར་ཐད་ཀར་ནད་དུག་ཁྱེར་ནས་ཡོང་མཁན་དག་ཡིན།
ནད་དུག་ཁུར་བའི་བོད་མི་དེ་དག་གིས་ཁྲོད་དུ་བཟའ་ཚང་ཅན་དང་།དགའ་རོགས་མང་བའི་མི་འདུ་བ་མ་ཟད།འབྲོག་ཁུལ་ལ་མཚོན་ན་ཆེས་ཆེ་བའི་ཉེན་ཁ་ནི།མི་ཚོགས་དེ་དག་གྲོང་གསེབ་དུ་ལོག་རྗེས་མཚན་ཉུལ་བརྒྱུད་བུད་མེད་མང་པོ་དང་ཆགས་སྦྱོར་བྱེད་ཅིང་།བུད་མེད་དེ་དག་གི་སར་ནད་དུག་གི་འབྲས་བུ་བཏབ་ཅིང་།ཡང་བུད་མེད་དེ་དག་གི་སར་སྐྱེས་པ་གཞན་གང་མང་མཚན་ཉུལ་དུ་འོང་བ་རེད།བུད་མེད་དང་སྐྱེས་པ་དེ་དག་མང་ཆེ་ཤོས་ནི་བཟའ་ཚང་ཅན་ཡིན་པ་ཤ་སྟག་ཡིན་ཕྱིན།ནད་དུག་དེ་ལུས་འབྲེལ་བྱུང་བའི་མི་ཚང་མར་འགོས་ཁྱབ་འགྲོ་བར་གདོན་ཟ་མི་དགོས།དེ་བཞིན་གྲོང་བརྡལ་དུ་འཚོ་སྡོད་བྱེད་མཁན་རྣམས་ཀྱང་དེ་བཞིན་ནོ།།
གསུམ་པ།HIV/AIDSསྔོན་འགོག་བྱེད་པའི་ཐབས་ཁག་འགའ།
(༡)རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་ལུགས་དང་སྦྲགས་ས་ཁུལ་དང་རྫོང་རིམ་པ་སོ་སོས་རྩ་འཛུགས་ཡོད་པའི་སྒོ་ནས་གནམ་གྲུ་འབབ་ཐང་དང་མེ་འཁོར་ས་ཚུགས།རླངས་འཁོར་འབབ་ཚུགས་སོགས་སུ་མྱུར་བོར་ལུས་པོ་བཤེར་ཡོང་བའི་མ་ལག་སྐྲུན་རྒྱུ་དང་།སྐབས་སྡོད་མི་སྣས་ཐོ་འགོད་བྱེད་སར་HIV/AIDSཞིབ་བཤེར་རྣམ་གྲངས་སྐྲུན་རྒྱུ།དེ་མིན་རྐང་འཁོར་དང་གོམ་བགྲོད་མི་སྣའམ་ཡུལ་སྐོར་མི་སྣར་དུས་ཚོད་ཀྱི་ཚད་ངེས་ཅན་འཛིན་རྒྱུ་སོགས་མཁོའོ།།
(༢)རྒྱལ་སྤྱིའི་ཚོགས་པ་དང་ས་གནས་སྲིད་གཞུང་སོ་སོས་སམ་ཞིང་ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས་དང་བོད་ཁུལ་གྱི་དགོན་སྡེའམ་བླ་སྤྲུལ་གྲགས་ཅན་བར་འབྲེལ་འདྲེས་ཡག་པོ་བྱས་ཏེ།དེ་དང་འབྲེལ་ཡོད་ཀྱི་ཆོས་ལུགས་ཀྱི་མཛད་སྒོ་མང་པོ་སྤེལ་ནས་ལམ་སེང་དམངས་སེམས་ལ་འཇགས་པར་བྱེད་ཅིང་།དེ་དང་དུས་མཉམ་དུ་སྟབས་བདེ་ཞིང་གོ་བདེ་བའི་བོད་ཡིག་གི་ཨ་ཙི་སྔོན་འགོག་གི་ཤེས་བྱའི་འགྲེམ་བྱང་མང་པོ་སྤེལ་རྒྱུ།དེ་ལས་ཀྱང་གལ་ཆེ་ལ་དོན་སྒོ་ཆོད་པ་ཞིག་ནི།བོད་མི་ཡོངས་དང་ས་ཁུལ་སོ་སོས་ཆེས་དད་པ་བྱེད་སའི་བླ་སྤྲུལ་སོ་སོའི་སྐུ་པར་གྱི་གཤམ་དང་རྒྱབ་ཕྱོགས་སུ་ཨ་ཙི་སྔོན་འགོག་གི་ཤེས་བྱ་དང་དེའི་ཉེན་ཁ་དང་ཉེས་མིག་བྲིས་དེ་དམངས་ཚོགས་སུ་བགྲམས་(སྐལ་བ་ལྡན་ན་བླ་མས་ཆོས་ཚོགས་ཆེན་མོ་སོགས་ནས་དམངས་ཚོགས་སུ་གནང་རྒྱུ།)ན་དེ་ལས་ཀྱང་དོན་སྒོ་ཆོད་ངེས་ཡིན།དེའི་མ་ཚད་བོད་ཁུལ་གྱི་དགོན་སྡེའི་བར་འབྲེལ་བ་ཡག་པོ་བཙུགས་ནས་སོ་སོའི་སྨོན་ལམ་ཆེན་མོ་དང་རི་བསང་དེ་མིན་ས་ཀ་ཟླ་བ་སོགས་དུས་ཆེན་སོ་སོར་ཚང་མས་བྱ་གཞག་རླབས་ཆེ་བ་དེ་སྤེལ་རྒྱུ་སོགས་གལ་ཆེའོ།།
              འདིས་ཀྱང་ཕན་ཅུང་ཟད་ཐོགས་པར་གྱུར་ཅིག
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་ཙི་ནད་བོད་ཡུལ་དུ་འགོས་ཁྱབ་འགྲོ་སྟངས་དང་དེའི་སྔོན་འགོག་སྐོར་གྱི་ཤེས་བྱ་ཕྲན་བུ་བཀོད་པ།

2012-03-28 ཁྱུང་མཆུའི་བརྒྱ་བྱིན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།