གནའ་རབས་རོ་མའི་བཅའ་ཁྲིམས་དང་བུད་མེད་ཀྱི་ཁེ་དབང་།

      ༡ རོ་མའི་བཅའ་ཁྲིམས།
      སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པའི་དུས་མགོར། རོ་མས་དབྱི་ཐ་ལིའི་ཕྱེད་གླིང་དབང་དུ་བསྡུས་ཤིང་གཅིག་གྱུར་བྱས་པ་དང་། དེའི་རྗེས་སུ་ས་དབུས་རྒྱ་མཚོའི་ས་ཁུལ་དུ་རྒྱ་བསྐྱེད་དེ།སྤྱི་ལོའི་སྔོན་གྱི༢༧ལོར་རོ་མ་གོང་མའི་རྒྱལ་ཁབ་བཙུགས།དུས་རབས་༡པོའི་དུས་མཇུག་ཏུ་སླེབས་པ་ན། རོ་མ་གོང་མའི་རྒྱལ་ཁབ་ཀྱིས་ཕྱི་རྒྱལ་དུ་ཞིང་ཆེན་སུམ་ཅུ་ལྷག་བཙུགས་ཤིང་།ཡོབ་གླིང་དང་ཡ་གླིང་། ཧྥེ་གླིང་བཅས་གླིང་ཆེན་གསུམ་གྱི་མངའ་ཁོངས་ཆེན་པོ་མངའ་རུ་བསྡུས་ཤིང་།མི་རིགས་གཞན་པ་མང་པོར་དབང་སྒྱུར་བྱས།
      རྒྱལ་ཁབ་ཆེན་པོ་དེ་འདྲ་ཞིག་ལ་དབང་བསྒྱུར་བྱེད་པའི་ཆེད་དུ།རོ་མ་གོང་མའི་རྒྱལ་ཁབ་ཀྱི་གོང་མས་བཅའ་ཁྲིམས་གཏན་འཁེལ་བྱེད་པར་མཐོང་ཆེན་བྱེད་ཅིང་། ཁྲིམས་སྲིད་གཉིས་ཀྱི་དབང་ཆ་ཆེན་པོ་རང་གི་ལག་ཏུ་བཟུང་ཡོད།ཁོ་ཚོས་བསྒྲགས་པའི་བཀའ་ཁྲིམས་དེ་རོ་མའི་བཅའ་ཁྲིམས་ཀྱི་གྲུབ་ཆ་ཞིག་ཏུ་གྱུར་ཅིང་།
ཁྲིམས་ལུགས་རིག་པ་བས་ཀྱང་ཧུར་བརྩོན་གྱིས་ཁྲིམས་གཞུང་རྩོམ་སྒྲིག་དང་བཅའ་ཁྲིམས་འགྲེལ་བཤད་བྱས་ཏེ། རོ་མའི་བཅའ་ཁྲིམས་འཐུས་ཚང་དུ་བཏང་།
དབང་སྒྱུར་སྲ་བརྟན་དུ་གཏོང་ཆེད། གོང་མའི་རྒྱལ་ཁབ་ཀྱིས་ཞིང་ཆེན་གྱི་གྲལ་རིམ་མཐོན་པོ་དག་ལ་སྤྱི་དམངས་ཀྱི་དབང་ཆ་མང་བོ་བསྩལ་ཅིང་།རོ་མའི་སྤྱི་དམངས་ཀྱི་དབང་ཆ་མེད་པའི་ཕྱི་མི་ལ་ཁྲིམས་འཛིན་འགན་སྲུང་འོས་ཤིང་འཚམ་པ་ཞིག་བསྩལ། དུས་རབས༣པ་ནས་བཟུང་།གོང་མའི་མངའ་ཁོངས་ཀྱི་སྤྱི་དམངས་ཡིན་མིན་ལ་ཁྱད་པར་མེད་ཅིང་།སྤྱི་དམངས་ཁྲིམས་ནི་རོ་མའི་དབང་སྒྱུར་མངའ་ཁོངས་ཀྱི་སྤྱི་དམངས་རང་དབང་ཅན་ཀུན་ལ་སྤྱོད་པར་འཚམ་པའི་བཅའ་ཁྲིམས་ཤིག་ཏུ་གྱུར།
        དུས་རབས༦པར། རོ་མ་ཤར་མའི་གོང་མ་ཐྲ་ཧྲི་ཏིང་ཉི་ཡིས་ཁྲིམས་ལུགས་རིག་པ་བ་རྩ་འཛུགས་བྱས་ཏེ།རྒྱལ་རབས་རིམ་བྱོན་གྱི་རོ་མའི་བཅའ་ཁྲིམས་དེ་རྒྱུད་རིམ་ལྡན་པ་དང་ཁྲིམས་གཞུང་ཅན་དུ་བཏང་སྟེ།<<དམངས་ཁྲིམས་ཀུན་བཏུས>>ཕྱོགས་བསྒྲིགས་བྱས་པས།རོ་མའི་བཅའ་ཁྲིམས་ཀྱི་སྒྲིག་གཞི་མཐར་ལེགས་གྲུ་བྱུང་།
       ༢ བུད་མེད་ཀྱི་ཁེ་དབང་།
    བུད་མེད་ནི་གཞུང་དོན་གང་ལའང་ཞུགས་མི་ཆོག་པའི་ཁོ་མོ་ཚོས་ཁྲིམས་དཔོན་གྱི་འགན་ཁུར་མི་ཆོག་པ་དང་།ཡང་ན་ས་གནས་ཀྱི་དཔོན་པོའི་ལས་འགན་སྤྱོད་པ་དང་།ཡང་ན་གཏུག་བཤེར་བྱེད་པ། ཡང་ན་མི་གཞན་པའི་ཆེད་དུ་འགན་ལེན་པ། ཡང་ན་ཁྲིམས་རྩོད་པའི་འགན་ཁུར་བ་སོགས་ཅི་ཡང་བྱེད་མི་ཆོག
                                                       <<དམངས་ཁྲིམས་ཀུན་བཏུས>>ལས་བཏུས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གནའ་རབས་རོ་མའི་བཅའ་ཁྲིམས་དང་བུད་མེད་ཀྱི་ཁེ་དབང་།

2011-03-01 འབྲོག་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།