བློན་པོ་ཇིན་ཇིན།

དུང་དཀར་བློ་བཟང་འཕྲིན་ལས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-03-01

     རྒྱལ་པོ་མང་སྲོང་མང་བཙན་གྱི་བློན་པོ། འདི་ཉིད་གཞོན་ནུའི་དུས་ནས་རྒྱའི་སློབ་གྲྭར་སྐད་ཡིག་དང་ཡོན་ཏན་སྦྱངས་མྱོང་བའི་མཁས་པ་ཞིག་ཡིན། བོད་ཀྱི་རྒྱལ་པོས་འདི་པ་ཐང་གོང་མའི་དྲུང་དུ་ལེགས་སྐྱེས་འབུལ་བར་མངགས། ཐང་གོང་མས་བོད་ཀྱི་བཙན་པོ་དང་བོད་ཡུལ་གྱི་གནས་ཚུལ་འདྲི་རྟོག་གནང་བ་བཞིན། འདི་ཉིད་ཀྱིས་ང་ཚོའི་བཙན་པོ་ནི་མཁྱེན་རྒྱ་དང་སྙིང་སྟོབས་ཆེ་ལ་ཆབ་སྲིད་ལ་དོ་དམ་ཆེ་བ་ཞིག་ཡོད། བོད་ཡུལ་ནི་གནམ་གཤིས་གྲང་ངར་ཆེ་བས་གཙོ་བོ་འབྲོག་ལས་ལ་བརྟེན་ནས་འཚོ་སྡོད་བྱེད་པ་དང་། མི་རྣམས་དབྱར་དུས་བལ་གྱི་ཕྱིང་པ་དང་དགུན་ཁ་སློག་པ་གྱོན་པ་སོགས་འཚོ་བའི་ཆ་རྐྱེན་རྒྱ་ཡུལ་ལས་ཆེས་ཞན་ནའང་དབུལ་ཕྱུག་ཚང་མ་བློ་སེམས་མཐུན་ཞིང་། གཅིག་རོགས་གཅིག་གིས་བྱེད་པ་ཡིན་པས་བོད་ཀྱི་རྒྱལ་ཁམས་སྟོབས་ཤུགས་ཆེ་བའི་རྒྱུ་མཚན་དེ་ཡིན་ཞེས་ངོ་སྤྲོད་ཞུས། ཡང་གོང་མས་ཁྱེད་ཚོ་བོད་པས་གྲུ་གུ་བཅོམ་པ་མ་ཟད། ང་ཚོ་རྒྱ་ཡུལ་དུའང་དམག་དཔུང་བཏང་ནས་ལན་ཀྲའུ་འཕྲོག་པའི་རྒྱུ་མཚན་གང་ཡིན་ཞེས་དྲི་བ་གནང་བར། བློན་པོ་ཇིན་ཇིན་གྱིས། བདག་ནི་བཙན་པོའི་བཀའ་ལྟར་གོང་མ་ལ་སྐྱེས་འབུལ་དུ་འོང་བ་མ་གཏོགས་དེ་མིན་གྱི་ཞུ་སྒོ་གང་ཡང་མེད་ཅེས་གསོལ་བས་གོང་མ་ཡང་ཐུགས་མཉེས་པར་གྱུར་ཞེས་གྲགས།

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བློན་པོ་ཇིན་ཇིན།

2010-03-01 དུང་དཀར་བློ་བཟང་འཕྲིན་ལས། ཀློག་གྲངས། མཆན ཡོད།

     རྒྱལ་པོ་མང་སྲོང་མང་བཙན་གྱི་བློན་པོ། འདི་ཉིད་གཞོན་ནུའི་དུས་ནས་རྒྱའི་སློབ་གྲྭར་སྐད་ཡིག་དང་ཡོན་ཏན་སྦྱངས་མྱོང་བའི་མཁས་པ་ཞིག་ཡིན། བོད་ཀྱི་རྒྱལ་པོས་འདི་པ་ཐང་གོང་མའི་དྲུང་དུ་ལེགས་སྐྱེས་འབུལ་བར་མངགས། ཐང་གོང་མས་བོད་ཀྱི་བཙན་པོ་དང་བོད་ཡུལ་གྱི་གནས་ཚུལ་འདྲི་རྟོག་གནང་བ་བཞིན། འདི་ཉིད་ཀྱིས་ང་ཚོའི་བཙན་པོ་ནི་མཁྱེན་རྒྱ་དང་སྙིང་སྟོབས་ཆེ་ལ་ཆབ་སྲིད་ལ་དོ་དམ་ཆེ་བ་ཞིག་ཡོད། བོད་ཡུལ་ནི་གནམ་གཤིས་གྲང་ངར་ཆེ་བས་གཙོ་བོ་འབྲོག་ལས་ལ་བརྟེན་ནས་འཚོ་སྡོད་བྱེད་པ་དང་། མི་རྣམས་དབྱར་དུས་བལ་གྱི་ཕྱིང་པ་དང་དགུན་ཁ་སློག་པ་གྱོན་པ་སོགས་འཚོ་བའི་ཆ་རྐྱེན་རྒྱ་ཡུལ་ལས་ཆེས་ཞན་ནའང་དབུལ་ཕྱུག་ཚང་མ་བློ་སེམས་མཐུན་ཞིང་། གཅིག་རོགས་གཅིག་གིས་བྱེད་པ་ཡིན་པས་བོད་ཀྱི་རྒྱལ་ཁམས་སྟོབས་ཤུགས་ཆེ་བའི་རྒྱུ་མཚན་དེ་ཡིན་ཞེས་ངོ་སྤྲོད་ཞུས། ཡང་གོང་མས་ཁྱེད་ཚོ་བོད་པས་གྲུ་གུ་བཅོམ་པ་མ་ཟད། ང་ཚོ་རྒྱ་ཡུལ་དུའང་དམག་དཔུང་བཏང་ནས་ལན་ཀྲའུ་འཕྲོག་པའི་རྒྱུ་མཚན་གང་ཡིན་ཞེས་དྲི་བ་གནང་བར། བློན་པོ་ཇིན་ཇིན་གྱིས། བདག་ནི་བཙན་པོའི་བཀའ་ལྟར་གོང་མ་ལ་སྐྱེས་འབུལ་དུ་འོང་བ་མ་གཏོགས་དེ་མིན་གྱི་ཞུ་སྒོ་གང་ཡང་མེད་ཅེས་གསོལ་བས་གོང་མ་ཡང་ཐུགས་མཉེས་པར་གྱུར་ཞེས་གྲགས།

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།