མཐོ་སྒང་དོལ་པོ།

དོལ་པོ་པདྨ་དགོས་འབྱོར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2017-06-03

dolpo-chortens-thinkyu-768x432.jpg

དོལ་པོ་ནི་ལོ་རྒྱུས་ཐོག་བོད་ཀྱི་ཆ་ཤས་ཡིན་པ་བསྙོན་དུ་མེད་ཀྱང་དེང་སྐབས་བལ་ཡུལ་རྒྱལ་ཁོངས་སུ་གནས། བལ་ཡུལ་ལ་མངའ་སྡེ་བཅུ་བཞི་དང་རྫོང་ཁག་དོན་ལྔ་ཡོད་པའི་ཁོངས་ཀར་ན་ལི་མངའ་སྡེ་དང་། ཌོལ་པ་རྫོང་གི་ཁོངས་སུ་གཏོགས་པར་གྱུར། ཌོལ་པ་ལ་སྟོད་སྨད་གཉིས་སུ་ཕྱེས་ཡོད་པ་སྟེ་འདུ་གནས་ཡན་ཆད་ལ་ཌོལ་པ་སྟོད་དང་འདུ་གནས་མན་ཆད་ལ་ཌོལ་པ་སྨད་དུ་བརྩི་བ་ཡིན། དེ་ཡང་ཆོས་འཁོར་ཚང་དགེ་བཤེས་ཉི་མ་འོད་ཟེར་མཆོག་གིས་བརྩམས་པའི་དོལ་པོ་མོལ་པའི་གཏམ་ལས། “དུས་རབས་བཅུ་པ་ནས་ཡར་ཀླུང་རྒྱལ་རྒྱུད་ཀྱིས་མངའ་རིས་སྐོར་གསུམ་བདག་གིར་བཞེས་རྗེས་དོལ་ཕྱོགས་གྲུ་བཞི་འདི་ཉིད་སྤུ་རྭང་གི་རྒྱལ་པོ་བཀྲ་ཤིས་མགོན་ལ་དབང་བར་གྱུར། དེ་རྗེས་དུས་རབས་བཅུ་གཅིག་པར་དོལ་པོ་དང་གློ་བོ་གཉིས་ཡ་རྩེའི་རྒྱལ་པོའི་མངའ་འོག་ཏུ་ཚུད་པས་མ་ཚད། ཐོན་ཀུན་དགའ་རྒྱ་མཚོའི་དུས་ (༡༠༢༧) ཧོར་ནག་མོ་ཨར་སླན་གྱི་རྒྱུད་པ་བྷ་ར་དན་དུར་ཟེར་བས་སྐལ་མོན་རྣམས་སེ་རི་བ་དང་། མུ་ཁུམ། ཏི་ཆུ་རོང་དུ་བཅུག་རབས་མར་ལུང་རྣམ་ཐར་དུ་གསལ། དུས་རབས་བཅུ་གསུམ་པར་ (༡༢༥༣) གུང་ཐང་གི་རྒྱལ་པོ་མགོན་པོ་ལྡེས་ཡ་རྩེའི་རྒྱལ་པོ་ལས་དོལ་པོ་དང་གློ་བོ་གཉིས་འཕྲོག་སྟེ། བརྒྱ་ཚོ་བཅུ་གསུམ་གྱི་ཁོངས་སུ་བཅུག དེ་རྗེས་ཁྲི་སྐོར་བཅུ་གསུམ་དུ་ཚུད་ཅིང་། བན་ཚང་དུ་སོག་པོའི་བཙན་འཛུལ་ཡང་བྱུང་རབས་རྣམ་གྲོལ་བཟང་པོའི་རྣམ་ཐར་གྱིས་བཤད། དུས་རབས་བཅུ་བཞི་པར་གུང་ཐང་གི་རྒྱལ་པོ་བསོད་ནམས་ལྡེས་སྤུ་རྭང་དབང་དུ་སྡུད་སྐབས་དམག་དཔོན་ཁྲི་པ་བྱིར་མའི་གཅུང་པོ་ཆོས་སྐྱོང་འབུམ་གྱིས་མཛད་རྗེས་བཞག་པའི་བྱ་དགའ་རུ་ཁོང་ཉིད་དོལ་པོ་དང་གློ་བོའི་མི་དཔོན་དུ་བསྐོས་རབས་གུང་ཐང་གདུང་རབས་སུ་སྣང་། འོན་ཀྱང་། དུས་རབས་བཅོ་ལྔ་པའི་ (༡༤༤༠) ནང་དོལ་པོ་ནི་རང་ཡུལ་གྱི་རྒྱལ་པོ་ར་ནག་ཟེར་བའི་རྒྱུད་འཛིན་ཞིག་གིས་འཛིན་སྐྱོང་བྱེད་ཀྱིན་ཡོད་སྟབས། དེ་དུས་གཙོ་ཚོ་བ་རྣམས་དོལ་པོའི་ར་ནག་རྒྱལ་པོར་སྐྱབས་ཞུ་མཛད་རབས་བཙུན་པ་ཆོས་ལེགས་ཀྱི་རྣམ་ཐར་དུ་གསལ། དེ་ནས་དུས་རབས་བཅོ་ལྔ་པར་ (༡༤༤༦) གློ་བོའི་རྫོང་དཔོན་རྣམས་ཀྱིས་མེན་ཞང་པ་དང་གཙོ་ཚོ་བ་རྣམས་བརྟུལ་རྗེས་དབང་ཤུགས་རྒྱས་ཏེ་སྔར་གྱི་སྡེ་པ་རྣམས་ཕྱིས་ཁྲི་ཐོག་པར་གྱུར་ཞིང་དུས་རབས་བཅུ་དྲུག་པ་ནས་རྒྱལ་པོར་གྱུར་བས། དོལ་པོ་ཡང་དུས་རབས་བཅོ་བརྒྱད་པའི་དཀྱིལ་མཚམས་བར་རྒྱལ་པོ་དེ་དག་གི་མངའ་ཞབས་སུ་གནས་སམ་སྙམ། དེ་ལྟར་ནའང་ཕྱི་ལོ་ (༡༧༦༩) ལོར་གྷོར་ཁའི་རྒྱལ་པོས་ཡམ་བུའི་རྒྱལ་སྲིད་བཟུང་དུས་དོལ་ཕྱོགས་གྲུ་བཞི་ཡོངས་རྫོགས་རང་བཞིན་གྱིས་བལ་པོའི་ཁ་ཞབས་སུ་ཤོར་བ་ཡིན།”   སྤྱི་ལོ་ ༢༠༠༥ ལོར་དཔར་བའི་<<རྒྱལ་གཤེན་ཡ་ངལ་གྱི་གདུང་རབས>>དཔེ་དེབ་དེའི་སྔོན་གླེང་དུ་ཆོས་འཁོར་ཚང་དགེ་བཤེས་ཉི་མ་འོད་ཟེར་མཆོག་གིས་བྲིས་པ་དེར་གསལ།

Dolpo-Map-Small.jpg

ལོ་ངོ་བཅུ་ཕྲག་གཉིས་ཙམ་ཡར་སྔོན་གྱི་དོལ་པོའི་འཚོ་བ་ནི་ཧ་ཅང་མཛེས་སྡུག་ལྡན་པ་ཞིག་སྟེ། ཞིང་ལས་དང་འབྲོག་ལས། མདོར་ན་ངལ་རྩོལ་ཁོ་ནར་འབད་འབུངས་བྱེད་དགོས་ཀྱང་ཡུལ་མི་ཚོའི་ངོ་གདོང་ལ་སྐྱོ་བ་དང་ཡིད་ཐང་ཆད་པའི་རྣམ་འགྱུར་མི་མངོན་པའི་ཁར་ཀུ་རེ་དང་། གླུ་གཞས་ཀྱི་དབྱིངས་ན་ལྡིང་གིན་ཡོད། བུ་མོ་ཕང་འཁེལ་མི་ཤེས་མཁན་མེད་ལ། རང་གི་གྱོན་པ་སྣམ་བུ་བཟོ་མི་ཤེས་མཁན་ཡང་ཕལ་ཆེར་མེད། གལ་ཏེ་བུ་མོ་རེ་ཟུང་གིས་སྣམ་ཐགས་ཤེས་ཀྱི་མེད་ཚེ་ཡུལ་མི་ཚོས་བུ་མོ་དེར་གཏན་གྲོགས་ཡག་པོ་མི་ཐོབ་པའི་ངོས་འཛིན་བྱེད་པ་ཡིན། དེ་བཞིན་བུ་ཚོར་མཚོན་ན་སྤུས་ཀ་བཟང་ངན་མ་གཏོགས་རྟ་གཡག་གི་ཉེར་མཁོའི་ཡོ་བྱད་དང་། ཕྱུ་བ་སོགས་ནང་མིར་དགོས་ངེས་ཅན་གྱི་གྱོན་ཆས་འཚེམ་མི་ཤེས་མཁན་ཧ་ཅང་ཉུང་།

བལ་ཡུལ་རྒྱལ་ས་ཀ་ཋ་མནྜུ་ནས་ནེ་པལ་གྷན་ཇི་བར་ནེ་སྒོར་ལྔ་སྟོང་ནས་བརྒྱད་སྟོང་བར་ལ་གནམ་གྲུའི་འཛིན་ཉོ་ཐུབ་མོད། དུས་ཡུན་ཆུ་ཚོད་གཅིག་དང་སྐར་ཆ་ལྔ་དང་བཅུའི་བར་ལ་འགྲུལ་བཞུད་བྱེད་ཐུབ། སྣུམ་འཁོར་གླ་ཆ་ནེ་སྒོར་གཅིག་སྟོང་ཉིས་བརྒྱ་ཡས་མས་ནས་འགྲུལ་བཞུད་བྱེད་ཐུབ། ནེ་པལ་གྷན་ཇི་ནི་རྒྱ་གར་དང་ས་སྦྲེལ་ཡིན་པས་གནམ་གཤིས་ཚ་དྲོད་ཤིན་ཏུ་ཆེ། དེ་གར་བཟའ་བཏུང་གོན་པའི་རིགས་མང་དག་ཅིག་སྟབས་བདེའི་ངང་རྒྱ་གར་ནས་བསྐྱེལ་འདྲེན་སླ་བས་བལ་ཡུལ་རྒྱལ་ས་ལས་རིན་འབབ་དམའ་བའི་ཐོག་ཅ་དངོས་མངགས་ཉོ་ཐུབ། ནེ་པལ་གྷན་ཇི་ནས་འཛུ་ཕལ་བར་སྒོར་སྟོང་ཕྲག་དགུ་ནས་བཅུ་གཉིས་སོགས་ཀྱི་བར་གནམ་གྲུའི་འཛིན་ཉོས་ཏེ་སྐར་མ་བཞི་བཅུ་ཙམ་གྱི་རིང་འཕུར་བསྐྱོད་བྱེད་དགོས། གལ་ཏེ་སྣུམ་འཁོར་ལ་བསྐྱོད་ན་ཐད་ཀར་བལ་ཡུལ་ནས་འགྲུལ་བཞུད་འགོ་འཛུགས་དགོས་ལ་ནེ་སྒོར་གསུམ་སྟོང་ཙམ་ལ་སྐུབ་སྟེགས་ཉོ་ཐུབ་ཅིང་ཉིན་གསུམ་གྱི་ནང་ཌོལ་པ་རྫོང་གི་ལྟེ་བ་འདུ་གནས་བར་བསྐྱོད་ཐུབ། “ཌོལ་པ་”ནི་དོལ་པོའི་མིང་ལ་གཞི་བྱས་ནས་ཁ་བསྒྱུར་བ་ཡིན། ཀར་ན་ལི་མངའ་སྡེ་དང་ཌོལ་པ་རྫོང་གཉིས་ནི་བལ་ཡུལ་རྒྱལ་ཁབ་དེའི་ས་ཆའི་རྒྱ་ཁྱོན་ཆེ་ཤོས་ཀྱི་མངའ་སྡེ་དང་རྫོང་ཡིན་ཞིང་ཡར་རྒྱས་ཀྱི་གོམ་པ་བུལ་བའི་ས་གནས་ཤིག་ཏུའང་ངོས་འཛིན་མོད། ཌོལ་པ་རྫོང་གི་གནམ་ཐང་ནས་འདུ་གནས་བར་སྣུམ་འཁོར་ལ་བསྐྱོད་ན་སྐར་ཆ་བཞི་བཅུ་ཙམ་ཐོགས་ལ་གླ་ཆ་སྒོར་སུམ་བརྒྱ་ཡིན། ཡང་གོམ་པ་བརྒྱབ་ཚེ་ཆུ་ཚོད་གསུམ་དང་བཞིའི་བར་ལ་བསྐྱོད་ཐུབ།

འདུ་གནས་ Dunai ནི་ཌོལ་པ་རྫོང་གི་ལས་ཁུངས་ལྟེ་གནས་དེ་ཡིན། སྤྱིར་བལ་ཡུལ་ནས་དོལ་པོར་འགྲོ་ལམ་མ་འདྲ་བ་གསུམ་ཡོད། གློ་བོ་རྫོང་གསམ་(རྫོང་གསར། གསམ་ནི་ཡུལ་སྐད་དུ་གསར་པར་གོ) ནས་དོལ་པོ་ཚྭ་དགའ་ཕྱོགས་ཀྱི་འགྲོ་ལམ་དང་། འདུ་གནས་ཀྱི་གཡོན་ཕྱོགས་གཙང་པོ་ཡོད་ས་དེ་ནས་དོལ་པོ་མཚོ་པུག་མོ་(ཕྱི་མི་ཚོས་Phuksumdho ཟེར)དང་བྱི་གཅེར། ས་འདང་ཕྱོགས་ཀྱི་འགྲོ་ལམ། འདུ་གནས་ཀྱི་ཕུའི་གཙང་པོ་ཡོད་ས་ནས་དོལ་པོ་རྟ་རབ་དང་། ཏིང་ཀྱུ་སོགས་ཀྱི་འགྲོ་ལམ་ཁེལ་བ་ཡིན། དོལ་པོར་ཁྱོན་བསྡོམས་ཡུལ་སྡེ་སོ་གཉིས་དང་མི་གྲངས་དགུ་སྟོང་མ་ཟིན་ཙམ་ཞིག་ཡོད།

images.jpg

དེ་སྔ་སྲིད་གཞུང་གིས་དོལ་པོའི་ས་གནས། ༡ ༽ ཕུག་སུམ་མདོ། ༢ ༽ས་འདང་། ༣ ༽བྱི་གཅེར། ༤༽ མདོ་རྟ་རབ། ༥༽ ཚྭ་དགའ། ༦ ༽གཏིང་ཀྱུ། ༧ ༽  སྨུ་ཀོཊ་བཅས་ཁག་བདུན་དུ་བགོས་ཡོད་པ་དེ་ཉེ་ཆར་རྩ་ཁྲིམས་གསར་བ་གཏན་འབེབས་འཆར་གཞིའི་ཁྱབ་ཁོངས་ལྟར་སླར་ཡང་ས་གནས་སྡེ་ཚན་གསུམ་དུ་བགོས་ཡོད་པ་ནི་གཤམ་གསལ།
ཤེལ་ཕུག་སུམ་མདོ་གྲོང་སྡེ་ཡར་སྐྱེད་ལྷན་ཚོགས། ཚྭ་དགའ་སྟེང་གཤོངས་གྲོང་སྡེ་ཡར་སྐྱེད་ལྷན་ཚོགས།
དོལ་པོ་བྷུདྡྷ་གྲོང་སྡེ་ཡར་སྐྱེད་ལྷན་ཚོགས་བཅས་གསུམ་ཡིན། དེ་ལ་ས་འདང་། ནམ་སྟོད། ཀ་རང་། སྟི་ལིང་། སྐྱིད། ལྷོ་རི། ཉི་གསལ། སྨོས། ཀོ་མང་། བྱི་གཅེར། ཕོད། སྐུ། མཚོ། པུག་མོ། རི་སྐྱེད། རེང་སྲི་བཅས་ཡུལ་སྡེ་བཅུ་དྲུག་ཤེལ་ཕུག་སུམ་མདོ་གྲོང་སྡེ་ཡར་སྐྱེད་ལྷན་ཚོགས་ཀྱི་མངའ་ཁོངས་སུ་གཏོགས།
རྟ་རབ། གཏིང་ཀྱུ། པོལ་ལྡད། ཤིང་སྨིན། ཕལ་བཅས་ཡུལ་སྡེ་ལྔ་དོལ་པོ་བྷུདྡྷ་གྲོང་སྡེ་ཡར་སྐྱེད་ལྷན་ཚོགས་ཀྱི་མངའ་ཁོངས་སུ་གཏོགས་པར་གྱུར།
ཚྭ་དགའ། དཔོན་འགག ཁྲིམས་གཉེར། དུ། དབྱར་ལྷས། སྨུ། གཏི་རང་། ཤེས་རི། སྦྲང་། པིང་འབྲིང་། བཀག་བཅས་ཡུལ་སྡེ་བཅུ་གཅིག་ཚྭ་དགའ་སྟེང་གཤོངས་གྲོང་སྡེ་ཡར་སྐྱེད་ལྷན་ཚོགས་ཀྱི་ཁོངས་སུ་གཏོགས་པ་ཡིན།

དོལ་པོ་ནི་གོ་ལ་ཟླུམ་པོ་འདིའི་མཐོ་སྒང་ཧི་མ་ལ་ཡའི་ས་ཁུལ་ཞིག་ཀྱང་ཡིན་མོད།
ས་བབ་མཐོ་ཚད་ནི་ ༣༥༠༠ ཡིན། ཌོལ་པ་རྫོང་གི་ས་ཆའི་རྒྱ་ཁྱོན་ནི་རྫོང་ཁུལ་གཞན་ལས་ཧ་ཅང་ཆེ་བ་སྟེ། སྤྱི་ལེ་ ༧༨༨༩ ཡོད་པ་ཡིན། དོལ་པོ་ནི་བལ་ཡུལ་གྱི་ནུབ་བྱང་ཕྱོགས་དང་མངའ་རིས་ནག་ཆུ་སོགས་དང་ས་སྦྲེལ་ཡིན་ལ་དོལ་པོ་ཕོད་ནི་མུ་གུམ་དང་ས་སྦྲེལ་ཡིན། དེ་བཞིན་དོལ་པོ་ཚྭ་དགའ་ནི་གློ་བོ་དང་ས་སྦྲེལ་ཡིན་ལ་གློ་བོ་དང་ཁ་ཐག་ཉེ་ཤོས་ཀྱི་དོལ་པོའི་ཡུལ་སྡེ་ཞིག་ཀྱང་ཡིན།

མཐའ་ཀུན་གངས་ཀྱི་རི་བོས་བསྐོར་ལ། སྤང་རི་དང་། རྫ་རི། བྲག་རི་རྣམས་གཅིག་ལ་གཅིག་ལ་གཅིག་འགྲན་པར་བྱས། ཡུལ་སྡེའི་རེའི་མཐའ་ན་གཙང་པོ་རེ་མཐོང་དུས་བལ་ཡུལ་འཛམ་གླིང་ནང་གི་ཆུ་མཛོད་ཨང་ཀི་གཉིས་པ་ལོས་ཡིན་སྙམ་པའང་ཡོད། དགུན་དུས་སྟེ། དོལ་པོ་པ་རྣམས་མངའ་རིས་སྒྲ་སྙན་དུ་འབོད་པའི་དོལ་པོའི་ཐུན་མིན་གྱི་བཟོ་བཀོད་ལྡན་པའི་སྒྲ་སྙན་དང་”འོ་རང་འདི་རུ་འཛོམས་འཛོམས། །གཏན་དུ་འཛོམས་རྒྱུ་བྱུང་ན། །གཏན་འཛོམས་པའི་སྔ་དྲོ། །གྱེས་རྒྱུ་མེད་རོགས་བྱས་ན།།” དམངས་ཁྲོད་ཀྱི་གླུ་གཤགས་དེ་དག་མི་དམངས་ཚོའི་ཚོར་བ་གསོན་པོ་ཞིག་གི་ཁོག་ནས་འབུས་འོང་བས་མི་རབས་རྗེས་མ་ཚོས་ཀྱང་འདི་དག་སྣང་མེད་དུ་འཇོག་ག་ནས་རུང་། སྤྱི་ལོ་ ༢༠༠༠ ཙམ་ནས་དོལ་པོར་རིག་གནས། དཔལ་འབྱོར་གང་ཅིའི་ཐད་ལ་འགྱུར་བ་ཆེན་པོ་ཞིག་སྟེས་དབང་གིས་སོང་།

                         * དོལ་བུ་བ་ཤེས་རབ་རྒྱལ་མཚན་དང་དོལ་པོ།

བོད་ཀྱི་ལོ་རྒྱུས་ནང་ཡོངས་སུ་གྲགས་པའི་དོལ་པོའི་སྐྱེས་བུ་གཅིག་བྱོན་མྱོང་བ་ནི་ཀུན་མཁྱེན་དོལ་པོ་པ་ཡིན། མཚན་གཞན་ལ་དོལ་བུ་པ་ཡང་ཞུ། མཚན་དངོས་ཤེས་རབ་རྒྱལ་མཚན་ཞུ། (༡༢༩༢-༡༣༦༡) དམ་པ་དེ་ཉིད་ཀྱིས་ཐོག་མར་ས་སྐྱའི་གདན་སར་སློབ་གཉེར་གནང་། རྗེས་སུ་ཇོ་ནང་གི་བསྟན་པའི་རྒྱུད་འཛིན་བླ་ན་མེད་པ་མཚན་སྙན་ལྡན་པ་ཞིག་ཏུ་གྱུར་པ་རེད། རྒྱལ་བས་མདོ་རྒྱུད་ནས་ལུང་བསྟན་པ་ལྟར་དམ་པ་དེ་ཉིད་དོལ་པོའི་གནས་ཀ་ཡོ་རི་ཞུ་བ་ཞིག་ཏུ་འཁྲུངས་པར་གྲགས་པའི་ས་གནས་དེ་དོལ་པོ་བན་ཚང་ཁོངས་ཤིང་སྨིན་སྡེ་བ་དང་ཕལ་སྡེ་བ་གཉིས་ཀྱི་བར་ན་ཡོད། འཁྲུངས་གཞིས་ན་པུ་དགོན་པ་ཞུ་བའི་དགོན་པ་ཞིག་ད་ལྟའང་མཇལ་རྒྱུ་ཡོད། གཞན་ཡང་གཀུན་མཁྱེན་དོལ་པོ་པས་བཞེངས་པའི་མཆོད་རྟེན་བཀྲ་ཤིས་སྒོ་མང་ཞིག་ཕལ་སྡེ་བར་དུས་ད་ལྟའང་མཇལ་རྒྱུ་ཡོད་ཅིང་སྒྲུབ་ཕུག་སོགས་ཀྱང་མཇལ་རྒྱུ་ཡོད།

                     * དོལ་པོ་དང་མི་རྒན་ཕྲིན་ལས་ལྷུན་གྲུབ།

571f07a2d7add.jpg

དོལ་པོའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཆེན་མི་རྒན་ཕྲིན་ལས་ལྷུན་གྲུབ་ནི་(༡༩༤༢-༢༠༡༦) དོལ་པོ་ས་འདང་ཡུལ་དུ་སྐུ་འཁྲུངས། ཆུང་དུས་ནས་སྡེ་མི་བྱིངས་ཀྱི་འཚོ་ཐབས་ལྟར་ཞིང་ལས་དང་འབྲོག་ལས་ལ་བརྩོན་ནས་བཞུགས་མྱོང་། ས་གནས་ཀྱི་མགོ་དཔོན་གཙོས་གཞུང་གི་ལས་
གནས་ཀྱང་རིམ་པར་བཞེས་མྱོང་ལ། ཤེས་རི་འབྲུག་སྒྲ་འབྲིང་རིམ་སློབ་གྲྭའི་སློབ་ཁང་ཁག་རིམ་པ་བཞེངས་པས་མཚོན་སྤྱི་ཚོགས་ནང་མཛད་རྗེས་གང་མང་འཇོག་པར་མཛད། སྤྱི་ལོ་གཅིག་སྟོང་གོ་གྲངས་ནང་ཐོག་མར་ཕ་རན་སའི་འཁྲབ་ཁྲིད་པ་ཨེ་རིག་ཝེ་ལི་དང་འཕྲད་ནས་<ཧི་མ་ལ་ཡ>འི་གློག་བརྙན་འཁྲབ་སྟོན་གནང་། སྤྱི་ལོ་༢༠༠༠ ལོར་རྒྱལ་སྤྱིའི་སྡིངས་ཆར་ཆེ་མཐོང་ཅན་གྱི་བྱ་དགའ་ Oscar nominated ཧི་མ་ལ་ཡའི་གློག་བརྙན་ལ་ཐོབ། ད་དུང་མི་མང་ཆེ་བ་ཞིག་གིས་ Caravan ཟེར་ནས་ཁོང་ཉིད་ངོ་ཤེས་པ་ཡིན། གློག་བརྙན་དེས་བོད་རིགས་སྤྱི་ཚོགས་སྤྱི་དང་བལ་ཡུལ་ཧི་མ་ལ་ཡའི་མི་རིགས་ཀྱི་འཚོ་བ་དངོས་དེ་འཛམ་གླིང་མི་དམངས་ཀྱིས་མཐོང་ཐུབ་པ་བཟོས་ཡོད་ལ། དེས་མ་ཚད་རྒྱལ་སྤྱིའི་སྡིངས་ཆར་བལ་ཡུལ་དང་བོད་རིགས་ཁྲོད་ན་གློག་བརྙན་སྒྱུ་རྩལ་གྱི་གོ་ས་མཐོན་པོ་འཛིན་ཐུབ་མཁན་ཆེས་ཐོག་མའི་གྲས་ཤིག་ཀྱང་ཆགས་ཡོད། ཁོང་རང་ཉིད་ཀྱིས་མི་སྣ་གྲགས་ཅན་ཞིག་གི་རྣམ་འགྱུར་གྱིས་མཚན་སྙན་སྲུང་སྐྱོབ་ཀྱི་འབད་བརྩོན་གནང་མ་མྱོང་ཡང་རྒྱལ་ཕྱི་ནང་གང་ས་ནས་གདེང་འཇོག་ཧ་ཅང་ཆེ་བ་གནང་། <ཧི་མ་ལ་ཡ>ལས་གཞན་ཁོང་གིས་བལ་ཡུལ་གྱི་གཞས་པ་གྲགས་ཅན་ཨམ་རིཊ་གུ་རུང་གི་གཞས་སཱ་ཀར་ན་ལིའི་འཁྲབ་སྟོན་པའང་གནང་། དེ་མིན་གྱི་གློག་བརྙན་ཁ་ཤས་ལའང་འཁྲབ་སྟོན་པ་གནང་མྱོང་ཡོད།

                   དོལ་པོའི་གློག་བརྙན་འཁྲབ་སྟོན་པ་ཕྲིན་ལས་ལྷུན་གྲུབ་འཇིག་རྟེན་འདི་ནས་གཤེགས་པའི་ལོ་གཅིག་འཁོར་བའི་དུས་དྲན་ཉིན་རྗེས་དྲན་མཚོན་བྱེད་དུ་སྤེལ། ༢༦/༠༤/༢༠༡༧/

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ཁ་བརྡ་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཐོ་སྒང་དོལ་པོ།

2017-06-03 དོལ་པོ་པདྨ་དགོས་འབྱོར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།