རང་ས་རང་ཡུལ་རང་མི་རྣམས་ལ་ངོ་སྤྲོད་པ།__ཨ་མྱེས་སྐུ་བླའི་སྒྲུབ་ཕུག  

རྨོག་རུ་ཤེས་རབ་རྡོ་རྗེ།(རྨ་ཆུ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-07-30

  མཛོད་དགེ་ཉིན་མའི་གནས་ཀྱི་ལྟེ་བ་ཨ་མྱེས་སྐུ་བླ་སྤུན་གསུམ་ནི་ད་ལྟའི་རྨ་ཆུ་རྫོང་མཁར་གྱི་བྱང་ཕྱོགས་སུ་ཡོད་ལ་བཱེ་ཤིང་དགོན་དགའ་ལྡན་རབ་རྒྱས་གླིང་གི་རྒྱབ་རིར་འགྱིང་ཡོད། གནས་རི་དེ་ནི་གནའ་བསྐལ་པ་ཡ་ཐོག་ནས་བོན་གྱི་བླ་རི་རྩ་ཆེན་ཞིག་ཏུ་བརྩི་བའི་ངག་རྒྱུན་ལ་གྲུབ་པའི་རྟགས་ཐོན་པའི་སྒོམ་ཆེན་མང་བོས་ཉམས་ལེན་གྱི་གནས་ཁྱད་པར་དུ་འཕགས་པ་ཞིག་སྟེ་བོན་རྣམས་ཀྱིས་མཁའ་འགྲོའི་གསང་གཅོད་ཀྱི་གདམས་པའི་དབུ་བརྙེས་ས་རྨད་རྒྱུད་སྐུ་བླ་བྲག་དཀར་ཅེས་པ་འདི་ལ་ངོས་འཛིན། དེ་ལ་<<བོན་གྱི་ཤེས་རིག་ཚིག་མཛོད་>>ཅེས་པར་རྨ་ཆེན་གངས་རི་དང་རྨད་རྒྱུད་སྐུ་བླ་བྲག་དཀར་ཅེས་བྱུང་ཡོད་ལ་གླིང་སྒྲུང་དུ་གཉན་ཆེན་སྐུ་བླ་གེར་འཛོ་ཞེས་བྱུང་ཡོད་པ་དེའང་འདི་ལ་ངོས་འཛིན། གནས་རི་འདིའི་བྲག་ལའང་སྒྲུབ་ཕུག་མང་བོ་ཞིག་ཡོད་པར་མངོན་མོད། རེ་རེ་བཞིན་ངོས་ཟིན་རྒྱུ་ནི་དཀའ་ལས་ཉག་གཅིག་ཡིན་ཡང་སྒྲུབ་ཕུག་གཅིག་དེ་བགྲེས་པོ་ཚོའི་ངག་ན་ད་ལྟའི་དུས་སུའང་ཡོད་པ་སྟེ་ཨ་མྱེས་སྐུ་བླའི་སྒྲུབ་ཕུག་གོ། གནའ་སྔ་མོར་བོན་གྱི་དད་ལྡན་རྣམས་ཨ་མྱེས་སྐུ་བླར་གནས་སྐོར་དུ་འགྲོ་བ་དང་སྒྲུབ་ཕུག་ཏུ་མཚམས་ལ་བཞུགས་པའི་སྒོམ་པ་བར་ཁ་ཟས་སྐྱེལ་མི་འགྲོ་བའི་བཤད་ཚུལ་དེ་ད་ལྟའི་ལོ་ལོན་ཚོའི་ངག་ནས་ཡང་ཡང་ཐོས་རྒྱུ་བྱུང་ལ། རྩེ་དབུས་ཚེ་མཚམས་པ་སྐུ་ཕྲེང་(1796_)དང་བོ་དཀོན་མཆོག་སེང་གེ་བ་དེ་སྐུ་ཚེ་གང་བོར་མཚམས་ལ་བཞུགས་སའི་སྒྲུབ་ཕུག་ཀྱང་སྐུ་བླའི་བྲག་ལ་ཡོད་པར་སྨྲ་མཁན་མང་ཡང་ཏག་ཏག་སྒྲུབ་ཕུག་དེ་བྲག་ངོས་གང་དུ་ཡོད་པ་་ཤེས་མཁན་དང་དེར་མཇལ་མྱོང་མཁན་དཀོན་པ་འདྲ། ལྷག་པར་ལོ་འདི་དག་རིང་བགྲེས་སོང་མང་བོར་དྲིས་མོད་སྒྲུབ་ཕུག་གར་ཡོད་གསལ་བོར་བཤད་མཁན་ཞིག་མ་བྱུང་།

  སྐུ་བླའི་བང་མཛོད།

  གཡོན་གྱི་རི་ངོས་སུ་འགོས་ཏེ་མཚམས་འདི་ནས་ཕར་ལ་གསེག་བཅད་དེ་འགྲོ་དགོས།

  ད་ལོའི་ཉིན་ཞིག་ང་རང་ཁུ་བོ་ཨ་ཁྲུང་ཚང་ལ་སོང་སྟེ་ཡར་མར་གྱི་ཁ་བརྡ་སྣ་ཚོགས་བྱེད་ཀྱིན་བསྡད་པའི་སྐབས་ཤིག་ལ་ཨ་མྱེས་སྐུ་བླའི་སྒྲུབ་ཕུག་གི་སྐོར་དེ་དྲིས་པར་འགྲོ་མ་མྱངས་ཀྱང་ཕལ་ཆེར་བྲག་ཕུག་ཡོད་ས་དེ་ངོས་ཟིན་པ་འདྲ་གསུངས་བྱུང་། ཕོ་ལོ་དྲུག་ཅུ་རེ་བརྒྱད་ལོན་པའི་ཁོང་རང་ཆུང་དུས་ལོ་བཅུ་བདུན་ཡས་མས་ཀྱི་དུས་སུ་སྐུ་བླའི་ཁོག་ཏུ་ལུག་རྫི་ཡིན་པའི་དུས་ཤིག་ལ་སྔར་གྱི་མཛོད་དགེ་ཉིན་མའི་བླ་བྲང་དར་ཝོ་ཡིན་པ་ཡོན་ཏན་སྔོན་པོ་ལགས་ཀྱིས་བྲག་ཕུག་ཡོད་སའི་གནས་དེ་བསྟན་མྱོང་ཞིང་རྗེས་ནས་མཇལ་བར་འགྲོ་ཐུབ་ན་སོང་ཚེ་བཟང་ངེས་ཞེས་གསུངས་ཏེ་སྒྲུབ་ཕུག་གི་མདུན་དུ་མེ་ཏོག་བཞད་པའི་སྤང་ཁུག་ཅིག་ཡོད་པ་དང་སྒྲུབ་ཕུག་དང་མི་རིང་བའི་སར་ཆུ་མིག་ཅིག་ཀྱང་ཡོད་རབས་གསུངས་པ་ད་ལྟའང་ཡིད་ན་འདུག་པས་འུ་གཉིས་ཉིན་ཞིག་མཉམ་དུ་འགྲོའོ་གསུངས་བྱུང་།

  རྫ་མགོ་རི་མགོར་སྨུག་པ་ལང་ལོང་འཐིབས་ཀྱང་ཆར་བ་འབབ་བཟོ་མེད་པའི་ཞོགས་པ་ཞིག་ལ་ཨ་ཁུ་ལགས་དང་ངེད་གཉིས་རྟ་ལ་བཞོན་ཏེ་ཨ་མྱེས་སྐུ་བླ་སྤུན་གསུམ་གྱི་དཀྱིལ་མ་སྟེ་བཱེ་ཤིང་དགོན་གྱི་གྲྭ་བ་རྣམས་ཀྱིས་བསྟོད་པའི་ལབ་ཙེ་ཡི་དབུ་རྩེ་ལ་འགོས་ཏེ་རླུང་རྟ་སྤུར་ཞིང་སྨུག་པ་དྭངས་པར་རེ་ཞིག་སྒུག་ཀྱང་རི་རྐེད་ནས་རི་མགོ་བར་སྨུག་པ་འཐིབས་རེས་དྭངས་རེས་ཀྱིས་གཏན་ནས་དྭངས་མ་སོང་། རྒྱང་རིང་ནི་ལྷག་ཏུ་སྨུག་པས་བཅད་འདུག དེ་མིན་སྐུ་བླའི་དབུ་རྩེ་ནས་བལྟས་ཚེ་ཤར་དུང་རི་སོགས་མཐོང་བའི་བཤད་ཚུལ་ཡང་འདུག དེ་ནས་ངེད་གཉིས་རྟར་བཞོན་ཏེ་བྲག་རྐེད་བར་བབས་ཤིང་མཚམས་ཤིག་ནས་རྟ་གཉིས་བཏགས་ཤིང་བྲག་བར་ཉུལ་ཏེ་སྒྲུབ་ཕུག་འཚོལ་དགོས་བྱུང་། དེ་ནི་ལོ་མང་བོ་ཕྱིན་པས་ཨ་ཁུ་ལགས་ཀྱིས་སྒྲུབ་ཕུག་ཡོད་སའི་གནས་དེ་ཐད་ཀར་མ་རྙེད་པས་ཡིན། རྒྱང་ནས་མཐོང་བའི་བྲག་ཕུག་ཅིག་གཟས་ཏེ་སོང་མོད་དེ་ནི་ཨ་ཁུའི་ཡིད་ན་ཡོད་པའི་ས་རྟགས་སོགས་དང་མི་མཐུན་པས་མུ་མཐུད་བཙལ་བ་ཡིན། དེ་དུས་ཡང་བྲག་རྐེད་ནས་མར་རིང་ཙམ་བབས་འདུག་པས་ང་རང་སླར་ཡང་གཡའ་སྤང་མཚམས་སུ་བཏགས་ཡོད་པའི་རྟ་གཉིས་ལེན་དུ་སོང་བ་ཡིན། རྟ་གཅིག་བཞོན་ཞིང་རྟ་གཅིག་ཁྲིད་དེ་མར་ཅུང་ཙམ་བབས་རྗེས་སླར་ཡང་རྟ་གཉིས་དེ་རུ་བཏགས་ཤིང་བྲག་གསེབ་ཏུ་གསེག་བཅད་དེ་སོང་བ་ན་ཨ་ཁུ་ལགས་བྲག་ཁུང་ཞིག་ཏུ་མཐོང་གི་འདུག གམ་དུ་ཐོན་ལ་ཉེ་དུས་ཨ་ཁུ་ལགས་ཀྱིས་འདི་ཡིན་པ་འདྲ་ཐག་ཉེ་ཞིག་ན་ཆུ་ཡོད་དུས་འདི་ཡིན་ངེས་ཟེར། ཆུ་དེར་ཏག་ཏག་ང་རང་ཡོང་ལམ་ནས་འཕྲད་པས་སྒྲུབ་ཕུག་དང་བར་ཐག་ཆེར་མེད་པར་བཤད་པ་ན་དེ་ཡིན་དུས་འདི་མིན་མི་སྲིད། མདུན་དུ་སྤང་ཡང་འདུག་པས་སྔར་རྡོ་གཞོང་ཞིག་ཏུ་མེ་ཏོག་བཏབ་ཡོད་ཟེར་བ་འདྲ་ཞིག་ཡིད་ན་འདུག་ཀྱང་ད་ནི་ལོ་མང་བོ་འགོར་བས་འཇིག་པའང་ཡིན་སྲིད་ཟེར། སྒྲུབ་ཕུག་ནི་བྲག་ངོས་ཤིག་ན་རང་བྱུང་གིས་བྲག་སྒོ་གོར་གོར་གཉིས་ཡོད་པ་ཞིག་ཡིན་ལ་ནང་དུ་ཁུང་བུ་གཉིས་ཕན་ཚུན་ཁྲ་འདུག བྲག་སྒོ་གོར་གོར་གཉིས་ལ་ཆེ་ཆུང་ཅུང་ཙམ་ཡོད་པ་དང་ཁ་ལྷོ་ཕྱོགས་སུ་གཏད་འདུག མདུན་གྱི་སྤང་ནི་ད་ལྟ་བྲག་སྒོ་ཡན་མ་བར་རྡོ་ཁྲོབ་བཞུར་ནས་བསྣན་ཡོད་པ་ལས་བྲག་སྒོ་འགབ་མའི་ཐད་ནས་མར་ཟུར་དུ་ད་དུང་སྤང་ལ་མེ་ཏོག་བཞད་ཡོད། ཆུ་མིག་དང་སྒྲུབ་ཕུག་བར་དུ་ད་ལྟའང་གསེག་ལམ་གཉིས་འདུག་མོད་དེ་ནི་གནའ་སོགས་བཤར་ལམ་ཡིན་ཡང་སྲིད། ལམ་དེ་གཉིས་བྲག་ཟོར་ཟོར་གཉིས་ཀྱི་བར་དུ་བརྒྱུད་འདུག་ལ་སྐབས་དེར་ཨ་ཁུ་ལགས་ཀྱིས་སྔོན་ཆད་བྲག་ཅིག་གི་སྐྱི་སྲིབ་བར་ནས་འབུད་དགོས་ཞེས་པའི་ཡོན་ཏན་སྔོན་པོ་ལགས་ཀྱི་སྐད་ཆ་དེའང་དྲན་པ་སོས་ལ་ཁོང་རང་གི་ཡིད་ལ་འདུག་པའི་ས་རྟགས་རྣམས་ངོ་འཕྲོད་པས་ཡིད་ཚིམས་པའི་འཛུམ་མདངས་མངོན།

  བྲག་ངོས་འདི་རུ་ཆུ་དྭངས་མོ་ཞིག་འབབ་ཀྱིན་ཡོད།

  རྒྱང་རིང་ནས་མཐོང་བའི་བྲག་ཕུག དཀར་ཐོ་ཞིག་མཐོང་བ་དེ་ཨ་ཁུ་ལགས་རེད།

  ཨ་མྱེ་སྐུ་བླའི་སྒྲུབ་ཕུག་སྒོ་གཉིས་མ།

  ངའི་ཨ་ཁུ་ལགས་ནི་རྔོན་པ་ཞིག་ཡིན་པས་ཡུལ་འདིར་རྫ་ར་བྲག་ར་མ་འགྲིམས་ས་ཅུང་ཉུང་ཡང་ཨ་མྱེས་སྐུ་བླའི་ངོས་སུ་རྔོན་རྒྱག་པར་གོམ་གང་སྤོ་མྱོང་མེད་པས་བྲག་ར་འདིར་རྒྱུས་མངའ་དེ་ཙམ་མི་འདུག ཁོང་ལའང་སྔར་ནས་སྒྲུབ་ཕུག་དེར་མཇལ་འདུན་ཡོད་པ་དང་དེ་རིང་དངོས་སུ་མཇལ་ཐུབ་སོང་བས་སྔར་རྒད་པོ་ལགས་ཀྱི་གསུངས་དེའང་དོན་ལ་སྨིན།

  ཨ་མྱེས་སྐུ་བླའི་བསང་ཡིག་སོགས་སུ་གནས་ཀྱི་བཀོད་པ་བྲིས་པ་ལ་ཀུན་མཁྱེན་འཇིགས་མེད་དབང་བོས་<<གཉན་ཆེན་སྐུ་བླ་སྤུན་གསུམ་གྱི་གསོལ་མཆོད་འདོད་དོན་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ་>>ཞེས་པ་རུ།
        ཀྱཻ་རིན་ཆེན་བྲག་རི་བརྩེགས་པའི་ལྷུན་པོ་ནི།།
        རྩ་བ་དབང་ཆེན་གསེར་གྱི་གཞི་ལ་ཟུག།
        རྐེད་པ་སྲ་བརྟན་རྡོ་རྗེ་བྲག་གིས་སྤྲས།།
        རྩེ་མོ་གསུམ་ལྡན་དགུང་སྔོན་དབྱིངས་སུ་བསྙེགས།། ཞེས་བྱུང་ཡོད་ལ། བསང་ཡིག་འདི་ནི་ངས་མཐོང་བའི་སྐུ་བླའི་བསང་འབོད་སྔ་ཤོས་དེ་ཡིན།

  གཞན་ཕྱག་མཛོད་མཁན་པོ་དཀོན་མཆོག་སེང་གེ་བ་(1768_1842)མཛོད་དགེ་ཉིན་མར་ཕེབས་སྐབས་སྐུ་བླའི་ཕོ་བྲང་ཡང་ཚ་ཁོའི་རྒྱལ་ཁག་ཚོའི་ཁང་བ་ལྟ་བུ་འོག་ཤོད་མཚོའི་ནང་དུ་སྦལ་སྦྲུལ་མང་པོ་དང་། སྟོད་ཕྱོགས་ཀྱི་གཞི་བདག་ཐམས་ཅད་སྒོ་ནང་དུ་སྨུག་པ་བཞིན་ཐིམ་པའི་གཟིགས་སྣང་ཡང་བྱུང་བ་ཁོང་གི་རྣམ་ཐར་དུ་ཡོད།

  བྲག་ངོས་སུ་དོད་པའི་ཞབས་རྗེས་ཨེ་ཡིན་སྙམ་པ་ཞིག

  ཅུང་འཕྱི་བ་ལ་སྤྱི་ལོ་1950ཡས་མས་སུ་མཛོད་དགེ་ཉིན་མའི་དགའ་ལྡན་པར་ ཕེབས་པ་བློ་བཟང་དོན་ཡོད་ཚང་གིས་རྨ་གཡང་ཕྱུག་མོ་དལ་གྱིས་འབབ་པའི་གཡས་འགྲམ་ན་བཞུགས་པའི་གླིང་གེ་སར་རྒྱལ་བོའི་དགྲ་ལྷ། ཕུ་ནུ་སུམ་བཅུའི་ཇག་ལྷ། མ་སྲུ་རྣམས་ཀྱི་ཟས་ལྷ། རི་རྩེ་ན་སྤྲིན་དང་ན་བུན་འཐིབས་ཤིང་། ནང་ན་སྦྲང་ཆར་འབབ་ཅིང་གཡུ་འབྲུག་ལྡིར་བ། རི་རྐེད་ན་བྲག་རི་དཀར་པོ་དཔའ་བོའི་ཁྲབ་རྫོང་གོན་འདྲ། ནང་ན་ཁྲ་གླག་རྒོད་གསུམ་གྱིས་གཤོག་རྩལ་ངོམ་པ། རི་སྨད་ན་ནེའུ་གསེང་མེ་ཏོག་འཇོལ་མོ་བཀྲ་བ། ནང་ན་རི་དྭགས་མ་བུ་སོགས་རྩེད་འཇོ་བྱེད་པ། དེ་ལ་གནས་པའི་ཡུལ་སྐྱོང་གི་རྒྱལ་བོ། ལྷ་གཉན་ཆེན་ པོ་སྐུ་བླ་སྤུན་གསུམ། མདུན་ཕྱོགས་སུ་གསང་བའི་ཡུམ་ཆེན། གཡས་ཀྱི་བློན་པོ་ཙ་རི་བདུད་འདུལ། བཙན་མི་དམར་རྟ་དམར་སུམ་བརྒྱ་དྲུག་བཅུ། རྒྱབ་ཀྱི་དྲེགས་པ་ཨ་མྱེས་གླང་ཆེན། བདུད་མི་ནག་རྟ་ནག་བརྒྱ་དང་རྩ་བརྒྱད། གཡོན་གྱི་གཏེར་སྲུང་མུ་ཁྲི་འབྲོང་རྩེ། གཉན་མི་སྔོན་རྟ་སྔོན་སུམ་བརྒྱ་དྲུག་བཅུ། ཤར་གྱི་ལ་སྒོ་དཀར་པོ། གཉན་མི་དཀར་རྟ་དཀར་མི་ཁྲི་ ཆིག་སྟོང་ཞེས་གསུངས་པ་འདིའང་དུས་དེར་དགའ་ལྡན་པའི་གྲྭ་བ་བྱེད་མྱོང་བ་ཉིན་མའི་སྦྱིན་ཕྲུག་ལགས་ཀྱི་བློ་ན་ཤར་མར་གསལ།

  སྐུ་བླའི་དབུ་རྩེ་ནས་བླངས་པའི་པར།

  གཞན་ཡང་རྐིཏི་སྐུ་ཕྲེང་ཞིག་གིས་གསུངས་པའི་བསང་ཡིག་ཅིག་ཡོད་རབས་ཟེར་མོད། རྐིཏི་སྐུ་ཕྲེང་བརྒྱད་པ་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ་ལས་མ་རྙེད། ངག་རྒྱུན་དུ་ས་བཅུ་བ་ཐོབ་པའི་སངས་རྒྱས་ལོ་སྟོང་གི་ཨ་མྱེས་སྐུ་བླ་ཞེས་པ་མཛོད་དགེ་ཉིན་མའི་ཡུལ་ལྷ་གཞི་བདག་གི་གཙོ་བོ་འདི་ནི་རྨ་ཆུ་རྫོང་མཁར་ནས་འབྲོང་ལམ་བརྒྱུད་བར་ཝོལ་དཀྱིལ་མགུར་གྱི་མདུན་ནས་གཡོན་ཕྱོགས་བར་ཝོལ་ཁོག་ཏུ་ཅུང་ཙམ་ཕྱིན་ཏེ་བར་ཝོལ་ཆུའི་ཟམ་ཆུང་བརྒལ་ནས་སྐུ་བླའི་མདུན་ལུང་གི་ཕུག་ཏུ་སོང་ནས་བང་མཛོད་ཀྱི་གཡས་རིའི་ངོས་སུ་འགོས་ཏེ་རི་རྐེད་ནས་གསེག་གིས་བྲག་བར་བཅད་ན་ཨ་མྱེས་སྐུ་བླའི་སྒྲུབ་ཕུག་མཇལ་ཐུབ།

  རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

རང་ས་རང་ཡུལ་རང་མི་རྣམས་ལ་ངོ་སྤྲོད་པ།__ཨ་མྱེས་སྐུ་བླའི་སྒྲུབ་ཕུག  

2020-07-30 རྨོག་རུ་ཤེས་རབ་རྡོ་རྗེ།(རྨ་ཆུ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།