བཅད་རྩོམ་གསར་མ་ཞེས་པའི་རྩོམ་ལུས་ཀྱི་གོ་དོན་བརྗོད་པ།

                                                                                            གླེང་གཞི།
    ཟླ་འདི་དག་གི་རིང་ལ་བོད་ཡིག་གི་དྲ་སྟེགས་གཙོས་པའི་བོད་ཀྱི་རྩོམ་སྟེགས་ཆུང་ངུ་འདིར།“བཅད་རྩོམ་གསར་མའི”སྐོར་ནས་རྩོམ་འབྲི་གནང་མཁན་དང་གླེང་སློང་བྱེད་མཁན་ཉིན་བཞིན་ཇེ་མང་དུ་འགྲོ་ཀིན་འདུག་ཅིང༌།ཟིན་བྲིས་ཁྲོད་དང་ལོ་དེབ་ཁག་ཏུ“བཅད་རྩོམ་གསར་མར”བགྲང་འོས་མིན་ཅི་རིགས་པ་སྤེལ་ཏེ།ལྟོས་བཞག་གིས“བཅད་རྩོམ་གསར་མའི”རྩོམ་ལུས་ཀྱི་ལམ་ཁ་ཇེ་ཡངས་དང་ཁོག་རྒྱ་ཇེ་མཐོ་རུ་འགྲོ་བའི་སྔོན་འགྲོ་འཛུགས་བཞིན་ཡོད་པའི་སྒང་འདིར།
    བོད་ཡིག་གི་རྩོམ་རིག་སྤྱི་ལ་འདྲེས་ཆ་དེ་ཙམ་མི་མཐོ་བ་དང༌།ལྷག་ཏུ་བཅད་རྩོམ་སྐོར་ལ་གསལ་ཆ་གཏིང་ཟབ་མི་མངའ་བའི་གཞོན་པ་སྐོར་ཞིག་གིས།“བཅད་རྩོམ་གསར་མ”ནི་མི་རེ་གཉིས་ཤིག་གིས་གསར་དུ་ལམ་ཕྱེས་ཤིང་སྒོ་འབྱེད་དེ་འོང་བ་ཞིག་གམ།ཡང་ན་མི་གང་ཡིན་གྱིས་འབྲི་མི་བཏུབ་ཅིང་འབྲི་མི་ཆོག་པ་སྟེ།དེ་སྔོན་སུས་ཀྱང་བྲིས་སུ་མེད་པ་ལ་དེ་རིང་གསར་དུ་གང་ཞིག་ནས་སྲོལ་བར་བྱས་པ་ལྟ་བུ་ཞིག་ཏུ་ངོས་འཛིན་གྱིན་འདུག་པས་མི་ཚད།“བཅད་རྩོམ་གསར་མའི”རྩོམ་ལུས་འདི་ཀ་མི་རེ་ཟུང་ལ་དབང་བ་ལས་བོད་ཡིག་རྩོམ་འབྲི་བ་སྤྱིས་ལོངས་སུ་སྤྱད་མི་ཆོག་པ་འདྲ་བའི་ལྟ་ཚུལ་སྐྱེས་ཀྱིན་ཡོད་པས་ན།
ཁོ་བོས་ལོ་འདི་དག་གི་རིང་ལ“བཅད་རྩོམ་གསར་མ”གཙོ་ལུས་སུ་བྱས་པའི་སྒོ་ནས་རྩོམ་འབྲི་བྱས་པའི་མྱོང་སྣང་ཁག་དང༌།བོད་ཡིག་གི་རྩོམ་ལུས་ཆེ་གྲས་སུ་གྱུར་ཡོད་པའི“བཅད་རྩོམ”སྤྱི་ལས།བྱེ་བྲག“བཅད་རྩོམ་གསར་མའི”བྱུང་འཕེལ་སྐོར་ནས་མདོར་བསྡུས་ཤིག་སྒེར་གྱི་དྲན་ཚུལ་དང་མཐུན་པར་དྲང་བཞག་གིས་བརྗོད་འདོད་བྱུང༌།
 
                          གཅིག བཅད་རྩོམ་གསར་མའི་སྐྱེས་ཁུངས།
     འཇིག་རྟེན་སྟེང་གི་བྱ་དངོས་གང་ཡིན་ཡང་རང་རང་ལ་ཕྱི་ནང་གི་རྒྱུ་རྐྱེན་དུ་མ་འཛོམས་ནས་འབྱུང་གིན་ཡོད་པ་བཞིན་དུ།བོད་ཀྱི་རྩོམ་རིགས་ཁྱོན་ཡོངས་དང་འདྲ་བར་བཅད་རྩོམ་གསར་མ་ཡང་རྒྱུ་མེད་རྐྱེན་བྲལ་གྱིས་གྲུབ་པ་ཞིག་མ་ཡིན་པར།ལོ་རྒྱུས་རང་བཞིན་གྱི་རྩོམ་རིགས་ཀྱི་ལམ་དང་བསྡོངས་ཏེ་བྱུང་འཕེལ་བྱས་པ་ཞིག་ཡིན་ཞིང༌།དེ་ཡང་བཅད་རྩོམ་གསར་མ་ནི་འུ་ཅག་གི་གཙོ་རྒྱུགས་རིག་གནས་རྣམས་དང་མཚུངས་པར།རྩོམ་འགོ་རྒྱ་གར་ཡུལ་དུ་གཏད་པའི«མེ་ལོང་མའི»བརྒྱུད་སྲས་སུ་ཆགས་པའི་རྒྱ་གར་གྱི་རིག་གནས་གང་ཞིག་གི་ཡན་ལག་གམ་ནང་གཏོགས་མིན་ལ།ཐག་རིང་ཨ་རིའི་ཡུལ་ནས་འགོ་བཙུགས་ཏེ་རྒྱ་ནག་གི་ཆགས་དབྱིབས་དང་འགྲོགས་ཏེ་ཐོན་འོང་བའི“གྲོལ་རྩོམ”མམ“རང་མོས་སྙན་ངག”གི་འཁྲུངས་ལུགས་དང་ཡང་གཅིག་པ་ཞིག་མིན་ཕྱིར།“བཅད་རྩོམ་གསར་མའི”ནང་དུ་ཆོས་ཞེན་གྱིས་མཐོན་པོར་བཏེགས་པའི་ཚིག་རྒྱན་གྱི་ལྗིད་དང་མངོན་བརྗོད་ཀྱི་འཁུར་མེད་ལ།ཁྱིམ་མཚེས་ཀྱི་རོ་ཡིས་བཟུང་བའི་རྩ་ཐང་གི་དྲི་དང་གྲོང་ཁྱེར་གྱི་ལད་མེད་པ་རེད།དེ་ལྟ་དེ་ལྟས་རྒྱ་གར་པ་དབྱིག་པ་ཅན་སོགས་དང་འབྲེལ་བ་མེད་ལ་རྒྱ་ནག་པ་ཀོ་མོ་རོས་སོགས་དང་ཡང་ཇུས་གཏོགས་མེད་པར།བཅད་རྩོམ་གསར་མ་ནི་བོད་རང་གི་ཁོར་ཡུག་ནས་འགོ་འབུས་ཤིང་བོད་རང་གི་ཡིག་ཐོག་ནས་དར་འགོ་བརྩམས་པའི་རྩོམ་ལུས་ཅུང་ཆེ་གྲས་ཤིག་ཡིན།
དེ་བས་ན་གནའ་རབས་བོད་ཀྱི་མཁས་པ་གང་མང་ཞིག་གིས་བརྩམས་གནང་བྱས་པའི་རྟོགས་པའི་ཀློང་ནས་གྱེར་བའི་མགུར་དང༌།ངེས་འབྱུང་ཤུགས་ཀྱིས་བསྐུལ་བའི་གླུ།དམ་ཆོས་གདངས་ལ་བཞག་པའི་དབྱངས་རྣམས་ནི་བཅད་རྩོམ་གསར་མ་མི་ཡུལ་དུ་སྐུ་བསྟམས་པའི་ཐོག་མའི་ཕ་ཡབ་ཡིན་ལ།གནའ་རབས་མེས་པོའི་ངལ་རྩོལ་གྱི་ཁྲོད་དང་ན་ཟུག་གི་ཀློང༌།སེམས་སྟོབས་ཀྱི་གསེང་བཅས་ནས་ཐོན་པའི་དམངས་སྲོལ་ཀྱི་ཤགས་དང་མཛའ་དུངས་ཀྱི་ལ་གཞས།རྒན་རབས་ཀྱི་བསླབ་གདམས་སོགས་ནི་བཅད་རྩོམ་གསར་མ་ཆགས་པའི་རྩོམ་ལུས་ཀྱི་བསྐྱེད་ཡུམ་ཡིན།
དེའང་ཁ་ཇེ་གསལ་དུ་བཏང་ནས་བརྗོད་ན།གནའ་རབས་བོད་ཀྱི་བཀའ་གདམས་གསར་རྙིང་གི་བླ་མ་ཁག་གིས་མཛད་པའི་བཅད་ལུས་ཀྱི་གདམས་པ་ཁག་དང༌།མཁས་པ་ས་པཎ་སོགས་ཀྱིས་བྲིས་པའི་བཅད་ལུས་ཀྱི་གཞུང་ལུགས་དང་ལེགས་བཤད།རྗེ་མི་ལ་རས་པ་དང་ཞབས་དཀར་ཚོགས་དྲུག་རང་གྲོལ་རྣམ་པས་བྲག་ཀློང་དག་ནས་ཤུགས་ཀྱིས་གྱེར་བར་གྲགས་པའི་ལྟ་བའི་མགུར་དང་ངེས་འབྱུང་གི་གླུ།རྗེ་ཙོང་ཁ་བ་ཆེན་མོའི་རྟེན་འབྲེལ་ལ་བསྟོད་པ་དང་དཔལ་སྤྲུལ་རིན་པོའི་ཆེའི་སྙན་ངག་གི་ཚོམ།ཆགས་མེད་ཚང་གི་སྨོན་ལམ་དང་མི་ཕམ་མཆོག་གི་ཆོས་གླུ།རྙིང་མའི་མཁས་ཆེན་དག་གིས་ཁ་བཏོན་དུ་ཟློ་བའི་ཐོས་པ་ཙམ་གྱིས་གྲོལ་བར་འགྱུར་སྐད་ཀྱི་བསྟན་བཅོས།རྒན་གཞོན་སུས་ཀྱང་ཁ་སེམས་གཉིས་ཆར་དུ་འཁྱིལ་བའི་གེ་སར་གྱི་སྒྲུང་གཞས་སོགས་བོད་པ་རང་གི་སྐད་ཡིག་གི་སྟེང་ནས་བོད་པ་རང་གི་ངག་གིས་བྲིས་པའི་ཚིགས་བཅད་རྙིང་བ་རྣམས་ནི་ད་ལྟའི་བཅད་རྩོམ་གསར་མའི་འབྱུང་ཁུངས་ཡིན་ལ།
      གཞན་ཡང་དམངས་ཁྲོད་ནས་རྐང་ཆགས་ཤིང་དམངས་ཁྲོད་ནས་ལུས་རྒྱས་པའི“སྲོད་ལ་བྱམས་པ་བཙལ་བས།།ཐོ་རངས་ཁ་བ་བབས་བྱུང་།།གསང་དང་མ་གསང་མི་འདུག།ཞབས་རྗེས་གངས་ལ་བཞག་ཡོད”སོགས་ཀྱི་གླུ་སྐད་དྲོན་མོ་བོད་ཀྱི་རྩ་ལུང་ཀུན་ལ་ཁྱབ་པའི་ཚངས་དབྱངས་པའི་མགུར་ནས་ཨ་མདོ་ཡི་ལ་གཞས་བར་གྱི།རྒྱ་དཀར་ནག་སུས་ཀྱང་ཤུགས་རྐྱེན་མ་ཐེབས་པའི་བོད་པ་རང་གི་བཅད་རྩོམ་བྱང་མ་ཁག་ནི།དེ་རིང་གི་བཅད་རྩོམ་གསར་མའི་ཐ་སྙད་སྒྲིག་པའི་གཞི་དང་ངག་རྩལ་ཕུད་པའི་སྒྲོམ་ལྟ་བུར་ཆགས་ཡོད།ལྷག་ཏུ་དགོན་གྱི་ལྟ་མགུར་དང་དམངས་ཀྱི་ལ་གཞས་ཁག་ནི་བཅད་རྩོམ་གསར་མའི་ཁོག་དང་རོ་གཅིག་ཏུ་བརྒྱུས་པའི་རྩོམ་ལུས་ཡིན་ཞིང༌།“བཅད་རྩོམ་གསར་མ”ནི་འདི་དག་རྐང་བྱས་པའི་སྒོ་ནས་ད་གཟོད་ནར་སོན་པ་དང་འདི་དག་གི་རྨང་བཏང་བའི་སྟེང་ལ་ད་གཟོད་རྩོམ་གསར་དུ་དར་བ་ཞིག་ཡིན།
དེ་བས་ན“བཅད་རྩོམ་གསར་མ”ནི་ཡུལ་ག་གེ་མོ་དང་མི་ཆེ་གེ་མོ་གཅིག་གི་རྣམ་དཔྱོད་ཁོ་ན་དང་ངག་བདེ་རྐྱང་བས་སྲོལ་བཞག་ནས་ཡོང་བ་ཞིག་མིན་པར།ལོ་རྒྱུས་ཀྱི་ངོས་ནས་བལྟས་ན་ལོ་ངོ་བརྒྱ་ཕྲག་དུ་མའི་བཤུལ་ལམ་དུ་མཁས་པ་བཅུ་ཕྲག་དུ་མས་བཞེངས་སྐྲུན་བྱས་ཏེ་འོང་བ་ཞིག་ཡིན་ལ།དུས་རབས་ཀྱི་ངོས་ནས་མཇལ་ན་གནའ་རབས་དང་ཉེ་རབས།དེང་རབས་བཅས་ཀྱི་ནང་དུ་དུས་རབས་རེ་རེ་དང་ལོ་རབས་རེ་རེ།བཅད་རྩོམ་འབྲི་མཁན་གྱི་བློ་རྩལ་རེ་རེས“སྲེག་བསྡུར”གྱིས་བྲིས་ཤིང་བཀྲབ་སྟེ་ཡོང་བས་ན།འདི་ལ་རང་ཚོད་ནས་ལོ་རྒྱུས་ཀྱི་རིན་ཐང་དང་བློ་གྲོས་ཀྱི་སྤྱོད་སྒོ་འདྲ་མིན་གྱི་མཛད་རྗེས་ཕབ་ཡོད།དེའི་དབང་གིས་བཅད་རྩོམ་གསར་མ་རྟོགས་པར་བྱ་བའི་སྔ་རོལ་དུ་གོང་གི་དེ་དག་ངེས་པར་དུ་ཤེས་དགོས་ཤིང༌།བཅད་རྩོམ་གསར་མ་འབྲི་བའི་ཐོག་མ་ཡང་གོང་གི་དེ་དག་ལ་ངེས་པར་དུ་རྒྱང་མཇལ་གནང་དགོས་ཚོད་རེད།
 
                                          གཉིས། བཅད་རྩོམ་གསར་མའི་ཉེ་རབས་ཀྱི་བརྒྱུད་ལམ།
     ཉེ་རབས་བོད་མིའི་ལོ་རྒྱུས་ཀྱི་གཞུང་ཤིང་རིང་མོའི་གནས་སུ་ཕྱིར་འཁོར་ནས་བལྟས་པ་ཡིན་ན།ཟུར་གང་མང་ཞིག་ནས་ངོམ་རིན་ཡོད་པའི་ཤེས་ཡོན་པ་གཅིག་པུ་ནི་མཁས་པ་དགེ་ཆོས་ལགས་ཡིན་པ་རེད།དེའང་གཙོ་བོ་ཁོང་གི་སྒེར་གཤིས་ཀྱི་བློ་མིག་དང་གཟེངས་ཐོན་གྱི་རྩོམ་རྩལ་རང་སྟེ།སྐད་ཆ་ཡི་གེར་འཕོས་པའི་ཁོང་གི་གསུང་ཚིག་གང་ཡིན་ཡང་གཞན་དང་མི་འདྲ་ཞིང་ཀུན་དང་མི་མཚུངས་པར་བདེན་པ་ལ་ཕྱོགས་ཤིང་དྲང་ཐད་ཀྱིས་ཕྱིན་པའི་ལམ་ཞིག་རང་བཞིན་གྱིས་བཏོད་ནས་ཡོད་པ་ཡིན།
     དེ་བས“བཅད་རྩོམ་གསར་མ”གླེང་བའི་སྐབས་འདིར་ཡང་ཁོང་ལ་སྐལ་ཞིག་ཐོབ་ཀྱིས་བཞག་མ་མིན་པར་དོན་གྱིས་ཐོབ་ནས་ཡོད་པ་ནི།ཁོང་གིས་སྙན་ངག་ཏུ་བྲིས་པའི་བཅད་རྩོམ་མང་ཆེ་བའི་འབྲི་ཐབས་ནི་བཅད་རྩོམ་གསར་མའི་འབྱུང་ཁུངས་སུ་གྱུར་ཡོད་པའི་རིགས་ཏེ།སྐབས་དེའི་རྩོམ་ལུས་གཙོ་རྒྱུགས་རྣམས་དང་མི་གཅིག་པར་མངོན་བརྗོད་མདུན་དུ་སྤུངས་ཏེ“བླ་བསྟོད”འུར་གྱིས་བླངས་པ་ལས་ལྡོག་སྟེ།“འདི་ན་སུ་དང་གང་གིས་མྱི་ཤེས་པའི”རྒྱུ་མཚན་སྔོན་དུ་བཞག་ཏེ“སེང་གེ་ཁྱི་ཡི་གཡོག་ཏུ་འགྱུར་ཚུལ་འདི་སྐྱོ་བའི”ཚུལ་དེ་བཅད་ངག་འདར་འདར་གྱིས་འཁྱུགས་ཡོད་པ་དང༌།ཁྱད་པར་དུ་ཀླུ་གྲུབ་མཆོག་གི་དགོངས་པ་དེ་མ་རེད་འདི་རེད་ཅེས་བསྒྲགས་པའི་སྐབས་ཀྱི“མི་མང་གང་ལ་དགའ་དེ་བདེན་པ་དང༌།།ཁ་མང་གང་ལ་མཐུན་དེ་གྲུབ་མཐར་སྣང༌།།མི་རེའི་ཁོང་ན་མི་མཐུན་ཚད་མ་རེ།།དེ་ཡི་རྒྱབ་སྐྱོར་རྡོ་རྗེའི་བཀའ་ལུང་རེ”དང“བཞིན་རས་ཅུང་ཟད་འགྱུར་ཡང་འགྱུར་བྱེད་ཅིང༌།།མེ་ལོང་ཅུང་ཟད་འགྱུར་ཡང་འགྱུར་བྱེད་པའི”དོན་རྐྱེན་རེ་རེ་སྒྲེང་བའི་སྒོ་ནས“ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ”བའི་གནད་དོན་རྣམས་བཤད་སྐབས་ཀྱི་ངག་ནི་བཅད་རྩོམ་གསར་མའི་རྐང་འཇོག་བྱེད་ཀྱི་དབྱངས་ཡིན་པས་ན།དེ་རིང་གི་བཅད་རྩོམ་གསར་མ་དངོས་ཀྱི་ལྗིད་ཚད་མི་མངའ་ཡང༌།ཁ་སང་གི་བཅད་རྩོམ་གསར་མའི་དྲི་ངད་ཡོངས་སུ་འཐུལ་འདུག་པའི་ཕྱིར་ན།དེང་རབས་བཅད་རྩོམ་གསར་མའི་འཁྲུངས་ཁུངས་ནི་གནའ་རབས་ཀྱི«ཚངས་མགུར»དང«མི་ལའི་གསུང་མགུར»སོགས་ལས་གཞན།ཉེ་རབས་ཀྱི“དགེ་ཆོས་རྩོམ་རིག”ལ་ཡང་འབྲེལ་བ་དམ་ཟབ་ཡོད་པ་ཡིན།
དེ་བས་གྲོགས་འོད་ནག་སོགས་ཀྱིས་གསུངས་པ་ལྟར་ན་དེང་རབས་བཅད་རྩོམ་གསར་མའི་གསར་འབྱེད་པ་ནི་མཁས་པ་དགེ་ཆོས་ལགས་གཞག་ན་འགྲིག་པར་འདོད་མོད།ཁོང་གི་བཅད་རྩོམ་དག་ནི་བོད་ཀྱི་བཅད་རྩོམ་དང་སྙན་ངག་མི་ཆོས་ལ་བསྐྱོད་པའི་འགོ་མ་ཡིན་པས་བརྗོད་དམིགས་ཀྱི་ཆ་ནས་དེང་རབས་བཅད་རྩོམ་གསར་མའི་རྐང་བཞག་ཡོད་ན་ཡང་།འོག་ཏུ་འཆད་པར་འགྱུར་བའི་འབྲི་ཐབས་ཀྱི་རྩལ་དང་ཡོངས་ཁྱབ་ཀྱི་ཐད།གཏིང་ཚིག་གི་མངོན་ཁྱད་ཀྱི་ཕྱོགས་དག་ནས་གསར་གཏོད་པ་དངོས་ཤིག་ཏུ་འགྱུར་མི་འདུག་པར་སྙམ།
 
                                 གསུམ། དེང་རབས་བཅད་རྩོམ་གསར་མ།
       ༡ བཅད་རྩོམ་གསར་མ་ཞེས་པའི་མིང་བཏགས་ཚུལ།
        བོད་ཀྱི་རྩོམ་རིགས་སྤྱི་པའི་ཁུངས་ནས་ཟུར་དུ་བུད་དེ་དོན་གྱི་བརྗོད་གཞི་དང་ཚིག་གི་མཚོན་ཚུལ་སོགས་ཀྱི་ཁྱད་པར་མི་འདྲ་བའི་རྩོམ་ལུས་འདི་ཉིད་ལ།དེ་སྔོན་བོད་ཡིག་སྟེང་དུ་བོད་རྩོམ་པ་སུས་ཀྱང་དངོས་སུ་མིང་ཞིག་སྨྲོས་མེད་པ་ལ།ཆེད་དུ“བཅད་རྩོམ་གསར་མའི་ལུགས”ཞེས་ལོགས་སུ་མིང་ཞིག་བཏགས་པའི་དུས་ནི༢༠༠༩ལོའི་ལོ་མཇུག་ཡིན་ཞིང༌།ཐོག་དང་བོར་ཁོ་བོས“ཚིགས་བཅད་གསར་བའི་རྩོམ་ལུས”ཞེས་བཏགས་པ(འདིར་ཁོ་བོས་ཆེས་ཐོག་མར་གསར་ངོ་ཤེས་པའི་སྒོ་ནས་བཅད་རྩོམ་གསར་མར་མིང་བཏགས་ལུགས་བཤད་པ་ནི།ལོ་རྒྱུས་ཀྱི་ངོས་འཛིན་སྔ་ཕྱི་ཙམ་ལས་བཅད་རྩོམ་གསར་མ་རང་གིས་གསར་དུ་བཏོད་དོ་སྨྲ་བའི་གནད་མིན་ལ།དེ་འདྲའི་སྒེར་བཟུང་བཙན་པོའི་ཧབ་ཐོབ་ཀྱང་ལར་ནས་མེད)ལ།རྗེས་སུ་གྲོགས་སེང་རྡོར་ལགས་ཀྱིས“བཅད་རྩོམ་གསར་མའི་ལུགས་ཀྱི་སྙན་ངག”ཅེས་སྔར་གྱི་མིང་ལ་བཟོ་བཅོས་དང་མཛེས་ཚིག་སྦྱར་བས།ཁོ་བོ་ཅག་གིས་མིང་ཡིག་གཅིག་གྱུར་ལ་དམིགས་ཏེ་ད་གཟོད“བཅད་རྩོམ་གསར་མའི་ལུགས”ཞེས་བོད་རྩོམ་གྱི་ཁྲོད་དུ་འབྲི་ཐབས་གསར་བ་གཞན་ཞིག་ཡོད་པ་དངོས་སུ་ཁྱབ་བསྒྲགས་བྱས(གཞན་ང་ཚོས་བོད་ཀྱི་དེང་རབས་བཅད་རྩོམ་གསར་མ་འབྲི་མཁན་ལ་ཟུར་དུ་མ་ནས་མིང་དོན་འཛོམས་ནས་ཡོད་པའི་རྩོམ་པ་བོ་བཅུ་ཕྲག་རེ་གཉིས་གདན་དྲང་སྟེ།བཅད་རྩོམ་གསར་མའི་ལུགས་ཀྱི་ཚོགས་པ་ཞིག་དང་དཔེ་ཚོགས་ཤིག་འཕུད་རྩིས་བྱས་མོད།ཕྱི་ནང་གི་དོན་རྐྱེན་རེ་འགའ་དང་ལྷག་པར་ནང་གི་བྲན་བསྒྱུར་གྱི་གནད་དོན་འགའ་ཡིས་ད་སྔོན་ལེགས་འགྲུབ་བྱུང་མ་སོང)པ་ཙམ་དུ་མ་ཟད།ཁོ་བོས་རང་རྩོམ་ཁག་གི་ནང་དུ“བཅད་རྩོམ་གསར་མའི་ལུགས”ཀྱི་རྩོམ་ལུས་ཞེས་ཆེད་དམིགས་ཀྱིས་མངོན་དུ་བཅུག་པ་ཡིན་ལ།སེང་རྡོར་ལགས་ཀྱི་བྲིས་རྩོམ་དག་གི་ཁྲོད་དུ་ཡང“བཅད་རྩོམ་གསར་མ”ཞེས་པའི་ཡིག་འབྲི་འགའ་བོ་འདི་ཉིད་དུས་རྒྱུན་སྣང་རྒྱུ་འདུག
      དུས་དེ་ནས་བཟུང་སྟེ་ཟླ་འགའ་ལས་མ་འགོར་བར་ཁོ་བོ་ཅག་གིས་གསོལ་བའི“བཅད་རྩོམ་གསར་མའི་ལུགས”ཞེས་པའི་མིང་འདི་ཡང“སྲོལ་རྒྱུན་སྙན་ངག”དང“རང་མོས་སྙན་ངག”ཟེར་བ་དང་འདྲ་བར་རྩོམ་ལུས་མངོན་མཚན་ཅན་ཞིག་ཡོད་པ་མི་གང་མང་གིས་ཤེས་ཀྱིན་འདུག་ལ།དེའི་སྐོར་ནས་ཡིན་དང་མིན།རེད་དང་མ་རེད།བཟང་དང་ངན།ཚུགས་དང་ལད་སོགས་ཀྱི་གསུང་ཚིག་དུ་མ་སྤེལ་མཁན་ཡང་འདུག་པ་མ་ཟད།རང་གིས་སྔར་བྲིས་ཡོད་པའི་བཅད་རྩོམ་འགའ་རེར་ཞབས་མཆན་དུ“བཅད་རྩོམ་གསར་མའི་ལུགས་ཀྱི་སྙན་ངག”ཅེས་མིང་གསར་འདི་ཀ་སྦྱར་དེ་དྲྭ་ཐོག་རྣམས་སུ་སྤེལ་མཁན་ཡང་མི་ཉུང་བ་ཡོད་མོད།གང་ལྟར་ཡང་རུང་སྟེ།ཤེས་མ་ཤེས་ཀྱིས་བོད་དུ་མངོན་གསལ་དོད་པོས“བཅད་རྩོམ་གསར་མ”ཞེས་པའི་འབྲི་ཐབས་ཤིག་ཡོད་པ་འུ་བུ་ཅག་གིས་ཡིད་འཇོག་ཙམ་མིན་པར་ཧ་གོ་བས་མི་ཚད།“བཅད་རྩོམ་གསར་མ”བཞེངས་པའི་རྩོམ་པ་བོ་འགའ་རེ་ཡང་སྔ་ས་ནས་ཕེབས་འདུག
 
             ༢བཅད་རྩོམ་གསར་མའི་འབྲི་ཐབས་ཀྱི་ཁྱད་ཆོས།
      “བཅད་རྩོམ་གསར་མ”ཞེས་ཡིན་ཡིན་གྱིས་མིང་ཆེན་ཞིག་བཏགས་པ་གང་དེ་ལ་དོན་དངོས་ནས་ཀྱང“བཅད་རྩོམ་གསར་མའི་འོད”རླབས་འདི་ཡིན་ཞེས་པའི་དོན་ཡོད་འོས་པ་ནི་བཤད་མ་དགོས་པ་ཞིག་རེད།དེ་བས་བཅད་རྩོམ་གསར་མ་ནི་སྔར་གྱི་བཅད་རྩོམ་སྤྱི་དང་ལྷག་ཏུ་ཉེ་རབས་ཀྱི་བཅད་རྩོམ་ཀུན་དང་མི་འདྲ་བའི་ཁྱད་ནུས་གཞན་ཞིག་ཡོད་པ་ནི།ཐ་སྙད་ཀྱི་སྒྲིག་ངོས་དང་ཚིག་རིས་ཀྱི་བཀོད་པ།སྒྲ་རྟགས་ཀྱི་འཐེན་ལུགས་ཁག་ལ།གོང་དུ་བཤད་པའི་གནའ་རབས་དང་ཉེ་རབས་ཀྱི་བཅད་རྩོམ་རྣམས་ཀྱི་སྒྲིག་རིམ་གདན་དུ་བཏང་བའི་སྟེང་ལ།དུས་ཀྱི་དབང་གིས་མ་བླངས་ངང་གིས་ཐོན་པའི་ཐ་སྙད་གསར་བ་དང་རྗོད་པ་གསར་བ།དབྱངས་འགུགས་གསར་བ་དང་ཚགས་བཀོད་ཟབ་པས་ཟུར་བརྒྱན་ཡོད་པ་དང༌།དངོས་ཡོད་དང་དངོས་མེད་ཀྱི་འཆར་ཡན་སྙན་ངག་གི་མཛེས་པ་ལྷུར་ལེན་ཆོག་པའི་ལུགས་སུ་སོང་ཡོད་པས་མི་ཚད།
བརྗོད་གཞིའི་ཆ་ནས་སྔར་གྱི་ལྷ་བསྟོད་དང་བླ་བསྟོད།“ཏང”བསྟོད་ཙམ་མམ།ཡང་ན་རྩྭ་ཐང་གི་མྱོང་བ་དང་སྤྲིན་དཀར་གྱིས་མྱོས་པ།ཝུ་ཆང་གིས་བཟི་བ་སོགས་ལས་ཡོངས་སུ་འདས་ཏེ།དམིགས་པའི་རྩེ་མོ་འགྲོ་མིའི་ཡོངས་ཁྱབ་ཀྱི་རིན་ཐང་སྟེ་འགྲོ་མིའི་ཁེ་དབང་མཐའ་དག་ལ་ཕྱོགས་ཡོད་པས་འབོལ་རྩོམ་ཞིག་གི་ལྗིད་ཚད་དང་འབོལ་རྩོམ་ཞིག་གི་མཚུངས་རྩོམ་དུ་སོང་ཆོག་ཡོད་པ་དང༌།རྩ་བའི་ཆ་ནས་རིག་གནས་ཀྱི་དགག་སྒྲུབ་དང་སྤྱི་ཚོགས་ཀྱི་དཔྱད་འཇོགསྒེར་གྱི་ལྟ་ཚུལ་དང་མཐོང་བྱང་ཁག་གསལ་དུ་བཏོད་ཡོད་པས་གླེང་བརྗོད་ཀྱི་སྐད་ཆ་སྤྱིའི་སྒྲོམ་སྟེགས་སུ་སོང་ཡོད་པ།སྒེར་གྱི་དྲན་པ་དང་ཚོར་འདུ།ངོས་ཟིན་ཙམ་ལས་ལྡང་སྟེ་སྒྱུ་རྩལ་ཁོ་ནའི་སྟེང་ལ་དཔྱོད་ཤེས་ཀྱི་སྲོག་ཞུགས་པའི་རིགས་ཀྱི་རྣམ་ཤེས་འདེགས་ནུས་པ།
      བསྡུས་ཏེ་བརྗོད་ན་སྤྱི་ཚོགས་དང་སྤྱི་ཚོགས་བར་རམ།ཤེས་ཡོན་པ་དང་ཤེས་ཡོན་པའི་བར་སོགས་ལ་བགྲོ་གླེང་བ་དང་སུན་འབྱིན་པ།འུར་རྒྱག་པ་དང་བརྡ་གཏོང་བ།དེ་བཞིན་དུ་རྒྱལ་ཁབ་དང་མི་རིགས།མི་ཚོགས་དང་མི་སྒེར་བར་བཅས་ལ་བཅད་རྩོམ་གསར་མའི་ལམ་ནས་རྗོད་མི་བཏུབ་པའམ་རྗོད་ཚིག་བྲལ་བའི་བྱ་རགས་གང་ཡང་མེད།རེད་དེ།སེམས་ཀྱི་ཚོར་བ་དམར་དམར་པོ་འགའ་རེ་དང་ལུས་ཀྱིས་མྱོང་བ་ཟབ་ཟབ་པོ་ཁ་ཅིག་རེ་ནི།བོད་ཀྱི་ཐ་སྐད་ཀྱི་ངོས་ནས་རྗོད་ཐུབ་ཀྱིན་མེད་པ་བཞིན་དུ་བཅད་རྩོམ་གསར་མའི་རྩོམ་ལུས་ཀྱིས་ཀྱང་རྗོད་དཀའ་བ་ནི་ཀུན་ནས་ཡོད་དོ། ། 

         ༣ དེང་རབས་བཅད་རྩོམ་གསར་མའི་རྩོམ་འབྲི་བ་ཁག་ཅིག
        བཅད་རྩོམ་གསར་མའི་འབྲི་ཐབས་ཀྱི་རྨང་བཏང་ནས་རིམ་གྱིས་འོང་བའི་བརྒྱུད་ལམ་ནང༌།ཉེ་རབས་མཁས་པ་དགེ་ཆོས་ལགས་ཀྱི་རྩོམ་གསར་ཁག་ལ་ཐུག་ཡོད་པ་ཡིན་ཞིང༌།ཁོང་གི་བཅད་རྩོམ་རྣམ་པའི་ཤུགས་རྐྱེན་གྱིས་དེང་རབས་བོད་ཀྱི་རྩོམ་སྟེགས་སུ་ཡང༌།གོ་གནས་ངེས་ཅན་ཡོད་པར་བརྩི་ཆོག་པའི་བཅད་རྩོམ་གསར་མ་འབྲི་མཁན་རེ་གཉིས་ཀྱང་བྱུང་ཡོད་པ་སྟེ།
དེ་དག་ནི«རྟ་མགྲིན་བསྟོད་པའི»དར་ཆ་མཐོ་རུ་བསྒྲེངས་མྱོང་ཞིང༌།སྙན་དེབ“ནག་རིལ་མ་བཞིའི”མིང་ཡིག་འཁུར་ཏེ«གདོན་འཕྲུལ་ལྟ་བུའི་བཟི་ཁ»དབྱངས་སུ་གྱེར་མྱོང་བའི་ཧོར་གཙང་འཇིགས་མེད་ལགས་ཡིན་ལ།ཁོང་གི་བཅད་རྩོམ་དག་གི་ཁྲོད་དུ་དགེ་ཆོས་ལགས་ཀྱི་སྙན་ངག་གི་སྤྱི་ཆིངས་ཞུགས་པའི་སྟེང་ལ་ཁོང་རང་གིས་དུས་རབས་ཀྱི་ངོས་དང་འཚོ་བའི་ངོས་ནས་རྙེད་པའི་མཛེས་ཚིག་སྦྱར་ཡོད་པ་སྟེ།མི་ཆོས་དམིགས་ལ་བཞག་ཅིང་སྒྱུ་རྩལ་འོད་དུ་འཁྱུགས་པའི་དེང་རབས་བཅད་རྩོམ་གསར་མ་ཞིག་གི་ངོས་ནས་བལྟས་ན།ཧོར་གཙང་འཇིགས་མེད་ལགས་ཀྱི་བཅད་རྩོམ་དག་གི་ཕྱི་དང་ནང༌།རྗོད་པ་དང་བརྗོད་གཞི་གང་ཡིན་ཡང་ཚད་དམའ་ས་ཞིག་དང་ལུས་ཕྲ་ས་ཞིག་ཏུ་ལྷུང་ཡོད་པར་སྣང་ནའང༌།དེང་རབས་ཉེ་རྩོམ་ཞིག་གི་ཆ་ནས་དཔྱད་པ་ཡིན་ཚེ།ཁོང་གི་བཅད་རྩོམ་རྣམས་ལ་ཡང་ཟུར་མང་བོ་ནས་བཅད་རྩོམ་གསར་མའི་ཉེ་ཕྱོགས་དང་ཁྱད་གཤིས་གང་མང་ཡོད་པ་སྟེ།དོན་གྱི་ཆ་ནས་བོད་ཕྱི་ནང་གི་སྐྱ་སྡུག་གི་རྣམ་པ་དང་རིག་གནས་ཀྱི་སྣང་ཚུལ་ལ་ཟུར་ཟ་བ་དང་འོ་བྱས་ཡོད་པ་དང་།ཚིག་གི་ཆ་ནས་སྔོན་གྱི་མེས་པོའི་ལེགས་བཤད་དང་བར་གྱི་དགེ་ཆོས་རྩོམ་རིགདེ་གཉིས་ཀྱི་བར་ནས་རྙེད་པའི་ཧོར་གཙང་འཇིགས་མེད་རང་གི་བློ་གྲོས་ལས་ཐོབ་པའི་རྩོམ་གཤིས་རྣམས་མཉམ་གནས་ཀྱི་བཟང་ཆ་མཐོ་བ་བཅས།དུས་ལ་ལྟོས་པའི་རིན་ཐང་གི་ངོས་ནས་ཚད་ཅིག་ཏུ་ཀུན་ནས་ཀྱང་གཞག་འོས་པར་སྙམ།
དེ་བཞིན་སྤྱི་ལོ་ཉིས་སྟོང་གཅིག་ལོར་གསར་དུ་སྒོ་འབྱེད་བྱས་པའི་ཨ་མདོའི་ཨ་འཇམ་མམ་འཇམ་དབྱངས་ཚུལ་ཁྲིམས་ལགས་ཀྱི་བཅད་རྩོམ་རྣམས་ཡིན་ཞིང༌།ཁོང་གིས“མར་མེའི་གྲུབ་མཐའ”ཞེས་སུ་གསོལ་བའི«མེ»དེབ་ཀྱི་བཅད་རྩོམ་རྣམས་ནི།བོད་ཀྱི་བཅད་རྩོམ་གསར་མར་བགྲང་འོས་པའི་རིགས་གཙོ་བོ་སྟེ།ཐ་སྙད་ལ་གསར་ཆ་ཡོད་པ་དང་བརྗོད་གཞི་ལ་འཆར་ཡན་ཡོད་པ།སྒྲིག་རིམ་ལ་སྙན་རྩལ་ཡོད་པ་སྟེ་ཡོད་པ་མི་འདྲ་བ་གསུམ་གྱིས་གྲུབ་པ་ཞིག་ཡིན་པས་ན།«མེ»དེབ་ཏུ་གནས་པའི་བཅད་རྩོམ་རྣམས་ནི་རྒྱ་ནག་པ་པཱ་ཅང་གི«མེ»དེབ་ལྟ་བུ་མ་ཡིན་པར།བོད་པའི་ཐ་སྙད་ལ་གསིག་སྡེབ་དང་བསལ་བསྡུར་བྱས་པ་ལས་གྲུབ་པ་ཞིག་རེད།
གོང་གི་བཅད་རྩོམ་རྩོམ་པ་བོ་ཟུང་དང་ཕྱོགས་མཚུངས་རང་བཞིན་གྱི་རྩོམ་འབྲི་བ་ད་དུང་གཞན་འགའ་ཡང་ཡོད་དེ།«ནམ་མཁའི་དབྱིངས་སུ་བརྩིགས་པའི་རིན་པོ་ཆེའི་ཕོ་བྲང»རྩོམ་པའི་སྐྱབས་ཆེན་ལགས་དང«མྱ་ངན་གྱི་རོལ་དབྱངས»དཀྲོལ་བའི་རྟ་ནག་སྐལ་བཟང་ལགས་སོགས།གྲངས་ཀ་ཉུང་ནའང་སྤུས་ཀ་ཅུང་མཐོ་བའི་བཅད་རྩོམ་འབྲི་མཁན་དེ་དག་གི་བྲིས་རྩོམ་ལ་ཞིབ་ཀློག་བྱས་ཚེ།སེམས་ཀྱིས་མྱང་དུ་ཡོད་ལ་སྒྲ་ཡིས་བཅད་དུ་ཡོད་པའི་ཁུངས་སུ་གཏོགས་ཡོད་པར་འདོད།
       དེ་བས་ན་བཅད་རྩོམ་གྱི་རིགས་སུ་བཞེངས་པའི་གོང་ཞུས་ཀྱི་རྩོམ་ཡིག་དེ་དག་ནི་དེ་རིང་གི་བཅད་རྩོམ་གསར་བའི་འགོ་མ་དང་ད་ལྟའི་བཅད་རྩོམ(ཟླ་ངོ་འདི་དག་ལ་བོད་ཡིག་གི་དྲ་ལམ་དུ་བལྟས་པ་ཡིན་ན།བཅད་རྩོམ་གསར་མ་ནི་ཁ་སང་གསར་དུ་རྩོམ་ཡིག་ཅེས་པ་ཞིག་ཡོད་པར་ཐོས་པ་ཁག་དང་།ན་ནིང་ལོར་ད་གཟོད་བོད་ཡིག་གི་ཐ་སྙད་སྦྱང་འགོ་བརྩམས་པའི་རིགས་ཀྱིས་ཀྱང་འབྲི་ནུས་པ་ཞིག་ཡིན་ཉམས་འདུག་མོད།སྒྱུ་རྩལ་གྱི་བླ་དང་འཚོ་བ་ཡི་སྲོགམིང་ཚིག་གི་མཛོད་ལ་མངའ་དབང་དགོས་པའི་བཅད་རྩོམ་གསར་མའི་རྩོམ་ལུས་ནི།སུ་ཡིན་ཡིན་གྱིས་འབྲི་ནུས་པ་ཞིག་ཁྱོན་ནས་མ་རེད)དག་དང་གདན་ཐོབ་གཅིག་ཏུ་ངེས་པ་མ་ཟད།རྣམ་པའི་ཆ་ནས་ཅུང་ཟད་མི་གཅིག་པ་ཙམ་ལས་ངོ་བོའི་ཆ་ནས་ད་ལྟའི་བཅད་རྩོམ་གསར་མའི་རྩོམ་ལུས་དངོས་ཀྱི་བྲོ་བས་བཟུང་ཡོད་པར་བགྲང་འོས།
 
       ༤དེང་རབས་བཅད་རྩོམ་གསར་མ་ཆེད་འབྲི་བའི་གྲས་ཀྱི་སེང་རྡོར་དང་ཁོའི་བྲིས་རྩོམ།
      དེ་རིང་གིས་ངོས་ནས་བོད་ཀྱི་བཅད་རྩོམ་གསར་མའི་ལུགས་སུ་བྱས་པའི་སྒོ་ནས་བརྩམས་ཆོས་འབོར་ཆེན་བསྐྲུན་དང་སྐྲུན་གྱིན་ཡོད་པ་ནི།ལྟོས་འཇོག་ཙམ་མིན་པར་རེ་གཉིས་ལས་ཡོད་པར་མ་མཐོང་ལ།དེ་དག་གི་ཁྲོད་ནས་གླེང་ཚེ་མཚོ་སྔོན་པོའི་ཉེ་ཞོར་གྱི་སྙན་ངག་པ་སེང་རྡོར་གྱི་བཅད་རྩོམ་རྣམས་ནི།གྲངས་སྤུས་གང་གི་ཐད་ནས་གཞལ་ནའང༌།དེང་རབས་བོད་ཀྱི“བཅད་རྩོམ་གསར་མའི་ལུགས”ཀྱི་རྩོམ་ཡིག་དག་གི་མཚམས་ནས་གཟེངས་སུ་ཐོན་ཡོད་པར་འདོད་ཅིང༌།ཁོའི་བཅད་རྩོམ་གསར་མ་ཚོས་ཡིན་ལ་མིན་པ་དང་འགྲིག་ལ་མི་འགྲིག་པའི་ང་ཚོ་གཞོན་པ་སྤྱི་ལ་ཡོད་པའི་སེམས་འགྱུ་སྤྱིར་བཏང་བའི་ལྗིད་ཚད་འཁུར་ཏེ།
ཤེས་རིག་དོགས་སྒྲུབ་དང་ན་ཆུང་བའི་སྐྱོ་དགའ།སྒེར་མིའི་འཚོ་ལམ་བཅས་མཚོན་པའི་བཅད་རྩོམ་རིགས་མི་འདྲ་ལ་མདངས་མི་མཚུངས་པའི་བརྩམས་ཆོས་གླེང་རིན་མངའ་བ་དུ་མ་སྤེལ་ཡོད་པ་སྟེ།ཁོའི་བཅད་རྩོམ་རྣམས་ལ་སྤྱི་ངོགས་ནས་ཁྱད་ནུས་ཤིག་ཡོད་པ་ནི།ཚིག་གི་སྒྲིག་བཀོད་ཀྱི་ཚགས་དམ་པ་དང་བརྗོད་དོན་གསང་གསལ་ལ་ཕྲ་ཞིབ་ལྡན་པ།ཚོར་བའི་ཟུག་གཟུར་གྱི་མཐོ་ཤུགས་ཆེ་བ།མིང་ཚིག་ཕབ་རིམ་ལ་ཆ་འགྲིག་མང་བའི་ནུས་རྩལ་ཡོད་པས་མི་ཚད།རྩོམ་ཡིག་གི་རྐང་ལ་བོད་སྐད་རང་ཐུབ་པའི་གཟི་བརྗིད་འཁྱིལ་ནས་འདུག
འོན་ཏེ།ཁོང་གི་བྲིས་རྩོམ་ཡོད་ཚད་ནི“བཅད་རྩོམ་གསར་མའི་ལུགས”སུ་སོང་མེད་པར་འདོད་ལ།དེ་བས་ཀྱང“བཅད་རྩོམ་གསར་མའི་ལུགས་ཀྱི་སྙན་ངག”ཡིན་མིན་ཅི་རིགས་པ་སྟེ།ཁོ་རང་གིས་བཅད་རྩོམ་གསར་མའི་སྙན་ངག་ཏུ་བགྲང་བའི་ཚིགས་སུ་བཅད་པའི«སྟོང་བ་ཉིད་ཀྱི་བསྟན་བཅོས»དང«སྡོམ་པ»«ཡིག་ནོར་རེད།ཡིག་ནོར་མ་རེད»གཙོས་པའི་རྩོམ་ཡིག་ཁ་ཅིག་ལ།གཅིག་ཏུ་ན་ཚིག་གི་སྒྱུ་རྩལ་གྱི་རྐང་མི་མངོན་པ་དང༌།གཉིས་སུ་ན་མཚོན་ཐབས་རང་ལུགས་ཀྱི་དྲི་མི་བྲོ་བས་གོང་སྨྲས་ཀྱི་བཅད་རྩོམ་དེ་དག་ནི་སྐད་ཆའི་མཐོ་ས་ཙམ་ལས།བཅད་རྩོམ་གསར་མའི་རང་ལུགས་དང་བཅད་རྩོམ་གསར་མའི་ལུགས་ཀྱི་སྙན་ངག་ཏུ་ཁྱོན་ནས་མི་འགྲོ་བར་འདོད།
དེ་ལྟ་ནའང༌།དེང་རབས་བོད་ཀྱི་བཅད་རྩོམ་གསར་མའི་ལུགས་འདི་བོད་ཡུལ་དུ་འཁྲུངས་པ་ལ།སྙན་ངག་པ་སེང་རྡོར་ལགས་ལ་བཀའ་དྲིན་ཀུན་ནས་ཞུ་འོས་ཏེ།ཁོང་གིས་བཅད་རྩོམ་གསར་མའི་རྐང་ལ་འབྲས་བཏབ་ཡོད་པ་དང་གཞི་བསྐྱོར་ཡོད་པ་ཡིན།དེའི་དབང་གིས་དེང་རབས་བཅད་རྩོམ་གསར་མའི་ལུགས་ཀྱི་ཆེད་འབྲི་རྩོམ་པ་བོ་འགའ་གདམ་དགོས་ཚེ།དེ་དག་གི་གྲས་སུ་སེང་རྡོར་ལགས་ཀྱང་མ་གདམ་ཐུ་མེད་ཀྱི་གྲས་སུ་བརྩི་འོས་པར་སྙམ་ཡོད།
 
           བཞི། བཅད་རྩོམ་གསར་མའི“གྲོལ”དང“བཅིངས”ཀྱི་རྣམ་གཞག
         འཛམ་གླིང་སྟེང་གི་རྩོམ་རིགས་དང་རྩོམ་རིག་གང་ཡིན་ཡང་རུང་སྟེ།ཆེས་གལ་ཆེ་བ་ནི་གསར་རྩོམ་གྱི་ལམ་ལ་ཞུགས་པའི་ཉིན་མོ་ནས་བཟུང“གྲོལ”ཡོད་དགོས་པ་ནི་རྩོམ་ལམ་གོང་ལ་ལྡང་བའི་ཇུས་ནུས་གཙོ་བ་རེད།གལ་སྲིད་རྩོམ་རིག་གསར་རྩོམ་གྱི་ཁྲོད་དུ“གྲོལ”གྱི་ལམ་མེད་པ་ཡིན་ན།རང་གི་བྲིས་རྩོམ་ལས་མི་སྒེར་གྱི་བསམ་སྤྱོད་དང་གཤིས་ལུགས།སྐད་རྩ་བཅས་གཟེངས་སུ་མངོན་མི་ནུས་ཁར།དོན་གྱི་གཞི་དང་རྗོད་པའི་མདངས་ལ་སྒྱུ་རྩལ་གྱི་བླ་ཞུགས་པ་དང་སྲོག་ལྡན་པའི་ཉམས་དོན་ཡང་ཁྱོན་ནས་མེད་པ་རེད།
དེ་ལྟས་བོད་རྩོམ་ལ་ལྷག་བསམ་དག་པའི་རྩོམ་པ་བོ་རེ་གཉིས་ཀྱི་གསུངས་ལྟར་ན།རང་རེའི་བཅད་རྩོམ་གསར་མ་ལ་ཚད་གཞི་ངེས་ཅན་མངའ་བའི«གཞུང་ལུགས»ཤིག་འཛུགས་དགོས་པར་བཞེད་ཀྱིན་འདུག་ལ།ཡང་དེ་དང་བསྟུན་ནས་བཅད་རྩོམ་འབྲི་མཁན་ཁ་ཅིག་གིས་ཀྱང“དེ་ནི་ལས་སླ་བོ་ཞིག་ཡིན་པས«བཅད་གསར་གཞུང་ལུགས»ཤིག་ནི་ཁོ་བོས་མཛད་དོ”སོགས་ཀྱང་གླེང་གིན་འདུག་མོད།བཅད་རྩོམ་གསར་མའི་འབྲི་ཐབས་འདི་ལ་ཉིན་རེ་ལས་ཉིན་རེར་འཕེལ་རྒྱས་སུ་འགྲོ་བ་དང་།འདི་ཡི་ཆུ་རྒྱུན་རབ་ཏུ་ཡངས་ཤིང་འདི་ཡི་སྒྱུ་རྩལ་རབ་ཏུ་མཐོ་བར་རེ་བ་དང་ཡིད་ཆེས་མངའ་དགོས་ན།«གཞུང»ཤིང་གང་ཞིག་གི་ར་བར་བཙུད་པ་ནི་རྩོམ་ལུས་ཡར་མཐོ་ལ་འགྲོ་བའི་ཀག་ཁོ་ན་ཡིན་པ་སྟེ་ཕར་འདེད་ན“བཅིངས”ཀྱི་ལམ་དུ་ཞུགས་པ་མ་ཡིན་ནམ།
དེ་ཡང་བོད་ཀྱི་དེ་སྔའི«གཞུང་ལུགས»ཁག་ནི་བཀའ་འབེབ་བྱེད་དང་སྒོ་བཀག་བྱེད་ཁོ་ན་ཡིན་པར་དཔག་ན།རྩོམ་རིགས་སྤྱིའི་ཉམས་དམའ་ཞིང་མི་ཆོས་ཀྱི་སྟོབས་ལྡན་པའི་རྩོམ་རིག«གཞུང་ལུགས»སྤྱི་པ་ཞིག་འདི་རེད་ཅེས་གཞག་ཏུ་མེད་པའི་རྒྱུ་མཚན་གྱིས།ང་ཚོས་གསར་དུ་བཞེངས་དགོས་པའི«གཞུང་ལུགས»དེའང་ནུབ་གླིང་པའི་མཛུབ་ཁྲིད«གཞུང་ལུགས»དང་སྐྱ་ཐིག«གཞུང་ལུགས»ལྟ་བུ་སྟེ“གྲོལ”གྱི་ཆ་ལྡན་པ་དེ་འདྲར་འགྲོ་ཐུབ་མེད་པའི་ཁར།དོན་གྱི་ཉམས་དང་འཛམ་གླིང་རྩོམ་རིག་གི་འགྲོ་ལམ་གང་ཡང་དབེན་པར།རྩོམ་ལུས་ཀྱི་མིང་ཙམ་བཟུང་ནས་ལོ་གཅིག་འགོར་མ་འགོར་ཙམ་ནས«གཞུང་ལུགས»ཆེན་མོའི་ཁུར་མཛད་རྒྱུ་དེ་ནི་ཕྱོགས་གང་ནས་བལྟས་ན་ཡང་ཅུང་སྔ་སོང་བའི་ལས་དང་ཅོལ་ལ་བརྒྱུགས་པའི་རིགས་སུ་གཏོགས་པར་བསམས་ཡོད།
དེ་དང་འདྲ་བར་བཅད་རྩོམ་གསར་མ་ནི་སྒྱུ་རྩལ་རྩོམ་རིག་སྟེ།སྙན་ངག་རྐྱང་བའི་རྩོམ་ལུས་ཤིག་ཡིན་པར་འདོད་པའང་ནོར་བའི་ཆ་དང“བཅིངས”པ་བཞག་པའི་ཆ་རུ་སོང་འདུག་པར་འདོད་དེ།བཅད་རྩོམ་གསར་མ་ནི་སྒྱུ་རྩལ་རབ་འབྲིང་ཐ་གསུམ་གྱིས་འཛུགས་བསྐྲུན་ཆོག་པ་བཞིན་དུ།སྙན་ངག་ཡིན་པའི་བཅད་རྩོམ་གསར་མ་དང་སྙན་ངག་མིན་པའི་བཅད་རྩོམ་གསར་མ་གཉིས་ཀའང་ཀུན་ནས་ཡོད་པས།མིང་ཚིག་འགའ་གཏུབ་ནས་ཡོད་པ་དེ་སྙན་ངག་ཅིག་གོ་འདོད་པ་ནི་སྙན་ངག་ལ་སྙན་ངག་གི་རྩིས་ཐང་མ་སྦྱིན་པ་ཁོ་ན་ཡིན།དེ་དག་གི་རྐྱེན་གྱིས་བཅད་རྩོམ་གསར་མའི“གྲོལ”དང“བཅིངས”རྣམས་སོ་སོར་གྱེས་སུ་འཇོག་པ་ནི་ཁ་ཚ་དགོས་གཏུགས་ཀྱི་དོན་དུ་བབས་ཡོད་པར་བརྩིས་ཡོད།
 
              ལྔ། བོད་ཀྱི་བཅད་རྩོམ་གསར་མའི་སང་ཉིན་གྱི་བགྲོད་ལམ།
       ཆེ་ལ་ཆུང་བའི་བོད་ཀྱི་རྩོམ་སྟེགས་ལ་མིག་མྱུལ་ཐེངས་གཅིག་བྱས་པ་ཡིན་ཚེ།བོད་ཡིག་གི་ལམ་ནས་རྩོམ་ལུས་སྣ་ཁ་གང་མང་ཞིག་འབྲི་རྒྱུ་འདུག་ཀྱང༌།རང་ས་ནས་གསར་དུ་བཏོད་ཅིང་ཡུན་གྱིས་བརྒལ་ནས་བོད་དྲི་ཁོ་ཐག་བྲོ་བའི་རྩོམ་ལུས་ནི་བཅད་རྩོམ་གསར་མའི་རྩོམ་ཐབས་འདི་ཙམ་མ་གཏོགས་ཤིན་ཏུ་ནས་ཀྱང་དཀོན་པར་སྣང་ལ།དུས་ཀྱིས་རྒས་མ་མྱོང་ལ་སེམས་ནས་འདོར་མ་ཐུབ་པའི་རྩོམ་ལུས་གཅིག་པུའང་ད་གཟོད་འདི་ཉིད་རྐྱང་བར་ཚང་ཡོད་པ་འདྲ།
      དེའི་སྟབས་ཀྱིས་ང་ཚོ་བོད་པའི་གནས་སྟངས་དང་བསྡོངས་ཏེ།བཅད་རྩོམ་གསར་མའི་ཤེས་རབ་ཀྱི་ཀློང་ནས་འགྲོ་མིའི་ཁེ་དབང་ལ་འབོད་སྐུལ་གནང་བ་དང་འགྲོ་མིའི་སྒེར་གཅོད་ལ་ཚ་འདྲི་གཏོང་བ།འགྲོ་མིའི་སྙན་ངག་ལ་སྐྱོར་མ་སོགས་བྱེད་དགོས་པར་འདོད་ཅིང༌།མ་འོངས་པའི་ལམ་གྱི་བོད་གསར་བའི་རྩོམ་སྟེགས་སུ་གོ་གནས་དང་ཕན་འབྲས་ཡོད་པའི་རྩོམ་ལུས་ཆེ་གྲས་ཤིག་ཏུ་གྱུར་ནས།འཛམ་གླིང་རྩོམ་རིག་གི་གོ་ཐང་མངའ་བ་ཞིག་ཏུ་བརྩོན་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་དུ་ངོས་འཛིན་བྱེད་ཀྱིན་ཡོད།
     དེ་དག་གི་རྐྱེན་གྱིས“བཅད་རྩོམ་གསར་མའི”ཀློག་མཁན་དང་རྩོམ་མཁན་གཉིས་ཆར་གྱི་མཐུ་དཔུང་གཅིག་ཏུ་སྒྲིལ་བའི་སྒོ་ནས།མེས་པོ་དག་གི་བཀའ་དྲིན་གྱིས་བཞག་ཅིང་བོད་རྩོམ་རུས་པ་ཅན་རྣམ་པའི་ཤེས་རབ་ཀྱིས་བཞེངས་པའི།བཅད་རྩོམ་གསར་མའི་ལམ་ཁ་འདི་ཉིད་དེ་རིང་ལས་སང་ཉིན་རྒྱས་པར་ཧུར་གྱིས་འཇུག་དགོས་པར་རིགས་ལ།འདི་ཡི་ཐབས་ཀྱིས་འབོལ་རྩོམ་གྱིས་ཤུལ་དུ་ལྷག་ཡོད་པ་དང་སྒྲུང་གཏམ་གྱིས་རྗེས་སུ་བསྐྱུར་ཡོད་པའི་འགྲོ་མིའི་རང་དབང་གི་གནད་དོན་མཐའ་དགསྙན་ངག་གི་རྩལ་ལ་བཅོལ་ཏེ་མི་རབས་རྗེས་མའི་བུ་ཕྲུག་ཚོར་སྤྲིངས་པར་འོས་སོ།།
 
                                                                        2011/01/16ཉིན་སྒོ་ཡོན་གྱིས་སྦྱར།
ཟུར་ལྟའི་ཡིག་ཆ།
«རྗེ་ཙོང་བའི་སྙན་ངག་ཕྱོགས་བསྒྲིགས»«འཇུ་མི་ཕམ་གྱི་གསུང་འབུམ»(པ་བ)«དཔལ་སྤྲུལ་རིན་པོ་ཆེའི་སྙན་རྩོམ་ཕྱོགས་བསྒྲིགས»«རྗེ་མི་ལའི་མགུར་འབུམ»«བཀའ་གདམས་པའི་ཞལ་གདམས་གཅེས་བཏུས»«ས་སྐྱ་པཎ་ཆེན་གྱི་ལེགས་བཤད་ཕྱོགས་བསྒྲིགས»«ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གསུང་འབུམ»«ཆགས་མེད་བདེ་སྨོན»«ཐོས་གྲོལ»«མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས»«ཨ་མདོའི་ལ་གཞས་ཕྱོགས་བསྒྲིགས»«ཧོར་གླིང་གཡུལ་འགྱེད»«ཧོར་གཙང་འཇིགས་མེད་ཀྱི་རྩོམ་བཏུས»«གདོན་འཕྲུལ་ལྟ་བུའི་བཟི་ཁ»«མེ»༢༠༠༣ལོའི«སྦྲང་ཆར»«མྱ་ངན་གྱི་རོལ་དབྱངས»«རོལ་དབྱངས»«དུར་འཇུག་གི་འདས་མཆོད»«ལྷམ་ཀོག་གི་ཟིན་བྲིས»«གྲུ་ཟུར་གྱི་གསལ་སྒྲིབ»«རྟུལ་ཕོད»«ཐུབ་པའི་གཞོན་རབས»

རྩོམ་ཁུངས། སྒོ་ཡོན་གྱི་པོད་ཁུག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བཅད་རྩོམ་གསར་མ་ཞེས་པའི་རྩོམ་ལུས་ཀྱི་གོ་དོན་བརྗོད་པ།

2011-02-18 སྒོ་ཡོན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།