སྙན་ངག་གི་ཡོན་ཏན།

           འཇུ་སྐལ་བཟང་གི་སྙན་རྩོམ《སྦྲ་ནང་གི་ཉིན་ཞག》བཀླགས་པའི་འཆར་སྒོ། 

 “འགན་འཁྲི་ཡོད་ན། ད་གཟོད་སྒྱུ་རྩལ་འབྱུང”ཞེས་པ་འདི་ཧྥ་རན་སིའི་རྩོམ་མཁན་སར་ཐར(J.p.Sartre,萨特,1905—1988)གྱིས་གསུངས་པ་རེད།  སྒྱུ་རྩལ་དང་འགན་འཁྲིའི་བར་ན་དེ་ལྟར་རྩོད་སྒྲུབ་ཀྱི་འབྲེལ་བ་ཟབ་མོ་ཞིག་ལྡན་པའི་ཕྱིར།སྒྱུ་རྩལ་གྱི་ལས་ཀ་བྱེད་པ་ལ་འགན་འཁྲིའི་དང་བླངས་ཀྱང་ཟབ་མོ་ཞིག་དགོས་པར་བདམས་པ་རེད།འགན་འཁྲི་ནི་སྤུ་ཙམ་ཡང་མེད་པ་དེ་ཚོས།   རྩོམ་རིག་གཙོས་སྒྱུ་རྩལ་གྱི་ལས་ཀ་འཁྱོངས་པར་བསམ་པ་ནི་ཅི་འདྲའི་དགོད་སྐྱིད་ཅིག་རེད།    མི་ཞིག་ལ་མཚོན་ན།འགན་འཁྲིའི་ཕྱོགས་ནས་གང་ཞིག་བདམས་རྒྱུ་ནི།རང་གི་མི་ཚེའི་རིན་ཐང་མངོན་གྱུར་བྱེད་པའི་གོ་སྐབས་ཐེངས་ཤིག་ཡིན་ལ།མི་རིགས་ཤིག་ལ་མཚོན་ན།“རང་”དང“བདག”དང“ང”གཤའ་མ་བོ་དེ་བོར་གཏོར་བྱུང་བ་སླར་ཡང་རྙེད་པའི་གོ་རིམ་ཞིག་ཡིན།  དེར་བརྟེནསྦྲ་ནང་གི་ཉིན་ཞགཅེས་པའི་སྙན་ངག་འདིའི་ཤུགས་བསྟན་ནས།བདག་གིས་ཚོར་བ་ནི།མི་རིགས་ཤིག་གིས“རང་ཉིད”དངོས་མ་བོ་དེ།ལྷ་སྒྲུང་དང་གཏམ་རྒྱུད་ཀྱི་ཕྱི་ཤུན་འོག་ནས་ཅི་ལྟར་བོར་བརླག་བྱུང་བའི་རིམ་པ་ཡིན་མོད།དེའང་འགན་འཁྲིའི་དང་བླངས་ཀྱི་འདུ་ཤེས་ཀྱིས་གསལ་རྟོགས་བྱུང་བ་ཞིག་རེད་སྙམ།འོན་ཏེ།དེ་སླར་ཡང་སྙན་ངག་དང་ལྡན་པའི་ཚིག་སྦྱོར་གྱིས་མཚོན་པ་ལ།སྤྱིར་བཏང་གི་སྐད་ཆའི་སྒྱུ་རྩལ་ཞིག་གིས་མི་འཐུས་པས།སྙན་ངག་བྱ་བའི་ཚིག་སྦྱོར་ལ་སྦྱངས་དགོས་པའི་རྒྱུ་མཚན་ཡང་དེ་ནས་སྙམ།སྙན་ངག་སྨྲ་བ་སྐོར་ཞིག་གིས།སྙན་ངག་ནི་སྐད་ཆའི་སྒྱུ་རྩལ་ཞིག་ལ་ཁས་ལེན་བྱས་རྗེས།སྒྱུ་རྩལ་དང་ལྡན་པའི་སྐད་ཆ་ཞིག་ཡིན་ཚེ་སྙན་ངག་ཏུ་རློམ་མོད།བདག་གིས་བལྟས་ན།  དེར་ད་དུང་བླང་དོར་མཐིལ་ཕྱིན་པ་ཞིག་བྱས་མི་འདུག་སྙམ།གང་གིས་ཞེ་ན།སྙན་ངག་ནི་སྐད་ཆའི་སྒྱུ་རྩལ་ཞིག་དང་སྒྱུ་རྩལ་དང་ལྡན་པའི་སྐད་ཆའི་རིགས་ཤིག་ཏུ་གཏོགས་མོད།སྒྱུ་རྩལ་དང་ལྡན་པའི་སྐད་ཆ་མཐའ་དག་སྙན་ངག་ཡིན་ཚེ། སྙན་ངག་གི་སྐད་ཆ་ཞེས་པ་དེར་ཡང་དམིགས་བསལ་གྱི་བྲོ་བ་ཞིག་མེད་པར་སྙམ། ཡིན་ནའང༌།   ངས་གོང་དུ་གླེང་བ་ལྟར།འགན་འཁྲིའི་འདུ་ཤེས་ཟབ་མོ་ཞིག་གིས་བློས་བསླངས་བྱས་པའི་སྐད་ཆ་དེ་དག་སྙན་ངག་གི་སྐད་ཆས་མཚོན་པ་ལ།རྩོམ་པ་པོས་སྙན་ངག་གི་སྐད་ཆའི་སྒྱུ་རྩལ་གྱིས་ཚོད་འཛིན་ནམ་དང་དོདམི་བྱེད་ཐབས་མེད་ཡིན་པས།   ད་གཟོད་སྙན་ངག་གི་དགེ་མཚན་དང་ཡོན་ཏན་ཡང་ཚོད་དཔག་བྱེད་ཐུབ། 

གོ་དོན་དེ་གསལ་བོ་ཞིག་ཡིད་ལ་འདྲོངས་ཆེདསྦྲ་ནང་གི་ཉིན་ཞགཅེས་པ་འདི་མཆམས་སྦྱོར་བྱས་པའང་ཡིན་པས། འདི་ལ་སྐད་ཆའི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཞིག་ཡོད་སྙམ།   དེ་ནི་སྙན་ངག་འདིའི་བསམ་བློའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཀྱང་ཡིན་པས།བརྩམས་ཆོས་དངོས་ལས་མཛུབ་མོ་རི་སྟོན་དང་ཀ་དང་ཁ་ཡི་དཔེ་ལྟར་བསྟན་མེད་པར།ཐུན་མོང་མ་ཡིན་པའི་ཚིག་གི་ཐབས་རྩལ་གྱི་ཤུགས་ནས་མཚོན་པར་བྱས་པ་ནི།སྙན་ངག་འདིའི་ཡོན་ཏན་སྟེ།སྒྱུ་རྩལ་གྱི་ཆ་ནས་བཤད་ན།རྩོམ་པ་པོས་སྒྱུ་རྩལ་གྱི་མཛེས་ཉམས་ལ་གཟབ་སྟེ་དེ་ལྟར་མི་སྤྲོས་བྱ་ཐབས་མེད་ཡིན་ལ།སྙན་ངག་གི་ཚད་ཐིག་ནས་བལྟས་ཚེ།བརྗོད་བྱའི་ཉིང་བཅུད་དེ་ཚིག་ཉུང་ངུའི་སྒོ་ནས་དང་དོད་ཕུན་སུམ་ཚོགས་པ་ཞེས་པའི་འབྲས་བུར་ཟད།དེ་ན་ང་ཚོས་ཐོག་མར་བརྩམས་ཆོས་ཀྱི་བསམ་བློའི་རྒྱབ་ལྗོངས་དང་དེ་ལས་འཕྲོས་པའི་སྐད་ཆ་ལ་དཔྱད་གླེང་རེ་བྱས་ཚེ།མ་མཐར་ཡང་སྐད་ཆ་འདི་འདྲ་ཞིག་རྒྱབ་ལྗོངས་སུ་བྱས་ཆོག་སྟེ།ང་ཚོས་གདོད་མ་ནས་བྱུང་བའི་གཏམ་རྒྱུད་དང་ངག་རྒྱུན།ཡང་ན་རྫས་རྒྱུན་དང་ཡིག་ཆ་སོགས་ལ་ཡང་ཡང་བརྟགས་ཤིང་བལྟས་ན།རྩོད་མེད་མགྲིན་གཅིག་གིས་ང་ཚོའི་མི་རིགས་འདི་ཡང༌།གདོད་མ་ནས་བོད་རང་སར་དར་འཕེལ་བྱུང་བའི་མི་རིགས་ཤིག་ཡིན་པ་མ་ཟད།དེ་དུས་རང་ཉིད་ཀྱི་སྒེར་ཚུགས་དང་ཁེར་ཧྲེང་གི་མི་གཞིར་བརྟེན་ནས།ཁེར་ཚུགས་ཀྱི་དབང་བོ་ལྔའི་འགུལ་བསྐྱོད་ཕྲ་མོའི་བྱེད་ནུས་ལ་བརྟེན་ཏེ།མི་རིགས་ཤིག་དར་སྤེལ་བཏང་ལ་མི་རབས་ཤིག་ལ་རང་ཉིད་སུ་ཡིན་གྱི་གདུང་རྒྱུད་དང་བཅས་ཏེ་ངོས་ཟིན་ཡང་ཟབ་མོ་བྱུང་དུ་བཅུག་ལ།རང་ཉིད་ངོས་ཟིན་ཞིང་ཡལ་བར་མ་དོར་བའི་སྐབས་ལ་མི་རིགས་དེའི་རིག་ཤེས་ཀྱི་ཕྱོགས་ནས་ཀྱང་རང་ཉིད་ཀྱི་རང་ཚུགས་དང་ཁྱད་ཆོས་མངོན་པར་གསལ།  ཡིན་ནའང༌།  རྒྱུ་རྐྱེན་དང་རྟེན་འབྲེལ་གྱི་དབང་གིས།ང་ཚོའི་སྡེ་བ་འདིར་གྲུབ་ཐོབ་དང་མཁའ་འགྲོ་མ་གཙོས།མི་མིན་ལྷ་དང་འབྱུང་བོའི་ཚོགས་ཀྱིས་ཡུལ་ཁེངས་ཤིང་ཡིད་བརླམས་ཏེ།ཡ་མཚན་པའི་གཏམ་རྒྱུད་དང་ལྷ་བབས་ཀྱི་བཀའ་བགོས་རྗེས།རང་ཉིད་དངོས་དེ་བོར་བརླག་བྱུང་ཡོད།དེ་ནས་བཟུང༌།མི་རིགས་ཤིག་གིས་རང་ཉིད་ཀྱི་སྒེར་ཚུགས་དང་ལྡན་པའི་མི་གཞི་ལ་བརྟེན་ནས་བསམ་བློ་གཏོང་ཞིང༌།འཚོལ་ཞིབ་བགྱི་ལ།རང་བྱུང་ཁམས་འདུལ་སྦྱོང་བྱེད་པའི་བློ་གྲོས་ཉམས་ཏེ།མི་རིགས་ཤིག་ཉམས་ཤིང་རྒུད་པའི་རྩ་དོན་བཟོས་པ་རེད།དུས་ཀྱི་བགྲོད་པ་དེ་ལྟར་ཡུན་ཞིག་འདས་པ་ཚེ།“རྩྭ་ཐང་གི་ལྭ་བ་ཕྱི་ནང་ཡང་ཡང་བརྗེས”ཞེས་ཚིག་མགོ་བླངས་པ་ལྟར།ཕྱིའི་སྣོད་ཀྱི་འཇིག་རྟེན་དེ་དུས་བཞིས་གཙེས་པའི་གོ་རིམ་ཁྲོད་ཡང་ཡང་འགྱུར་ནའང༌།ནང་བཅུད་ཀྱི་སེམས་ཅན་དང་དེའི་བློ་གྲོས་ཀྱི་གོ་འཕང་ལ་མཐོར་འདེགས་ཅི་ཡང་མ་བྱུང་ལ།གོ་རིམ་དེའི་ཁྲོད“ཡ་གི་སྡེ་བའི་གྲུབ་ཐོབ་དང་མ་གི་ཚོ་བའི་མཁའ་འགྲོ་མའི/ཡ་མཚན་པའི་གཏམ་རྒྱུད་ལའང/དུད་རྡུལ་སེར་བོ་ཞིག་རིམ་གྱིས་བབས”②  ལོ་རྒྱུས་ཀྱི་ངོས་ནས་བལྟས་ན།ང་ཚོས་ཀྱང་རང་ཉིད་ཀྱི་དབང་བོ་དང་ཡན་ལག་སྤྱད་དེ།མིས་བཟོས་ཀྱི་འཚོ་བའི་ཡོ་བྱད་སོགས་ཡོད་ལ།དེ་ནི་ངས་བཤད་སྟངས་ལྟར་ན།ཡ་ཐོག་གི་རང་ཉིད་དང་ང་དང་བདག་ཉིད་ངོས་ཟིན་ཞིང་མ་བོར་བའི་དུས་སྐབས་ཏེ།མིས་རང་ངོ་ཟིན་ཞིང་རང་ཉིད་ཀྱི་ངལ་རྩོལ་ལ་ཡིད་ཆེས་ཟབ་མོ་ཡོད་པའི་དུས་སྐབས་རེད།དུས་སྐབས་དེར་ང་ཚོའི་མེས་པོ་རྣམས་ཀྱིས་ཀྱང་རང་ཉིད་ཀྱི་བསམ་སྦྱོར་ལ་བརྟེན་ནས་སྒོ་ཕྱུགས་འཚོས་ཤིང༌།སྦྲ་གུར་སོགས་མིས་བཟོས་ཀྱི་ཐོན་སྐྱེད་ཡོ་བྱད་སྣ་ཚོགས་བཟོས་པ་རེད།འདི་ནི་རྡོ་ཆས་གསར་རྙིང་གི་དུས་རབས་ལས་ཀྱང་སྔོན་ནས་དར་བའི་མཚོན་རྟགས་ཤིག་ཡིན་ཕྱིན།མི་རིགས་འདིས་རང་ཉིད་མ་བོར་ཞིང་རང་གི་ངལ་རྩོལ་ལ་ཡིད་ཆེས་བྱས་པའི་གྲུབ་འབྲས་ཀྱི་དུས་རབས་དེའང་བདེ་བླག་ངང་རྙེད་ཐུབ་མོད།ལྷ་སྒྲུང་གི་གཏམ་རྒྱུད་ལ་དུད་རྡུལ་སེར་པོ་ཞིག་ཆགས་པའི་གོ་རིམ་ཁྲོད།འཕྲིན་ལས་འདིའི་འཇིག་པ་ནི་ཧ་ཅང་མངོན་གསལ་གྱིས་འགྲུབ་པ་རེད།དོན་དངོས་སྟེང་ཡ་མཚན་པའི་ལྷ་སྒྲུང་དེ་དག་དར་བའི་གོ་རིམ་ནི།མིའི་རིགས་ཀྱིས་རང་ཉིད་ཀྱི་ངལ་རྩོལ་ལ་ཡིད་ཆེས་རྩ་ནས་བོར་བའི་དུས་སྐབས་ཤིག་ཡིན་ལ།དེ་ནི་རང་ཉིད་འབོར་གཏོར་བྱུང་བའི་སྔ་རྟགས་ཀྱང་ཡང་དག་གོདེ་བས“ཨ་ཕྱིའི་ལག་འཁོར་ཆུང་ངུ་དེ་ནི/ཚད་བསྟུངས་པའི་རྩྭ་ཐང་གི་ལོ་ཟླ་སྟེ/ཇེ་མགྱོགས་དང་ཇེ་དལ་གང་དུའང་མ་སོང་བར/རང་ས་ན་བསྐྱར་སྐོར་བྱེད”ལ།ཐོག་མར་སུ་ཞིག་གི་འཆར་སྒོ་བརྒྱུད་དེ་ལག་འཁོར་ཆུང་ངུ་ཞིག་བཟོ་ཐུབ་པ་་ཡ་མཚན་ལ་དེར་བལྟས་ན་རེ་ལྟོས་ཡང་ཆེ་མོད།ཡུན་གྱིས་རང་ས་ནས་བསྐྱར་སྐོར་བྱེད་པ་ནི་ཉེས་མཚང་ཞིག་མ་རེད་དམ།འདི་ནི་ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ་འུ་ཅག་གི་མེས་པོ་རྣམས་ཀྱིས་གཏོད་པའི་ལུགས་སྲོལ་དང་བོད་ཀྱི་འཚོ་བ་དངོས་རེད།དུས་ཀྱི་འགྱུར་ལྡོག་གིས་སྟོང་ལོ་གསར་བ་ཞིག་ཁད་ཀྱིས་བསུས་པ་དང་མཉམ་དུ།འཛམ་གླིང་འདི་ན་གནས་སོ་ཅོག་གིས་འཕྲིན་གསར་དང་ལུགས་གསར་གྱིས་རང་གི་ལས་དབང་ལ་ཁ་ལོ་དཀྱུ་བཞིན་ཡོད།བརྡ་འཕྲིན་དང་ལུགས་གསར་གྱི་དུས་དང་མཉམ་དུ།འུ་ཅག་གིས་རང་གི་ཕ་ནོར་གྱི་གཤིན་ས་འདི་ལ་བག་མར་བསུས་པ་ནི།  དགེ་ལེགས་དང་དཔལ་མོ་སོགས་ཀྱི་གནས་ཚུལ་ཡིན་ལ།  “དགེ་ལེགས་དང་དཔལ་མོའི་སྐོར་གྱི་ཁ་བརྡ་དེ/ལོ་དུ་མ་ཞིག་བརྒྱུད་མཐར/དཔལ་མགོན་དང་བདུད་བྷའི་སྐོར་ལ་གྱུར་འདུག་པ”འམ་བསྒྱུར་རུང་ཡིན།ཁ་ཚ་དགོས་གཏུགས་ཀྱིས་བཤད་ན།འུ་ཅག་གི་བསམ་བློའི་སྟེང་གི་འཕོ་འགྱུར་ཡང་དེ་ཙམ་ཞིག་ཡིན་ཏེ།   དུས་རབས་གསར་རྙིང་གཉིས་ཀྱི་བསྣོལ་མཚམས་འདིར་ཡང༌།   ང་ཚོས་གོམས་སྲོལ་དང་ལྟ་སྟངས་དེ་ལ་འགྱུར་ལྡོག་ཅུང་ཟད་བཏང་བ་ནི“ནམ་མཁའ”དང“ཡ་ཏུང”ལྟ་བུའི་སྐད་ངག་གི་ཟབ་ཚད་དང༌། “དོན་འགྲུབ་མཚོ”དང“ཁོ་མོའི་ཨ་ཅེའི”བག་ཚར་གྱི་འདབས་སྲམ་ལྟ་བུ་ཡིན་པས།  དེ་ནི་ང་ཚོར་མཚོན་ན་དུས་རབས་ཤིག་གི་དབྱེ་མཚམས་དང་ལྟ་སྟངས་གང་དེའི་མངོན་སྟངས་རེད།   ཡ་ང་ཞིང་ཡིད་སྐྱོ་བའི་བསམ་གཞིག་གི་རྟོག་པ་ཕྲ་མོ་འདི་ལས།འུ་ཅག་གི་མི་རིགས་འདི་ཅི་འདྲའི་རྗེས་ལུས་ཤིག་ཡིན་པའང་མི་གསལ་ལམ།ང་ཚོས་འདི་ལྟར“ཉི་ཐིག་དེད་ནས་སྦྲ་ངོར་འཛེགས/བཙའ་ཆགས་པའི་བྱིས་སྒྲུང་སྐོར་ཞིག/ཨ་མྱེས་སྨ་ར་གཟེངས་པའི་གསེབ་ནས་ལངས་ཏེ/མར་མེ་ཆུང་ངུའི་ངོགས་སུ་འཕུར་ལྡིང་ལྷབ་ལྷུབ་བྱེད/དབེན་པ་ཁད་འཇགས་པའི་དུས་སུ/སུན་སྣང་ཡང་མོ་ཞིག་ཁ་བ་དང་མཉམ་དུ/ཆོན་ཐག་གི་རྒྱུད་ལས་དུམ་བུ་དང་དུམ་བུར་ཆད་ཅིང/ས་རུ་འཐོར… …”

འདི་ནི་སྙན་ངག་འདིའི་བསམ་བློའི་རྒྱབ་ལྗོངས་ལ་སྙབ་ཚེ།འགོག་མེད་དུ་ཡིད་ལ་འཆར་བའི་ངེས་དོན་གྱི་སྐད་ཆ་རེད།བརྩམས་ཆོས་ཀྱི་སྐད་ཆའི་ཐོན་ཁུངས་ནི་དེ་འདྲའི་རྒྱ་ཆེ་ཞིང་གཏིང་ཟབ་པའི་ལོ་རྒྱུས་ཀྱི་ཆུ་རྒྱུན་དང་འབྲེལ་ཞིང༌།དེའི་མི་ཚད་པའི་སྐད་ཆའི་སྦྱོར་བ་བཤམས་ཀྱང་ཆོག་པ་རེད།འོན་ཀྱང་རྒྱལ་བོའི་མཛོད་ལས་ཕྱུག་པའི་སྐད་ཆའི་སྦྱོར་བ་དེ་ཀུན།རྩོམ་པ་པོས་ངག་ལས་བརྡོལ་མི་ཐུབ་པ་དང་བརྡོལ་མི་རུང་བ་ཞིག་གཏན་ནས་མིན་མོད།སྙན་ངག་གི་ངོས་ནས་བལྟས་ཚེ།འགོད་མི་རུང་བ་ཞིག་ཡིན།ཇི་བཞིན་དུ་ཚིག་གི་སྦྱོར་བ་ལ་བཤམས་ཚེ་ར་མིན་ལུག་མིན་ཉོག་རྫོབ་ཀྱི་སྐད་ཆར་ཐལ་ངེས་ལ།  སྙན་ངག་ཏུ་འགྱུར་མིན་ཡང་ངེས་ཤེས་རྙེད་པ་ཞིག་རེད།   དེ་ན་རྫོང་མཐུག་ཅིང་གཏིང་ཟབ་པའི་བསམ་བློའི་རྒྱབ་ལྗོངས་དེ་ཉིད།སྙན་ཞིང་འཇེབས་པའི་ཚིག་སྦྱོར་རམ་གོ་སླ་ལ་དོན་འགྲེལ་བའི་ཚིག་སྦྱོར་ཞིག་གིས་ཡོངས་སུ་ཚུར་སྣང་བྱེད་པ་ལ།སྙན་ངག་གི་སྐད་ཆའི་སྒྱུ་རྩལ་བེད་སྤྱད་པའང་ཡིན་ལ།སྙན་ངག་ལ་བསམ་བློའི་རྒྱབ་ལྗོངས་དེ་ཉིད་རང་བཞིན་དཀྱུས་མའི་ཚིག་སྦྱོར་ལས་འདས་པའི་དོན་སྟོན་གྱི་ནུས་པ་དགོས་ཤིང༌།དེ་ནི་སྙན་ཞིང་འཇེབས་པའི་སྙན་ངག་གི་སྐད་ཆའི་སྒྱུ་རྩལ་དང་འབྲེལ་བ་དམ་པོ་ཡོད།དོན་གྱི་ཟབ་ཚད་དེ་ཀ་དང་ཁ་ཡི་དཔེ་བཞིན་མི་སྟོན་པར།སྐད་ཆའི་སྒྱུ་རྩལ་ཞིག་གིས་ཡོངས་སུ་མཚོན་པ་ནི་སྙན་ངག་གི་ཡོན་ཏན་ཞིག་སྟེ།བརྩམས་ཆོས་གང་ཞིག་སྙན་ངག་ཏུ་འགྱུར་དགོས་ཚེ།དེར་སྐད་ཆར་ཚོད་འཛིན་དགོས་ལ།སྐད་ཆའི་ཚོད་འཛིན་ནི་སྒྱུ་རྩལ་ལ་སྦྱར་འོག་བརྗོད་བྱ་སྔར་བཞིན་ལྷུག་གྲོལ་གྱི་རང་དབང་ལྡན་པ་ནི་སྙན་ངག་གི་ཁྱད་ཆོས་རེད།ཕྱིའི་སྐད་ཆས་ཚོད་འཛིན་ཐེབས་ཀྱང་ནང་གི་བསམ་བློའི་ཐོན་ཁུངས་དང་དྲག་འགྱུར།ཟབ་ཚད་བཅས་ལ་ཚོད་འཛིན་ཐེབས་མི་རུང་བ་ནི།གཅིག་ནས་བསམ་བློའི་འགན་འཁྲིའི་དེད་པ་ཞིག་ཀྱང་ཡིན་ལ།གཉིས་ནས་སྙན་ངག་གི་ཆ་རྐྱེན་ཞིག་ཀྱང་ཡིན་པས།མ་གཞི་སྙན་ངག་ཡིན་དགོས་ལ་བསམ་བློའི་ཁྱབ་ཁོངས་ཡང་མ་ནོར་མ་ལུས་བར་སྟོན་དགོས་ཚེ། དེ་ལས་ལྷག་པའི་འགལ་བ་ཞིག་དང་ལས་འགན་ལྕི་མོ་གང་ན་ཡོད།   སྙན་ངག་གི་ལས་ཀ་བགྱིད་མཁན་མཐའ་དག་ལ་དཀའ་ཁག་འདི་བྱུང་བའི་དབང་གིས།ཁོ་བོ་ཚོས་བརྩམས་ཆོས་ལའང་ཚིག་སྦྱོར་གྱིས་ནང་བསམ་བློའི་ཁྱབ་ཁུངས་དང་ཟབ་ཚད་ཚོད་འཛིན་ཐེབས་ཏེ་བརླག་པ་དང༌།   ནང་གི་བསམ་བློའི་ཟབ་ཁྱད་དང་ཁྱབ་ཁུངས་ཀྱིས་ཕྱིའི་སྙན་འཛེབས་ཀྱི་མཛེས་སྦྱོར་ལ་ཚོད་འཛིན་གྱི་ནུས་པ་ཐོན་པ་རེད།  དེར་བརྟེན།  ནང་གི་བསམ་བློའི་ཁྱབ་ཁུངས་དང་ཟབ་ཚད་ལ་ཕྱིའི་ཚོད་འཛིན་བྲལ་ཞིང༌།   ཕྱི་ལ་ནང་གི་ཟབ་ཁྱད་ཀྱིས་ཚོད་འཛིན་བྲལ་བར་བྱེད་པ་ནི་རྨད་དུ་བྱུང་བའི་སྙན་ངག་གི་ཡོན་ཏན་ཞིག་ཡིན་པས།དེ་གཉིས་བཏང་སྙོམས་ཀྱི་སྒོ་ནས་ཕྱིའི་ཚིག་སྦྱོར་གྱིས་ནང་བསམ་བློའིའཇིག་རྟེན་ལ་རོལ་ཏུ་ཁྲིད་པའི་ནུས་པ་ལྡན་ཞིང༌།ནང་བསམ་བློའི་ཟབ་ཚད་དང་གཏིང་དཔག་གིས་ཕྱིའི་ཚིག་སྦྱོར་ལ་རྨད་བྱུང་རོ་ཉམས་འདོན་པའི་དགེ་མཚན་དང་ནུས་པ།གཟི་བརྗིད་བསྣོན་པ་ནི་ཐུན་མོང་མ་ཡིན་པས་སྙན་ངག་གི་ཡོན་ཏན་དང༌།ད་ཆ་ང་ཚོས་འབད་འབུང་བྱ་དགོས་པའི་གནད་ཞིག་ཀྱང་རེད་བསམ་མོ། །

འཕྲོས་བཤད།

དོན་དངོས་སྟེང༌།  ཞིབ་འཇུག་ཟབ་མོ་ཞིག་གི་བུ་ལོན་བཞིན་བྱུང་བའི་སྐད་ཆ་མཐའ་དག   ཅི་འདོད་ཀྱིས་བྱོ་ན་སྙན་ངག་ཏུ་མི་འགྱུར་བས།  ཚིག་གི་ཐབས་རྩལ་ལམ་སྒྱུ་རྩལ་ཞིག་གིས་ཤུགས་བསྟན་སོགས་ཅི་རིགས་ནས་མཚོན་པར་བྱེད་པ་ནི་སྙན་ངག་གི་མཚོན་སྟོབས་དང་ཡོན་ཏན་ཞིག་ཡིན།

ཚིག་འདིའི་ནང་བཅུད་འཇིག་རྟེན་དང་དེའི་ཆགས་འཇིག་གི་རིམ་པ་བསྟན་ཡོད།རྟོག་གེ་བ་ཁ་ཆེན་དབང་ཆེན་འགའ་ན་རེ།ཡ་ཐོག་ནས་རྒྱུད་པའི་གཏམ་རྒྱུད་དེ་ཚོར་ཡང་མ་རུང་བདུད་ཀྱི་སྤུན་ཟླར་ངེས་པའི་ནག་ཉེས་མཁན་སྐོར་ཞིག་གིས་ཆེད་དུ་ནག་པ་དང་བརླག་པར་སྙམ་མོད།དེ་ནི་ཆོས་ཉིད་དང་རྩོད་སྒྲུབ་ཀྱི་འབྲེལ་བ་ཟབ་མོ་ཞིག་གི་སྟེང་ནས་ངོ་སྦྱོར་བྱས་ཡོད་དེ།གོང་ནས“རྩྭ་ཐང་གི་ལྭ་བ་ཕྱི་ནང་ཡང་ཡང་བརྗེས”ཞེས་པ་དེས་ཕྱིའི་སྣོད་ཀྱི་འཇིག་རྟེན་དང་དེའི་འགྱུར་ལྡོག་བསྟན་ལ།དེ་ནི་དུས་ཀྱི་འགྱུར་ལྡོག་ཅིག་ལས་སུས་ཀྱང་བསྒྱུར་བ་དང་བསུས་པ།ཡང་ན་བསམ་བཞིན་དུ་བརྗེས་པ་མ་ཡིན་པའི་ཆོས་ཉིད་བསྟན་ཐོགདུན་ཡུན་ངེས་ཅན་ཞིག་གི་གོ་རིམ་ཁྲོད།འགྱུར་ལྡོག་དེས་ནང་བཅུད་ཀྱི་གནས་སྟངས་ལ་འགྱུར་ལྡོག་ཐེབས་སུ་བཅུག་ཅིང༌།དུས་ཚོད་སྟེང་གི་འགྱུར་ལྡོག་དེས་བསམ་དབང་དང་དྲན་དབང་མེད་པར་ནང་བཅུད་ཀྱི་དངོས་རིགས་མཐའ་དག་ཁྱུར་མིད་བཏོང་ངེས་པའི་རྩོད་སྒྲུབ་ཀྱི་འབྲེལ་བ་བསྟན་ཡོད།འདི་ནི་ནང་བཅུད་ལ་གྲ་སྒྲིག་དང་ཐེ་ཚོམ་ཅི་ཡང་མེད་པར།ལྷིང་འཇགས་དང་ཧ་ལས་ཧོལ་འཐོར་གྱི་གནས་སྐབས་གང་ཞིག་ལ།ཕྱིའི་བཙན་ཤུགས་ཀྱིས་རྒོལ་ལན་བཏང་བའི་ཆོས་ཉིད་ཅིག་ཀྱང་ཡིན་པས།སྐབས་འདིར་ཐོན་ན།འུ་ཅག་གིས་རང་ལ་ཡོད་པའི་དངོས་རིག་མཐའ་དག་འགའ་ཞིག་གིས་བཅོམ་ཆགས་རྐྱ་ཉུལ་དུ་གཏོང་རྒྱུ་རེད་སྙམ་པའི་སེམས་ཁྲལ་ལྷག་མའི་རིགས་བྱེད་པ་ལས།གྲ་སྒྲིག་དང་སྟ་གོན་གང་འཚམས་བྱས་པའི་དགའ།འདི་ནི་ལོ་རྒྱུས་ཀྱི་བདེན་དོན་ཞིག་ཀྱང་ཡིན་པས།རྟོག་གེ་བ་ཁ་མཁྲེགས་མགོ་མཁྲེགས་དག་གི་གླེང་ཕྱོགས་ལྟར།རང་ལ་ཡོད་པ་མཐའ་དག་རྟག་བརྟན་ཐེར་ཟུག་གིས་འཛིན་རྐྱང་དང་སྤེལ་རྐྱང་ཞིག་གཏན་ནས་མིན། 

③  འདི་ལས་རང་ལ་ཡོད་པ་མཐའ་དག་ལག་ནས་ཤོར་ཞིང་མེད་པ་མཐའ་དག་རིང་ནས་རིང་དུ་གྱེས་པའི་བར་བརྒལ་གྱི་དུས་རབས་ཤིག་ཡིན་པའང་གསལ་བོར་མངོན་ཡོད།འདི་ལས་མངོན་ཐུབ་པ་ནི་ང་ཚོའི་ཁོར་ཡུག་དང་རིག་གནས་འདིའི་བྲན་དུ་ཚུད་པའི་མི་རྣམས་ཀྱི་བདེ་སྡུག་དང་བསམ་གཞིག་གི་འགྱུ་སྟངས་རེད།འདིའི་སྟེང་ནས་བལྟས་ན།རྩོམ་པ་པོས་དང་བླངས་ཀྱི་འགན་འཁྲིའི་བདམས་ཀ་དེའང་ཐད་ཀར་མི་རིགས་ཤིག་གི་བདེ་སྡུག་གི་སྟེང་ན་ཡོད་པས།དང་བླངས་དེའི་གོ་རིམ་ཁྲོད་ཁོ་ལ་ཁེར་ཧྲང་གི་བསམ་བློའི་འགན་འཁྲི་ལྕི་མོ་ཞིག་གིས་མནར་མྱོང་པའང་གསལ་རྟོགས་བྱེད་ཐུབ།ལྷག་པར་ཏུ་མི་རིགས་འདིའི་འདས་མ་ད་གསུམ་གྱི་ལོ་རྒྱུས་བརྒྱུད་རིམ་ཁྲོད།  མི་རྣམས་ཀྱི་བསམ་གཞིག་གི་འགྱུ་སྟངས་ནི་དེ་ལྟར་མི་བུ་རང་ག་བའི་སྐད་ངག་གི་དྭངས་སྙིགས་དང་འདབས་སྲམ་གྱི་ཆེ་ཆུང་ལས་བརྒལ་མེད་པས།འདིའི་སྟེང་ནས་བལྟས་ན།ང་ཚོས་མི་རིགས་འདི་རྒུད་པ་ནས་རིང་དུ་རྒུད་པའི་རྒྱུ་རྐྱེན་གྱི་ཉེས་དམིགས་དེ་འཚོལ་སླ་ཞིང༌།སྒྱིད་ལུག་དང་མཁྲེགས་འཛིན་མཁན་གྱི་བསྟན་པ་ཆེས་ཆེར་དར་བའི་རྐྱེན་ལས་ལད་འདུག་པ་གསལ་བོ་ཡིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་གི་ཡོན་ཏན།

2010-06-01 དུད་སྒྲེང༌། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།