བོད་ཀྱི་བུད་མེད་བརྩམས་ཆོས་དང་ཁྱབ་ཁོངས་བཤད་པ། ༼༡༽

ཆུ་སྐྱེས་སྒྲོལ་མས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-04-29

བསམ་ཚུལ་ཁག་གཉིས་སྔོན་དུ་གླེང་བ།

བསམ་ཚུལ་དང་པོ།

ངས་དཔྱད་རྩོམ་འདིའི་ཁ་བྱང་ལ། བོད་ཀྱི་བུད་མེད་མཁས་པའི་བརྩམས་ཆོས་ཞེས་བཀོད་ཡོད། བརྩམས་ཆོས་ཟེར་དུས།བོད་བཙན་པོའི་དུས་ནས་ད་བར་གྱི་བུད་མེད་རྩོམ་པ་པོ་དང་སྐྱེས་པ་རྩོམ་པ་པོ་བསྡུར་བ་ཡིན་ན།རྩོམ་པ་པོའི་གྲངས་འབོར་དང་བརྩམས་ཆོས་གྲངས་འབོར།ད་དུང་སྤུས་ཀ་སོགས་གང་ས་ཅི་ཐད་ནས་བུད་མེད་རྣམ་པས་སྐྱེས་པ་ཚོའི་རྗེས་ཟིན་ཐབས་མེད་པ་ཞིག་བྱུང་ཡོད་པ་ནི་དངོས་ཡོད་གནས་སྟངས་རེད།འོན་ཀྱང༌།སྔ་ནས་ད་བར་ལ་མེད་པ་ནས་ཡོད་པ་དང༌།ཡོད་པ་ནས་གྲངས་འབོར་དང་སྤུས་ཀ་སོགས་ཇེ་ལེགས་ལ་སོང་ཡོད་པ་ཡང་བདེན་པ་རེད།དེར་བརྟེན།དངོས་ཡོད་གནས་སྟངས་དེ་འདྲ་ཞིག་ལ་བསམ་ནས་བུད་མེད་མཁས་པའི་བརྩམས་ཆོས་ཞེས་མཁས་པ་ཞེས་པའི་ཚིག་འདི་ཆེད་སྤྱད་པ་ཡིན།བོད་བཙན་པོའི་དུས་ནས་ད་བར་ལ་བུད་མེད་ནི་སྤྱི་ཚོགས་སྟེང་མངོན་གསལ་དོད་པོ་ཆགས་མ་ཐུབ་པའི་རྒྱུ་རྐྱེན་ནི།

༡ བཙན་པོའི་སྐབས་ལ་ཆ་མཚོན་ན། སྙན་གྲགས་ཅན་གྱི་བཙན་པོ་ཡོད་སར་སྙན་གྲགས་ཅན་གྱི་བཙུན་མོ་དང༌། བུད་མེད་གཞན་མེད་པ་མི་སྲིད་རུང༌།ཁོང་རྣམ་པའི་ལོ་རྒྱུས་སྐོར་རྒྱལ་རབས་དེབ་ཐེར་ཁག་གི་ནང་དུ་བཀོད་པ་ཉུང༌།རྒྱུ་མཚན་ནི་ཆེན་པོའི་བྱ་བས་ཆུང་ཆུང་སྒྲིབ་པ་ལྟ་བུར་སྣང་བ་དང༌།གཞང་ཡང༌།ལོ་རྒྱུས་འབྲི་མཁན་ཕལ་ཆེ་བ་སྐྱེས་པ་ལས་བུད་མེད་བྱུང་མྱོང་མེད་པ་དེས། སྣང་ཆུང་དུ་ཤོར་བ་ལྟ་བུར་གྱུར་འདུག

༢གནའ་བོའི་བོད་ཀྱི་སྤྱི་ཚོགས་ནང༌།བུད་མེད་ཚོས་ཤེས་རིག་སྦྱོང་བའི་ལམ་ལུགས་དེ་ཙམ་མེད་པ་དང༌།རེ་གཉིས་ཡོད་པ་ཚོའང་སྡེ་དཔོན་མི་དྲག་གི་སྲས་མོ་ལས།བུད་མེད་ཕལ་བའམ་དཀྱུས་མ་ཚོར་སློབ་སྦྱོང་བྱེད་པའི་ལམ་སྲོལ་དེ་ཙམ་མེད།བུད་མེད་དཀྱུས་མའི་ནང་སློབ་སྦྱོང་གི་གོ་སྐབས་ཐོབ་ཡོད་པ་དེ་ཚོ་ནི།མང་ཆེ་བ་འཇིག་རྟེན་གྱི་བྱ་བའམ་ཚེ་འདིའི་བྱ་བ་བློས་བཏང་བ་ཤུགས་ཆེ་བ་ཆགས་ཡོད།

༣དེ་ནི།བོད་ཀྱི་སྤྱི་ཚོགས་ལམ་ལུགས་ཤིག་གིས་སྤྲད་པའི་མཇུག་འབྲས་རེད།དཔེར་ན།བུད་མེད་ཕྲུ་གུའི་ཨ་མ་ཞིག་གིས་ཁྱིམ་ལས་མ་ཡིན་པའི་ལས་དོན་གཞན་ཚོང་ལས་སོགས་ཆེད་གཉེར་བྱས་ན་༼ཕྲུ་གུའི་ཨ་མ་ཡིན་པས་ད་སྡོད་ཚུགས་༽ཞེས་རྒྱབ་སྐྱོར་མེད་པར་བཀག་འགོག་བྱ་སྲོལ་ཡོད།དེ་འདྲ་ནི།བུད་མེད་ཚོར་འཇོན་ཐང་ངོམ་པའི་བསམ་བློ་ཏོག་ཙམ་ཡོད་པ་དེ་ངོམས་སའི་ལམ་ཁ་འགག་འགྲོ་བའང་ཡོད་པ་རེད། བོད་པའི་ཁ་དཔེ་ལ། ༼བུ་མོ་ལྐུགས་མ་མིན་ན་ལྷོད་ན་དགའ། བུ་སྨྱོན་པ་མིན་ན་འཚུབ་ན་དགའ་༽ ཞེས་བཤད་སྲོལ་ཡོད།

༤ བུད་མེད་རང་ཉིད་ཀྱིས་རང་ཉིད་ལ་མཐོང་ཆུང་དང༌། སྤོབས་པས་མ་ལྡེང་ནས་ལུས་འགྲོ་བའི་སྐོར་ཞིག་ཡོད་པ་ནི།དཔེར་ན།བུད་མེད་ག་གེ་མོ་ཞིག་ཆང་ས་བརྒྱབ་ཟིན་རྗེས་ཁྱོ་ག་ཡག་པོ་ཞིག་བྱུང༌།བུ་ཕྲུག་གཅིག་གཉིས་ཤིག་སྐྱེས།འཚོ་བར་དཀའ་ཁག་མེད་པ་དེ་ཙམ་ཀྱིས་འདོད་པ་ཚིམས་འགྲོ་བ་དང༌། ནང་ལས་ཙག་ཙིག་ལ་མགོ་འཁོར་ནས་སྤྱི་ཚོགས་སྟེང་འདོན་མི་ཐུབ་པར་ལུས་པའང་མང༌། འདི་རིགས་རྣམས་ནི་བུད་མེད་རང་སྟེང་ནས་འབད་བརྩོན་བྱེད་མ་ཐུབ་པའི་འཐུས་ཤོར་རེད།

༥ ལོ་ཤས་གོང་ང་རང་འཇར་མན་ལ་རིག་གཞུང་བགྲོ་གླེང་གི་ཚོགས་འདུའི་སྐབས། བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་བུད་མེད་ཅིག་དང་མཇལ་མོལ་བྱུང༌།ཁོང་གིས་༼བུད་མེད་ཚོ་དང་དམིགས་བསལ་ལོ་ན་ཡར་ཙམ་ལོན་པའི་བུད་མེད་ཚོས་ཤེས་ཚད་ཡར་རྒྱས་ཆེད་སྐད་ཡིག་གསར་པ་འདྲ་སྦྱོང་དགོས་ན་རྐུན་མ་ལྟར་གབ་ནས་འགྲོ་ན་མ་གཏོགས་མིས་འཕྱ་ནས་གནས་གཟོད་བདེ་བཅུག་གི་མི་འདུག་༽གསུངས་བྱུང༌།དེ་རིགས་དུས་དེ་སང་ཡང་བོད་ཕྱི་ནང་གང་དུའང་ཡོད།དེ་ནི་བོད་སྤྱི་ཚོགས་ཀྱིས་བུད་མེད་ཚོར་འཛིན་པའི་བལྟ་སྟངས་ངན་པ་ཞིག་རེད།དེར་བརྟེན།བུད་རྣམས་ནས་བཀག་རྡོ་དེ་རྣམས་ངེས་པར་དུ་གཤགས་ནས་དཔའ་ངར་ཞུམ་མེད་ངང་མདུན་ཕྱོགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ལམ་སྟེང་དུ་ཕེབས་ཐུབ་པ་ཅི་ནས་ཀྱང་དགོས། ཡང་ཕྱོགས་གཞན་ཞིག་ནས་བསམ་ན།༼ལག་པ་གཅིག་གིས་ཟློག་པ་མི་ཡོང་༽ཞེས་པའི་དཔེ་ལྟར་སྤྱི་ཚོགས་དང་ཁོར་ཡུག་གི་རམ་འདེགས་ཐོབ་ཐབས་ལའང་འབད་དགོས་པ་གལ་ཆེན་པོ་ཡིན་པར་སྙམ།

བསམ་ཚུལ་གཉིས་པ།

ང་རང་གི་ལྟ་སྟངས་ལ།བོད་ཀྱི་བུད་མེད་སྐོར་གླེང་མཁན་མང་པོ་ཞིག་གིས།བུད་མེད་ཀྱི་ཐོབ་ཐང་ཟེར་བ་ཁོ་ན་ཞིག་གླེང་ནས་བསྡད་ཡོད་པར་མཐོང༌།ཡང་ཁ་ཤས་ནས་བོད་ཀྱི་སྤྱི་ཚོགས་སྒྲོམ་གཞི་ལ་སྤྱི་ཚོགས་གཞན་གྱི་སྒྲོམ་གཞི་འཁྱེར་འོང་ནས་ཚད་འདེབས་བྱེད་པའང་ཉུང་ཉུང་མ་རེད།ངས་བལྟས་ན།བོད་ཀྱི་བུད་མེད་གླེང་བའི་བརྗོད་གཞིའི་ཁྱབ་ཁོངས་དེ་ཐོབ་ཐང་ཁོ་ན་གླེང་བ་ཙམ་ལས།དེ་ལས་བརྒལ་ནས་གླེང་རྒྱུ་མེད་པ་དེ་འདྲ་གང་ཡང་མ་རེད།དཔེར་ན།བོད་ཀྱི་བུད་མེད་ཀྱི་སེམས་ཁམས་དང༌།ཆེད་གཉེར་ལས་རིགས།གྱོན་གོས་དང་རྒྱན་ཆ་སོགས་བརྗོད་གཞི་སྣ་ཚོགས་པ་ཞིག་ཡོད་པ་རེད་འདོད།།ད་རེས་གུས་མོས་གླེང་གཞི་གཙོ་བོ་ནི།བོད་ཀྱི་བུད་མེད་བརྩམས་ཆོས་ཀྱི་སྐོར་ཡིན་ཙང༌།དེའི་སྐོར་ཁོ་ན་གཙོ་འདོན་བྱེད་པར་འབད་ཡོད།དེ་ཡང་རང་ཉིད་ཀྱི་ལག་ཏུ་གང་ཐོབ་པའི་དཔྱད་གཞིའི་ཡིག་ཆའི་ཁྱབ་ཚད་དེ་གཞི་ལ་བཞག་ནས་གླེང་བ་ལས།བུད་མེད་མཁས་པ་དང་རྩོམ་པ་པོ་ཚོར་བཅར་འདྲི་སོགས་ཀྱི་ཐབས་ལམ་གང་ཡང་བེད་སྤྱོད་ཞུས་མེད།དེ་ནི།ང་ཚོས་བརྩམས་ཆོས་རང་སྟེང་ནས་བརྩམས་ཆོས་དེ་གླེང་བ་གལ་ཆེ་བས།རང་ཉིད་ལ་གང་རག་པའི་དཔྱད་གཞིའི་རྒྱུ་ཆ་དང༌།རྒྱུ་ཆ་དེ་དག་ལ་རང་ཉིད་ཀྱིས་དབྱེ་ཞིབ་ཀྱི་གྲུབ་འབྲས་ཁོ་ན་ལས། གཞན་གྱི་བསམ་ཚུལ་རིགས་གང་ཡང་མ་སླེབས་པ་ཞུས་ཡོད།

ང་རང་གིས་བརྩམས་ཆོས་ཞེས་པ་འདིར། རྩོམ་ཡིག་ཁོ་ནའི་གོ་བ་ལས་གཞན་གྱི་གོ་དོན་མེད་པའི་ངོས་འཛིན་མ་བྱས་པར།བོད་ཀྱི་བུད་མེད་དང་འབྲེལ་བའི་རིན་ཐང་གི་ངོས་ཚང་མར་བརྩམས་ཆོས་ཞེས་པའི་ཚིག་འདིས་ཁྱབ་ཀྱི་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། ངོས་འཛིན་བྱེད་སྟངས་འདིའི་ནང༌།བོད་ཀྱི་བུད་མེད་ལས་རིགས་དང་འབྲེལ་བའི་ཐོན་དངོས་ཏེ།བུད་མེད་ཀྱི་རྩོལ་བ་ཁོ་ན་ལས་བྱུང་བའི་བྱ་དངོས་མང་དག་ཅིག་ཀྱང་འདིར་ཚུད་ཀྱི་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། འདི་ལྟར་ན།བོད་ཀྱི་བུད་མེད་བརྩམས་ཆོས་ནི་ཁྱབ་ཁོངས་རྒྱ་ཆེན་པོ་ཞིག་ཡིན་ནའང༌།ད་ལྟའི་ངོས་འཛིན་བྱེད་སྟངས་ལྟར་ན།བོད་ཀྱི་བུད་མེད་མཁས་པས་མཛད་པའི་རྩོམ་ཡིག་དང༌།བོད་ཀྱི་བུད་མེད་མཛེས་རྩལ་བས་བཞེངས་སྐྲུན་བྱས་པའི་རི་མོ་གཉིས་ལ་གོ་བ་ལེན་པ་ཤུགས་ཆེ་བར་ཡོད་སྟབས།ངེད་རང་ནས་ཀྱང་ཁྱབ་ཁོངས་ཆེན་པོ་དེའི་ནང་ནས།གནད་དོན་འདི་གཉིས་ཁོ་ན་ཞིབ་འཇུག་གི་ཡུལ་དུ་བཞག་པ་ཡིན།གཤམ་གྱི་ཚན་པ་དང་ནང་དོན་ཁག་ནི་གནད་དོན་འདི་གཉིས་གཞི་ལ་བཞག་ནས་བྲིས་ཡོད།

ཐོག་མར་ཞུ་ཡག་ཅིག་ལ། འདི་ནི་བོད་ཀྱི་བུད་མེད་བརྩམས་ཆོས་འཚོལ་བ་ལ་ཞུགས་པའི་གོམ་འགྲོས་ཙམ་ལས། ཞིབ་འཇུག་གི་རྩོམ་ཉམས་དང་ཁྱད་ཆོས་ཅན་དུ་གྲུབ་མེད།ད་ལམ་འདིར་ཕེབས་འཛོམས་ཀྱི་གཞོན་སྐྱེས་ཞིབ་འཇུག་པ་རྣམས་ནས་དགོངས་འཆར་དང༌།མ་འོངས་པར་ཞིབ་འཇུག་འདི་ཚད་འཕེར་བ་ཞིག་ཡོང་བའི་ལམ་སྟོན་གང་གནང་བ་ཡིན་ནའང༌། དགའ་གུས་ཆེན་པོ་ཞུ་ཡག་ཡིན།

                                                                                         རིམ་པས་མཐུད་འགོད་ཞུ་རྩིས་ལགས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ཀྱི་བུད་མེད་བརྩམས་ཆོས་དང་ཁྱབ་ཁོངས་བཤད་པ། ༼༡༽

2010-04-29 ཆུ་སྐྱེས་སྒྲོལ་མས། ཀློག་གྲངས། མཆན ཡོད།

བསམ་ཚུལ་ཁག་གཉིས་སྔོན་དུ་གླེང་བ།

བསམ་ཚུལ་དང་པོ།

  •  

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།