བོད་སྐད་ཀྱི་བརྙན་འཕྲིན་ཟློས་གར《ཁ་སང་གི་གཏམ་རྒྱུད》ཀྱི་མྱོང་དཔྱད།

དབང་ཕྱུག་གྲགས་པ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-04-17

ནང་དོན་གནད་བསྡུས།

     མུ་འབྲེལ་བརྙན་འཕྲིན་ཟློས་གར་ཁ་སང་གི་གཏམ་རྒྱུད་ལ་བལྟས་རྗེས་ཀྱི་བརྒྱུད་རིམ་ཁྲོད་བརྙན་འཕྲིན་ཟློས་གར་འདིའི་བརྗོད་བྱའི་ཐད་ནས་དུས་རབས་ཀྱི་འགྱུར་ལྡོག་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཁྲོད་དུ་གནས་པའི་རང་རིགས་ཀྱི་དམངས་ཁྲོད་རིག་གནས་ཉམས་རྒུད་ཐེབས་བཞིན་པ་དང་གསར་བྱུང་གི་རིག་གནས་ཀྱིས་སྤྱི་ཚོགས་ལ་བསྐྲུན་པའི་ཁེ་ཕན་དང་ལྷན་དུ་ཉེས་དམིགས་གི་ཆ་ཞིག་ཀྱང་འབྱུང་བཞིན་པའི་སྐོར་ལ་ང་ཚོས་བསམ་བློ་ཇི་ལྟར་གཏོང་རྒྱུ་དང༌། སྒྱུ་རྩལ་གྱིjཐད་ནས་མི་སྣའི་སྣང་བརྙན་སྐད་ཆའི་སྒྱུ་རྩལ་བརྗོད་བྱའི་གླུ་དབྱངས་ཀྱི་མཛེས་པའི་ ཆ་དང་བརྙན་འཕྲིན་ཟློས་གར་ཁོ་རང་ཉིདཀྱི་དགེ་སྐྱོན་ཁོ་བོས་བློ་ཡི་ནུས་ཚོད་ཀྱིས་ཅུང་ཙམ་དཔྱད་པ་བཏང་ཡོད།

བརྡ་ཆད་གཙོ་བོ།

བརྙན་འཕྲིན། ཟློས་གར། ཁ་སང་གིགཏམ་རྒྱུད། དམངས་ཁྲོད།

གླེང་གཞི།

   ལོ་རྒྱུས་ཀྱི་གོམ་འགྲོས་དང་བསྟུན་ཏེ་མི་རིགས་ཀྱི་རིག་གནས་དང་དཔལ་འབྱོར། ཆབ་སྲིད། བསམ་བློ་སོགས་ཕྱོགས་གང་ཐད་ནས་འཕེལ་རྒྱས་སུ་འགྲོ་བ་ནི་ཆོས་ཉིད་ཡིན་ཏེ། བོད་མི་ རང་ཅག་ནི་མི་རིགས་གཞན་དང་བསྡུར་ན་རྗེས་ལུས་ཀྱི་རྣམ་པ་མངོན་གསལ་ཡིན་མོད་དེ་ནི་འཕེལ་རྒྱས་ཀྱི་གོམ་སྟབས་དལ་བའི་རྐྱེན་ཡིན། ཡིན་ཡང་རང་ངོས་ནས་སྔོན་ཆད་དང་བསྡུར་ན་ང་ཚོ་བོད་ཀྱི་དཔལ་འབྱོར། རིག་གནས། བསམ་བློ་སོགས་ཕྱོགས་གང་ཐད་ནས་གོང་འཕེལ་དང་མདུན་སྐྱོད་བྱས་ཡོད་པའང་སྨྲས་མ་་དགོས་པ་རེད། ཆ་འཕྲིན་སྤྱི་ཚོགས་སུ་འབོད་པའི་དུས་    འདིར། དངོས་པོའི་དཔལ་ཡོན་ཕུན་སུམ་ཚོགས་ཤིང༌། བསམ་པའི་དཔལ་ཡོན་ཉིན་རེ་བཞིན་འགྱུར་ལྡོག་ཆེ་སྟབས། གློག་བརྙན་དང་བརྙན་འཕྲིན་ཟློས་གར་གྱི་དགོས་མཁོ་ནི་དུས་རྒྱུན་འཚོ་ བའི་ནང་གི་ཆ་ཤས་ཤིག་ཏུ་གྱུར། དེ་ཡང་འཛམ་གླིང་སྟེང་གི་ཆ་འཕྲིན་རིག་གནས་ཏེ། གློག་བརྙན་དང་བརྙན་འཕྲིན་དྲ་བ་སོགས་ལ་བརྟེན་ནས་བརྒྱུད་སྒྲོག་དང་ཁྱབ་སྤེལ་བྱེད་པ་ནི་འགྲོ་ ལུགས་ཤིག་ཏུ་གྲུབ། དེ་བས་བོད་མི་ང་ཚོའི་གློག་བརྙན་དང་བརྙན་འཕྲིན་ཟློས་གར་ལ་མཚོན་ན་འང་དེ་ལས་མ་འདས།  

         སྔོན་བྱོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་ཤུལ་བཞག་རིག་གནས་དང༌། བོད་མིའི་འཇིག་རྟེན་ལྟ་བ་དང༌། བསམ་པའི་འདུ་ཤེས་འཚོ་བའི་རོལ་སྟངས། ད་དུང་ཀུན་སྤྱོད་དང་དད་མོས་སོགས་མི་རིགས་གཞན་དང་ཡང་ན་འཛམ་གླིང་ལ་ངོ་སྤྲོད་དང་བཅས་འགྲེལ་བཤད་བྱས་ཆོག་ཆོག་ཡིན། སྤྱིར་རང་རིགས་ལ་གློག་བརྙན་དང་བརྙན་འཕྲིན་ཟློས་གར་ཉུང་བ་དང་དེ་ཡི་ཕྱོགས་ལ་རྐང་བ་འཛུགས་པའི་སྒང་ཡིན། ད་ལོའིལོ་སར་གྱི་རྟེན་འབྲེལ་དུ་ཕུལ་ བའི་མུ་འབྲེལ་བརྙན་ འཕྲིན་ཟློས་གར་ཁ་སང་གི་གཏམ་རྒྱུད་ལ་བལྟས་རྗེས་བརྙན་འཕྲིན་ཟློས་གར་གྱི་ཕྱོགས་ལ་བཀྲ་ཤིས་ཐེམ་པ་ཡར་ཐོན་བྱུང་བའི་དགའ་སྣང་ཆེན་པོ་དང་ཆབས་ཅིག་ཟློས་གར་ནང་གི་མི་སྣ་དང་བྱུང་རིམ་གྱིས་ཡིད་འགུག་ཐེབས་པས།ཁ་སང་གི་གཏམ་རྒྱུད་ལ་རང་ཉིད་ཀྱིས་  མྱོང་དཔྱད་ཕྲན་བུ་བརྗོད་ཁུལ་བྱེད།ཁ་སང་གི་གཏམ་རྒྱུད་བརྗོད་བདེ་བར་གཤམ་དུ་གཏམ་རྒྱུད་ཅེས་འགོད་དོ།

གཞུང་དངོས༌།

དང་བོ།ཁ་སང་གི་གཏམ་རྒྱུད་ཀྱི་ནང་དོན་མདོར་བསྡུས།

           སྔོ་ཞིང་དྭངས་པའི་ནམ་མཁའ་མཐོ་ཞིང་བརྗིད་པའི་རི་བོའི་འདབས་སུ་ཆགས་པའི་གནའ་བོའི་རི་གྲོང་ན་སུ་ཡང་རི་བོའི་ཕ་རོལ་དུ་བརྒལ་མ་མྱོང་ལ། ཕ་མེས་ཡང་མེས་ནས་སྤྱིར་བཏང་སྒོ་གཏན་བབ་ཆགས་ངང་ཕྱི་རོལ་ཡུལ་དང་གཏན་དུ་ཁ་གྱེས་པའི་ངང་འཚོ་བ་རོལ་བཞིན་གདའ། ཨ་མྱེས་ཉི་མ་ནི་སྤྱི་ཚོགས་རྙིང་བའི་སྐབས་སུ་གྲྭ་སར་ལས་སྐྱ་སར་ཕབ་པས་རི་གྲོང་དེ་རུ་ཡི་གེ་ཤེས་པ་་ཏག་ཏག་ཁོ་གཅིག་པུ་ལས་མེད། ཁོ་ལ་བོད་ཀྱི་སྲོལ་རྒྱུན་དགོན་པའི་རིག་གནས་དང་ད་དུང་བཤད་མི་ཚར་པའི་དམངས་ཁྲོད་གནའ་གཏམ་བཤད་རྒྱུ་ཡོད། རྨ་ཁུག་སྡེ་བའི་མི་རབས་གཉིས་ཀྱི་རིང་ལ་ཁོས་གནའ་གཏམ་བཤད་རྒྱུ་ནི་མཚམས་ཆད་མ་མྱོང༌། བལྟས་པ་ཙམ་གྱིས་སྤྱིར་བཏང་གི་འཚོ་བའི་གོམས་སྲོལ་ཞིག་ཏུ་གྲུབ། མི་རྣམས་ཀྱིས་ཨ་མྱེས་ཀྱི་གནའ་གཏམ་ལ་ཉན་པ་ནི་གནའ་བོའི་རིག་གནས་ལ་རྒྱུས་ལོན་དང༌། སློབ་སྦྱོང་བྱེད་ཐབས་ཀྱི་ཐབས་ཤེས་ཤིག་ཏུ་གྱུར།

        མི་རྣམས་ལ་མཚོན་ན་དགོང་ཇ་མ་འཐུང་ན་ཆོག་ཀྱང་ཨ་མྱེས་ཀྱི་གནའ་གཏམ་ལ་མ་ཉན་ན་མཚན་མོ་གཉིད་མི་འོང་བ་ལྟ་བའི་འཚོ་བ་གོམས་ལོབས་སུ་གྱུར་འདུག ནམ་རྒྱུན་ས་སྲོད་ཀྱི་དུས་སུ་མི་རྣམས་ཀྱིས་དགོང་ཇ་འཐུང་རྗེས་མ་གྲོས་རང་མཐུན་གྱིས་ཨ་མྱེས་ཚང་ལ་འཚོགས་ཏེ། ཨ་མྱེས་ཉི་མའི་གནའ་གཏམ་གཅིག་ནས་གཉིས་ཉན་རྗེས་ཁོ་ཚོའི་སེམས་ཁམས་སྐྱིད་ཅིང་ཅི་ཞིག་འགྲུབ་སོང་བ་ལྟ་བུའི་སྣང་བ་ཡོད། སློབ་གསོའི་རང་བཞིན་ལྡན་པའི་ཨ་མྱེས་ཀྱི་གནའ་གཏམ་འདིའི་བག་ཆགས་ཀྱིས་ཁྱིམ་མཚེས་བར་དང༌། སྤུན་ཟླ་སོགས་གཉེན་ཉེ་ཕན་ཚུན་བར་ལ་འགལ་བ་དང༌། རྩོད་རེས་ཅི་ཡང་མེད་པར་ཞི་བདེ། གུས་མཐུན། དབུལ་ཡང་བདེ་སྐྱིད་ཀྱི་འཚོ་བ་རོལ་ གྱིན་གདའ།  

        ཉིན་ཞིག་ལ། སྡེ་བའི་ལུག་རྫི་རྟ་རྡོ་ཡིས་རྨ་ཆུའི་ཕ་རོལ་གྱི་སྡེ་གྲོང་གི་ལུག་རྫི་ཞིག་དང་ངོ་ཤེས་ཏེ། ཉིན་འགའ་མ་འགོར་བར་ཕན་ཚུན་གྲོགས་པོར་གྱུར་བ་མ་ཟད་སྒྲ་སྡུད་དམ་ཁོ་ཚོས་སྒྲ་ སྒམ་ཞེས་ངོས་འཛིན་བཞིན་པའི་དངོས་པོ་དེ་ཁོས་གྲོགས་པོར་གཡར་ནས་རང་སྡེའི་ནང་དུ་ཁྱེར་ཡོང་སྟེ་སྡེ་མི་རྣམས་ལ་ཉན་དུ་བཅུག་ཅིང༌། སྒྲ་སྒམ་ལས་རོལ་མོ་སྣ་ཚོགས་གྲགས་པར་མ་ཟད་ཁོ་ཚོས་གོ་བའི་བོད་སྐད་ཀྱང་བཤད་པས་དེ་ལས་ཀྱང་ཡ་མཚན་སྐྱེས། སྒྲ་སྒམ་ནང་གི་རོལ་མོས་ཐོག་དང་པོར་སྡེ་བ་འདིའི་ལོ་དུ་མའི་རིང་གི་ལྷིང་འཇགས་དེ་དཀྲོགས། མི་རྣམས་མཚན་མོ་འདི་ཡི་  རོལ་མོ་དང་བསྡོངས་ཏེ་རྩྭ་ཐང་གི་མཚན་ལྗོངས་དང་ལྷན་དུ་མྱོས། སྡེ་བའི་མི་སུའང་ཨ་མྱེས་ཀྱི་ གནའ་གཏམ་ལ་ཉན་དུ་མ་སོང༌། ཨ་མྱེས་ཉི་མ་གཅིག་པུར་རང་ཁྱིམ་དུ་སྡོད་པ་དང༌། ཐོག་དང་ པོར་མི་རབས་གཉིས་ཀྱི་རིང་ལ་གནའ་གཏམ་མ་བཤད་པའི་མཚན་ནམ་རིང་མོ་དེ་ཁོས་ཁེར་རྐྱང་གིས་བསྐྱལ།

    སྒྲ་སྒམ་ཞེས་པ་དེས་སྡེ་བའི་མི་རྣམས་ལ་ཤན་ཤུགས་ཆེན་པོ་ཐེབས་ལ་ཨ་མྱེས་ཉི་མའི་གནའ་གཏམ་ལ་མཚོན་ན་ཕོག་ཐུག་ཆེན་པོ་བཏང་ཡོད་པ་སུས་ཀྱང་མ་ཚོར། ལྷག་པར་དུ་གཅིག་རྗེས་གཉིས་མཐུད་དུ་སྒྲ་སྡུད་དང་གློག་བརྙན་ཁང་སོགས་ཀྱིས་ཨ་མྱེས་ཉི་མའི་གནའ་གཏམ་དང་རང་ས་གནས་ཀྱི་དམངས་ཁྲོད་རིག་གནས་ལ་འཇིག་ཉེན་ཆེན་པོ་བསྐུལ། མི་རྣམས་ལ་མཚོན་ན་གནའ་གཏམ་་བརྗེད་སོང་བ་འདྲ། འོན་ཀྱང་ཨ་མྱེས་རང་གི་གནའ་གཏམ་བརྗོད་ས་ཞིག་འཚོལ་འདོད་ཀྱི་འདུན་པ་དེ་ཆད་མ་མྱོང་ལ། གནའ་གཏམ་རྒྱུད་འཛིན་བྱ་དགོས་ཀྱི་སེམས་པའང་འཇགས་མ་མྱོང༌། སྐབས་དེར་རིག་གནས་གསར་བ་དར་ཁྱབ་ཆེ་བས་རྐྱེན་མི་རྣམས་ཀྱིས་       དམངས་ཁྲོད་རིག་གནས་ལ་མཐོང་ཆེན་མི་བྱེད་པ་དང་སྡེ་བ་ལ་མཚོན་ན་ཨ་མྱེས་ཉི་མའི་གནའ་གཏམ་ཏག་ཏག་ཁ་སང་གི་གཏམ་རྒྱུད་ལྟ་བུར་གྱུར།

     མཇུག་ཏུ། དམངས་ཁྲོད་རིག་གནས་ཀྱི་གལ་ཆེན་རང་བཞིན་ངེས་ཟིན་བྱུང་སྟེ། དམངས་ཁྲོད་རིག་གནས་སླར་གསོ་དང་འཚོལ་སྡུད་བྱ་མགོ་བརྩམས། གྲོང་ཁྱེར་ནས་རིག་གནས་ཀྱི་བྱ་བ་གཉེར་བཞིན་པའི་བསོད་ནམས་ཚེ་རིང་གིས་ད་བཟོད་ཨ་མྱེས་ཀྱི་གནའ་གཏམ་རྩ་ཆེན་ ཡིན་པ་དང་དམངས་ཁྲོད་རིག་གནས་ཀྱི་རིན་ཐང་རྟོགས་ཏེ། ཕྱིར་ཕ་ཡུལ་ལ་ལོག་ཏེ་ཨ་མྱེས་ལ་ རིག་པ་མི་གསལ་བའི་ནད་ཞིག་ཕོག་ཡོད་པས་བསོད་ནམས་ཚེ་རིང་འགྱོད་གདུང་དྲག་པོ་སྐྱེས་བ་དང་ལྷན་དུ་ཕྱི་རབས་པ་ལ་དམངས་ཁྲོད་དམ་སྲོལ་རྒྱུན་རིག་གནས་གལ་ཆེན་ཡིན་པ་དང་དེ་   ཉམས་བཞིན་པའི་ཅོང་བརྡ་སྒྲོག་བཞིན་མཇུག་རྫོགས་སོ།།

གཉིས་པ།  ཁ་སང་གི་གཏམ་རྒྱུད་ཀྱི་བརྗོད་བྱའི་སྐོར་གྱི་བསམ་ཚུལ།

བརྙན་འཕྲིན་ཟློས་གར་གང་ཡིན་རུང་དེས་འཚོ་བ་དངོས་དང་སྤྱི་ཚོགས་ཀྱི་གནད་དོན་མཚོན་བཞིན་ཡོད་ལ་གཏམ་རྒྱུདཀྱང་དེ་ལས་མ་འདས། དོན་དངོས་ཀྱི་གཏམ་རྒྱུད་ཀྱི་མཇུག་ཏུ་མི་རྣམས་ལ་བསམ་གཞིག་གི་གོ་སྐབས་ཆེན་པོ་བསྐྲུན་ཡོད་ལ་ཟུར་ཞིག་དང་ཡང་ན་གཏམ་རྒྱུད་ཀྱི་ཁྲོད་ནས་སྤྱི་ཚོགས་མྱུར་བར་འཕེལ་རྒྱས་ཀྱིས་འབྲོག་པའི་མི་རྣམས་ཀྱི་དངོས་པའི་དཔལ་ཡོན་ཇེ་ལེགས་སུ་སོང་བ་སྟོན་པ་དང་ལྷན་དུ། ཕྱོགས་གཞན་ཞིག་ནས་སྲོལ་རྒྱུན་རིག་ གནས་རིམ་བཞིན་མེད་བརླག་དང་འབོར་བཞིན་པ་གཙོ་བོར་བསྟན་ཡོད། སྤྱིར་བོད་མི་རིགས་ནི་   གནའ་གཏམ་བཤད་རྒྱུར་དགའ་བའི་མི་རིགས་ཤིག་ཡིན་ལ། གནའ་དུས་ངལ་རྩོལ་མི་དམངས་ དག་ལ་ད་ལྟའི་སློབ་གསོ་དང་རིག་གནས་ལྟ་བུའི་གྱ་ནོམ་པ་ཕུན་སུམ་ཚོགས་པའི་འབྱུང་ཡུལ་མེད་པས་གནའ་གཏམ་ནི་ད་བཟོད་ཁོ་ཚོས་རང་རྒྱུད་ལ་ཤེས་བྱ་དང་སློབ་གསོ་རིག་གནས་བརྒྱུད་ལེན་གྱི་བསླབ་དེབ་ལྟ་བུར་གྱུར། གནའ་གཏམ་མཐའ་དག་གི་བརྗོད་བྱའི་སྙིང་བོའི་བསྟན་དོན་ ནི་དགའ་སྡང་གསལ་ཞིང་དགེ་བ་དང་སྡིག་པའི་དབྱེ་བ་མངོན་པ། ངལ་རྩོལ་ལ་སྐུལ་འདེད། ལེ་ལོ་ལ་ཟུར་ཟ། གཤིས་བཟང་ལ་བཀུར་བ། གཡོ་སྒྱུ་ལ་ངོ་རྒོལ། དྲང་བདེན་ལ་དགའ་བ། སྒེར་     སེམས་ལ་གནོང་བ་སོགས་གནའ་གཏམ་མང་ཤོས་མི་དམངས་ལ་སློབ་གསོ་དང་མཐུན་སྒྲིལ། དགྲ་ལ་ཐེར་འདོན་དང་ངོ་རྒོལ་ བྱེད་པའི་ལག་ཆ་ལྟ་བུར་གྱུར། དཔེར་ན་ཨ་མྱེས་ཉི་མས་བཤད་པའི་སེང་གེ་ཡི་གཏམ་རྒྱུད་དང་རྒྱལ་བོ་དྲི་མེད་ཀུན་ལྡན་གྱི་གཏམ་རྒྱུད》《མི་རོ་རྩེ་སྒྲུངསོགས་བདེན་ལུགས་དང་གཞུང་དྲང་སྙིང་རྗེ་སོགས་ལེགས་པའི་ཆ་འདི་དག་མི་ཆོས་བསླབ་བྱའི་ཚུལ་དུ་འདོན་སྤྲོད་བྱེད་བཞིན་ཡོད། མི་རབས་ནས་མི་རབས་ལ་མི་རྣམས་ཀྱིས་     གནའ་གཏམ་ཉན་འདོད་ཀྱི་འདུན་པ་དང་ལྷན་དུ་སློབ་གསོའང་ཐེབས་འདུག ད་ལྟའི་གནས་བབ་ནི་མི་རྣམས་ཀྱིས་སློབ་གྲྭའི་ཚད་ལྡན་གྱི་སློབ་གསོ་ཉམས་སུ་མྱངས་བར་མ་ཟད། གློག་བརྙན་དང་བརྙན་འཕྲིན་སྤྱི་ཚོགས་ཀྱི་སློབ་གསོ་ད་བཟོད་གནའ་དུས་གནའ་གཏམ་སློབ་གསོའི་ཚབ་ལྟ་བུར་གྱུར་འདུག འདི་ནི་རིག་གནས་ཤིག་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཁྲོད་རིག་གནས་གཞན་ཞིག་ཏུ་གྱུར་བའམ་རིག་གནས་དེ་འཐུས་ཚང་དང་ཇེ་ལེགས་སུ་སོང་བའི་དན་རྟགས་ཡིན་ལ། འོན་ཀྱང་དམངས་ཁྲོད་ཀྱི་རིག་གནས་དེའང་དུས་དང་བསྟུན་ཏེ་ཉམས་བཞིན་ཡོད་པ་ནི་དུས་རབས་དང་གསར་བྱུང་གི་རིག་གནས་ཀྱི་རྐྱེན་ཡིན་ཡིན་ལ། གཙོ་བོ་ལག་ལེན་གྱི་སྟེང་ཡིན་པར་འདོད། དམངས་ཁྲོད་དུ་རིག་གནས་འཚོལ་སྡུད་བྱེད་པ་གཞིར་བཞག་གི་སྟེང་སློབ་གྲྭ་དང་བརྙན་འཕྲིན་གློག་བརྙན་དྲ་བ་སོགས་སུ་དམངས་ཁྲོད་དམ་སྲོལ་རྒྱུན་རིག་གནས་ཀྱི་བརྗོད་བྱའི་ཐད་ལ་ཤུགས་བསྣན་ཏེ་རྒྱུད་སྒྲོག་བྱས་ན་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་བྱེད་ཐབས་ཞིག་དང་དེ་ལ་ང་ཚོས་འབད་འབུངས་བྱ་དགོས་པ་ཞིག་ཀྱང་རེད།

སྤྱིར་ཁ་ཅིག་གིས་སྲོལ་རྒྱུན་རིག་གནས་མཐའ་གཅིག་ཏུ་དོར་དགོས་པ་དང་རིག་གནས་གསར་བ་གསར་རྐྱང་ནང་འདྲེན་བྱ་དགོས་ཟེར་ལ། དེ་ནི་མ་དཔྱད་པར་རང་སོར་བཤད་པའི་སྐད་ཆ་ཞིག་ཡིན་པར་སེམས། ཅིའི་ཕྱིར་ཞེ་ན། རིག་གནས་ཤིག་འཕེལ་རྒྱས་སུ་གཏོང་དགོས་ན་ ངེས་བར་དུ་སྲོལ་རྒྱུན་རིག་གནས་དེ་ཡི་མགོ་ཁུངས་དང་མ་གཞི་ཤེས་དགོས་ལ། རྗེས་སུ་ད་བཟོད་རིག་གནས་དེ་ལེགས་བཅོས་བྱ་ཐབས་འཚོལ་དགོས་པ་མ་གཏོགས་རིག་གནས་ཏེ་གཏོར་བརླག་བྱ་དགོས་པ་དེ་མ་ཡིན། རིག་གནས་གང་ཡིན་ཡང་དེ་སྐབས་དེའི་སྤྱི་ཚོགས་ཀྱི་དགོས་མཁོ་ལྟར་    ཞབས་ཞུ་སྒྲུབ་པ་ཞིག་ཡིན་ལ། རིག་གནས་དེའང་ངེས་པར་དུ་དུས་དང་བསྟུན་ཏེ་གསར་ བཅོསཀྵྨཱིཾ新﹚བྱ་དགོས། གསར་བཅོས་ཅི་ཙམ་བྱས་ཀྱང་རྨང་གཞི་ནི་སྲོལ་རྒྱུན་ནམ་རྙིང་བ་ཡིན། དཔེ་དེ་བཞིན་དུ་སྔར་ཡོད་བོད་ཀྱི་ རིག་གནས་དག་ཀྱང་གནའ་བའི་རིག་གནས་ཀྱི་རྨང་ གཞི་འམ་ཡང་ན་རྙིང་བ་ལ་རྟེན་དང་འབྲེལ་དེ་བྱུང་བ་ཡིན། གལ་ཏེ་སྔར་ཡོད་ཀྱི་རིག་གནས་རྒྱུད་འཛིན་མ་བྱས་ཚེ་གསར་གཏོད་མི་འབྱུང་ལ། འཕེལ་རྒྱས་ཀྱང་འགྲོ་ཐབས་བྲལ་བས་ཉམས་རྒུད་དུ་འགྲོ་བ་གོར་མ་ཆག དེའང་དེང་གི་དུས་འདི་ལ་ལྟ་སྟངས་ཇི་འདྲ་ཞིག་འཛིན་རྒྱུ་དང༌། བོད་ཀྱི་གསར་བྱུང་རིག་གནས་དང་དེ་ཡི་མདུན་ལམ་དང་འཕེལ་རྒྱས་ལ་ཇི་ལྟར་རྒྱང་ལྟ་བྱེད་རྒྱུའི་ཐད་ ལ་བསམ་བློ་གཏོང་དགོས།

མི་རིགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་གནས་འཚོ་བ་སོགས་ལ་འཕེལ་རྒྱས་འབྱུང་བཞིན་པ་ནི་རིག་གནས་གསར་བ་ཕྱུག་པས་རྐྱེན་དང་རིག་གནས་གསར་བའི་འཛུབ་སྟོན་འོག་བྱུང་བར་འདོད། གོང་དུ་བརྗོད་པ་ལྟར་རིག་གནས་གསར་བ་ཞེས་ངེས་འཛིན་པ་ནི་སྲོལ་རྒྱུན་རིག་གནས་ལས་གོམ་གང་མདུན་སྤོས་ངང་གསར་དུ་བྱུང་བའི་རིག་གནས་དེ་ཡིན། གལ་ཏེ་རིག་གནས་གསར་བ་ཞེས་གཞན་ལས་བྱུང་བས་རིག་གནས་དེ་ཁོ་ན་སྦྱང་ཚེ་རང་རིགས་ཀྱི་རིག་གནས་ཉམས་རྒུད་ཐེབས་འགྲོ་ལ་འཚམས་མིན་ཡང་མི་ཤེས། དེ་བས་རང་གི་སྲོལ་རྒྱུན་རིག་གནས་སྟེང་གཞན་གྱི་རིག་གནས་ནང་འདྲེན་བྱས་ཏེ། བཟང་ངན་གྱི་བླང་དོར་བྱས་ཚེ་རང་རིགས་ཀྱི་བྲོ་བ་ཅན་གྱི་རིག་གནས་གསར་བ་བསྐྲུན་ཐུབ་པར་འདོད།   གཏམ་རྒྱུདནི་ལོ་རབས་༧༠བཅོས་སྒྱུར་སྒོ་འབྱེད་སྐབས་འབྲོག་པའི་འཚོ་བ་བརྗོད་པ་ཞིག་ཡིན་ལ་དུས་ཀྱི་བཀོད་སྒྲིག་སྟེང༌། ཐོག་མར་སྒྲ་སྡུད་འཕྲུལ་ཆས་ཀྱི་དུས་སྐབས་དེ་ ནས་སྒྲ་ཕབ་འཕྲུལ་ཆས་ཀྱི་དུས་སྐབས། གློག་བརྙན་གྱི་དུས་སྐབས་མཐར་གློག་ཀླད་ཀྱི་དུས་སྐབས་སུ་མཇུག་རྫོགས་པ་ཡིན། ཕལ་ཆེར་ལོ༣༠ལྷག་གི་དུས་སྐབས་བརྗོད་ཡོད། དུས་རབས་གསར་བའི་སྒྲིག་ཆས་དང་འཕྲུལ་ཆས་དར་ཏེ་འཕེལ་རྒྱས་དང་བསྟུན། དམངས་ཁྲོད་རིག་གནས་ལ་ཉམས་ཉེན་འབྱུང་བཞིན་པ་དང་རིག་གནས་གསར་བས་འབྲོག་པའི་འཚོ་བ་ལ་ནུས་བ་བསྐྲུན་བཞིན་པའང་མངོན། དགེ་འདུན་ཆོས་འཕེལ་ལགས་གྱིས་གསུང་བ་ལྟར། ཀུན་ལ་ཕན་པའི་ངོ་མཚར་རྫས་འཕྲུལ་དང༌།། ཡོངས་ལ་གནོད་པའི་ལྟས་ངན་ཆོ་འཕྲུལ་གཉིས།། ཤེས་རབ་རལ་གྲིའི་རྣོ་ཕྱོགས་རེ་རེའི་སྣེ།། གཅིག་གི་ཟླ་ལ་ གཅིག་ཀྱང་སླེབས་པར་སེམས།།ཞེས་གསུངས་པ་བཞིན། རིག་གནས་གང་ཞིག་ཡིན་རུང་དེའི་འཕེལ་འགྲོས་སུ་དགེ་མཚན་ལྡན་པའི་ཆ་ཞིག་བྱུང་བའི་ཞོར་དུ་ཉེས་དམིགས་ཀྱི་ཆ་ཞིག་ཀྱང་གཟུགས་དང་གྲིབ་མ་བཞིན་ངང་ངམ་ཤུགས་སུ་ བྱུང་སྟེ། དགེ་མཚན་གྱི་ཆ་རྒྱུན་བསྲིང་དང་གོང་སྤེལ། ཉེས་དམིགས་ཀྱི་ཆ་རྨེག་མེད་དུ་གཏོང་རྒྱུ་ ནི་ཕྱི་རབས་པས་སྲོལ་རྒྱུན་རིག་གནས་བླང་དོར་བྱེད་པའི་ཁུངས་ལུང་ཡིན་ཏེ། ང་ཚོས་དེ་ལྟར་  རིག་གནས་གསར་རྙིང་གི་བཟང་བའི་ཆ་སྤེལ་བ་དང་ངན་པའི་ཆ་དོར་དེ་སྙིགས་དོར་བཅུད་ལེན་བྱ་དགོས་བར་སེམས་སོ།

གསུམ་པ། ཁ་སང་གི་གཏམ་རྒྱུད་ཀྱི་སྒྱུ་རྩལ་རང་བཞིན།

    གློག་བརྙན་སྒྱུ་རྩལ་ནི་མིའི་རིགས་ཀྱི་སྒྱུ་རྩལ་དང་ལག་རྩལ་ཚད་ངེས་ཅན་ཞིག་ལ་འཕེལ་རྒྱས་བྱུང་བའི་ལོ་རྒྱུས་ཀྱི་གོ་རིམ་ལྡན་པའི་ཐོན་རྫས་ཤིག་ཡིན་ལ། དེ་ནི་མཐོང་བ་དང་ཐོས་པ་སྣ་འཛོམས་ཀྱི་སྒྱུ་རྩལ་ཞིག་དང་སྒྱུ་རྩལ་གྱི་སྣ་འཛོམས་ཡིན་པར་མ་ཟད་ལག་རྩལ་གྱི་སྣ་འཛོམས་ཀྱང་ཡིན་དགོས། གློག་བརྙན་བརྙན་འཕྲིན་གསར་བཟོ་དང་བཟོ་བསྐྲུན་གྱི་བརྒྱུད་རིམ་ནི་མི་སྒེར་གྱིས་བརྩམས་པའི་དཔེར་ན། གླུ་དབྱངས། རི་མོ། པར་ལེན་པ། རྐོ་བཟོ་ལྟ་བུའི་ལས་སླ་མོ་ཞིག་མིན་པར། འཁྲབ་གཞུང་རྩོམ་པ་པོས་ཡི་གེའི་ལམ་ནས་བརྗོད་འདོད་པའི་སྐད་ཆ་གསལ་བོས་སྒོ་ནས་ནང་དོན་གྱི་ཚན་པ་དབྱེར་ནས་བྱུང་རིམ་འཕེལ་རྒྱས་གཏན་ལ་ཕབ་སྟེ། མི་སྣའི་སྣང་བརྙན་བཞེངས་སྐྲུན་བྱེད་པར་མ་ཟད། ཟློས་གར་གསར་བཟོ་བྱ་བར་སྒྱུ་རྩལ་གྱི་མཁའ་དབུགས་དང་མཛེས་དཔྱོད་རིག་པའི་ཁྱད་ཆོས་མངོན་གསལ་དོད་པོ་ཡིན་དགོས། བརྙན་འཕྲིན་ཟློས་གར་ནི་ སྲོལ་རྒྱུན་ཟློས་གར་གྱི་གར་སྟེགས་རང་བཞིན་དང་མི་འདྲ་བར། བརྙན་རིས་﹙屏幕﹚སྟེང་  ནས་ལྟ་མཁན་ལ་བསྐྲུན་པས་མཐོང་ཚོར་གྱི་སྣང་བརྙན་སྒྱུ་རྩལ་ཞིག་ཡིན། དེ་ལ་བདེན་པའི་རང་བཞིན་དང་﹙真实性﹚འཚོ་བའི་རང་བཞིན་ཅན་གྱི་ཁྱད་ཆོས་ཡོད་པས། བརྙན་འཕྲིན་ཟློས་གར་འཁྲབ་ཁྲིད་པས་ཡི་གེའི་བརྗོད་སྟངས་སྟབས་བདེ་བྱས་ཏེ། བརྙན་རིས་སྣང་བརྙན་དུ་བསྒྱུར་ཏེ་དངོས་བའི་འཚོ་བ་དང་ཉེ་བའི་སྒྱུ་རྩལ་གྱི་ཞིང་ཁམས་ཤིག་བསྐྲུན་རྒྱུ་དེ་ཡིན།

    ང་ཚོ་བོད་མི་རིགས་ལ་མཚོན་ན་ཆེད་ལས་ཀྱི་མཁས་བ་ཉུང་བ་དང་ལག་རྩལ་གྱི་ཕྱོགས་ནས་དེ་བས་ཀྱང་དབེན་པས་དུས་རབས་ཉེར་གཅིག་གི་དུས་འདིར་ང་ཚོ་ལ་གློག་བརྙན་བརྩམས་ཆོས་རེ་འགའ་དང་ལྷག་པར་དུ་མུ་འབྲེལ་བརྙན་འཕྲིན་ཟློས་གར་མོ་སྟོན་ཕག་མགོདང་གཏམ་རྒྱུདམ་གཏོགས་རང་རིགས་ཀྱིས་འཁྲབ་སྟོན་་སྒྲིག་བཟོ་བྱས་པ་མེད། དེ་སྔོན་ཡོད་པ་ནི་གཞན་རིགས་ཀྱི་བརྙན་འཕྲིན་བོད་སྐད་ལ་བསྒྱུར་བ་དང་གཞན་མི་རིགས་ཀྱིས་བོད་བརྗོད་བྱར་གྱུར་བའི་བརྩམས་ཆོས་ཡིན། རྗེས་སུ་ལུས་པའི་རྣམ་པ་བསྒྱུར་སླད་ཉེ་ལམ་བརྙན་འཕྲིན་ཀྱི་ཕྱོགས་སུ་འབད་བཞིན་ཡོད་ལ་དགོས་བ་ཞིག་ཀྱང་རེད། ད་ལོ་ལོ་སར་གྱི་རྟེན་འབྲེལ་དང་ལག་སྐྱེས་སུ་ཕུལ་བའི་མུ་འབྲེལ་བརྙན་འཕྲིན་ཟློས་གར་གཏམ་རྒྱུདནི་ཐེངས་དང་པོར་ལོ་རབས་བདུན་བཅུ་བའི་བོད་མའི་འབྲོག་ཁུལ་གྱི་མི་དམངས་མང་ཚོགས་ཀྱི་འཚོ་བ་བརྙན་འཕྲིན་གྱི་ལམ་ནས་རྒྱུད་སྒྲོག་བྱས་པ་ཞིག་ཡིན། ད་དུང་བརྒྱ་ཆའི་དགུ་བཅུ་གོ་དགུ་ཡན་གྱི་འཁྲབ་སྟོན་མི་སྣ་ནི་བོད་མི་སྤྱིར་བཏང་གི་ཕྱུག་རྫི་ཡིན་ལ། འཁྲབ་སྟོན་བྱས་པ་སྤྱིར་བཏང་གི་འཚོ་བ་དངོས་དང་ཁ་འཕྲོད་ལ་ཧ་ཅང་མཛེས་མཛེས་ཀྱི་ཆ་མེད། སྐད་ཆ་དང་གདོང་གི་ཉམས་འགྱུར་བྱ་བའི་སྤྱོད་  སྟངས་ཐམས་ཅད་རང་མདངས་ལྟར་འཁྲབ་ཡོད་ལ། ཆེད་ལས་ཀྱི་འཁྲབ་སྟོན་མི་སྣ་དང་བསྡུར་ ཐབས་མེད། བརྙན་འཕྲིན་ཟློས་གར་འདི་ལ་རྩེད་མཚར་དང་དགོད་བྲོ་བའི་ཆ་མེད་པར་དུས་   རབས་ཀྱི་འགྱུར་ལྡོག་དང་བསྟུན་མི་རྣམས་ཀྱི་བསམ་བློའི་འགལ་བ་བརྗོད་པ་ཞིག་ཡིན། བོད་མི་རིགས་ཀྱི་འཚོ་བའི་གོམས་ལུགས་དང་མཐུན་པའི་བརྙན་འཕྲིན་ཟློས་གར་འདི་ལ་མཚོན་ན་ཆེད་ལས་རང་བཞིན་གྱི་ཆ་ཧ་ཅང་ཉུང་ཡང་སྒྱུ་རྩལ་གྱི་ཐབས་ལམ་ལ་བརྟེན་ནས་བོད་མི་དམངས་ཀྱི་མིག་གི་དགའ་སྟོན་ཏུ་ཕུལ་ཐུབ་པ་ནི་དགའ་འོས་པ་ཞིག་རེད།

དང་པོ།མི་སྣ་དང་སྐད་ཆ།

མི་སྣའི་བསམ་བློ་དང་སྐད་ཆ་ལ་འགྱུར་ལྡོག་ཆེན་པོ་ཡོད་པ་ནི་གཏམ་རྒྱུདཀྱི་ཁྱད་ཆོས་གཙོ་བོ་ཡིན་ཏེ། བརྙན་འཕྲིན་ཟློས་གར་ཐོག་མར་མགོ་བརྩམས་མ་ཐག་སྡེ་མི་ཡོངས་ཀྱིས་ཨ་མྱེས་ཀྱི་གནའ་གཏམ་ལ་བྱིས་པས་འོ་མ་འདོད་པ་ལྟར་ཉན་འདོད་ཀྱི་འདུན་པ་དང་མཐར་སྒྲ་སྡུད་འཕྲུལ་ཆོས་དང་གློག་བརྙན་བྱུང་བས་ཨ་མྱེས་ཀྱི་གནའ་གཏམ་ལ་སྤྲོ་བ་མེད་པའམ་སུན་སྣང་གི་རྣམ་པ་གཉིས་ཀྱི་ཕྱོགས་ནས་ཨ་མྱེས་ཉི་མའི་སེམས་ཁམས་ལ་འགྱུར་ལྡོག་ཆེན་པོ་བྱུང་སྟེ། ཐོག་མར་ཁོས་བྱིས་པ་ཚོ་ལ་སློབ་གྲྭ་འཛུགས་པ་འཐད་པ་བྱུང་བའང་ཁོ་ཡི་གནའ་གཏམ་བཤད་པར་ སྟབས་བདེ་ཡིན་པར་འདོད་པ་དང༌། དེ་ནས་གནའ་གཏམ་གསར་བ་བཤད་ཀྱི་ཡིན་པ་བསོད་ནམས་ཚེ་རིང་གིས་སྡེ་མིར་བརྡ་རྒྱག་ཏུ་བཅུག་པ། དེ་ནས་ཐབས་ཟད་དེ་བྱིས་པ་ཚོ་ལ་གནའ་གཏམ་ལ་ཉན་ན་ཀ་ར་糖﹚སྟེར་ཟེར་བ་དང་ཕྱོགས་གཞན་ནས་སྒྲ་སྡུད་ལ་ཉན་པ་ནི་ཆགས་གཏམ་ལ་ཉན་པ་ཟེར་བ། རྗེས་སུ་ཅི་ཡང་མི་བཤད་པར་རང་ཁྱིམ་ནས་སྐྱོ་གདུང་དང་ལྷན་དུ་ཁེར་རྐྱང་དུ་བསྡད། མཐར་ཁོས་གློག་བརྙན་ལ་ལྟོས་ཏེ་མགོ་བོ་གཡུག་གཡུག་བྱས་ནས་བསྡད་པ་ སོགས་ཀྱི་སྟེང་ནས་ཨ་མྱེས་ནི་གནའ་གཏམ་ལ་དགའ་བ་ཞིག་ཡིན་པ་ནི་བཤད་མ་དགོས་པར། ཁོ་ཡི་བྱེད་ཐབས་འདི་དག་ནི་དགོད་བྲོ་བ་ཞིག་ཡིན་ལ་ཡིད་སྐྱོ་བ་ཞིག་ཀྱང་རེད། སྤྱིར་ཨ་མྱེས་ཉི་མ་ནི་སྲོལ་རྒྱུན་ལ་མཁྲེགས་འཛིན་བྱེད་པ་དང་གསར་བ་ལ་ངོ་རྒོལ་བྱེད་པས་མི་སྣ་ཞིག་ཡིན་ལ།    བརྙན་འཕྲིན་ཟློས་གར་གྱི་བརྗོད་བྱ་ལ་རམ་འདེགས་ཐེབས་པ་དང་ལྷན་དུ་ལྟ་མཁན་ལ་བསམ་ གཞིག་གི་གོ་སྐབས་བསྐྲུན་ཡོད།

      རྟ་རྡོ་ལ་མཚོན་ན་སྔོན་ལ་སྡེ་བའི་ནང་གི་གསར་བུ་ཡ་རབས་ཞིག་ཡིན་པ་དང་གནའ་གཏམ་ལ་ཉན་རྒྱུཡང་ཧ་ཅང་དགའ། གྲོང་ཁྱེར་ཟི་ལིང་ལ་སོང་སྟེ་ཕྱིར་སྡེ་བའི་ནང་ལ་ཡོང་རྗེས་ གློག་བརྙན་ཁང་གཉེར་བ་དང་ཨ་མྱེས་ཉི་ མ་ལ་ཕོག་ཐུག་གཏོང་མཁན་གཙོ་བོར་གྱུར། ཕྱི་ལ་སོང་སྟེ་མིའི་སྒེར་སེམས་གཙོ་བོ་འཛིན་པའི་་བསམ་བློའི་ཤན་ཞུགས་ཏེ་སྡེ་མི་ལ་གློག་བརྙན་གྱི་བྱང་རིན་ལེན་པ་དང་ཁོའི་རིན་ཐང་ལྟ་ཚུལ་འགྱུར་ཏེ། གྲོང་ཁྱེར་ནས་ངོ་ཤེས་པའི་འདྲེ་ལག་རིང་སོགས་དང་ལྷན་དུ་ཤོ་བརྒྱབ་སྟེ་སྒོར་མོ་ཤོར་བ་མ་ཟད་སྦག་སྦག་འཁོར་ལོ་དང་ཆུང་མའང་ཤོ་རྒྱག་བྱེད་དུ་གྱུར། འདི་ལྟ་བུའི་ལམ་ལོག་མགོ་རྨོངས་སུ་གྱུར་ཏེ་ཤོ་རྒྱག་རྒྱན་འཇོག་སོགས་ཀྱི་ཐབས་ལམ་ངན་པར་བརྟེན་ནས། འབྲོག་པའི་འཚོ་བར་དབྱེན་དཀྲུག་དང་རང་གཞན་ཕུང་ལ་ སྦྱོར་བའི་ངན་མཚང་ལ་དགག་བཞག་དང་སུན་འབྱིན་བྱས་པ་དང་ཆབས་ཅིག་ཏུ་བོད་མིའི་གཞུང་དྲང་གི་བསམ་བློ་ལ་མག་མོག་གི་དྲི་མས་གོས་བཞིན་པ་གཙོ་བོར་སྒྱུ་རྩལ་གྱི་ལམ་ནས་བསྟན་ཡོད།

     བསོན་ནམས་ཚེ་རིང་གིས་ཆུང་དུས་ནས་རང་གི་ཨ་མྱེས་ཀྱི་གནའ་གཏམ་ལ་ཉན་པ་དང༌། ཨ་མྱེས་ཀྱི་སློབ་གསོ་ཐེབས་ཏེ་སྔོན་ལ་གྲྭ་བ་བྱེད་འདོད་ཀྱི་བསམ་བློ་དང་དེ་རྗེས་སློབ་གྲྭར་འགྲིམས་ཏེ་རིག་གནས་སྦྱངས་རྗེས་ཁོ་ཡི་བསམ་བློ་ལ་འགྱུར་ལྡོག་བྱུང་སྟེ། རི་བོའི་ཕ་རོལ་དུ་བརྒལ་འདོད་ཀྱི་བསམ་བློའི་བར་གྱི་བསྡུར་བས་ང་ཚོའི་འདས་ཟིན་པའི་ལོ་ཟླའི་ཁྲོད་སྒོ་གཏན་ དང་འཕེལ་རྒྱས་མེད་པ་སོས་དལ་བག་ཕེབས་ཀྱི་རྣམ་པ་ལ་ཕྱིར་དྲན་བྱས་ཏེ། བསམ་བློ་གསར་བ་ཞིག་གིས་འཕེལ་རྒྱས་ཀྱི་ལམ་དུ་ཕྱོགས་དགོས་བའི་མི་སྣའི་ལངས་ཕྱོགས་ཤིག་ཡིན།

ང་ཚོས་བརྙན་འཕྲིན་ཟློས་གར་དུ་ནམ་རྒྱུན་སློབ་གསོ་དང་དྲང་བདེན་ལ་སྐུལ་འདེད་ཀྱི་གཏམ་དཔེ་དང་ལེགས་བཤད་མང་བོ་ཞིག་ཐོས་ཐུབ་ལ་དེའང་བརྙན་འཕྲིན་ཟློས་གར་གྱི་སྐད་ཆའི་སྒྱུ་རྩལ་དུ་གྲུབ་འདུག གཏམ་རྒྱུདདུ་འང་གཏམ་དཔེ་ཁ་ཤས་ཡོད་པ་སྟེ། དཔེར་ན། མི་རྒས་ན་ཡུལ་དང་བྱ་རྒས་ན་ཚངས་ལྟ་བུ།

གཉིས་པ།བརྗོད་བྱའི་གླུ་དབྱངས།

    བརྙན་འཕྲིན་ཟློས་གར་ཞིག་ལ་བལྟ་དུས། ང་ཚོ་ནམ་རྒྱུན་བརྙན་འཕྲིན་ནང་གི་སྙན་ཞིང་འཇེབས་པའི་རོལ་དབྱངས་གིས་མྱོས་ལ་བརྗིད་པའི་དབྱངས་རྟས་སེམས་དབང་དབང་མེད་འགུག་སྲིད་འདི་ནི་བརྙན་འཕྲིན་ཟློས་གར་གྱི་རོལ་དབྱངས་དང་གླུ་དབྱངས་ཀྱི་སྒྱུ་རྩལ་ཡིན།

   རོལ་དབྱངས་ནི་འཚོ་བའི་ནང་གི་སྙན་ངག་ཡིན་ལ། དྭངས་བའི་ཆུ་ཕྲན་ཞིག་དང་མཚུངས་ཏེ། མི་སྣའི་བརྩེ་དུངས་བརྗོད་ཐུབ་པ་དང༌། མེ་ཕུང་ཞིག་དང་འདྲ་བར་མིའི་སྤྱང་པོ་གསོ་སྐྱོང་བྱེད། བརྙན་འཕྲིན་ཟློས་གར་ནང་གི་རོལ་དབྱངས་ཀྱི་ཐུན་མིན་ཁྱད་ཆོས་ཀྱིས་པར་ངོས་﹙画面﹚ཀྱི་སྐད་ཆ་དང་མི་སྣའི་སྐད་ཆའི་གོ་དོན་རྒྱུན་བསྲིང་བྱེད་པ་དང༌། མི་སྣའི་བརྩེ་དུངས་ཇེ་ཟབ་ཏུ་གཏོང་ལ། མི་སྣའི་ནང་སེམས་བརྐོ་བཟོའང་བྱེད། ཟློས་གར་གྱི་ནང་དོན་འཕེལ་རྒྱས་དང་བརྗོད་བྱ་གཙོ་བོ་ཕྱིར་མངོན་པ་ཞིག་ཀྱང་ཡིན། ﹚《གཏམ་རྒྱུདཀྱི་བརྗོད་བྱའི་གླུ་དབྱངས་ལེན་མཁན་ནི་བོད་ཀྱི་གླུ་མ་རིག་འཛིན་སྒྲོན་མ་ཡིན་ལ། མོའི་སྙན་ཞིང་འཇེབས་པའི་སྐད་ངག་གིས་ཟློས་གར་གྱི་བརྗོད་བྱ་དང་མི་སྣའི་སེམས་ཁམས་བརྩེ་དུངས་སོགས་ལ་རམ་འདེགས་བྱས་ཏེ་ལྟ་མཁན་གྱི་ཡིད་དབང་ཟློས་གར་གྱི་བརྗོད་བྱ་དང་ལྷན་དུ་དབང་མེད་ཤོར་འགྲོ། གླུ་དབྱངས་འདི་ནི་ཧ་ཅང་ལེགས་གྲུབ་བྱུང་བ་ཞིག་ཡིན། ཨ་མྱེས་ཀྱི་གནའ་གཏམ་ནི་ཁ་སང་གི་ གཏམ་རྒྱུད་ཡིན། འདི་ནས་ཁ་སང་གི་ལོ་ཟླ་ཕྱིར་ལྟས་བྱས་ཆོག འདི་ནས་སང་ཉིན་གྱི་བགྲོད་ལམ་ལ་རྒྱང་ལྟ་བྱས་ཆོག ཨ་མྱེས་ཀྱི་གནའ་གཏམ་ནི་ནམ་ལངས་ཀྱི་སྐྱ་རེངས་ཡིན། འདི་ནས་གསེར་ མདོག་ཉི་ཟེར་ལ་རེ་སྒུག་བྱས་ཆོག གླུ་ཚིག་བརྗོད་བྱ་དང་ཁ་འཕྲོད་ལ། གླུ་དབྱངས་ཀྱི་དབྱངས་རྟ་ཐོས་མ་ཐག་ཟློས་གར་གྱི་བྱུང་རིམ་དང་མི་སྣའི་སྣང་བརྙན་ཡིད་ཀྱི་སྣང་ངོར་ཤར་འོང་ལ་ཡིད་འགུག་གི་ནུས་པ་ཆེན་པོ་ལྡན། བསྟུད་མུར་ཨ་མྱེས་ཁེར་རྐྱང་གི་དུས་སུ་རོལ་དབྱངས་ལ་སྦྱར་ཡོད་པ་དེས་ཨ་མྱེས་སེམས་སྡུག་དང་ཁེར་རྐྱང་གི་མཁའ་དབུགས་སྟུག་པོར་གྱུར་ཡོད། རྟ་རྡོའི་སྒྲ་སྒམ་སྡེ་བའི་ནང་དུ་ཁྱེར་ཡོང་དུས་རོལ་དབྱངས་གིས་སྡེ་ནང་གི་ལོ་དུ་མའི་ལྷིང་འཇགས་དཀྲོགས་མགོ་བརྩམས་པའི་མཚོན་སྟངས་དང་རྟ་རྡོ་ཁོ་ཡི་དགའ་སྣང་མཚོན་པ་སོགས་ཕྱོགས་མང་པོ་ཞིག་གི་ ཚོར་བ་རོལ་དབྱངས་གིས་ལྟ་མཁན་ལ་མིག་གི་ལོངས་སྤྱོད་དང་ལྷན་དུ་རྣ་བའི་མྱོང་རོལ་དང་ཡིད་འགུག་གི་ནུས་པ་བསྐྲུན་ཐུབ་པ་ནི་གཏམ་རྒྱུདཀྱི་བརྗོད་བྱའི་གླུ་དབྱངས་ཀྱི་སྒྱུ་རྩལ་གྱི་ཁྱད་ཆོས་གཙོ་བོ་ཡིན་པར་འདོད་དོ།

བཞི་བ། ཁ་སང་གི་གཏམ་རྒྱུདཀྱི་དགེ་སྐྱོན།

བོད་ཀྱི་ན་གཞོན་འཁྲབ་ཁྲིད་པ་རྡོ་གྲགས་ལགས་ཀྱིས་བརྩམས་ཤིང་འཁྲབ་ཁྲིད་བྱས་པའི་ལེའུ་བརྒྱད་ཅན་གྱི་ཁ་སང་གི་གཏམ་རྒྱུད་ཅེས་པའི་མུ་འབྲེལ་བརྙན་འཕྲིན་ཟློས་གར་འདི་ད་ལོའི་ལོ་སར་སྐབས་སུ་མཚོ་སྔོན་བརྙན་འཕྲིན་ཁང་གིས་བཏང་རྗེས། ང་ཚོ་ལ་སྔར་མེད་ཀྱི་དམངས་ཁྲོད་དམ་སྲོལ་རྒྱུན་རིག་གནས་བརྗོད་བྱར་གྱུར་ བའི་བརྙན་འཕྲིན་ཟློས་གར་ཞིག་གི་ སྟོངས་ཆ་བསྐངས་པ་དང༌། གཞི་རིམ་མང་ཚོགས་ཁྲོད་དུ་བསྟོད་པ་དང་དགའ་བསུ་བྱེད་མཁན་ཡང་མང་ཙམ་བྱུང། གཞན་དྲ་བ་སོགས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་དོན་ཡོད་དོན་མེད་ཅི་  རིགས་དྲང་ལྡོག་གཉིས་ཀྱི་ཕྱོགས་ནས་གཏམ་གླེང་བྱེད་བཞིན་མཆིས། བརྙན་འཕྲིན་ཟློས་གར་འདི་ལ་ལེགས་པའི་ཆ་དང་ལྷན་དུ་ལེགས་འགྲུབ་མ་བྱུང་བའམ་སྐྱོན་ཆ་ཡང་རེ་འགའ་ཡོད། གོང་སྨྲས་ཀྱི་བརྗོད་བྱའི་ཐད་དང་སྒྱུ་རྩལ་རང་བཞིན་དེ་དག་ལེགས་པའི་ཆ་རུ་བཟུང་ན་མི་ཆོག་པ་མེད། སྤྱིར་བཟང་བའི་ཆ་དེ་གཙོ་བོར་བརྗོད་དགོས་དོན་མེད། སྐྱོན་བརྗོད་བྱས་ཏེ་སྐྱོན་སེལ་བྱས་ན་ང་ཚོའི་རྗེས་ཕྱོགས་ཀྱི་བརྙན་འཕྲིན་ཟློས་གར་གྱི་ཕྱོགས་ལ་ཡར་ཐོན་ཡོང་བར་ཕན་ཐོག་པར་ འདོད། དེ་བས། རངཉིད་ཀྱིས་ཀྱང་དགེ་སྐྱོན་གྱི་ཕྱོགས་ནས་དཔྱད་ཙམ་བྱས་ན།འཁྲབ་སྟོན་མི་སྣའི་སྣང་བརྙན་དེ་འདྲའི་གསོན་ཉམས་མི་ལྡན་པ། སྐད་ཆ་བརྗོད་སྟངས་དང་གདོང་གི་རྣམ་འགྱུར་རང་བཞིན་དུ་མེད་པ། མི་སྣའི་ལོ་ཚོད་དང་དུས་ཀྱི་སྡེབ་སྦྱོར་དོ་མི་ཉམས་པ། བྱ་བའི་སྤྱོད་སྟངས་རང་རིགས་གི་ལུགས་དང་མི་མཐུན་པའང་ཁ་ཤས་ཡོད་བསམ།

དཔེར་ན།

༡ བསོན་ནམས་ཚེ་རིང་གིས་ཨ་མྱེས་ཉི་མ་ལ་ཨ་ཁུ་བློ་བཟང་ཚེ་ལས་འདས་སོང་ཞེས་བཤད་རྗེས། ཨ་མྱེས་སྐྱོ་གདུང་དྲག་པོ་སྐྱེ་དུས་བསོད་ནམས་ཚེ་རིང་རླངས་འཁོར་ལ་བསྡད་དེ་བུད་སོང་བའི་ རྣམ་འགྱུར།

༢ བསོད་ནམས་ཚེ་རིང་སྒྲ་ཕབ་དུ་ཡོང་དུས་ཨ་མྱེས་ཀྱི་ནད་གཞི་ལ་དོ་སྣང་མི་བྱེད་པར་སྒྲ་ཕབ་ པ་གཙོ་བོ་བྱེད་པ།

༣ བསོད་ནམས་ཚེ་རིང་གི་ལོ་ཚོད་སྡེབ་སྦྱོར་བྱས་བ་ཅུང་མི་ལེགས་པ།

 ༤ གཏམ་རྒྱུད་ཀྱི་ཐོག་མའི་དུས་རིམ་དེ་ང་ཚོ་དང་རྒྱང་ཐག་ཅུང་ཙམ་རིང་ན་འང་བརྙན་འཕྲིན་དུ་མཐོང་བའི་རྣམ་པ་དེ་ཁ་སང་དེ་རིང་གི་འཚོ་བ་དང་བར་ཐག་ཧ་ཅང་ཉེ་བ་ཞིག་ཏུ་འདུག་པ་ སོགས་ལས་ཟློས་གར་རང་སྟེང་གི་བདེན་པའི་ཆའམ་འོས་འཚམས་ཀྱི་ཆ་ཅུང་གནོད་འདུག་སྙམ་པ་ཞིག་འབྱུང༌།

ཡིན་ནའང་ཕབ་སྐྲུན་གྱི་གོ་རིམ་ཁྲོད་འབྲེལ་ཡོད་ཀྱི་མི་སྣ་ཡོངས་ཀྱིས་དཀའ་ཚེགས་གང་མང་ཞིག་མྱངས་ཡོད་པ་ནི་གདོན་མི་ཟ། སྐྱོན་ཆ་འདི་དག་འང་སྒྱུ་རྩལ་ཀྱི་འཚོལ་སྙེགས་ཁྲོད་ཅིས་ཀྱང་འཕྲད་དགོས་པའི་གནད་དོན་ཞིག་ཏུ་བརྩིས་ཀྱང་མི་ཆོག་པ་མེད། དེ་བས་མ་འོངས་པ་ན་ང་ཚོའི་ན་གཞོན་འཁྲབ་ཁྲིད་པ་རྡོ་གྲགས་ལགས་ཀྱིས་ནང་དོན་དང་རྣམ་པ། འཁྲབ་སྟོན་དང་ཕབ་སྐྲུན་སོགས་གང་ཅིའི་ཐད་ནས་གཏམ་རྒྱུད་ལས་ཀྱང་ལྷག་པའི་གློག་བརྙན་དང་བརྙན་ འཕྲིན་ཟློས་གར་ཅི་རིགས་རྩོམ་པར་ང་ཚོས་རེ་སྒུག་བྱེད་བཞིན་ཡོད།

མཇུག་བསྡུ་བ།

བོད་མི་རིགས་ཀྱི་གློག་བརྙན་དང་བརྙན་འཕྲིན་ཟློས་གར་ནི་གསར་དུ་འབུས་པའི་མྱུ་གུ་བཞིན་དེ་ཡི་ཕྱོགས་ལ་རྐང་བ་འཛུགས་བཞིན་པའི་ད་ལྟ། ང་ཚོ་ལྟ་མཁན་རྣམས་ཀྱིས་ཚོར་འདུ་དང་བསམ་ཚུལ་བརྗོད་དགོས་ལ། ལྷག་པར་དུ་བོད་མི་རྣམས་ཀྱིས་དེ་ལ་ཐེ་གཏོགས་དང་སེམས་ཁུར་བྱས་ཚེ་རང་རིགས་ཀྱི་རིག་གནས་བརྒྱུད་སྒྲོག་དང་ཁྱབ་སྤེལ་བྱེད་པར་ནུས་བ་ཆེན་པོ་བསྐྲུན་ཐུབ་པར་གདོན་མི་ཟ། དེ་བས་བདག་ལ་མཚོན་ན་གློག་བརྙན་དང་བརྙན་འཕྲིན་ལྟ་རྒྱུར་ཤིན་ཏུ་དགའ་བ་དང༌། བོད་མིའི་སྒྲིག་བཟོ་དང་འཁྲབ་སྟོན་བྱས་པའི་བརྙན་འཕྲིན་ཞིག་མཐོང་ཐུབ་པ་ནི་ཡིད་དགའ་བ་ཞིག་རེད༌། དེའི་རྐྱེན་ཕྲན་ཆུང་གིས་རང་གི་རྣམ་དཔྱོད་ཁབ་མིག་ལས་ཅུང་ཙམ་གཟིགས་པར་བྱས་ཡོད། རགས་ཆེ་བའི་རྐྱེན་གནད་དོན་དང་མི་འདང་ས་གང་མང་བྱུང་སྲིད་པས་དགེ་རྒན་དང་གཟིགས་པ་པོ་རྣམས་ཀྱིས་མཐོང་ཆུང་མི་བྱེད་པར་སྐྱོན་སློང་དང་བསམ་ཆར་འདོན་པར་བཀའ་དྲིན་ཞུ་ཞུ།།

མཆན།

དགེ་འདུན་ཆོས་འཕེལ།    ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས་བརྩམས། སུ་ཁྲོན་མི་རིགས་དཔེ་སྐྲུན་ཁང༌། ཤོག་གྲངས་༡༧༡གི་གོང་ནས་མར་གྱི་ཐིགས་ཕྲེང་༨པར།  

ཁ་སང་གི་གཏམ་རྒྱུད་ཀྱི་ལེའུ་དྲུག་པར།

《影视艺术欣赏》高鑫主编北京广播院出版社 168 数三行。

ཟུར་ལྟའི་དཔྱད་གཞི།

《影视艺术鉴赏与实践》    杨少平编著       浙江大学出版社

《影视艺术欣赏》          高鑫 主编        北京广播学院出版社

《西藏文艺评论选》        冯牧 主编         西藏人民出版社  1984ནྡུ10月出版发行

མང་ཚོགས་སྒྱུ་རྩལ།   ༢༠༠༩ལོའི་དེབ་དང་པོ།         སྤྱིའི་དེབ་གྲངས་༡༠༤བ།

དཔྱོད་ཤེས་རྒྱང་འབོད།   ཞོགས་དུང་གིས་བརྩམས།   ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌། 

དགེ་འདུན་ཆོས་འཕེལ།  ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས་བརྩམས།   སུ་ཁྲོན་མི་རིགས་དཔེ་སྐྲུན་ཁང༌།

རྩོམ་རིགས་གཞུང་ལུགས་གནད་བསྡུས།   རྡོ་རྗེ་རིན་ཆེནགྱིས་བརྩམས།    མི་རིགས་དཔེ་སྐྲུན་ཁང༌།  1998ལོའི་ཟླ་10བའི་དཔར་ཐེངས་1པོ། རྩོམ་འཇུག་རིག་གཞོན་དགའ་ཚལ། ཁྲི་བསམ་གཏན་གྱིས་བརྩམས།  མི་རིགས་དཔེ་སྐྲུན་ཁང༌།  2000ལོའི་ཟླ་3པ་པར་ཐེངས་1པོ།

མོ་སྟོན་ཕག་མགོདང་ཨ་ཆེནགངས་རྒྱུད་ཀྱི་གློག་བརྙན།སོགས་ལ་བལྟས་རྗེས།

རྩོམ་ཁུངས། ༢༠༠༩ལོའི

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་སྐད་ཀྱི་བརྙན་འཕྲིན་ཟློས་གར《ཁ་སང་གི་གཏམ་རྒྱུད》ཀྱི་མྱོང་དཔྱད།

2010-04-17 དབང་ཕྱུག་གྲགས་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།