འགན་འཁྲིས་བསླངས་པའི་ཉེན་བརྡ།

                                         ———— འཇུ་སྐལ་བཟང་གི<<ཕོ་བྲང་པོ་ཏ་ལའི་མདུན་ངོས་ཀྱི་རྡོ་ཐེམ>>བཀླགས་པའི་འཆར་སྒོ།  
                                                                                                                                                                   
གཡག་རོག་གི་ཟེ་བ་ཡིས་བཏེགས་པའི་ལོ་རྒྱུས་ཤིག
གནས་འདི་ནས་སྲ་གཟུགས་འཁྱོག་པོར་ཆགས
གཡང་དྲུང་དམུ་ཐག་གི་སྐས་རྡང་མར་བརྐྱངས་པ་ཡིན་སྲིད་ལ
ལྷ་བབས་མཆོད་རྟེན་གྱི་བང་རིམ་ཡར་བརྩེགས་པའང་ཡིན་སྲིད
གང་ལྟར
རང་བྱུང་གི་གོར་མ་ལ་གཟོང་ཁ་དང་བོ་སྐོར་ཉེས་ཤིག་གིས
ཁྱོད་ཀྱི་ལས་དབང་དེ་རྡོག་འོག་འབའ་ཞིག་ཏུ་བསྐྱལ
དམག་རྟའི་རྨིག་པ་ཡིས་བྲང་ཁོག་བརྡུངས་པས
ཁྱོད་ཀྱི་ལ་རྒྱ་དང་ང་རྒྱལ་ཡང་ཡང་བསླངས་མོད
གཙུག་ལག་ཁང་གི་དུང་སྒྲ་རིང་བོ་དེས
ཁྱོད་ལ་ཏིང་འཛིན་གྱི་དྲན་སྐུལ་བྱས
དུས་ཀྱི་རླུང་སྤྲིན་རྦ་རླབས་སུ་ཁོལ་བས
ཁྱོད་ཀྱི་མགོ་བོ་སྔས་ལས་བསླངས་ཀྱང
དར་ལྕོག་རླུང་གིས་རྡེབ་པའི་སྒྲ་བསྟུད་མར་སྒྲོག་པ་ཡིས
ཁྱོད་རང་སླར་ཡང་རྨི་ལམ་གྱི་ཞིང་དུ་སྐྱེལ
དེ་ལྟ་ནའང
ཟུངས་ཁྲག་འཛག་བཞིན་པའི་རྐང་མཐིལ་གྱི་སེར་ཁ་དེས
ཁྱོད་ཀྱི་ལུས་བསླན་ཚེ
ཁྱོད་ལ་བཟོད་མི་ཐུབ་པའི་ཟུག་གཟེར་ཞིག་སྐྱེད་ཅིང
ཁྱོད་ཀྱི་ལུས་ནས་ལྡང་བའི་རྔུལ་ནག་གི་རླངས་པ་ཡིས
མཁའ་དབྱིངས་སུ་འབྲི་བཞིན་པའི་བདེ་སྐྱིད་ཀྱི་བཟོ་བཀོད་དེ
ནམ་ཡང་མཚམས་བཞག་མ་མྱོང
【ཕྲན་དཔྱད】 “སྙན་ངག་ནི་ཚོར་བ་ཞིག་ཡིན”ཞེས་པ་འདི་ལ་གོ་དོན་ལེན་སྟངས་མི་འདྲ་བ་མང་བོ་ཡོད་སྲིད།  དོན་དམ་དེ་ནི་རིག་གནས་སེམས་ཁམས་མི་འདྲ་བའི་རྨང་གཞིའི་སྟེང་ནས་བྱུང་བའི་ཚོར་བ་ཞིག་ཡིན་པ་བསྙོན་དུ་མེད།  རྩོམ་པ་པོ་ཞིག་ལ་མཚོན་ན། ཁོའི་མཐོང་ཆོས་སུ་གྱུར་བའི་བྱ་དངོས་སོ་སོས་བློས་བསླངས་ཀྱི་ཚོར་བ་ནི།  རིག་གནས་སེམས་ཁམས་མི་འདྲ་བའི་ཟབ་ཁྱད་ཀྱི་རྨང་གཞིའི་སྟེང་ནས་བྱུང་བ་ཞིག་ཡིན་པས།  དེ་དང་འབྲེལ་བ་དམ་ཟམ་ཡོད། 
     དུས་རྒྱུན་གྱི་འཚོ་བའི་འཕེལ་རིམ་ཁྲོད།  རྒྱལ་ཁབ་དང་མི་རིགས་གང་ཞིག་གི་མདུན་ལམ་ལ་ཐུགས་ཁུར་ཟབ་བཞེས་གནང་བའི་སྙན་ངག་པ་ཞིག་ལ་མཚོན་ན།  ཁོའི་མཐོང་ཆོས་སུ་གྱུར་བའི་བྱ་དངོས་དག་གི་བློས་བསླངས(ཚོར་བ)ཀྱང་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་དང་འབྲེལ་བ་དམ་པོ་ཡོད་པས།   སྙན་ངག་འདི་ནི་དཔེ་མཚོན་དེ་བླ་ལྷག་གིས་འབུར་ཏུ་ཐོན་པའི་བརྩམས་ཆོས་མཆོག་ཏུ་གྱུར་བ་ཞིག་རེད།  འདིའི་ནང་དུ་རྩོམ་པ་པོའི་རང་གི་མཐོང་ཆོས་སུ་གྱུར་བའི་ཕོ་བྲང་པོ་ཏ་ལའི་མདུན་ངོས་ཀྱི“རྡོ་ཐེམ”གྱིས་བློས་བསླངས་བྱས་པའི་སེམས་འགུལ་ཕྲ་མོ་དག་མཚོན་པར་བྱས་ཡོད།  སེམས་འགུལ་དེ་ནི་ང་ཚོའི་བཤད་སྟངས་ལྟར་ན“ཚོར་བ”ཞིག་རེད་ལ“ལྟ་ཚུལ”ཞིག་ཀྱང་རེད།
     ལྟ་ཚུལ་དེའི་འབྱུང་ཁུངས་ཀྱི་ཆ་ནས་བཤད་ན།  མི་རིགས་ཤིག་གི་འདས་མ་ད་གསུམ་གྱི་རིག་གནས་ལོ་རྒྱུས་ལ་རྒྱུས་ལོན་ཕུན་སུམ་ཚོགས་པ་བྱས་པའི་སེམས་ཁམས་ཀྱི་རྨང་གཞིའི་སྟེང་ནས།  ཕོ་བྲང་པོ་ཏ་ལའི་མདུན་ངོས་ཀྱི“རྡོ་ཐེམ”གྱིས་བློས་བསླངས་བྱས་པའི“ཚོར་བ”མཚོན་པར་བྱས་ཡོད།  དེ་ནི་རྩོམ་པ་པོས་ཡུན་རིང་ལ་བསམ་གཞིག་དང་ཕྱོགས་བསྡོམ་ཡང་ཡང་མཛད་པའི་མི་རིགས་ཤིག་གི་ལས་དོན་དེ“རྡོ་ཐེམ”འདིའི་རང་བཞིན་གྱིས་མཚོན་པར་བྱས་པའང་ཡིན་སྲིད་པས།  གོ་དོན་སླ་མོ་ཞིག་གིས་བཤད་ན།  རྩོམ་པ་པོས་མི་རིགས་ཤིག་གི་འདས་པའི་དུས་ཀྱི་ལོ་རྒྱུས་གནས་བབས་དེ་དཔེ་འཇོག་སླ་མོ་ཞིག་སྟེ།  ཕོ་བྲང་པོ་ཏ་ལའི་མདུན་ངོས་ཀྱི“རྡོ་ཐེམ”ལ་སྦྱར་ཏེ་མཚོན་པར་བྱས་ཤིང༌།  མ་འོངས་པའི་འཕེལ་ལམ་གྱི་ཆ་ནས་ད་ལྟའི་བཅོས་བསྒྱུར་གྱི་སྲོག་སྙིང་ངམ་ཉེན་བརྡ་དེ་གསལ་བོར་བསྟན་ཡོད།
     རྩོམ་པ་པོས་ཐོག་མར་རང་གི་རང་ཚུགས་དང་རང་གི་ངལ་རྩོལ་ལས་བྱུང་བའི་གསར་གཏོད་ཀྱི་འབྲས་བུས་བཏེགས་པའི་མི་རིགས་ཤིག་གི་འདས་པའི་ལོ་རྒྱུས་དེ་“གཡག་རོག་གི་ཟེ་བ་ཡིས་བཏེགས་པའི་ལོ་རྒྱུས་ཤིག”ཅེས་ཚད་ཐིག་མཐོ་ས་ཞིག་ནས་གདེང་འཇོག་བྱས་རྗེས།  “གནས་འདི་ནས་སྲ་གཟུགས་འཁྱོག་པོར་ཆགས”ཚུལ་ཏེ།  གང་ལྟར་ཀྱང་དུས་དེ་ནས་བཟུང༌།  རང་ཚུགས་ཀྱི་ཆ་ནས་རང་རྐྱ་འཕེར་ཞིང་མདུན་ལམ་གྱི་ཆ་ནས་གྱག་གྱོག་ལྡན་པའི་ཁྱད་ཆོས་དེ་གསལ་བོར་བསྟན་ཡོད།  ཡིན་ནའང༌།  མིའི་རིགས་ཀྱིས་རང་གི་ངལ་རྩོལ་གྱིས་རང་ཉིད་ཀྱི་ལོ་རྒྱུས་སྐྲུན་པ་མ་རྟོགས་པའི་བྱས་ཉེས་ཀྱི་དབང་གིས།  སུས་ཀྱང་ལོ་རྒྱུས་དེའི་བྱུང་བ་དང་དགེ་མཚན་གསལ་ཞིང་དག་པ་ཞིག་བརྗོད་པར་མི་ཐོག་པས།  དེ་ནི་ལྷ་སྒྲུང་དང་ཆོས་ལུགས་པའི་སྣང་ཚུལ་ལྟར“གཡང་དྲུང་དམུ་ཐག་གི་སྐས་རྡང་མར་བརྐྱངས་པ”དང༌།  “ལྷ་བབས་མཆོད་རྟེན་གྱི་བང་རིམ་ཡར་བརྩེགས་པ”ལྟ་བུའི་རྟོག་བཟོའི་ཁྲོད་ཀྱི་གཟུགས་ཅན་བཞིན་གཟི་བརྗིད་ཀྱི་ཁྱད་ཆོས་ཡོད་པ་རེད།  དེ་ནི་ཕོ་བྲང་པོ་ཏ་ལའི་མདུན་ངོས་ཀྱི་“རྡོ་ཐེམ”གྱིས་བློས་བསླངས་བྱས་པའི་ཚོར་བ་ཞིག་ཀྱང་རེད་ལ།  མི་རིགས་ཤིག་གི་ལས་དོན་དང་འབྲེལ་བའི་རིག་གནས་སེམས་ཁམས་ཁྱད་པར་བ་ཞིག་གིས་དྲངས་པ་ཡིན་ངེས་རེད།  
   དེ་ནི་མི་རིགས་ཤིག་གི་མདུན་ལམ་དེ་འཕེལ་བའི་དུས་སྐབས་དང་དར་བའི་རྩེ་མོ་ཡིན་པས།  གཏན་དུ་བདེ་སྙོམས་ཀྱིས་དེ་ལྟར་འགྲུབ་མི་སྲིད།  སྣ་མང་རིག་གནས་ཀྱི་འདྲེས་སྦྱོར་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཁྲོད།  མི་རིགས་དེའི་མདུན་ལམ་ལའང་བདེ་གཟུར་གྱི་ཆ་ཡོད་ལ།    དར་རྒུད་དང་འཕེལ་འགྲིབ་ཀྱི་ཆ་ཡང་ཡོད།  བོད་གངས་ཅན་གྱི་མི་རིགས་ལོ་རྒྱུས་དེའང་ཆོས་ཉིད་དེའི་གཏན་ཚིགས་ཁྲོད་འདའ་ཐབས་གཏན་ནས་བྱུང་མེད།  ལྷག་པར་ཏུ་བན་བོན་གཉིས་ཀྱི་རིག་གནས་བསྲེས་སྦྱོར་གྱི་བརྒྱུད་རིམ་ཁྲོད།  གཅིག་ཤོས་ལ་རམ་འདེགས་ཀྱི་རྒྱབ་སྐྱོར་ཐོབ་ཅིང་ཅིག་ཤོས་ལ་སྡིག་དམོད་ཀྱི་སྡང་ཕྱོགས་ལྷུང་བ་ནས་བཟུང༌།  མི་རིགས་ཀྱི་མདུན་ལམ་དེའང་གྱག་གྱོག་ལྡན་ཞིང་སྔོན་ཆད་དང་མི་འདྲ་བའི་ཁྱད་པར་བྱུང་ཡོད་པ་རེད།  འོན་ཏེ།  རྩོམ་པ་པོས་བལྟས་ན།  དེ་ནི་གནད་དོན་ཚབ་ཆེན་ཞིག་གི་སྔ་ལྟོས་རེད།  “གང་ལྟར། རང་བྱུང་གི་གོར་མ་ལ་གཟོང་ཁ་དང་བོ་སྐོར་ཉེས་ཤིག་གིས”ཞེས་རིག་གནས་ལོ་རྒྱུས་ཀྱི་དབྱེ་མཚམས་གསལ་བོ་ཞིག་ཕྱེས་ཏེ།  དུས་དེ་ནས་བཟུང༌།  “ཁྱོད་ཀྱི་ལས་དབང་དེའང་རྡོག་འོག་འབའ་ཞིག་ཏུ་བསྐྱལ”བ་རེད་ཟེར།  འདི་ནི་ང་ཚོར་མཚོན་ན།  དོགས་གནས་ཆེན་པོ་ཞིག་རེད་ལ།  མི་རིགས་ལོ་རྒྱུས་ལ་ཞིབ་འཇུག་ཟབ་མོ་བྱེད་དགོས་པའི་ཉིང་དགོས་མཐུར་ཐུག་གི་ཅོང་བརྡ་ཞིག་ཀྱང་རེད།  
དེ་ནི་རང་བཞིན་གྱིས་རང་བྱུང་གི་གོར་མ་ལ་གཟོང་ཁ་སྐོར་བ་ཞིག་མ་ཡིན་ཏེ།  རིག་གནས་དེའི་མངལ་དུ་སྦྲུམ་པའི་གཟུགས་མེད་ཀྱི་ཞི་འབོད་དང་བྱམས་སྙིང་གི་གཅུན་ཤུགས་གྱིས།  སྔར་མེད་ཀྱི་ཐར་བའི་ལམ་ཆེན་བསྟན་ལ།  ཞི་བའི་འཇིག་རྟེན་སྨྲས།  དེས་མི་རིགས་ཤིག་གི་རིག་གནས་ལོ་རྒྱུས་ཀྱི་གོ་གནས་གལ་ཆེན་ཟིན་པའི་རྒྱུད་རིམ་ཁྲོད།  མིའི་རིགས་ཀྱི་འཇིག་རྟེན་ལྟ་སྟངས་དང་མི་ཚེའི་ལྟ་སྟངས།  འདུ་ཤེས་འཛིན་སྟངས། རིན་ཐང་ལྟ་བ་སོགས་ལ་ཆེ་ས་ནས་འགྱུར་ལྡོག་དང་ཆུང་ས་ནས་བརྟན་བརླིང་བྱུང་རྗེས།  རིམ་གྱིས་སྟེང་གི་བཀོད་པའི་ཁྱབ་ཁུངས་སོ་སོར་ཡང་བསམ་བློའི་བདག་དབང་ཆེན་པོ་བྱས་པ་རེད།  འདི་ནི་རང་ས་ནས་བྱུང་བའི་མི་རིགས་རིག་གནས་སྔ་མ་དང་མི་འདྲ་བའི་ཁྱད་པར་ཡང་ཆེན་པོ་ཡིན།  དུས་དེ་ནས་བཟུང༌།  ཕྱི་ནང་གི་དམག་རྟའི་རྨིག་པས་གང་གི་བྲག་འཁོགས་ཡང་ཡང་བརྡུངས་ཏེ། གང་གི་ལ་རྒྱ་དང་ང་རྒྱལ་ཡང་ཡང་བསླངས་མོད།  དེ་ལ་མིའི་རྣམ་རྟོག་མེད་ཅིང༌།  མིའི་ལ་རྒྱ་དང་མིའི་ཞེ་སྡང༌།  མིའི་ཆགས་ཞེན།  མིའི་བདག་འཛིན་མེད།  དུས་དེ་ནས་བཟུང༌།  གང་གིས་རང་ཉིད་ཀྱི་ངལ་རྩོལ་ཐེད་ལ་བོར་ཞིང་རང་ཉིད་ཀྱི་ཡིད་ཆེས་རྩ་ནས་དོར།   མིའི་རིན་ཐང་རྨང་ནས་བརྗེད་ཅིང་མིའི་རང་གཤིས་ཀུན་ནས་གཡོལ།  དེ་ནས་བཟུང་རང་བཞིན་གྱིས་འཇིག་རྟེན་གཞན་ཞིག་གི་ངང་སྒུག་རིམ་གྱིས་ཆགས་ཤིང༌།  ངང་སྒུག་གི་གོ་རིམ་ཁྲོད་ལྷའི་རྟོགས་པ་དང་ལྷའི་མཁྱེན་པ།  ལྷའི་བྱམས་བརྩེ་ལ་ཡིད་སྨོན་བརྟོས་ཏེ་ཀུན་ནས་རྗེས་སུ་འབྲངས་འདོད་ཀྱི་སེམས་ཁམས་ཁྱད་པར་བས་སྣེ་དྲངས་ཏེ་ལོ་རྒྱུས་ཀྱི་རྒྱུད་ལམ་གསར་བ་ཞིག་སྙེག་པ་རེད།  འདི་ནི་ངེས་དོན་གྱི་དོན་དངོས་རང་བཞིན་ཞིག་རེད།  འདི་ནི་གནས་ལུགས་ཕྱི་དོན་གྱིས་ཚུར་སྣང་བྱུང་བའི་བདེན་སྟོབས་ཤིག་རེད།
ཡང་ན།  ཕྱི་ནང་གི“དམག་རྟའི་རྨིག་པ་ཡིས་བྲང་ཁོག་བརྡུངས་པས། ཁྱོད་ཀྱི་ལ་རྒྱ་དང་ང་རྒྱལ་ཡང་ཡང་བསླངས་མོད། གཙུག་ལག་ཁངགི་དུང་སྒྲ་རིང་བོ་དེས།  ཁྱོད་ལ་ཏིང་འཛིན་གྱི་དྲན་སྐུལ་ཡང་ཡང་བྱས།”དུང་སྒྲ་དེ་ཞི་བདེ་ཡི་འབོད་པ་ཞིག་ཡིན་སྐད།  ཡིན་ནའང༌། འཇིག་རྟེན་ཆོས་ཉིད་ཀྱི་འཕྲོད་སྦྱོར་ལྟར་ན།   ཞི་འབོད་དེས་མཁའ་དབུགས་ཀྱིས་དྲན་སྐུལ་བྱེད་པ་ནི་ཏིང་འཛིན་གཞན་ཞིག་ཡིན་པས།  དེ་ནི་འཇིག་རྟེན་མི་ཆོས་དང་ཡང་ན་དུས་སྐབས་འདིའི་རིག་གནས་འཕྲོད་སྦྱོར་དང་མི་མཐུན་པ་ཞིག་རེད།   འདི་ནི་རྒྱུ་མཚན་དང་ཞིབ་འཇུག་མེད་པར་ཁ་ནས་ཐོལ་བྱུང་དང་གང་བྱུང་གིས་སྨྲས་པ་ཞིག་གཏན་ནས་མ་རེད།  འདི་ནི་དགེ་འདུན་པའི་གཉེར་བྱ་དང་འཇིག་རྟེན་གྱི་ཆོས་ཉིད་རྒྱབ་འགལ་དུ་ཕྱིན་པའི་སྣང་ཚུལ་ཞིག་རེད།  དེ་ལ་དུས་ཀྱི་རྒྱུ་རྐྱེན་དང་ཁོར་ཡུག་གི་གནས་བབས་སོགས་ཀྱིས་ཀྱང་རྒྱུ་རྐྱེན་བྱས་ཡོད་པ་ཞིག་རེད།  ཞི་བདེ་དང་བྱམས་སེམས་བརྗོད་སྙིང་བྱས་པའི་རིག་གནས་སེམས་ཁམས་དེས་དབང་དང་མཐུ་ཡིས“དུས་ཀྱི་རླུང་སྤྲིན་རྦ་རླབས་སུ་ཁོལ་བས།  ཁྱོད་ཀྱི་མགོ་བོ་སྔས་ལས་བསླངས་ཀྱང༌།  དར་ལྕོག་རླུང་གིས་རྡེབ་པའི་སྒྲ་བསྟུད་མར་སྒྲོག་པ་ཡིས།ཁྱོད་རང་སླར་ཡང་རྨི་ལམ་གྱི་ཞིང་དུ” བསྐྱལ་བ་རེད།  འདི་ནི་རིག་གནས་དེ་ལ་མཐུ་དང་བྱིན་རླབས་མེད་ཅེས་པའི་དོན་མ་རེད།  འདི་ནི་རིག་གནས་དེ་དང་འཇིག་རྟེན་དེའི་ཁོར་ཡུག་གི་གནས་བབས་གཉིས་འཕྲོད་སྦྱོར་གཏན་ནས་མ་བྱུང་བའི་སྔ་རྟགས་རེད།  འདི་ནི་ལོ་རྒྱུས་ཀྱི་ཉམས་མྱོང་ཞིག་རེད།  ཆོས་ཉིད་དེའི་རང་བཞིན་དང་གནས་བབས་དེའི་ཉེན་བརྡ་རེད།  རྩོམ་པ་པོས་རང་གི་གྲུང་པོར་གནས་པའི་བསམ་གཞིག་ཁོ་ནར་བརྟེན་པ་ཞིག་ཀྱང་མ་ཡིན་ཏེ།  ཡུན་རིང་གི་ལོ་རྒྱུས་འཕེལ་རིམ་གྱི་རིག་པའི་བརྒྱུད་རིམ་ཁྲོད་ཚུར་སྣང་གསལ་བོར་བྱུང་བའི་་དྲན་སྐུལ་གྱི་ཅོང་བརྡ་རེད།  ཡང་ན་ཕོ་བྲང་པོ་ཏ་ལའི་མདུན་ངོས་ཀྱི“རྡོ་ཐེམ”གྱི་རང་བཞིན་གྱིས་བློས་བསླངས་བྱས་པའི་འདུ་ཤེས་ཀྱི་ཚོར་སྣང་རེད། རྩོམ་པ་པོས་ཁ་ཁོག་དང་ཁེ་སྙན་ལ་མ་འཛེམ་པར།   ཐད་ཀར་མདུང་ཁ་ཐོང་ཁས་གཏད་དེ་བུས་པའི་དུང་བརྡ་དང་རྟོགས་པའི་ཉེན་བརྡ་་རེད།
འདི་ལས་སྙན་ངག་པ་ཞིག་གི་འགན་འཁྲིའི་འདུ་ཤེས་དེ་མི་རིགས་ཤིག་གི་ལས་དོན་དང་འབྲེལ་ཏེ་གཏིང་ཟབ་སར་ཟུག་པའི་ངེས་ཤེས་ཀྱང་རྙེད་ཐུབ་ལ།  རྩོམ་རིག་ནི་རླབས་ཆེན་གྱི་ལས་ཀ་ཞིག་ཡིན་པའི་སྔ་རྟགས་ཀྱང་འགྲུབ་པ་རེད།  འདི་ལ་བལྟས་ན།  ད་གཟོད་མི་རིགས་ལས་དོན་ཁ་ལ་འཁྱེར་བའི་རྩོམ་པ་པོ་ཁྱུ་ལྟར་འཛིང་བ་ཞིག་གི་རྫུན་གྱི་ཕུགས་དང་འགན་འཁྲིའི་ལྕི་ཡང་ཤེས་ཐུབ་ལ།  “སྙན་ངག་ནི་ཚོར་བ་ཞིག”ལ་ཁས་ལེན་བྱས་རྗེས།  དཔེ་ཀློག་དང་བསམ་གཞིག་ལ་འབྲེལ་བ་མེད་པར་འཛིན་པའི་ལོག་ལྟ་མཆོག་འཛིན་མཁན་གྱི་ཉེས་འཚང་ཡང་གསལ་བོར་བརྟོལ་ཐུབ་པས།  ཇི་སྲིད་དུ། འགན་འཁྲིའི་འདུ་ཤེས་ཟབ་མོ་ཞིག་མེད་ན།  བྱ་དངོས་ཀྱིས་བློས་བསླངས་བྱས་པའི་ཚོར་བའང་རླབས་ཆེན་ཞིག་འབྱུང་ཐབས་མེད་ཅིང༌།  ང་ཚོའི་སྐོམ་པ་སོད་པའི་སྙན་ངག་ནི་དེ་བས་ཀྱང་འགྲུབ་མི་སྲིད་པའི་བདེན་ལུགས་ཤེས་ཐུབ།།
       (རྩོམ་པ་པོ་ནི་ནུབ་བྱང་མི་རགས་སློབ་ཆེན་གྱི་སློབ་མ་ཡིན)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འགན་འཁྲིས་བསླངས་པའི་ཉེན་བརྡ།

2010-02-05 དུད་སྒྲེང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།