སྲོལ་རྒྱུན་བརྩམས་སྒྲུང་ནས་བརྩམས་སྒྲུང་གསར་པར་བསྐྱོད་པ།

 <<མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀའི>>ལོ་རྒྱུས་ཀྱི་དོན་སྙིང་བཤད་པ།

བརྩམས་སྒྲུང་གསར་པ་བོད་དུ་ཐོག་མར་བྱུང་དུས་ཀྱི་ཡུན་གྱི་ངོས་ནས་བཤད་ན།དོན་གྲུབ་རྒྱལ་གྱི<<འབོལ་རྩོམ་ཞོགས་པའི་སྐྱ་རེངས>>དེ<<མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ>>འདི་ལས།འོན་ཀྱང་བོད་ཀྱི་བརྩམས་སྒྲུང་ཧྲིལ་པོའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་ངེས་ཤེས་འབྱུང་བའི་ཤེས་རྟོགས་ཀྱི་རིན་ཐང་གི་ཆ་ནས་བཤད་ན།བརྩམས་སྒྲུང་འདིའི་དགེ་མཚན་སྔ་མ་ལས་དམན་པ་ཞིག་གཏན་ནས་མ་ཡིན།<<མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ>>འདིའི་ནང་ན་རབས་སྔོན་མ་སྲོལ་རྒྱུན་བརྩམས་སྒྲུང་གི་མའི་མངལ་གྱི་དྲི་མ་ཡོད་ལ།རབས་གསལ་པ་བརྩམས་སྒྲུང་གསར་པའི་བུའི་འོ་དྲིའང་ཡོད།འདིའི་ནང་ནས་རབས་སྔ་མས་རབས་ཕྱི་མ་བསྐྱེད་དུས་ཀྱི་ན་ཟུག་གི་འཁུན་བུ་གོ་ཐུབ་ལ།རེ་ལྟོས་ཀྱི་འཛུམ་མདངས་ཀྱང་མཐོང་ཐུབ།བརྩམས་ཆོས་འདི་ལས་ང་ཚོས་སྲོལ་རྒྱུན་གྱི་ཆ་མཐོང་ཐུབ་ལ་དེ་བཞིན་སྲོལ་རྒྱུན་བརྩམས་སྒྲུང་ལ་འདའ་འགོངས་མཛད་དེ་བརྩམས་སྒྲུང་གསར་པའི་ཆ་བསྐྲུན་ཡོད་པའི་གསར་རྙིང་གཉིས་ཀའི་ཕྱོགས་ཅུང་གསལ་བར་མཐོང་ཐུབ།དེ་བས་འདི་ལས་ལོ་རྒྱུས་ལ་ཤེས་རྟོགས་བྱ་བའི་ལོ་རྒྱུས་ཀྱི་རིན་ཐང་ཆེན་པོ་ལྡན་པ་ཡིན།

བརྩམས་སྒྲུང་གསར་པ་བོད་དུ་མ་བྱུང་གོང་དུ་བོད་ལ་བརྩམས་སྒྲུང་བྱ་བའི་ཐ་སྙད་དང་གོ་བ་གཞུང་ལུགས་སོགས་གསལ་པོ་ཞིག་མེད།དུས་རབས་ཉི་ཤུ་པའི་སྨད་ནས་བརྩམས་སྒྲུང་གི་ཐ་སྙད་དང་གཞུང་ལུགས་བྱུང་བ་ལས་ང་ཚོས་སྔར་ཡོད་བོད་ཀྱི་རྩོམ་རིག་གི་རྣམ་པ་ལ་ཕྱིར་བལྟས་བྱས་པས།འདྲ་མཚུངས་སམ་རིགས་བསྒྲེས་ཀྱིས་རྩོམ་རིག་གི་རྣམ་པ་དེལས“བརྩམས་སྒྲུང”མང་པོ་ཞིག་ལོགས་སུ་གསར་དུ་ཕྱེ་བྱུང་བ་ཡིན། རྣམ་ཐར་དང་རྟོགས་བརྗོད་ཀྱི་ལུས་ཐམས་ཅད་པོ་དེང་འདིར་བརྩམས་སྒྲུང་གི་གྲས་སུ་སྡུད་བཞིན་པའི་རྒྱུ་མཚན་ཡང་འདི་ཡིན།འདི་དག་ལ་བརྩམས་སྒྲུང་གི་གྲུབ་ཆ་རེ་གཉིས་ཡོད་པས་དང་བརྩམས་སྒྲུང་གི་རང་བཞིན་ཅུང་ཟད་ཡོད་པས་བརྩམས་སྒྲུ་གི་རྣམ་པའི་གྲས་སུ་བཞག་ན་མི་ཆོག་པ་མེད།འོན་ཀྱང་འདི་དག་དང་བརྩམས་སྒྲུང་དངོས་མའི་བར་ན་བསམ་བློའི་ནང་དོན་མ་ཟད་སྒྱུ་རྩལ་མཚོན་ཐབས་ཀྱ་ཆ་ནའང་བར་ཁྱད་ཆེན་པོ་འདུག དེ་ལས་ཀྱང་རྣམ་ཐར་ལྟ་བུ་མིང་གི་འབོད་ཕྱོགས་ཀྱིས་ “传记”དང་འདྲ་བ་ཡིན་ཡང་། དོན་གྱིས “传记”དང་རྩ་བའི་ཆ་ནས་ཁྱད་པར་ཡོད། བོད་ཀྱི་རྣམ་ཐར་རྩོམ་ཚུལ་དེ་སྤྱིར་ན་སྒྱུ་རྩལ་རྩོམ་རིག་གི་རྩོམ་ཐབས་ལྟ་བུ་མ་ཡིན་ཞིང་། རིན་ཐང་གི་ཆ་ནས་ཀྱང་དེའི་རིན་ཐང་དེ་སྒྱུ་རྩལ་དང་མཛེས་རྟོག་གི་སྟེང་ན་ཡོད་པ་མ་ཡིན་པར་གཙོ་བོར་ལོ་རྒྱུས་དང་ལོ་རྒྱུས་ཀྱི་རྒྱུ་ཆའི་སྟེང་ན་ཡོད་པ་ཞིག་ཡིན། སྐྱེས་བུ་གང་ཞིག་གི་ལོ་རྒྱུས་བརྗོད་པ་ལ “传记”དང་རྣམ་ཐར་གཉིས་ཀ་འདྲ་ཡང་། རྩོམ་པ་པོ་གང་དེས་བརྗོད་བྱར་གྱུར་པའི་སྐྱེས་བུ་དེའི་ལོ་རྒྱུས་ཁོང་དུ་ཆུད་པའི་ཐབས(把握方式)ནི་གཏན་ནས་མི་འདྲ། ང་ཚོའི་རྣམ་ཐར་གྱིས་ཕལ་ཆེར་སྐྱེས་བུ་གང་དེའི་ལོ་རྒྱུས་ཀྱི་རྒྱུ་ཆར་སྒྱུ་རྩལ་གྱི་ལས་སྣོན་མི་བྱར་རྒྱུ་ཆ་རེ་རེ་བཀྲམ་སྟེ་མཛད་པའི་རྣམ་གྲངས་རེ་རེ་ནས་གསལ་བར་བྱ་བ་ལྷུན་ལེན་པ་ཡིན།ང་ཚོས་ཀློག་དུས་ཀྱང་བརྩམས་ཆོས་དེ་ཉིད་ཚན་རིག་གི་ཡང་དག་རང་བཞིན་ལྡན་པའི་ལོ་རྒྱུས་ཀྱི་གླེགས་བམ་ཞིག་གི་ཚུལ་དུ་ཀློག་པ་ལས་ཕྲ་རབ་དང་བཅས་པར་བློ་བཟོ་དང་རྟོག་བཟོ་འདྲེས་པའི་རྩོམ་རིག་བརྩམས་ཆོས་ཤིག་གི་ཚུལ་དུ་མི་ཀློག “传记”ནི་དེ་ལྟ་བུ་མ་ཡིན་པར་དེས་ངེས་པར་དུ་ལོ་རྒྱུས་ཀྱི་རྒྱུ་ཆ་དེ་ལ་སྒྱུ་རྩལ་གྱི་ལས་སྣོན་དང་ཕྲ་རབ་དག་ལ་རྟོག་བཟོ་བྱས་པའི་སྒོ་ནས་མཇུག་མཐར་གཤིས་ཀ་གསལ་ལ་གྱ་ནོམ་པའི་རྩོམ་རིག་གི་སྣང་བརྙན་ཞིག་ཏུ་བསྐྲུན་པ་ཡིན།སྒྲུང་རིང་འབྲི་བ་ལ་རིག་པ་ཀློང་བརྡོལ་བའི་ཐོལ་སི་ཏོའེ་ནས་བརྗོད་པའི་བྱ་ལོ་རྒྱུས་བྱས་པའི<<རྒྱལ་པོ་པིས་ཏི>>ཞེས་འབྲི་ཆེད།ཁོས་ལོ་རྒྱུས་ཀྱི་རྒྱུ་ཆ་མང་པོ་ཞིག་བཀླགས་ཤིང་།གསར་རྩོམ་གྱི་གྲ་སྒྲིག་དཀའ་ཚེགས་ཆེས་མང་པོ་ཞིག་བསྒྲུབས་ཀྱང་།མཇུག་མཐར་རྩོམ་པ་པོ་རང་གིས་བཤད་པ་བཞིན།“སྣང་བརྙན་གང་རུང་ཞིག་གི་སྐྱ་ཐིགབདག་གི་རྟོག་ངོར་མ་བྱུང་བས་རྩོམ་དེ་ཉིད་འབྲི་ཐུབ”ཟེར།འདི་ལས་ང་ཚོས་བོད་ཀྱི་རྣམ་ཐར་དང་གཞན་པའི་“传记”བར་གྱི་ཁྱད་པར་ཤེས་ཐུབ་ལ། དེ་བཞིན་བོད་ཀྱི་རྣམ་ཐར་རྩོམ་ལུས་དེ་རྩོམ་རིག་གམ་བརྩམས་སྒྲུང་དང་བར་ཐག་ཆེས་རིང་བའི་གནས་ལུགས་དེ་ཤེས་ཐུབ།རྟོགས་བརྗོད་ཀྱི་རྩོམ་ལུས་ཀྱང་ཕལ་ཆེར་དེ་འདྲ་ཡིན།སྐད་ཆའི་སྦྱོར་བ་ལ་སྲོལ་རྒྱུན་པའི་སྙན་ངག་གི་རྒྱན་གྱིས་ཕུན་ཚོགས་སུ་སྤྲས་ཏེ་འུད་ཀྱིས་བརྗོད་པའི་སྒོ་ནས་མཚར་བ་བསྐྱེད་པར་བྱེད་པ་ཙམ་ལས།རྩ་བའི་སྟེང་ནས་བརྩམས་ཆོས་ཀྱི་རྣམ་པར་རྟོག་པར་བྱེད་པ་ཙམ་ལས།རྩ་བའི་སྟེང་ནས་བརྩམས་ཆོས་ཀྱི་རྣམ་པར་རྟོག་སྟངས་རྣམ་ཐར་རྩོམ་ལུས་དང་འདྲ།

རྣམ་ཐར་དང་རྟོགས་བརྗོད་ཀྱི་རྩོམ་ལུས་འདི་དང་བསྡུར་ན།ཟློས་གར་གྱི་བརྩམས་ཆོས་དེ་དག་དེང་གི་བརྩམས་སྒྲུང་གི་རང་མདངས(小话理)དང་ཉེ་བ་ཡིན། བྱུང་རིམ་མི་སྣ་ཁོར་ཡུག་དང་བཅས་པའི་བརྩམས་སྒྲུང་གི་གྲུབ་ཆ་ཆེན་མོ་གསུམ་པོ་དག་ཟློས་གར་བརྩམས་ཆོས་དེ་དག་ལ་ཕལ་ཆེར་འཛོམས་ལ།རྣམ་པ་ཡང་ཕལ་ཆར་འདྲ་བ་ཡིན།ཡིན་ན་ཡང་ཟློས་གར་ཆེན་མོ་བརྒྱད་ལས་ཀྱང(སྣང་ས་འོད་འབུམ)ལྟ་བུའི་བརྩམས་ཆོས་རེ་གཉིས་མ་གཏོགས་མང་པོ་ཞིག་རྒྱ་གར་པའི་གཏམ་རྒྱུད་ལ་གཞིར་བྱས་ནས་བཅོས་སྒྲིག་བྱས་པ་ཞིག་དང་།དེའི་ནང་གི་འཚོ་བ་ཕལ་ཆེ་བ་རྒྱ་གར་པའི་རིག་གནས་དང་འཚོ་བ་ལས་བོད་རང་གི་རིག་གནས་དང་འཚོ་བ་མང་ཕྱོགས་ནས་ཚུར་སྣང་བྱས་པ་ཤིན་ཏུ་ཉུས་བས།འདིར་ཡང་བོད་ཅེས་མི་རིགས་ཀྱི་ཁྱད་པར་འདི་སྦྱོར་འོས་པའི་ཆ་ཤིན་ཏུ་ཆུང་ལ།བོད་ཀྱི་སྲོལ་རྒྱུན་བརྩམས་སྒྲུང་དུ་འགྲུབ་བྱེད་ཀྱི་སྟོབས་ཆེས་ཆུང་།ལྷག་པར་དེང་གི་རྩོམ་རིག་གཞུང་ལུགས་ལྟར་ན་ཟློལ་གར་དང་བརྩམས་སྒྲུང་གཉིས་རང་རྐྱ་ཐུབ་པའི་རྩོམ་ལུས་མི་འདྲ་བ་རྣམ་པ་གཉིས་ཡིན།

“བོད་ཀྱི་སྲོལ་རྒྱུན་བརྩམས་སྒྲུང”དེར་ཕྱིར་བལྟས་བྱས་ཤིང་།དབྲི་དགོས་པ་སྐོར་ཞིག་ཕྲི་བའི་ཤུལ་ན་བོད་ཀྱི་“བརྩམས་སྒྲུང”གི་ཁྱད་ཆོས་ཡོད་པ་ཅན་ཞིག་ལུས་ཡོད་པ་རབ་རྟོག་བརྩམས་སྒྲུང་འདིའོ།།རབ་རྟོག་བརྩམས་སྒྲུང་བྱ་བའི་མིང་འདི་སྔར་མེད་གསར་དུ་བཏགས་པའི་ཐ་སྙད་ཅིག་ཡིན།འདིའི་མིང་གི་གོ་དོན་ནི་མི་མ་ཡིན་པ་སེམས་ལྡན་ནམ་སེམས་མེད་གང་རུང་ཞིག་བརྩམས་སྒྲུང་གི་བརྗོད་བྱར་བཀོད་ནས།དེ་དག་ལ་མིའི་བསམ་སྤྱོད་དང་འཚོ་བའི་ཁྱད་པར་སྦྱིན་ཞིང་མི་རུ་རྟོག་སྟེ།བྱུང་རིམ་དང་དོན་དག་ཅིག་གི་སྟེང་ནས་རྩོམ་པ་པོའི་བསམ་བློ་མཚོན་པར་བྱེད་པའམ་རྗོད་པར་བྱེད་པའི་བརྩམས་སྒྲུང་གི་ཐོག་མའི་རིགས་ཤིག་ལ་གོ་བ་ཡིན།དཔེར་ན<<པོ་ཏ་ལ་ཀུན་ཏུ་དགའ་བའི་གཏམ>>དང་།<<གཏམ་པདྨའི་ཚལ་གྱི་ཟློ་གར>><<བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད>><<རྫ་ཙིག་གི་གཏམ་རྒྱུད>><<བྱ་སྤྲེལ་གཏམ་རྒྱུད>>སོགས་ལྟ་བུ།འདི་དག་ལ་བོད་ཀྱི་ཟློས་གར་བརྩམས་ཆོས་ལྟར་དུ་གཏམ་རྒྱུད་ཀྱ་བྱུང་རིམ་ལ་མི་རིགས་གཞན་གྱི་གཏམ་རྒྱུད་ལ་བཅོས་སྒྲིག་བྱས་པའི་གཞན་རྟེན་གྱི་ཆ་དེ་མེད་ལ།ཚུར་སྣང་བྱས་པའི་འཚོ་བ་དང་རིག་གནས་གཞན་རིགས་ཀྱི་ཡིན་པ་ལྟ་བུའི་བར་ཐག་ཀྱང་མེད།དེ་བཞིན་རྣམ་ཐར་རྟོགས་བརྗོད་ལྟར་དུ་ལོ་རྒྱུས་དང་སྙན་ངག་ཡིན་པ་ཞིག་བརྩམས་སྒྲུང་དུ་བཏགས་པ་ལྟ་བུ་ཞིག་ཀྱང་མིན།རབ་རྟོག་བརྩམས་སྒྲུང་འདི་དག་ལ་གསར་རྩོམ་གྱི་ཆ་ཤིན་ཏུ་ནས་ཡོད་ལ་སྙན་ངག་ཡིན་པ་ཞིག་ལ་བརྩམས་སྒྲུང་དུ་བཏགས་པ་ལྟ་བུ་ཞིག་ཀྱང་མིན།རབ་རྟོག་བརྩམས་སྒྲུང་འདི་དག་ལ་གསར་རྩོམ་གྱི་ཆ་ཤིན་ཏུ་ནས་ཡོད་ལ་རྟོག་བཟོའམ་བློས་བསླངས་ཀྱི་ཆའང་ཤིན་ཏུ་ནས་ཡོད།འདི་ནི་བོད་རིགས་ཀྱི་བརྩམས་སྒྲུང་གི་འདུ་ཤེས་གསར་དུ་སད་པའི་དན་རྟགས་ཀྱང་ཡིན།དེ་བས་བརྩམས་སྒྲུང་གི་ཚད་ངེས་ཅན་ཞིག་ནས་བཤད་ན་རབ་རྟོག་བརྩམས་སྒྲུང་འདི་ཉིད་ལ་བོད་ཀྱི་བརྩམས་སྒྲུང་གི་ཐུན་མིན་གྱི་ཆ་མངོན་པར་ལྡན་ལ།འདིས་སྲོལ་རྒྱུན་བརྩམས་སྒྲུང་ལས་གྲངས་དང་སྤུས་ཀ་རྩོམ་པ་པོའི་གྲངས་བཅས་ཀྱི་ཐད་ནས་གོ་ས་ངེས་ཅན་ཞིག་བཟུང་ཡོད།

ང་ཚོས་སྐབས་འདིར་གླེང་བྱར་གྱུར་པའི<<མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀའི>>ཡང་རྩོམ་ཐབས་ཀྱི་ཕྱོགས་ནས་རབ་རྟོག་བརྩམས་སྒྲུང་གི་རྩོམ་ཐབས་སྤྱོད།དེས་ཀྱང་ཧ་ལོ་མེ་ཏོག་དང་།ཐག་འཁྱུད་མེ་ཏོག་དང་།མེ་ཏོག་ཁྲ་ཐིག་བཅས་ཀྱི་སྐྱེ་དངོས་འགའ་ཞིག་གི་བར་གྱི་ཀླན་ཀ་དེ་ཉིད་རྩོམ་གྱི་བརྗོད་བྱ་རུ་བཀོད་ཡོད།ཧ་ལོ་དཀར་པོ་རང་ཉིད་གཉིད་ལ་དགའ་བས་ཨ་མ་གཡུ་སྒྲོན་གྱིས་ལྡུམ་རྭར་ཆུ་སྦྲེངས་པ་མ་ཚོར་བཞིན་དུ།ཁོས་ཆུ་མི་སྦྲེང་བ་གང་ཡིན་ཞེས་ལབ་དུས།སེ་བའི་མེ་ཏོག་གིས་ཆུ་སྦྲེངས་ཟིན་པའི་གནས་ཚུལ་བཤད་པ་ལ།ཧ་ལོ་ཕྲག་དོག་དང་ང་རྒྱལ་གྱི་དབང་དུ་གྱུར་ཏེ་སེ་བ་ལ་སྡིགས་དམོད་དང་རང་ལ་འུད་བསྟོད་ཆེར་སྒྲོག་སྟེ་ཀླན་ཀའི་འགོ་ཚུགས།དེ་ནས་ཧད་ཏྰ་མཚལ་ཀས་ཚིག་འཇམ་པོའི་སྒོ་ནས་མཐུན་སྒྲིལ་གལ་ཆེ་བའི་ཚུལ་གྱིས་ཁ་ཏ་བྱས་པ་ལ་ཧ་ལོ་སྔར་བས་ཁོང་ཁྲོ་ཆེ་བར་གྱུར།ཐག་འཁྱུད་མེ་ཏོག་གིས་སྐབས་དེར་ཡིན་མིན་གྱི་དབྱེ་བ་ཤེས་བཞིན་དུ་ཡང་རང་ཉིད་ཀྱི་ཁེ་གྱོང་ལ་དམིགས་ནས་བདེན་དོན་སྦས་ཏེ།ཧ་ལོ་ལ་ངོ་བསྟོད་དང་ཧད་ཏྰ་ལ་ངན་སྨྲས་ཀྱིས“གཤོག་འོག་ལ་རླུང་བརྒྱབ”ནས་གནས་ཚུལ་སྔར་ཛ་དྲག་ཅན་དུ་བྱས།དེ་ནས་ཧ་ལོ་ལ་སྔར་བས་སྤོབས་པ་རྒྱས་ཏེ་མེ་ཏོག་གི་ཁྱོན་ཡོངས་ལ་ཁྱད་གསོད་དམའ་འབེབས་ཀྱིས་རང་ཉིད་མེ་ཏོག་གི་ཁྱོན་ཡོངས་ལ་ཁྱད་གསོད་དམའ་འབེབས་ཀྱིས་རང་ཉིད་མེ་ཏོག་གི་གཙུག་རྒྱན་བྱེད་འདོད་པའི་བསམ་པ་བསྟན།དུས་དེར་མེ་ཏོག་ཁྲ་ཐིག་གིས་ཨ་མ་གཡུ་སྒྲོན་རྒྱབ་གཟིར་དུ་བཅོལ་ནས“སུ་ཞིག་གཙུག་རྒྱན་དུ་འོས་མིན”བུང་བ་རྣམས་ལ་འདྲི་བའི་བློ་བཏོན་པར།བུང་བ་བློ་གསལ་གྱིས་རོ་བརྒྱའི་བཅུད་ལྡན་སྦྲང་རྩི་བཟོ་བར་མེ་ཏོག་ཐབས་ཅད་འདྲ་མཉམ་ཡིན་པས་གཙུག་རྒྱན་དུ་འགོད་པ་མནོག་ཆུང་གི་དོན་ཞིག་ཡིན་པར་བསྟན།ཨ་མ་གཡུ་སྒྲོན་གྱིས་ཀྱང་དེ་དོན་ལྷག་པར་དུ་གསལ་བར་བྱས་ཤིང་མཐུན་སྒྲིལ་གྱི་གལ་ཆེ་བའི་རང་བཞིན་བསྟན།དེ་ནས་ཐག་འཁྱུད་ཀྱིས་སླར་ཡང་རང་དོན་ལ་དམིགས་ནས་ཐག་འཁྱུད་ལྡུམ་ར་ནས་སྤྱུགས་པ་དང་།ཉི་མ་མེ་ཏོག་ལ་ངོ་བསྟོད་ཀྱི་ཚིག་སྨྲས་དུས།ཧ་ལོས་རང་སྐྱོན་ངོས་ཟིན་ལ་ཨ་མ་གཡུ་སྒྲོན་གྱིས་བདེན་ལུགས་གསལ་པོར་བརྗོད་པའི་སྒོ་ནས་ཐག་འཁྱུད་ལ་ཁྱོད་ཀྱིས་ཧ་ལོའི་གནས་ཚུལ་ཅི་བྱ་གཏོལ་མེད་དུ་གྱུར།མཇུག་མཐར་མེ་ཏོག་བར་གྱི་གནད་དོན་ཐམས་ཅད་གསལ་བར་བྱས་ལ་རང་རང་གིས་རང་སྐྱོན་ངོས་ཟིན་པའི་སྟེང་ནས་ལྡུམ་ར་དེ་ཉིད་སྔར་བས་ཉམས་དགའ་བ་ཞིག་ཏུ་གྱུར་ཏོ།།དེས་ན<<མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ>>འདི་ཡང་མི་མ་ཡིན་པའི་སྐྱེ་དངོས་མེ་ཏོག་འགའ་ལ་མི་གནས་དོན་ལས་རིང་དུ་འདས་ཏེ་བྲིས་པ་ཞིག་ཡིན་པས།འབྲི་སྟངས་ནི་སྲོལ་རྒྱུན་གྱི་རབ་རྟོག་བརྩམས་སྒྲུང་ལྟ་བུ་ཡིན་པ་ཤེས་སླ།འདི་ནི་བརྩམས་སྒྲུང་འདིའི་སྲོལ་རྒྱུན་གྱི་ཆ་གཅིག་ཡིན།

བོད་ཀྱི་སྲོལ་རྒྱུན་བརྩམས་སྒྲུང་ལ་གོང་ལྟ་བུའི་རབ་རྟོག་གི་འབྲི་ཐབས་སྤྱོད་པའི་ཁྱད་ཆོས་དེ་མ་གཏོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཞན་ཞིག་ཡོད་པ་ནི།བརྩམས་སྒྲུང་ཡོངས་རྫོགས་ཁ་བརྡ་འམ་ལབ་གླེང་གིས་གྲུབ་པ་དེ་ཡིན།བོད་ཀྱི་བརྩམས་སྒྲུང་ལ་ཤན་བྱས་པའི་སྐྱེས་རབས་ཀྱི་རྩོམ་ལུས་ཡིན་ནའང་འདྲ།རྒྱ་གར་གཏམ་རྒྱུད་ལ་བཅོས་སྒྲིག་བྱས་པ་ལས་བྱུང་བའི་བོད་ཀྱི་རྟོགས་བརྗོད་དང་ཟློས་གར་བརྩམས་ཆོས་ཡིན་ནའང་འདྲ།བོད་རང་ས་ནས་གསར་དུ་བྱུང་བའི་རབ་རྟོག་བརྩམས་སྒྲུང་ཡིན་ནའང་འདྲ།གེ་སར་སྒྲུང་གླུ་ཡིན་ནའང་འདྲ། རྩོམ་དེ་ཉེད་ཕལ་ཆེར་ཁ་བརྡའི་སྒོ་ནས་གྲུབ་ཡོད།རྩོམ་དེ་དག་ལས་ཁ་བརྡའི་སྒོ་ནས་བརྩམས་ཆོས་གྲུབ་པར་རྩོམ་པ་བོད་སྲོལ་རྒྱུན་བརྩམས་སྒྲུང་གི་ཁྱད་ཆོས་ཨང་གཉིས་པ་ཡིན་ལ།<<མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀའི>>འདི་འང་དེ་བཞིན་དུ་གཙོ་བོར་མེ་ཏོག་གི་བར་གྱི་ཁ་བརྡའི་སྒོ་ནས་གྲུབ་པ་ཞིག་ཡིན།རྩོམ་འདིའི་མི་སྣའི་བར་གྱི་ཁ་བརྡས་རྩོམ་ཡོངས་ཀྱི་40%ཟིན།སྤྱིར་བཏང་གི་དངོས་ཡོད་རིང་ལུགས་ཀྱི་བརྩམས་སྒྲུང་ཞིག་ལ་མཚོན་ན་དེའི་ཁ་བརྡས་ཕལ་ཆེར5%ཟིན་ཙམ་རེད།དེས་ན་ཁ་བརྡས་རྩོམ་རང་ཉིད་གྲུབ་པ་འདི་ཡང་<<མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀའི>>འདིར་ཡང་སྲོལ་རྒྱུན་བརྩམས་སྒྲུང་དང་འདྲ་བའི་ཆ་རེད།

དེ་ལྟར་སྲོལ་རྒྱུན་བརྩམས་སྒྲུང་གི་ཆེས་རྩ་བར་གྱུར་པའི་ཁྱད་ཆོས་གཉིས་ཀ་འདིར་ཡང་དེ་མཚུངས་སུ་ལྡན་པས།<<མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀའི>>འདིར་ཡང་སྲོལ་རྒྱུན་བརྩམས་སྒྲུང་རྙིང་པ་དེ་ལ་སྐྱོན་གང་ཡོད་འདིར་ཡང་དེ་མཚུངས་སུ་ལྡན་ངེས་ཡིན།དེ་ལ་ཐོག་མར་རབ་རྟོགས་བརྩམས་སྒྲུང་གི་རྩོམ་སྟངས་སྤྱད་པར་ཀློག་པ་པོ་དང་བརྩམས་ཆོས་ཀྱི་བར་དུ་མཛེས་རྟོག་གི་བར་ཐག་བྱུང་བ་ཡོད།“རྩོམ་རིག་བརྩམས་ཆོས་ཁྲོད་ཀྱི་མི་སྣ་རྩོམ་དུ་བྱུང་བ་དང་།དེ་ཕྱི་རོལ་དུ་ཆོས་ཤིན་ཏུ་གྱུར་ཡོད་ལ།དེ་མཛེས་དཔྱོད་ཀྱི་ཡུལ་དུ་གྱུར་ཡོད།འདི་ལས་མཛེས་དཔྱོད་པས་ཇི་ལྟར་དང་ལེན་བྱ་བའི་གནད་དོན་ཞིག་བྱུང་ཡོད།དང་ལེན་བྱ་བའི་བརྒྱུད་རིམ་འདིར་ཐོག་མར་སེམས་ཁམས་ཁ་འཕྲོད་པའི་གནད་དོན་ཞིག་ཡོད།གལ་ཏེ་མཛེས་དཔྱོད་ཡུལ་དུ་གྱུར་པའི་མི་སྣའི་སྣང་བརྙན་དེ་བདེན་ཐུབ་ཀྱི་མི་ཞིག་མིན་པར(ཕུགས་བསམ་ཅན་གྱི་ཁྱབ་གཟུགས་ཡིན་ཀྱང་རུང་སྟེ།གལ་ཏེ་ཕྱིའི་རྣམ་པ་མི་མ་ཡིན་པ་དང་མིར་མི་རིག་ཀྱང་།མིའི་བདེན་སྣང་ཅན་གྱི་ནང་གནས་ཀྱི་བསམ་བློ་དང་ཚོར་འདུ་ངེས་པར་དུ་དགོས་ངེས)ལྷ་དང་འདྲེ་ཡིན་དུས།རྩོམ་རིག་སྣང་བརྙན་དང་མྱོང་རོལ་པས་གྲུབ་པའི་འབྲེལ་བ་དེ་མི་དང་མིའི་འབྲེལ་བ་མ་ཡིན་པར་ལྷ་དང་མི་འང་འདྲེ་དང་མིའི་འབྲེལ་བ་ཡིན།འདི་ལས་མི་དང་མིའི་སེམས་ཁམས་ཁ་འཕྲོད་པ་ལྟ་བུ་འབྱུང་ཐབས་མེད།ཕྱོགས་གཞན་ཞིག་ནས།གལ་ཏེ་མཛེས་དཔྱོད་ཀྱི་ཡུལ་དེ་མི་ཡིན་ཡང་།འགུལ་མེད་ཐོ་ཡོད(静态)ལྟ་བུ་དང་།ཕྱི་ངོས་ཀྱི་མིའམ།གཡོ་ཞིང་འགུལ་བའི་སེམས་ཁམས་ཀྱི་གསོན་ཉམས་དེ་མེད་ན།མི་དང་མིའི་འབྲེལ་བ་ཡིན་ཡང་མྱོང་རོལ་པར་ཤུགས་དྲག་པོའི་སེམས་ཁམས་ཀྱི་ཁ་འཕྲོད་པ་དེ་ཡང་ཡོང་མི་སྲིད།མྱོང་རོལ་པར་ཤུགས་དྲག་པོའི་སེམས་ཁམས་ཀྱི་ཁ་འཕྲོད་པ་དེ་ཡང་ཡོང་མི་སྲིད།མྱོང་རོལ་པར་ཤུསག་དྲག་པོའི་མཉམ་སྒྲོག་འབྱུང་བ་སྔོན་ལྟར་དཀའ།ཕུལ་དུ་བྱུང་བའི་རྩོམ་ལ་ལ་ཞིག་གིས་ཉིས་སྒྲིལ་གྱི་གཤིས་ཀ་དེ་འཚོ་བའི་ཁྲོད་ཀྱི་བདེན་པའི་མི་དང་ལྷག་པར་དུ་ཉེ་བས།མཛེས་དཔྱོད་སྐབས་ཀྱི་སེམས་ཁམས་ཀྱི་བར་ཐག་ཇེ་ཉེར་བཏང་སྟེ་སེམས་ཁམས་ལ་ཁ་འཕྲོད་པ་བྱུང་ཡོད།ཇི་ལྟར་ན་ཀློག་པ་པོར་རང་དབང་མེད་པར་རྩོམ་གྱི་མི་སྣ་དང་དོ་མཉམ་པའི་གཤིབ་བསྡུར་གྱིས་བརྩམས་ཆོས་ཁྲོད་ཀྱི་མི་སྣས་རང་གི་ཚབ་བྱས་ཏེ།མི་སྣའི་ནང་སེམས་ཀྱི་འགལ་བས(གཤིས་ཀའི་འགལ་བ)རང་དབང་མེད་པར་ཀློག་པ་པོ་རང་གི་ནང་སེམས་ཀྱི་འགལ་བར་བསླངས་ནས་དེ་ཀློག་པ་པོའི་སེམས་ཁོང་གི་མཚོན་དོན་དུ་གྱུར་ནས་ཡོད”སྲོལ་རྒྱུན་བརྩམས་སྒྲུང་དང་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་ཀློག་པར་འདི་ལྟའི་སེམས་ཁམས་ཁ་འཕྲོད་པ་དང་མཉམ་སྒྲོག་འབྱུང་བ་ཤིན་ཏུ་ནས་དཀའ།

དེ་བཞིན་དུ་མི་སྣའི་ལབ་གླེང་གིས་བརྩམས་ཆོས་གྲུབ་པར་རྩོམ་པ་དེའི་རྒྱབ་ན་གོ་བསྐོན་སློབ་གསོ་དང་ཁ་ཏ་བསླབ་བྱ་གཙོ་བོར་ལྷུར་ལེན་མཛད་པའི་རྩོམ་རིག་གི་ལྟ་བ་དང་།རྩོམ་རིག་གིས་མིའི་རིགས་རྟོགས་གམ་རྗེས་དཔག་ཁ་ལ་གཏད་པ་ལས་མིའི་ཚོར་འདུ་འམ་བརྩེ་དུང་ཡལ་བར་བོར་བའི་རིགས་རྟོག་གི་བསམ་གཞིག་ལྷུར་བཞེས་པའི་རྩོམ་རིག་གི་རྩ་བའི་ཁྱད་གཤིས་དང་མི་མཐུན་པའི་སྐྱོན་ཆ་ཞིག་ངེས་པར་དུ་ཡོད།སྐྱོན་འདི་དང་རབ་རྟོག་གི་འབྲི་སྟངས་ལ་གནས་པའི་སྐྱོན་དེ་གཉིས་ཀྱིས་ཐ་ན་སྲོལ་རྒྱུན་བརྩམས་སྒྲུང་རང་ཉིད་བརྩམས་སྒྲུང་གི་ཁྲི་འཕང་མཐོན་པོར་འཛེགས་པའི་ཞབས་འདྲེན་ཀྱང་བྱས་དང་བྱེད་བཞིན་ཡོད།དེ་བས<<མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀའི>>ལའང་འདི་ཕྱོགས་ན་སྐྱོན་ཆ་ངེས་པར་གནས་ཏེ་ཡོད།འོན་ཀྱང་།<<མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀའི>>འདི་ཞིབ་ཏུ་བཀླགས་པར། འདིས་སྲོལ་རྒྱུན་བརྩམས་སྒྲུང་གི་མི་འདང་སའི་ཆ་ལ་འདའ་འགོངས་མཛད་དེ། བརྩམས་ཆོས་རང་ཉིད་སྲོལ་རྒྱུན་བརྩམས་སྒྲུང་ལས་རིང་དུ་འཕགས་པའི་ཆ་མངོན་གསལ་དུ་བསྐྲུན་ཏེ་ཡོད་པ་མཐོང་ཐུབ།དེ་བས་སྲོལ་རྒྱུན་བརྩམས་སྒྲུང་དང་འདྲ་བའི་ཆ་ནས་བྱུང་བའི་རྐྱེན་གྱི་ཆ་དེལའང་ཞི་འཇགས(援冲)ཀྱི་ནུས་པ་མངོན་གསལ་དུ་ཐོན་ཡོད།དེ་ནི་མདོར་བསྡུས་ན་འདིས་མི་སྣའི་སྣང་བརྙན་བཞེངས་བསྐྲུན་གྱི་ཐད་ལ་གཙིགས་འཛིན་མཛད་ཅིང་།དེ་ལས་གྲུབ་འབྲས་མི་དམན་པ་བླངས་ཡོད་པ་ལས་ཡིན།

སྲོལ་རྒྱུན་བརྩམས་སྒྲུང་ངམ་རབ་རྟོག་བརྩམས་སྒྲུང་གིས་རྩོམ་པ་པོ་རང་ཉིད་ཀྱིས་བརྗོད་འདོད་པའི་ལྟ་བའམ་འདོད་པ་གང་ཞིག་མཐར་ཆགས་སུ་བཤད་པའི་ཆེད་དུ།རང་ཉིད་ཀྱིས་གཏམ་རྒྱུད་གང་རུང་ཞིག་དང་མི་སྣ་གང་རུང་ཞིག་བློ་བཟོ་བྱས་ཤིང་། དེ་ནས་མི་མ་ཡིན་པའི་མི་སྣ་དེ་ཉིད་རང་གི་མགྲིན་ཚབ་ཏུ་བྱས་ནས་རང་གིས་བཤད་འདོད་པའི་སྐད་ཆ་ཐམས་ཅད་མི་སྣ་དེ་ཉིད་ལ་བཤད་དུ་འཇུག་པ་ཙམ་ཡིན།རྩོམ་རིག་གཞུང་ལུགས་ཀྱི་བརྡ་ཆད་ཀྱིས་བཤད་ན།རབ་རྟོག་བརྩམས་སྒྲུང་གི་ནང་དེར་ལྷུག་བརྗོད་པ་(叙述者)དང་རྩོམ་གྱི་མི་སྣ་གཉིས་ཐ་མི་དད་པར་གཅིག་ཏུ་གནས་ཏེ་ཡོད། སྣང་ཚུལ་འདི་ལྟ་བུ་བྱུང་དོན་ནི་རྩོམ་གྱི་མི་སྣ་དེ་ཉིད་རང་གི་མགྲིན་ཚབ་ཡིན་པ་དང་།དེ་ལྟ་བུར་བྱ་དོན་ཡང་གཙོ་བོ་རང་ཉིད་ཀྱི་ལྟ་བའམ་འདོད་པ་ཞིག་བཤད་བདེ་བའི་ཆེད་དེ་ལྟར་བྱས་པ་ཡིན་པས་ཕྱིར་ན།བརྩམས་ཆོས་ཀྱི་རྩ་བའི་རྨང་གཞི་དེ་གནས་ལུགས་སམ་ལྟ་བ་ཞིག་བཤད་འདོད་པའི་རིགས་རྟོག་གི་ཐད་ཀར་བའི་ཕན་ཁེ་ཞིག་ལ་ཐུག་ཡོད།དེ་བས་བརྩམས་ཆོས་ལ་མཚོན་ནའང་སྒྱུ་རྩལ་གྱི་ཞིང་ཁམས་སམ་མཛེས་དཔྱོད་ཀྱི་ཡུལ་ཁམས་ལྟ་བུའི་རྟོག་མེད་ཚོར་འདུས་ཉམས་སུ་མྱོང་བྱར་གྱུར་པའི་སྒྱུ་རྩལ་རྩོམ་རིག་གི་རྩ་བའི་གྲུབ་ཆ་དེ་རྩོམ་པ་པོས་དོན་དུ་གཉེར་བྱར་མ་གྱུར་པར།རྩོམ་པ་པོས་གཙོ་བོར་ཀློག་པ་པོའི་སྤྱི་མཚན་པའི་བསམ་གཞིགས(抽象思维)ལ་གདོང་གཏད་དེ།བརྡ་དོན(概念)དང་རྗོད་པ(命题)ཡི་སྒོ་ནས་རྒྱུ་མཚན་གཏན་ཚིགས་དང་བཅས་པར་བཤད་བྱའི་དོན་དེ་ཉིད་བརྗོད་པར་གྱུར་པ་ཞིག་ཡིན།<<མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀའི>>མཚོན་ན།དེས་ཀྱང་སྤྱིར་མཐུན་སྒྲིལ་ནི་བདེ་སྐྱིད་ལེགས་ལམ་གྱི་རྩ་བ་ཡིན་པའི་གནས་ལུགས་དེ་སྟོན་འདོད་པ་ཡིན་ཡང་།དེས་སྲོལ་རྒྱུན་པའི་རབ་རྟོག་བརྩམས་སྒྲུང་ཇི་བཞིན་དུ་མེ་ཏོག་དེ་དག་རང་ཉིད་ཀྱི་དྲང་ཕྱོགས་ལྡོག་ཕྱོགས་ཀྱི་མགྲིན་པའིཚབ་མ་ཙམ་བྱས་པ་མ་ཡིན་ལ།ཀློག་པ་པོའི་སྤྱི་མཚན་པའི་བསམ་གཞིག་ལ་ཁ་གཏད་པའང་མ་ཡིན།ལྷག་པར་བསྟན་བྱའི་གནས་ལུགས་དེ་ཉིད་བརྡ་དོན་དང་རྗོད་པའི་སྒོ་ནས་རྒྱུ་མཚན་གནས་ལུགས་དང་བཅས་ཐད་ཀར་བརྗོད་པ་ཞིག་མ་ཡིན་པར།གཙོ་བོར་འཚོ་བའི་བརྙན་རིས་ཤིག་གམ་མེ་ཏོག་དག་གི་གཤིས་ཀའམ་སྣང་བརྙན་བསྐྲུན་པའི་སྒོ་ནས་ཤུགས་ནས་སམ་བརྒྱུད་ནས་མཚོན་པར་བྱས་པ་ཞིག་ཡིན།དེ་བས་གོང་གི་སྲོལ་རྒྱུན་པའི་རབ་རྟོག་བརྩམས་སྒྲུང་དང་ཁྱད་པར་ཤིན་ཏུ་ཆེ།

ཧ་ལོ་ལྟ་བུར་མཚོན་ན།ཐོག་མ་ནས་བྲེལ་སྟབས་ཀྱིས་བསྟན་དོན་མཐུན་སྒྲིལ་དང་འབྲེལ་བའི་སྐད་ཆ་དག་ཐད་ཀར་དེས་བརྗོད་པ་ནི་མིན་པར་ཐོགམར་ཨ་མ་གཡུ་སྒྲོན་གྱིས་ཆུ་མ་སྦྲེངས་པར་འཁང་ར་འབྱིན་པའི་དོན་དག་ལས་འགོ་བརྩམས་ཏེ་སེ་བ་ལ་དམའ་འབེབས་ཁྱད་གསོད་དང་།དེ་ནས་མེ་ཏོག་བྱིངས་ཡོངས་ལ་ཁྱད་གསོད་དམའ་འབེབས་བྱས་པའི་བྱ་སྤྱོད་ཀྱི་ཐོག་ནས་ཧ་ལོ་ནི་མེ་ཏོག་ཇི་ལྟ་བུ་ཞིག་ཡིན་པའི་གཤིས་ཀ་གསལ་བར་བྱས་ཤིང་གཤིས་ཀ་བསྐྲུན་པར་བྱས།དེ་ནས་ཀློག་པ་པོ་དག་ཧ་ལོའི་ང་རྒྱལ་ཕྲག་དོག་དང་།མཐོ་འདོད་གྲགས་འདོད་ལ་མོས་པ།གཞན་ལ་ཇི་མི་སྙམ་པར་ཁྱད་གསོད་བྱ་བའི་གཤིས་ཀ་ལ་ཞེ་མེར་བ་དང་ཁོང་ཁྲོ་བའི་སེམས་ཀྱི་རྣམ་འགྱུར་སྐྱེ་བའི་མོད་ལ།རྩོམ་པ་པོའི་མཐུན་སྒྲིལ་གལ་ཆེ་བར་སྟོན་འདོད་པའི་བརྗོད་དོན་དེ་ཀློག་པ་པོའི་རྒྱུད་ལ་ངང་གིས་ཞུགས་པར་གྱུར་ཚར་བ་ཡིན།རྒྱུ་མཚན་ནི།ང་ཚོ་ཧ་ལོ་ལ་མི་དགའ་བའི་རྒྱུ་མཚན་ནི་ཁོའི་གཤིས་ཀ་ལ་ང་རྒྱལ་ཕྲག་དོག་ཁྱད་གསོད་དམའ་འབེབས་བཅས་ཀྱི་མཐུན་སྒྲིལ་གྱི་མི་མཐུན་ཕྱོགས་དག་ལྡན་པས་ཡིན། འདི་ནི་སྲོལ་རྒྱུན་རབ་རྟོག་བརྩམས་སྒྲུང་གིས་མི་སྣ་བརྩམས་ཆོས་སུ་ཐོན་པར་བྱས་རྗེས་མི་སྣའི་གཤིས་ཀ་གཏན་ནས་ཡལ་བར་བོར་ཏེ་རང་ཉིད་ཀྱི་བརྗོད་འདོད་ཀྱི་གཏམ་ཁོ་ནར་གཞོལ་བའི་རྩོམ་རིག་གི་སྣང་ཚུལ་དང་གཏན་ནས་མི་མཚུངས།

ཐག་འཁྱུད་མེ་ཏོག་འབྲི་བའང་དེ་ལྟར་དུ་རྩོམ་པ་པོས་གཙོ་བོར་ཐག་འཁྱུད་མེ་ཏོག་གི་གཤིས་ཀ་བཞེངས་བསྐྲུན་བྱ་བ་ཐོག་མ་བྱས་ཏེ།རྩོམ་ནང་ཐག་འཁྱུད་མེ་ཏོག་གི་གཤིས་ཀ་ཆེས་གསལ་བར་གྲུབ་པར་བརྩམས་ཡོད།དེ་ལ་ཐག་འཁྱུད་མེ་ཏོག་ནི་ཡིན་མིན་གྱི་དབྱེ་བ་ཤེས་བཞིན་དུ་ཡང་རང་གི་ཁེ་གྱོང་ལ་བསམ་ནས་བདེན་དོན་སྦས་ཏེ་གཅམ་གསག་ཟོལ་ཚིག་སྨྲ་བ།མཐོ་ས་ལ་ངོ་དགའ་དང་དམའ་ས་ལ་ཁྱད་གསོད།ཁ་གསག་གཡོ་སྒྱུའི་ངང་ཚུལ་ཅན་དུ་བཞེངས་བསྐྲུན་བྱས་ཡོད་ལ།ལྷག་པར་ཐོག་མར་ཧ་ལོའི་འཕྲིན་ལས་དར་བཞིན་པའི་སྐབས་དེར་ཧ་ལོ་ལ་སྐྱོན་ཡོད་བཞིན་དུ་དེ་ལ་ངོ་བསྟོད་གཅམ་གསག་སྨྲ་བ་དང་།རྗེས་སོར་ཧ་ལོའི་འཕྲིན་ལས་ཉམས་རྒུད་ཀྱི་འགོ་རྩོམ་པའི་སྐབས་དེར།ཐག་འཁྱུད་མེ་ཏོག་ཁོ་ཉི་མ་མེ་ཏོག་གི་ཕྱོགས་སུ་བསྙེས་ཏེ་ཉི་མ་མེ་ཏོག་ལ་ངོ་དགའ་བཤད་པར་མ་ཟད།ད་དུང“རྩ་བ་བཀོག་ནས་ཕྱི་ལ་དབྱུང་ན་དགའ།།”ཞེས་ཧ་ལོ་ལྡུམ་ར་ལས་དབྱུང་རྒྱུའི་གྲོས་འགོ་བཏོན།འདི་ལས་ཐག་འཁྱུད་ཀྱི་རང་ཚུགས་ཤོར་ཞིང་གཡོ་སྒྱུ་སྟབས་བསྟུན་ཆེ་བའི་གཤིས་ཀ་དེ་གསལ་པོར་སྒྲུབ་པར་མ་ཟད།ཧ་ལོའི་སྐབས་སུ་གཤིས་ཀ་འདིའི་རྨང་བཏིང་ཡོད་པ་ཉི་མ་མེ་ཏོག་ལ་ཁེན་པའི་སྐབས་སུ་གཤིས་ཀ་དེ་ཉིད་ཡང་བསྐྱར་བརྣན་པའི་ཚུལ་གྱིས་ལྷག་པར་ཕུན་ཚོགས་གྱ་ནོམ་དུ་བགྱིས་ཡོད།འདི་ལྟའི་གཤིས་ཀ་བསྒྲུན་པའང་གཤིས་ཀ་གཤིས་རྐྱང་དུ་བཞེངས་བསྐྲུན་བྱ་བ་མ་ཡིན་པར།གཤིས་ཀའི་སྟེང་ནས་བསྟན་དོན་མཐུན་སྒྲིལ་གྱི་དགེ་མཚན་བརྗོད་ཟིན་པ་དང་།བསྟན་དོན་མཐུན་སྒྲིལ་ལ་གནོད་བྱེད་ཀྱི་སྤྱོད་པར་དགག་བཞག་སྤྲོས་ཚར་ནས་ཡོད།

དེ་ལས་གཞན་པའི་མེ་ཏོག་དག་ལའང་ཆེས་གསལ་བའི་གཤིས་ཀ་རེ་བཞེངས་བསྐྲུན་བྱས་ནས་ཡོད་དེ། མེ་ཏོག་ཁྲ་ཐིག་ནི་གཞན་རྣམས་དང་བསྡུར་ན་བདེན་ལུགས་འཛིན་ཞིང་བློ་གྲོས་ཡོད་པའི་དྲང་བདེན་ལ་དགའ་བ་ཅན་ཞིག་ཡིན་ཡང་།དེར་ཡང་ཨ་མ་གཡུ་སྒྲོན་ལྟ་བུའི་རྒྱབ་གཟི་བརྟན་མོ་ཞིག་མེད་དུས་བདེན་ལུགས་ཁར་འབུད་མི་ཐུབ་པ་ཞིག་ཡིན(ཁོས་མེ་ཏོག་གི་གཙུག་རྒྱན་དུ་སུ་འོས་ལ་བུང་བའི་ཚོགས་ལ་འདྲི་ཞེས་གྲོས་འདོན་ཐུབ་པ་དེ་ཨ་མ་གཡུ་སྒྲོན་ལྡུམ་རའི་ནང་དུ་སླེབས་པས་ཡིན)ཧད་ཏྰ་མཚལ་ཀ་ནི་བསམ་པ་དཀར་ཞིང་ལྷག་བསམ་དང་ལྡན་ཡང་།བྱམས་སེམས་ཆེ་ཐལ་བས་བདེན་དོན་མཐའ་འཁྱོལ་བྱེད་མི་ཐུབ་པ་ཞིག་ཡིན།

འདི་ལྟར་སྤྱིར་རྩོམ་དུ་བྱུང་བའི་བྱ་སྤྱོད་དང་གཤིས་སྤྱོད་ཐམས་ཅད་མེ་ཏོག་གམ་སྐྱེ་དངོས་ཀྱི་ཁྱད་གཤིས་དང་མཐུན་པ་དང་།རྩོམ་པ་པོས་ཁྱད་གཤིས་དེ་ལ་རྩིས་མཐོང་དང་གོང་བཀུར་གྱིས་ཡལ་བར་མ་དོར་ལ།སྒོས་སུ་མེ་ཏོག་རེ་རེ་ལ་རྩོམ་གྱི་བསྟན་དོན་དང་འབྲེལ་བའི་གཤིས་ཀ་འོས་མཚམས་རེ་གྲུབ་པར་བྱས་པ་འདི།<<མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀའི>>རྩོམ་གྱི་ཐུན་མོང་མ་ཡིན་པའི་དགེ་མཚན་དང་།སྲོལ་རྒྱུན་གྱི་རབ་རྟོག་བརྩམས་སྒྲུང་ལས་<<མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀའི>>འདི་ཆེས་ཆེར་ཁྱད་པར་དུ་འཕགས་པའི་ཆ་དང་།བརྩམས་སྒྲུང་རང་ཉིད་བརྩམས་སྒྲུང་གསར་པའི་གྲས་སུ་ཚུད་ཐུབ་པའི་མ་རྩ་མ་ནོར་བ་ཡིན།རྟགས་མཚན་འདི་སྲོལ་རྒྱུན་གྱི་རབ་རྟོག་བརྩམས་སྒྲུང་གང་ལས་ཀྱང་མཐོང་དཀའ།དེ་དག་ཏུ་རྩོམ་གྱི་མི་སྣ་བྱད་དང་རི་དྭགས་དང་།འབུ་དང་སྦྲ་མ་ཡིན་པ་ཙམ་མ་གཏོགས།རྩོམ་པ་པོས་རྩོམ་དངོས་གཞིའི་སྐབས་སུ་མིའི་བསམ་སྤྱོད་དང་ཁྱད་གཤིས་ཁོ་ན་ཉིད་ལྟར་ལས་ཁོ་ཚོ་འབུ་སྦྲང་སོསག་ཀྱི་ཁྱད་གཤིས་ཡལ་བར་མ་དོར་ཞིང་ཁྱད་གཤིས་དེ་དག་ལ་བརྩི་འཇོག་བྱས་པ་གཏན་ནས་མེད། ཐ་ན་ཆོས་གྲྭའི་ནང་གི་རྩོད་གླེང་བཞིན་དུ་བདེན་ལུགས་ཀྱི་མཐའ་དེད་ནས་ཕུ་ཐག་གཅོད་ཉིད་ལས།དེ་ལས་གཞན་པའི་བརྩེ་དུངས་སམ་འཚོ་བའི་ཁྱབ་ཁོངས་ཐམས་ཅད་ཁོ་ཚོར་མཚོན་ན་བྲི་རིན་མེད་པ་ཞིག་དང་འདང་རྒྱག་དང་འདང་རྒྱག་རིན་མེད་པ་ཞིག་ཏུ་སྣང་བས།བརྩམས་ཆོས་རང་ཡང་རིགས་རྟོག་ཅན་དང་རྩོད་གླེང་ཅན་དང་རྗེས་དཔག་ཅན་འབའ་ཞིག་ཏུ་སྣང་།<<མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀའི>>ཡིས་མི་སྣའི་གཤིས་ཀ་ལྷུར་བཞེས་པའི་སྒོ་ནས་གོང་གསལ་སྐྱོན་དེ་དག་ལ་འདའ་འགོངས་མཛད་དེ།བོད་ཀྱི་བརྩམས་སྒྲུང་གསར་པའི་ཐོག་མའི་རྨང་ངམ་འགོ་དེ་སྤྱིར་ཚད་མཐོ་ས་ཞིག་ཏུ་བཙུགས་ནས་ཡོད།

དེ་ཡང་བརྩམས་སྒྲུང་གི་ལོ་རྒྱུས་རིང་མོའི་ངོས་བཤད་ན།བརྩམས་སྒྲུང་ཡིན་ན་མི་སྣའི་གཤིས་ཀ་ལྷུར་བཞེས་པ་ཞིག་ཡིན་པའི་ཁྱབ་མ་མེད་ཀྱང་།ང་ཚོ་ལ་གསལ་ཆ་ཆེ་ཞིང་གོམས་ཆེ་བ།གསར་རྩོམ་ཕལ་ཆེ་བའི་མ་དཔེར་བལྟ་ཞིང་རྗེས་འདེད་གཏོང་བཞིན་པ་དངོས་ཡོད་རིང་ལུགས་ཡིན་ལ།དངོས་ཡོད་རིང་ལུགས་དེར་མཚོན་ན།ཁོའི་སྒྱུ་རྩལ་གྱི་མཛེས་ཆོས་ཀྱི་དྭངས་མ་ནི་ཁྱབ་གཟུགས་ཅན(典型化)བྱ་བ་དེ་ཡིན།དེ་ཡང་བརྩམས་ཆོས་རང་མཚན་པའི་བྱེ་བྲག་པའི་གསར་རྩོམ་གྱི་སྟེང་ལ་དབབ་ཚེ་དེ་ནི་མི་སྣའི་གཤིས་ཀ་ལྷུར་བཞེས་པ་དེ་ཡིན། ཀུན་ལ་རླུང་ལྟར་གྲགས་པའི་རྩོམ་པ་པོ་གྲགས་ཅན་པལ་ཟ་ཁི། ཐོལ་སི་ཏོའི། མུའོ་ཕ་སང་སོགས་ཀྱི་གཤིས་ཀ་གཙོར་འདོད་མཛད་པའི་དངོས་ཡོད་རིང་ལུགས་ཀྱི་མཛེས་དཔྱོད་ལྟ་བའི་རྒྱུན་བསྐྱངས་ཤིང་།དེའི་སྟེང་ནས་གཡུར་དུ་ཟ་བའི་འབྲས་བུ་བླངས་པ་ཡིན་ལ།འདིའི་ལུགས་ཀྱིས་འཛམ་གླིང་རྩོམ་རིག་གི་གཙོ་བོའི་གོ་ས་བཟུང་ཡོད་པ་ཡིན།དེ་བས་དངོས་ཡོད་རིང་ལུགས་ཀྱི་རྩོམ་རིག་གི་རྩོམ་རིག་བཤད་དགོས་ན་ཁྱབ་གཟུགས་ཀྱི་ལྟ་བ་བཤད་དགོས་པདང་།ཁྱབ་གཟུགས་ཀྱི་ལྟ་བ་བཤད་དགོས་ན་མི་སྣའི་གཤིས་ཀ་བཤད་དགོས་པ་ཞིག་ཏུ་གྱུར་ཡོད།ལེ་སིན་གྱིས་“གཤིས་ཀ་དང་འབྲེལ་བ་མེད་པ་དེ་ཐམས་ཅད་རྩོམ་པ་པོས་ཡལ་བར་བོར་བས་ཆོགརྩོམ་པ་པོ་ཞིག་ལ་མཚོན་ན།གཤིས་ཀ་ཁོ་ན་ནི་བླ་མེད་མཆོག་གྱུར་ཞིག་ཡིན་ལ།གཤིས་ཀར་ཤུགས་སྣོན་མཛད་པ་དང་།མངོན་གསལ་ཅན་གྱི་གཤིས་ཀ་མཚོན་རྒྱུ་ནི་མི་སྣའི་ཁྱད་ཆོས་མཚོན་པའི་གོ་རིམ་ཁྲོད་དུ་རྩོམ་པ་པོས་ཤུགས་ཆེན་པོས་སྨྱུག་ཁ་ཆེས་ཆེར་བཀོལ་དགོས་པའི་གནས་ཡིན”ཞེས་སྐད་ཆ་ཆེས་གསལ་པོའི་སྒོ་ནས་གཤིས་ཀ་ལྷུར་བཞེས་ཀྱི་དགོས་དོན་ཆེས་གསལ་བར་བསྟན་ཡོད།

དེ་ལྟར་མི་སྣའི་གཤིས་ཀ་བཞེངས་བསྐྲུན་ཉིད་གལ་ཆེ་བ་དཔེ་དང་གཞུང་ལུགས་གང་ཐད་ནས་གསལ་བར་ཤེས་ཐུབ་ལ།བོད་རང་གི་བརྩམས་སྒྲུང་གསར་པའི་ལོ་རྒྱུས་ལ་མཚོན་ནའང་།<<མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀའི>>འདིས་ནང་ངང་ནས་འགོ་ལེགས་པོ་ཞིག་བརྩམས་ནས་ཡོད།འོན་ཀྱང་ཕྱིས་ཀྱི་གསར་རྩོམ་ཕྱོགས་ལ་བལྟས་ན།ནམ་ཡང་གཏམ་རྒྱུད་ཀྱི་བྱུང་རིམ་ཁོ་ན་གཙོར་འདོན་པའི་ཡིད་ཕངས་པའི་ཆ་དེ་ཁྱབ་ཆེ་བར་ཡོད།ཐ་ན་སྒྲུང་རིང་དང་སྒྲུང་འབྲིང་ཡིན་ཡང་གཤིས་ཀ་གསལ་ལ་གྱ་ནོམ་པ་གསོན་ཉམས་ལྡན་ཞིང་ལོ་རྒྱུས་ཀྱི་དགོངས་བཅུད་ལྡན་པ་ཞིག་ང་ཚོའི་སྣང་ངོར་འབྱོན་མ་ཐུབ།བརྩམས་སྒྲུང་མང་པོ་ཞིག་གིས་དངོས་ཡོད་རིང་ལུགས་ཀྱི་མཛེས་དཔྱོད་ལྟ་བའི་རྗེས་འབྲང་བཞིན་དུ་ཡོད་ཀྱང་།དངོས་ཡོད་རིང་ལུགས་ཀྱི་སྟེང་ནས་གྲུབ་འབྲས་ཆེན་པོ་ལོན་མ་ཐུབ་པ་དེ་མཐར་གཏུགས་ན་སྣང་བརྙན་གསལ་འཛོམས་ཅན་ཞིག་བཞེངས་བསྒྲུན་བྱེད་མ་ཐུབ་པའི་སྟེང་ན་ཡོད།འདི་ལྟར་བྱུང་དོན་གྱི་རྒྱུ་རྐྱེན་ཡང་གསར་རྩོམ་རང་ངོས་ནས་བཤད་ན་མི་སྣའི་སྣང་བརྙན་བཞེངས་བསྐྲུན་གྱི་ཕྱོགས་ལ་ངེས་ཤེས་མེད་པའི་རྐྱེན་གྱིས་ཡིན་པ་གོར་མ་ཆགདེ་བས་བོད་ཀྱི་དངོས་ཡོད་རིང་ལུགས་ཀྱི་བརྩམས་ཆོས་འཕེལ་རྒྱས་སུ་འགྲོ་དགོས་ན་འདི་ཕྱོགས་ཀྱི་རིག་པའི་གཞུང་ལུགས་དང་རྩོམ་རིག་བརྩམས་ཆོས་ལ་དམིགས་ཀྱིས་མཉམ་འཇོག་བྱ་བ་གལ་ཆེ།<<མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀའི>>འདི་ཕྱོགས་ནས་“སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན”དུ་བྱས་མེད་མོད་ཀྱང་།སྣང་བརྙན་བཞེངས་བསྐྲུན་གལ་ཆེ་བ་ཡིན་པའི་ཕྱོགས་ལ་དེར་ངོས་འཛིན་གསལ་པོ་ཞིག་ཡོད་ཅིང་།རང་ཉིད་ཀྱི་གསར་རྩོམ་གྱི་ལག་ལེན་ཕྱོགས་ནས་ངོས་འཛིན་དེ་ཉིད་མངོན་དུའང་བྱས་པ་ཡིན་ལ།ལྷག་པར་དུ་རྩོམ་པ་པོས་བརྩམས་ཆོས་དེ་ཉིད་འབྲི་བའི་དུས་ཚོད་དུས་དེ་ལྟ་བུ་ཞིག་ནས་ཁོ་རང་ལ་གཤིས་ཀའི་བཞེངས་བསྐྲུན་ཕྱོགས་ན་དེ་ལྟའི་ཡང་དག་པའི་ངོས་འཛིན་ཡོད་པ་དངོས་གནས་རྩ་ཆེ་ལ་དཀོན་ཞིང་མཆོག་ཏུ་གྱུར་པ་ཞིག་ཡིན་པས།བོད་ཀྱི་རྩོམ་རིག་གསར་པའི་ལོ་རྒྱུས་ཀྱིས་ངེས་པར་དུ་ས་བཅད་ཞིག་བཞག་ནས་གནས་ཚུལ་འདི་དང་རྩོམ་པ་པོ་ཁོ་ནན་གྱིས་སྟོན་ཆོག་ཆོག་རེད།

རྩོམ་ཁུངས། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྲོལ་རྒྱུན་བརྩམས་སྒྲུང་ནས་བརྩམས་སྒྲུང་གསར་པར་བསྐྱོད་པ།

2009-10-20 བདུད་ལྷ་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།