གྲོགས་པོ་རླུང་ནག་ལ་སྙན་ངག་གི་ལྟ་ཚུལ་གླེང་བ།

རོང་བོ་དགེ་འདུན་ལྷུན་གྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-07-11

         གྲོགས་པོ་ལགས་བདག་གིས་ད་སྔའི་བར་སྙན་ངག་ཅིག་འབྲི་ཁུལ་བགྱིས་ཏེ་ལོ་ངོ་མང་དུ་འགོར་ཡང་།   སྙན་ངག་ཅེས་པའི་ཟབ་མོའི་རིག་པ་འདི་ད་དུང་ཁྱོན་ནས་གོ་ཡི་མི་འདུག་མོད།   འོན་ཀྱང་ད་སྔའི་བར་གྱི་དྲན་སྣང་ཞིག་ཁྱེད་ལ་འབུལ་འདོད་སྐྱེས་ཡོད།     
      ཁྱེད་ཀྱིས་ཤེས་གསལ་ལྟར་བདག་གིས་དགེན་རིན་པོ་ཆེ་ཨ་ཁུ་སྙན་གྲགས་ཚང་གི་མདུན་ནས་ཡོངས་འཛིན་ཆབ་ཤོག་དང་རིག་ལྡན་རྟོགས་བརྗོད་སོགས་ཀྱིས་མཚོན་པའི་སྲོལ་རྒྱུན་སྙན་ངག་གི་ཡང་རྩེ་དག་ལ་སྦྱངས་པ་བྱས་པར་མ་ཟད།  རེ་རེར་དཔེར་བརྗོད་དང་ཟིན་ཐོ་ཉི་ཚེ་བ་རེ་ཡང་བྲིས་པའི་བཀའ་དྲིན་གྱིས་ད་ལྟར་ཚིགས་བཅད་འབྲི་བར་དེ་འདྲའི་དཀའ་ཁག་ཡོང་གིན་མེད་མོད།  དུས་ཀྱི་འགྱུར་བ་དང་བསྟུན་མིའི་རིགས་ཀྱི་མཛེས་དཔྱོད་ཀྱི་ལྟ་བ་དང་ཐ་སྙད་ཀྱི་བཀོལ་སྟངས་སོགས་ཀྱང་འགྱུར་འོས་པའི་ངང་དུ་འགྱུར་ཞིང་།  ད་ཆ་བོད་རང་གི་སྙན་ངག་གི་མཛེས་ཚོར་དང་ངོ་བོ་དག་ཀྱང་གཞི་ནས་འགྱུར་གིན་ཡོད་པས་རྐྱེན་བྱས་ཏེ།  ང་རང་གིས་སྙན་ངག་ལ་བཅངས་པའི་བལྟ་ཚུལ་དེ་ལ་ཡང་འགྱུར་ལྡོག་བྱུང་མགོ་ཚུགས་མོད།  འོན་ཀྱང་འབྲི་སྟངས་ཀྱི་ཐད་ནས་ཆེན་པོ་འགྱུར་ཐུབ་གིན་མི་འདུག་པ་དེ་ནི་ང་རང་གིས་འབྲི་ཐབས་བསྒྱུར་མ་འདོད་པ་མ་ཡིན་ཞིང་བསྒྱུར་མ་ཤེས་པས་ལན་པ་རང་རེད།

ད་ལྟའི་ཆར་ངས་ཡོངས་འཛིན་མཆོག་གི་ཕོ་ཉ་བ་སོགས་ཀྱིས་མཚོན་པའི་སྲོལ་རྒྱུན་སྙན་ངག་རེ་འགར་ཞིབ་མཇལ་བགྱིས་ན།  ཚིག་གི་སྦྱོར་བའི་ཉམས་ནི་ཕུན་སུམ་ཚོགས་ཤིང་ཡིད་དབང་འགུགས་ནུས་པའི་ཚུལ་དུ་གྱུར་འདུག་མོད།  སྲོག་གི་མཛེས་པའི་ཐད་ནས་ཡིད་ཚིམས་མི་ཐུབ་པའི་ཉམས་ཕྲན་བུ་རེ་སྟེར་གིན་འདུག  འདི་ལ་དབྱེ་ཞིབ་ཅུང་བྱས་པ་ཡིན་ན་སྔོན་ཆད་བོད་རང་གིས་སྙན་ངག་ནི་ཚིག་ཙམ་གྱི་སྟེང་དུ་གཞོལ་དགོས་པར་འདོད་པ་དེར་ཐུག་པའི་རྐྱེན་ཡིན་ནམ་སྙམ།   སྙན་ངག་གི་སྲོག་ཟེར་བའི་བཤད་སྟངས་ཤིག་ཀྱང་ཡོད་མོད།   དེ་ནི་སྤྱིར་བཏང་གི་བརྗོད་བྱ་ཕལ་བ་ཞིག་ལས་རྟོག་གེ་གཏན་ཚིགས་དང་རི་ར་བ་ཁང་ཁྱིམ་དག་གིས་བཟུང་དུ་མ་བཏུབ་ཅིང་།  རྩྭ་དང་རྩི་ཤིང་ཉག་ཕྲ་བ་རེ་ཡི་རྩེ་མོར་གླང་བོ་ཆེ་བརྒྱ་ཤོང་བ་ལྟ་བུའི་མཛེས་པ་དང་།  མི་ཡི་གཉུག་གཤིས་དང་ཐག་ཆེར་ཉེ་བའི་མེ་མེར་གྱི་འོབ་ལྟ་བུའི་ཚོར་ཤེས་དེས་ཟིན་མི་འདུག་པར་སྙམ་ཡོད།  སྔོན་གྱི་སྙན་ངག་དེ་ནི་ཚིག་ཙམ་གྱི་སྟེང་ན་ཡོད་པའི་བདེན་པ་གཞན་ཞིག་ནི་མངོན་བརྗོད་དང་བརྡ་རྙིང་དག་གིས་མི་ཡི་ལུས་པོ་ཚོར་བས་མ་བཟུང་བའི་གསེར་དངུལ་ཟངས་ལྕགས་ཀྱིས་བརྒྱན་པ་ལྟ་བུའི་གནས་སུ་སོང་འདུག་པ་དེ་ཡིས་ཤེས་ཐུབ་པོ།  དེ་ལྟའི་སྔོན་གྱི་སྙན་ངག་མཆིས་སོ་ཅོག་དེ་ལྟ་བུ་ཞིག་རེད་དམ་ཟེར་ན་དེ་ཡང་མཐའ་གཅིག་ཏུ་ངེས་པ་ཞིག་ནི་མ་རེད།  ངས་མི་ལ་རས་པའི་མགུར་འབུམ་མཛོད་ནག་མར་གྲགས་པ་དེར་ཞིབ་མཇལ་ཞིག་བྱས་མཐར་བླ་ཚེ་སྲོག་གསུམ་དུས་གཅིག་ཏུ་བཀུག་སོང་བའི་ཉམས་ཤིག་ཤར་ཐལ།  མགུར་འབུམ་དེ་རུ་བཀོད་འདུག་པའི་མགུར་གླུ་དག་ནི་མགྲིན་པའི་རྩ་མདུད་རང་ཤུགས་ཀྱིས་གྲོལ་བའི་ཚུལ་ཞིག་ཡོད་པར་ཐོས་པ་དེ་ཡང་འདི་མིན་ནམ་སྙམ་པ་འབྱུང་གི།  དཔེར་ན།  མི་ལ་རས་པའི་སྤྱན་ལམ་ན་གཡོ་བའི་སྤྲིན་དཀར་དེ་ནི་ཚེ་སྲོག་གིས་ཁེངས་པའི་མི་ལ་རས་པ་ཞིག་ཡིན་ཞིང་།  ཚིག་དང་བརྡ་ཡིས་ལམ་ན་བརྗོད་པའི་རྣམ་པ་དེ་ལར་ནས་བརྗེད་འགྲོ་གི་འདུག  ངང་ཚུལ་འདི་ལ་བསམ་བློ་རེ་བཏང་ན་སྙན་ངག་ཅེས་པ་ནི་རྨས་མ་འཕོག་པའི་གྲོ་དང་ནས་ལྟ་བུ་ཞིག་ཡིན་ཞིང་།  ཀློག་པ་པོའི་རྒྱུད་ལ་ལྡོག་གཟུགས་སུ་ཤར་དུས་བཤང་གཅིའི་ངོ་བོར་མ་སོང་བར་སླར་ཡང་གྲོ་དང་ནས་ཀྱི་ཟོལ་དུ་སྨིན་དགོས་པར་བཤད་པ་དེ་ཡང་དེ་འདྲ་ཞིག་ལོས་ཡིན་འདོད་ཡོད།  གྲོགས་པོ་ལགས་སྔོན་ཆད་བདག་གིས་སྙན་ངག་ཅིག་འབྲི་བ་འམ་སྙན་ངག་ཅིག་ཀློག་དུས་མེ་ཏོག་ནི་མེ་ཏོག་ཅིག་གི་ཚུལ་དུ་བསྐྱུར་ཅིང་།  དེ་ལ་མེ་ཏོག་དང་མཐུན་པའི་གཏན་ཚིགས་ཤིག་གིས་འགྲེལ་བརྗོད་བྱས་མྱོངས་པ་ལས་མེ་ཏོག་དེ་ལས་འཕྲོས་ཏེ་དགའ་ན་དགའ་ཐག་ཆོད་པའི་རྣམ་པ་སྐྱ་སིང་ངེ་བ་ཞིག་དང་།  སྡུག་ན་སྡུག་ཐག་ཆོད་པའི་སྐྱོ་བ་ནག་ཐིབས་སེ་བ་ཞིག་གི་དྲ་བ་དྲ་ཕྱེད་དེ་སྦྲེལ་ཐུབ་མི་འདུག་པས་ད་ལྟའི་བཤད་སྟངས་དང་བསྡུར་ན་ནད་མེད་འཁུན་སྒྲ་ཟེར་བའི་ཚུལ་དུ་ལུས་འདུག

    དེ་དུས་ང་ནི་བོད་ཀྱིས་མཁས་པ་དག་གི་བཤད་རྒྱུན་ལ་སྙན་ངག་ནི་ཕྱེ་མ་ལེབ་འབྲུག་རེད།   འབུ་རྒན་རོག་ཅོ་འབྲོང་རེད་ཅེས་ཟེར་ཤེས་ན་སྙན་ངག་རེད་བཅས་པའི་སྙན་ངག་གི་རིན་ཐང་ལ་དམའ་ཕབ་པའི་ལྟ་བ་དེ་དང་མཐུན་པའི་སྙན་ངག་འབྲི་མཁན་ཞིག་ཡིན།    དཔེར་ན་རི་དང་ཆུ་བོ་རླུང་དང་བསེར་བུ་དག་ཆེ་ཚུལ་དང་མྱུར་ཚུལ་ཙམ་གླེང་ནས་ཕྱི་ཡི་རྣམ་པ་ཙམ་བསྐྱར་འབྲི་བྱ་ཐུབ་ན་སྙན་ངག་ཡིན་པར་འདོད་ཡོད།   ད་ལྟའི་ཆར་འདང་རེ་བརྒྱབས་ན་འབྲི་སྟངས་དེ་ནི་མར་མེ་ཡི་རི་མོ་དང་འགྱིག་གི་བུ་མོ་ལྟ་བུ་ཞིག་ལས་གང་ཡང་མ་ཡིན་པ་ཤེས་མོད།  འོན་ཀྱང་སྙན་ངག་གི་ཟབ་ས་དེ་ནི་བུ་རམ་སྒོར་མོའི་རོ་བཞིན་སྨྲ་བསམ་བརྗོད་འདས་ཀྱི་ངང་དུ་འབྱམས་འདུག་པས།  ང་ཡི་ངག་སྒོ་དང་སྨྱུག་རྩེ་ནས་ཆུ་ཕྲན་གྱི་ཐིགས་པ་ཙམ་ཡང་འོང་མི་ཐུབ་པ།  དཔེར་ན་བཙས་མ་ཐག་པའི་བྱིས་པ་དམར་འབྱར་ཞིག་གི་གནས་སུ་ལྷུང་འདུག་པས་ཁྱེད་ལ་མང་པོ་ཞིག་བཤད་ན་འདོད་རུང་སྨྲ་སྒོ་ལས་འབུད་དཀའ་བ་རེད།  མདོར་ན་སྙན་ངག་པའི་མིག་ནི་འོད་ཀྱི་སྦུ་གུ་ཞིག་དང་།   སྙན་ངག་པའི་ཚོར་བ་ནི་ལུག་ཆུང་གི་སྙིང་ལྟ་བུ་ཞིག   སྙན་ངག་པ་ནི་ཕྱི་ནང་མེད་པའི་ཤེལ་གྱི་ཕོར་བ་ལྟ་བུ་ཞིག་ཡིན་སྙམ་སྐྱེས་ཡོད།  དེ་བས་གཞུང་ལུགས་འཁྱོག་བརྗོད་བྱེད་པའི་མཁས་པ་ཞིག་ལས་སྙན་ངག་པ་ཞིག་ལ་དགའ་ཞིང་།  ལྷན་པ་དགུ་བརྩེགས་བརྒྱབས་པའི་བསྟན་བཅོས་ཤིག་ལས་སྙན་ངག་ཅིག་ལ་དགའ་གིན་ཡོད།  འོན་ཀྱང་གྲོགས་པོ་ཁྱེད་ལ་གསལ་འདེབས་ཤིག་བྱས་ན་ཁྱེད་ཀྱིས་སྙན་ངག་པ་གྲགས་ཅན་གཅན་མེ་སྟག་གིས་སྦྲང་ཆར་གྱི་བཅར་འདྲི་རུ་ལན་བཏབ་ཡོད་པ་དེ་རུ་གཟིགས་ན་ཕན་ཐོག་ཤིན་ཏུ་ཆེན་པོ་ཡོད་འདུག  ད་དུང་མང་པོ་ཞིག་གླེང་འདོད་ཡོད་རུང་བྱ་བའི་བྲེལ་འཚུབ་ཀྱིས་སྐབས་སུ་དེ་ལྟར་གྱིས།   མཇུག་ནས་མུ་མཐུད་དུ་གླེང་འདོད་ཡོད།

རྩོམ་ཁུངས། བཙན་གཡར་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲོགས་པོ་རླུང་ནག་ལ་སྙན་ངག་གི་ལྟ་ཚུལ་གླེང་བ།

2009-07-11 རོང་བོ་དགེ་འདུན་ལྷུན་གྲུབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།