འཚོལ་སྙེག་ཁྲོད་ཀྱི་གཟུགས་འདས་ཀྱི་སྐྱོ་གར།

སེང་མགུལ་མ་ཎི་དོན་གྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-04-17

               ____<<གྲིབ་གཟུགས་ཁྲོད་ཀྱི་མི་ཚེ>>གླེང་བ།
  
  【ནང་དོན་གནད་བསྡུས】།
     སྒྲུང་གཏམ་འདིས་དེང་གི“གྲོང་ཁྱེར་ཅན་གྱི་སྤྱི་ཚོགས”འདིའི་མི་བྱིངས་ཀྱི་འཚོལ་སྙེག་གི་བྱ་ཡུལ་ནོར་འཁྲུལ་གྱི་ཆ་དེ་མི་མངོན་པའི་གྲིབ་གཟུགས་ཤིག་ཏུ་བསྡུས་ནས་བརྗོད་པར་འདོད་པ་ནི་རྣམ་ ཤེས་དང་བྲལ་བའི་གཟུགས་འདས་ཀྱི་མི་སྐོར་ཞིག་གི་རང་གཤིས་ཉམས་ཉེས་ཁྱོན་ཡོངས་ནས་ཟད་བཞིན་པའི་མགོ་བརྩམས་པའམ་སྒེར་ཚུགས་ཀྱི་བསམ་བློ་དེ་ཉིད་བོར་བརླག་ཏུ་འགྲོ་བཞིན་པའི་ཚུལ་ཞིག ཡང་ན། བོད་མི་གྲོང་ཁྱེར་བའི་བསྡུས་གཟུགས་ཤིག་མཚོན་ཐབས་གསར་བའི་སྒོ་ནས་གླེང་ཡོད།
    【མིང་བརྡ་གཙོ་བོ།】
    འཚོལ་སྙེག  གཟུགས་འདས།  སྐྱོ་གར།  གྲིབ་གཟུགས།  མི་ཚེ།
    དང་པོ། བསམ་བློའི་རིན་ཐང༌།
    བདག་གིས་དེང་རབས་བོད་ཀྱི་གཞོན་སྐྱེས་རྩོམ་པ་པོ་ལྷ་བྱམས་རྒྱལ་ལགས་ཀྱི་སྒྲུང་གཏམ་འགའ་རེ་ཀློག་འདོན་བྱེད་པའི་ཁྲོད་ནས་《གྲིབ་གཟུགས་ཁྲོད་ཀྱི་མི་ཚེ》ནི་རང་གི་མོས་པ་དང་འདོད་པ་ཚིམས་ཐུབ་པའི་སྒྲུང་གཏམ་ཞིག་ཏུ་སེམས་ཏེ། ཐོག་མར་སྒྲུང་གཏམ་འདིས་བསམ་བློའི་རང་བཞིན་གྱི་ཆ་དེ་ཤིན་ཏུ་གཏིང་ཟབ་ས་ཞིག་ལ་བསྐྱལ་ཡོད་འདུག་སྙམ་སྟེ། མི་སྣའི་ནང་སེམས་ཀྱི་ཚོར་འདུ་སྣ་ཚོགས་རང་ཅག་འཚོ་བའི་ཁྲོད་ཀྱི་ཆེས་སྤྱིར་བཏང་བའམ་གླེང་རིན་མེད་པའི་དོན་ཕྲན་ཚེགས་སམ། ཡང་ན་བྱིས་པའི་དགོད་བྲོ་བའི“རོལ་རྩེད”ཙམ་གྱི་ངང་ཚུལ་ལ་བརྟེན་ནས་མི་ཚེ་ནི་མ་གཞི་ནས“འདྲ་གཟུགས”དང་གྲིབ་གཟུགས”ཙམ་སྟེ་སྣང་སྟོང་གཉིས་ལས་གང་ཡང་མ་ཡིན་ལ།  ཡང་ན་གང་ཡིན་པའི་རྟོག་པ་འོག་འགྱུའི་ངང་ན་འཚོ་བའི་གཟུགས་བརྙན་མཚར་བོ་ཞིག་གི་ཟོལ་ གྱིས་སྒྲུང་གཏམ་འདི་བློས་བསླངས་བྱས་ཡོད།
     རང་གིས་རང་ཉིད་ཀྱི་རིན་ཐང་ལ་གདེངས་འཇོག་བྱེད་མི་ཤེས་ཤིང་རང་གི་གནས་བབ་ངེས་གཏན་རེ་ལ་ཨུ་ཚུགས་ཀྱིས་མཚང་ནས་སྡོད་པའི་བོད་རིགས་གྲོང་ཁྱེར་བ་དེ་དག་ལ་རང་ཚུགས་ཐུབ་ཀྱི་དཔྱོད་ཤེས་ཀྱི་འོད་སྣང་མེད་པས་ན་ཁོ་ཚོའི་གྲིབ་གཟུགས་དེ་ཡང་བོར་དང་འབོར་བཞིན་ པའི་ཉམས་ཉེས་ཞིག་ཞོར་ནས་གླེང་བར་འདོད་ཡོད། རྩོམ་པ་པོས་བཀྲ་ཤིས་ཞེས་པའི་གྲོང་ཁྱེར་གྱི་ལས་བྱེད་པ་ཅིག་གི་འཚོ་བའི་ཁྲོད་ཀྱི་དོན་ཆུང་ངུའི་འགལ་འདུ་དེ་དག་གི་ངོས་ཐད་ནས་དེང་གི་  བོད་ཀྱི་གནས་བབ་སྐྱོ་བོ་ཞིག་བསྟན་ཡོད། དཔེར་ན། དབྱིན་ཇིའི་ཟློས་གར་མཁན་པོ་བེ་ལན་ཧྲ་ཧྲིས་པིས་ཡའི་སྐྱོ་གར་〈〈མད་ཁུ་པེ〉〉ཁྲོད་དུ།“མི་ཚེ་ནི་མ་གཞི་ནས་སྡོད་མི་ཚུགས་པའི་གྲིབ་གཟུགས་ཤིག དེ་ནི་གར་སྟེགས་སུ་རྐང་ལག་གིས་སྟངས་སྟབས་སྣ་ཚོགས་བསྒྱུར་བའི་སྙིང་རྗེ་བའི་ གར་མཁན་ཞིག་སྟེ། གར་སྟེགས་ཀྱི་དུས་ཡུན་ཐུང་ངུ་ལས་མེད་པར་གྲགས་མེད་ཚོར་མེད་ངང་ག་ལེ་ཕྱིར་འཐེན་བྱེད་དགོས་པ་ཞིག ཡང་གཅིག་བཤད་ན། དེ་ནི་གླེན་པ་ཁ་ནག་ཅིག་གིས་འཆད་བཞིན་པའི་གཏམ་རྒྱུད་མདོ་མེད་ཅིག་སྟེ། ཀུ་ཅོ་དང་འུར་ཟིང་ཁོ་ན་ལས་སྙིང་བོའམ་བདེན་པའི་ཆ་ཀུན་ནས་དབེན་པ་དེ་ཁོ་ན་ཉིད། ཞེས་པའི་སྐད་ཆ་འདི་ནི་ཏག་ཏག་སྣང་ཚུལ་འདི་འདྲའི་ངོས་ནས་གླེང་ན་གོ་རྒྱུ་ཆེན་པོ་འདུག
      མི་ཚེ་ནི་མཐར་གཏུགས་ན་གྲགས་མེད་འགུལ་མེད་ཀྱི་གྲམ་པའི་ཕ་བོང་ལྟ་བུ་ཞིག་དང་ཡང་ན་ཀུ་ཅོ་དང་འུར་ཟིང་གི་ཁྲོད་མཇུག་རྫོགས་བཞིན་པའི་ཆོས་ཉིད་ཅིག་ལས་བརྒལ་ཐུབ་མེད་པས་དེ་ ནི་སྐྱོ་གར་ཁོ་ན་ལས་འཛིན་རྒྱུ་གཞན་ཅི་ཡང་མེད་པའི་གནས་ལུགས་ཤིག་ཡིན་པར་འདོད་ཡོད།   བོད་སྔ་རབས་པ་དང་ཕྱི་གླིང་གི་མཚན་ཉིད་རིག་པ་ཧྲིའུ་པིན་ཧོར་དང་ནེ་ཁྲེ་སོགས་མཚན་ཉིད་རིག་པ་མང་བོའི་མི་ཚེ་བསམ་བློའི་རིན་ཐང་གི་མཐར་ཐུག་གི་དགོངས་གཞིའང་འདི་འདྲ་རེད་འདོད་སྙམ་ལ། ཨ་རིའི་རྩོམ་མཁན་ཧྥི་ཁི་ཎ་ལགས་ཀྱི་〈〈ཀུ་ཅོ་དང་འུར་ཟིང〉〉སོགས་ཕྱི་གླིང་བའི་རྟོག་པ་རང་ཡན་པའི་སྒྲུང་གཏམ་མང་པོར་འདིའི་ཕྱོགས་ཀྱི་བསམ་བློས་ཕྱུག་ཡོད་སྙམ།
         རྩོམ་པ་པོ་ལྷ་བྱམས་རྒྱལ་གྱི་སྒྲུང་གཏམ་འདིས་བསམ་བློའི་དགོངས་གཞིའང་འདི་འདྲའི་གཏིང་ཟབ་ས་ཞིག་ལ་དམིགས་ནས་སྤྱི་ཚོགས་གསར་བའི་མི་ཆེན་དཔོན་ཆེན་གྱི་ཕོངས་བལྡག་པར་མོས་པའི་མི་ཆུང་སྙིང་རྗེ་བ་སྐོར་ཅིག་གི་འཚོ་སྡོད་ཀྱི་རིན་ཐང་དེ་ནམ་ཡང་མི་མངོན་པའི་གྲིབ་གཟུགས་ཤིག་ཏུ་ཐིམས་ནས་ཡོད་པ་དང་རང་ལ་མི་གཤིས་རང་མཚན་པ་ཆགས་ཐུབ་ཀྱིན་མེད་པའི་སྐོར་ལ་ཁེངས་ར་དང་ཟུར་ཟ་ཞིག་གི་ཚུལ་གྱིས་མི་ནི་མ་གཞི་ནས་སྐྱོ་གར་སྣ་ཚོགས་ལས་ཐར་ཐུབ་ ཀྱིན་མེད་ལ།  བཀྲ་ཤིས་ཀྱི་མི་ཚེའི་གྲིབ་གཟུགས་དེའང་སྐྱོ་གར་གྱི་གྲིབ་གཟུགས་རེད། དཔེར་ན་དེ་ནི“ཆི་ཁོ་ཧྥིའི་སྨྱུག་རྩེ་ནས་ཐོན་པའི་པེ་ལུ་ཁུ་ཧྥུ་བཞིན་མཐའ་མར་སྐྱོ་གར་ཁྲོད་དུར་དུ་སྦས་ཟིན་ནའང་ཕྱིན་ཆད་ཀྱང་མི་དེ་འདྲ་ཅི་ཙམ་ཐོན་པ་ཆ་མི་འཚལ་བ” དེ་བཞིན་བཀྲ་ཤིས་ལྟ་བུས་མི་ཚེ་གྲིབ་གཟུགས་སུ་བསྐྱལ་ཅིང༌། དེ་འདྲའི་མི་སྐོར་ཅིག་མི་མངོན་པའི་གྲིབ་གཟུགས་ཀྱི་བྲན་གཡོག”ཏུ་གྱུར་བཞིན་པའི་སྣང་ཚུལ་འདི་ནི་རྩོམ་པ་པོས་རྩོམ་འདི་བྲི་བའི་ཐོག་མའི་བློ་བསྐྱེད་ཀྱང་ཡིན་ངེས།
        ན་ནིང་དོ་ཚུགས། བོད་ཀྱི་དེང་རབས་སྒྲུང་གཏམ་ལ་མངའ་ཐང་ཅུང་འཛོམས་ཙམ་འདུག་སྙམ་སྟེ།《སྦྲང་ཆར》གཙོར་བྱས་པའི་བོད་ནང་གི་རྩོམ་རིག་དུས་དེབ་སྣ་ཚོགས་སུ་སྙན་ངག་དང་སྒྲུང་གཏམ་གྱི་ས་བཅད་མིའུ་ཐུང་གི་གོམ་ཚད་ལས་བརྒལ་བའི་གྲུབ་འབྲས་གཟེངས་སུ་ཐོན་བཞིན་འདུག་ལ། ལྷག་པར་དུ་རྒྱ་བོད་ཡིག་རིགས་གཉིས་ལ་ཅུང་བྱང་ཆ་ལྡན་པའི་གཞོན་སྐྱེས་རྩོམ་པ་པོ་དུ་མས་ཕྱི་ནང་རྩོམ་རིག་གི་བརྩམས་ཆོས་དང་གཞུང་ལུགས་སྣ་ཚོགས་ལ་སློབ་སྦྱོང་དང་ངེས་ཤེས་གསར་བ་རྙེད།དེའི་སྟེང་རང་གི་བློ་རིག་དང་ཐབས་རྩལ་ལ་བརྟེན་ནས་བོད་རང་གི་ད་ལྟའི་གནས་བབ་དང་མ་འོངས་བའི་མདུན་ལམ་འཚོལ་བའི་བརྩམས་ཆོས་སྔོན་དང་བསྡུར་ན་མི་ཉུང་བ་ཞིག་སྤེལ་དང་སྤེལ་བཞིན་ཡོད།
        གཞོན་སྐྱེས་རྩོམ་པ་པོ་འདིས་བོད་སྤྱི་ཚོགས་ཀྱི་ལས་དབང་ལ་སེམས་ཁུར་བྱེད་པའི་གོ་རིམ་གྱི་ཁྲོད་ནས་རྩོམ་རིག་གི་བརྗོད་བྱ་དོན་གྱི་རིན་ཐང་གི་ལྟ་བ་སྔར་གྱི་ཆིག་རྐྱང་བ་དང་གཏམ་རྒྱུད་ཅན་གྱི་སོ་ན་མི་གནས་པར་མཚོན་ཐབས་གསར་བའི་སྐོར་གྱི་རྣམ་པ་གོང་དུ་གཏོད་པའི་སྒྱུ་རྩལ་གྱི་རིན་ཐང་སྔོགས་འདོན་བྱ་རྒྱུ་དེའང་རྩོམ་རིག་གི་འགན་འཁྲི་ཉག་གཅིག་ཡིན་པར་ངེས་ཤེས་རྙེད། རྩོམ་རིག་གི་འགན་འཁྲི་ནི་སྤྱི་ཚོགས་འཚོ་བའི་སྣང་ཚུལ་མཐའ་དག་མངོན་མཚོན་བྱ་རྒྱུ་དེ་ཁོ་ན་ཙམ་ཡིན་མི་རིགས་པར་འདོད་དེ། “རྩོམ་རིག་གསར་རྩོམ་གྱི་དགེ་མཚན་ལ་གོ་བ་མཐོ་ས་ནས་བླངས་ཏེ།འབྲི་ཐབས་གསར་བ་ལ་གསར་རྩོམ་གྱི་གཤིན་ས་ཡངས་པོར་བསྟབས་ནས” བོད་རྩོམ་སྣ་མང་ཅན་དུ་བྱ་བར་ཤུགས་ཆེན་པོས་བསམ་བློའི་ཇུས་འགོད་གནང་ཡོད། ཉེ་ཆར་ཁོས་བྲིས་པའི《དབྱར་རྩྭ་དགུན་འབུ》དང《རོང་གྲོང་གི་འགྲུལ་བཞུད》སོགས་སུའང་དེང་དུས་བོད་མིའི་ནང་སེམས་ཀྱི་     འཇིག་རྟེན་སྣ་ཚོགས་ཤིག་སྒྱུ་རྩལ་གྱི་མཚོན་ཐབས་གསར་བར་བརྟེན་ནས་མཚོན་ཅི་ཐུབ་བྱས་ཡོད། “རྩོམ་རིག་གི་འབྲི་ཐབས་གསར་བ་ལ་མཐུན་རྐྱེན་བརྩོན་ལེན་བྱེད་པ་ནི་གཞན་གྱི་རྩོམ་རིག་གི་རྗེས་གཅོད་པའི་ཆེད་མ་ཡིན་པར། རྩོམ་པ་པོ་སྐྱེད་སྲིང་བྱ་བ། རྩོམ་རིག་འཕེལ་རྒྱས་སུ་གཏོང་བ་བཅས་ལ་མཐུན་རྐྱེན་མི་དམན་པར་བསྒྲུབ་རྒྱུ་དང། རྩོམ་རིག་གི་མཚོ་མོ་ལས་གསར་རྩོམ་གྱི་ཉ་མོ་གང་བདེར་འཁྱུག་ནས་རང་རྩལ་མཐོ་ས་ནས་བོགས་ཐོན་ཡོང་བའི་ཆེད་ཡིན” པས་ད་ལྟའི་བོད་ཀྱི་རྩོམ་རིག་ལ་སྒྱུ་རྩལ་མཚོན་ཐབས་ཀྱི་ངོས་ནས་རང་སྒེར་ཚུགས་ཀྱི་ཁྱད་ཆོས་སམ་ཐུན་མིན་གྱི་རང་གཤིས་རེ་ངེས་པར་ལྡན་དགོས་ལ་འདིའི་ཕྱོགས་སུ་འཇུག་མཁན་གྱི་རྩོམ་མཁན་ཡང་རེ་གཉིས་ཡོད།
          རྩོམ་མཁན་འདིས་སྒྲུང་གཏམ་འདི་ལས་ང་ཚོར་སྦྱིན་འདོད་ནི་སྣ་ཚོགས་སུ་སྣང་ལ་སྣ་ཚོགས་ལྟར་གོ་བ་བླངས་ནའང་ཆོག་པར་འདོད་དེ། འདིས་དེང་རབས་སྤྱི་ཚོགས་ཀྱི་བོད་མི་གྲོང་ཁྱེར་བ་  ཞིག་གིས་“གྲོང་ཁྱེར་ནས་བོད་ཁུལ་གྱི་མང་ཚོགས་འཚོ་བའི་ཆུ་ཚད་ལ་རྟོག་ཞིབ་བྱ་འདོད་པ”དང་“རང་གི་མགོ་བར་གྱུར་བའི་བཀྲ་ཤིས་ཁ་ཆེ་ཡི་སྐྱོན་བརྗོད་རེག་དགོས་པའི”ཤུགས་ནས་བཀྲ་ཤིས་ཀྱི་བསམ་བློའི་གཏིང་རིམ་དུ་བག་ལ་ཞ་བའི་བོད་ཀྱི་འདུ་ཤེས་ངོ་མ་ཞིག་ཧ་ཅང་ཉམས་ཆུང་གིས་  མངོན་ཡོད་པ་ནི་“ཆོས་སྒྲོན་སྔོན་ལ་བོད་ཁུལ་དུ་བསྐྱོད་ནས་བོད་མང་ཚོགས་དང་ཉེ་བའི་ལས་ཀ་ ཞིག་བཙལ་རྗེས། ཁོ་ཡང་མི་འགྱངས་པར་ལས་ཁུངས་དེ་དང་མགོ་ཁྲིད་བཀྲ་ཤིས་ཁ་ཆེ་ཡི་མངའ་  འོག་ནས་ཕྱིར་བུད་དེ་མཐོ་སྒང་ལ་འགྲོ་རྒྱུ་དེ་རེད༌།”འདིར“ཁ་ཧྥི་ཁའི་《གཟུགས་འགྱུར》དུ་མངོན་པ་བཞིན་མ་རྩ་རིང་ལུགས་ཀྱི་སྤྱི་ཚོགས་སུ་དངུལ་དང་འཕྲུལ་འཁོར་སོགས་དངོས་པོ་དེ་ཚོས་མི་ལ་བཀོད་པ་བྱེད་ཅིང༌། མི་དངོས་པོའི་བྲན་གཡོག་ཏུ་འགྱུར་བཞིན་པའི“གཞན་འགྱུར”གྱི་དངོས་ཡོད་སྣང་ཚུལ་དེ་རིགས་དཔེ་མཚོན་ཅན་གྱི་སྒོ་ནསམཚོན་པར་བྱས་ཡོད་པ”  ལྟར་དེང་གི་སྤྱི་ཚོགས་འདིའི་མི་མངོན་པའི་གྲིབ་གཟུགས་དེ་ཚོས་བཀྲ་ཤིས་ལ་བཀོད་པ་བྱས་ཏེ་བཀྲ་ཤིས་ཁོ་ཚོའི་བྲན་གཡོག་གམ་ཡང་ན་ཁོ་ཚོ་ལྟར་གྲིབ་གཟུགས་མེད་པའི་མི་ཞིག་ཏུ་འཁྲིད་བཞིན་པའི་དེང་གི་སྤྱི་ཚོགས་འདིའི་མི་དང་མི་དབར་གྱི་འབྲེལ་བ་གདུག་རྩུབ་ཅན་དེ་ཐེར་འདོན་བྱས་ཡོད་པ་རེད། དེ་ལས། ང་ཚོས་ཁ་ཕྱིར་འཁོར་ནས་བོད་ཀྱི་ལོ་རབས་༨༠ བའི་སྒྲུང་གཏམ་གཙོར་བྱས་པའི་རྩོམ་རིག་བརྩམས་ཆོས་དེ་དག་གི་སྤྱི་ཚོགས་དང་ལོ་རྒྱུས་ཀྱི་རིན་ཐང་ལ་སླར་ཡང་གདེངས་འཇོག་གསར་བ་བྱེད་པའི་ཚེ། དེ་དག་ལ་ཐུན་མོང་དུ་གྲུབ་པའི་བརྗོད་གཞི་ཞིག་དང་ཡོད་ཚད“བསྐྱར་མཚོན”གྱི་མཚོན་ཐབས་ཤིག་ལས་ཡིད་ཀྱི་དང་བ་འདྲེན་ཐུབ་པའི་ཆ་ཤིན་ཏུ་ཉུང༌།(བལྟོས་འཇོག་གིས་བཤད་ན)གལ་ཏེ། ཀློག་པ་པོའི་འདོད་བློ་ཚིམས་ཐུབ་པའི་སྒྲུང་གཏམ་འགའ་རེ་བྱུང་ཡོད་པ་དག་གི་“མ་རྩ”ཡང་བོད་རིགས་དམངས་ཁྲོད་ནས་དར་བའི་གནའ་གཏམ་གྱི་“ཡོང་འབབ”ཁོ་ན་ལས་བྱུང་བའི་གཏམ་རྒྱུད་ཀྱི་བྲོ་བ་ལས་གཞན་ཞིག་ཕལ་ཆེར་མི་འདུག
        ལོ་རབས་༨༠པའི་བོད་ཀྱི་ཚབ་མཚོན་རྩོམ་པ་པོ་སྐུ་ཞབས་དོན་གྲུབ་རྒྱལ་གྱི་སྒྲུང་གཏམ་དག་ལས་ཚུལ་འདིའི་སྐོར་ཤིན་ཏུ་གསལ་བ་ལྟར་རེད། སྐབས་དེའི་བོད་ཀྱི་སྒྲུང་གཏམ་དག་གི་སྒྱུ་རྩལ་གྱི་རིན་ཐང་དེ་ནི་གླེང་རིན་ཡོད་པ་ཞིག་མ་རེད་འདོད་ན་འང་ཆོག་སྟེ། རྩོམ་རིག་བརྩམས་ཆོས་དེ་དག་གིས་སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབ་ངོ་མ་བོ་གསལ་ཐག་ཆོད་པ་ཞིག་ང་ཚོར་མཁོ་སྤྲོད་བྱ་ཐུབ་མེད་དེ། ཁོ་ཚོས་གླེང་ཡོད་པ་ནི“རིག་གསར་གྱི་ནག་ཉེས”དང“རིགས་རུས་ཀྱི་མཆོག་དམན་གྱི་ཐེར་འདོན།”“གཉེན་སྒྲིག་རང་དབང་མེད་ཚུལ།” ད་རུང“རྩྭ་ས་རྩོད་གླེང”སོགས་གླེང་གཞི་བྱེ་བྲག་པ་ཙམ་ལས་འགྲོ་བ་མིའི་རིག་གནས་དང་ལོ་རྒྱུས་ཀྱི་རིན་ཐང་ཆེན་པོ་ཡོད་པའི་བརྗོད་གཞི་གསར་བ་སྔོག་འདོན་བྱ་ཐུབ་མེད།
        སྤྱིར“རྩོམ་རིག་ཕུལ་བྱུང་ཅན་ཞིག་ཡིན་ན་དེ་ནི་དུས་རབས་དང་ལོ་རྒྱུས་ཀྱི་མེ་ལོང་ལྟ་བུ་ཞིག་ཡིན”ཞེས་ད་ལྟའི་རྩོམ་དཔྱད་པ་དག་གིས་བསྡོམས་ཚིག་བཀོད་ཟིན་པས་རང་རེའི་ལོ་རབས༨༠  པའི་རྩོམ་རིག་ལ་འདིའི་ཕྱོགས་ཀྱི་“རྗེས་དྲན”དུ་བཞག་ཆོག་པ་ཤིན་ཏུ་དཀོན། དེ་བས།《གྲིབ་གཟུགས་ཁྲོད་ཀྱི་མི་ཚེ》ཡི་བསམ་བློའི་ཤོང་ཚད་ནི་སྔོན་དང་བསྡུར་ན་ཐོད་བརྒལ་ཞིག་ཀྱང་རེད་འདོད་ཀི “མི་ཚོས་རྩོམ་རིག་གི་གསེར་ལྟ་བུའི་དུས་རབས་དེ་ཐོན་རྒྱུ་ཡོད་དམ་ཞེས་དྲི་བ་འཕེན་དུས། པཱ་ཅིན་གྱིས་ཁོ་ཐོན་རྒྱུ་ཡོད། དངོས་གནས་ཐོན་རྒྱུ་ཡོད། འོན་ཀྱང་ཁོ་རང་ཉིད་དངོས་སུ་ཐོན་མི་སྲིད་དེ།  མཚར་སྡུག་འོད་སྟོང་འབར་བའི་དུས་རབས་ཤིག་བསུ་དགོས་ན། ང་ཚོས་ངེས་པར་དུ་ཆེས་རྩ་ཆེ་བའི་མ་རྩ་མང་པོ་ཕྱིར་གཏོང་ཐུབ་དགོས།” ཞེས་གསུངས་པ་ལྟར་ངེད་ཅག་གི་གཞོན་སྐྱེས་རྩོམ་པ་པོ་འདི་དག་གིས་རང་རང་གི་ཆེས་རྩ་ཆེ་བའི་བསམ་བློ་དང་རིག་གནས་ཀྱི་མ་རྩ་མང་པོ་ཕྱི་གཏོང་དང་ནང་འདྲེན་བྱེད་ཐུབ་ན་ངེད་ཅག་གི་རེ་བ་རྫོགས་ཐུབ་པའི“རྗེས་དྲན”རང་བཞིན་གྱི་རླབས་ཆེ་བའི་རྩོམ་རིག་བརྩམས་ཆོས་ངེས་པར་འབྱུང་སྲིད་དོ།
       གཉིས་པ། སྤྱིའི་བློས་བསླངས་དང་དེའི་མཚོན་ཐབས།
        གྲོང་ཁྱེར་དུ་བྱ་བ་སྒྲུབ་བཞིན་པའི་བཀྲ་ཤིས་ཀྱིས་རང་གི་གྲིབ་གཟུགས་དེ་བོར་བཞིན་པར་སྐྲག་སྣང་དང་གཞན་གྱི་གྲིབ་གཟུགས་ལས་ཐར་དཀའ་བའི་བསམ་བློའི་འགལ་འདུ་སྣ་ཚོགས་དེ་སྟོན་པར། གྲིབ་གཟུགས་སུ་ལུས་པའི་བོད་མི་གྲོང་ཁྱེར་བ་དག་དང་གྲིབ་གཟུགས་ལ་འཇུག་པར་སྤྲོ་བའི་ཆོས་སྒྲོན། གྲིབ་གཟུགས་ཆེན་པོ་ཞིག་ལ་དབང་སྒྱུར་བཞིན་པའི་བཀྲ་ཤིས་ཁ་ཆེ། འོད་སྣང་དང་བྲལ་བའི་གྲིབ་གཟུགས་ཁྲོད་ཀྱི་བཀྲ་ཤིས་ཀྱི་ས་འོག་གི་ཁང་བ། དེ་མིན། གྲིབ་གཟུགས་ཀྱི་འཚོ་བར་རྒྱབ་བརྟེན་བཅོལ་པའི་སློབ་འབྲིང་གི་ཆབ་སྲིད་དགེ་རྒན། རང་ཚུགས་ཐུབ་ཀྱི་གྲིབ་གཟུགས་མངའ་བའི་སློབ་གྲོགས་ཐར་རྡོ་སོགས་མི་སྣ་རིམ་པ་དུ་མ་ནས་ལྷིང་ལ་འབུད་པར་བྱས་ཡོད། མི་སྣ་འདི་དག་གིས་བཀྲ་ཤིས་ཀྱིས་འཚོལ་བཞིན་བའི་གྲིབ་གཟུགས་དེ་ཏག་ཏག་ཁོ་དང་རྒྱང་ཐག་རིང་དུ་གྱེས་བཞིན་པ་དང་ཁོས་མི་འདོད་བཞིན་དུ་མགོ་ཐོག་ཏུ་ལྷུང་བཞིན་པའི་གྲིབ་གཟུགས་དེས་ཁོའི་མི་ཚེའི་ཐོག་མཐའ་བར་གསུམ་ལ་བཙན་འཛུལ་བྱེད་བཞིན་པའི་འགལ་འདུའི་རིགས་དེ་བསྐྲུན་པར་ཕྱོགས་གང་ཐད་ནས་བྱ་བྱེད་སྣ་ཚོགས་ཀྱི་སྣང་བརྙན་སྐྲུན་ཏེ། བཀྲ་ཤིས་ཀྱི་སེམས་ཁམས་ཀྱི་རིམ་པ་དེ་གཏིང་ཟབ་སར་འཇུག་ཅི་ཐུབ་བྱེད་ཡོད་དེ། ཐོག་མར་བཀྲ་ཤིས་ཀྱི་གནས་ཀྱི་བཀོད་པ་གླེང་བའི་ཚེ་ན་དེ་ནི“ཁང་བརྩེགས་མཐོན་པོ་ཞིག་གི་ས་ འོག་གི་ཁང་མིག་ཅིག་ཏེ། ཁང་བའི་ཕྱེད་ཙམ་ས་ཁར་བུད་ཡོད་པ་ཙམ། འོད་སྣང་གི་བགོ་སྐལ་ཕྲ་བའི”ཁོར་ཡུག་དེས་མཚོན་འདོད་པ་ནི་བཀྲ་ཤིས་ལ་མ་གཞི་ནས་གྲོང་ཁྱེར་ནས་སྡོད་པའི་ཐོག་མའི་འཚོ་སྡོད་ཀྱི་ཆ་རྐྱེན་ཚང་མི་འདུག་པ་དང་བཀྲ་ཤིས་  ལ“རྣམ་ཀུན་ཉི་ཐིག་གི་བགོ་སྐལ་འགྲེམ་པའི་ཉི་མ་དེའང་ཉམ་ཆུང་གིས་འོད་མོག་མོག་བཀྱེས་ཏེ་འགྲོ་བཞིན་འདུག”པས་ཁོ་ལ་འོད་སྣང་མོད་པོ་ཞིག་རེག་པའི་བསྐལ་བ་ཕྲ་བ་མཚོན་ཡོད། ས་འོག་གི་ཁང་མིག་འདི་ནས་ངོ་ཤེས་པའི་ཆོས་སྒྲོན་སྟེ།“ཉི་འོད་དང་གྲིབ་གཟུགས་ཀྱི་ཐོན་འབྲས་སུ་གྱུར་བའི”འཚོ་བའི་ཐད་ཀྱི་སྟེས་དབང་གིས་གྲུབ་པའི་འདོད་པའི་གྲིབ་གཟུགས་འདིས་རང་གིས་འཚོལ་འདོད་པའི་གྲིབ་གཟུགས་དེ་འཚོལ་བའི་བཀག་ཏུ་གྱུར་ཡོད་ལ་ཁོ་མོའི་བྱ་བའི་ཆེད་དུ་བཀྲ་ཤིས་ཀྱི་རང་གི་དམ་བཅའ་ཤོར་མགོ་བརྩམས་ལ་གྲིབ་གཟུགས་ཀྱང་འབོར་མགོ་བརྩམས་ཡོད། མགོ་བ་“བཀྲ་ཤིས་ཁ་ཆེ་དང་ཁོ་ཚོའི་བར་གྱི་བར་གྱང་དེ་ཆོམ་སྒྲ་དང་བཅས་འགྱེལ་བ”དེ་ལས་བཀྲ་ཤིས་ཡོངས་སུ་གྲུབ་གཟུགས་ཤིག་ཏུ་ཚུད་སོང༌། ཡང་གཅིག་བཤད་ན། དེ་ ནི“ཆོས་སྒྲོན་གྱིས་ཁང་བ་རྒྱས་ཤོམ་དོད་པོ་ཞིག་ཉོ་རྒྱུའི”ཐོག་མའི་སེམས་པ་རྫོགས་པ་དང་བཀྲ་ཤིས་ཁ་ཆེ་སོགས་མི་དེ་དག་ལ་རྗེས་འཇུག་པ་ཞིག་བྱུང་བའམ་ཁོ་ཚོའི་རེ་བའང་རེད། རང་གི་འདོད་བློ་དང་ཡོངས་སུ་འགལ་བའི་ཕམ་ཁའི་གྲིབ་གཟུགས་ཀྱི་ཀློང་ཤིག་ཏུ་མི་འགྲོ་ཀ་མེད་བྱུང་བ་དེ་ནི་“བཀྲ་ཤིས་གཡུལ་དུ་ཕམ་པའི་ཚོར་བ་ལྟ་བུ་ཞིག་ལས་ཅི་ཡང་ལྷག་མི་འདུག”དེ་ནི་གསལ་བོ་བཤད་ན། ཆོས་སྒྲོན་གྱི་“བྱ་བ”ཡི་གྲིབ་གཟུགས་དེས་བཟོས་པའི་བཀྲ་ཤིས་ཀྱི་སྐྱོ་གར་རེད། སྤྱིར་བཀྲ་ཤིས་རྒྱས་ཤོམ་དོད་པའི་ཁང་བ་ཞིག་ཉོ་རྒྱུའི་ཕྱོགས་ལ་སེམས་འཁོར་མེད་ལ་རང་གི་ལས་དོན་བསྒྲུབ་ཡུལ་དེ་གྲོང་ཁྱེར་མིན་ལ་རང་གི་མོས་འདུན་དང་རང་གི་ནམ་ཡང་འཚོལ་འདོད་པའི་གྲིབ་གཟུགས་ནི་རང་གི་འཚོལ་བ་དང་འབྲེལ་བ་ཆེས་ཟབ་པའི་མཐོ་སྒང་ཡིན། དེ་ནི་རྩོམ་པ་པོས་རྩོམ་ཡིག་འདི་འབྲི་བའི་སྤྱི་ཚོགས་ཀྱི་རིན་ཐང་ཡིན་ཟེར་ན་མི་ཆོག་རྒྱུ་མེད་ལ། ད་ལྟའི་བོད་སྤྱི་ཚོགས་ཀྱི་གནས་བབ་ལ་ཤིན་ཏུ་འཕྲོད་འདུག་  པའི་གནད་དོན་ཞིག་ཀྱང་རེད།
དེང་གིས་དུས་འདིར་བོད་ཀྱི་མཐོ་རིམ་མི་སྣ་མང་པོ་གྲོང་ཁྱེར་དུ་འཚོ་ཞིང་ཁོ་ཚོའི་བུ་ཕྲུག་ཚོའི་རིག་གནས་དང་བསམ་བློའི་ཆ་ཀུན་ཡོངས་སུ་འགྱུར་བའི་གོ་རིམ་ཁྲོད་ནས་བོད་གཞི་རིམ་གྱི་དོན་ བྱ་མང་པོ་ཞིག་སྟོང་བར་ལུས་བཞིན་པ་དང་བོད་ཀྱི་ཕྱི་རབས་པ་སྐོར་ཞིག་གིས་མཚོན་པའི་བོད་ཀྱི་མ་འོངས་པའི་རེ་བ་དེའང་ཟད་བཞིན་པའི་ཉམས་ཉེས་ཚབས་ཆེན་ཞིག་འབྱུང་བཞིན་པའི“ལུང་བསྟན”ཞིག་ཀྱང་རེད་འདོད། སློབ་འབྲིང་གི་ཆབ་སྲིད་དགེ་རྒན་དང་སློབ་གྲོགས་ཐར་རྡོ་གཉིས་ནི་ཕྱོགས་མི་འདྲ་བའི་མི་སྣ་གཉིས་ཡིན་ལ། ཆབ་སྲིད་དགེ་རྒན་འདིས་མཚོན་པའི་བྱིས་པའི་ཐོག་མའི་སེམས་ཁམས་སུ་བསམ་བློའི་རྨང་གཞི་འདིང་མཁན་གྱི་གཞི་རིམ་དགེ་རྒན་ཚོས་སློབ་མའི་སེམས་ངོགས་སུ་རང་གཤིས་མེད་པའི་སློབ་མ་སྐྱེད་སྲིང་བྱེད་པའི་ཚུལ་ཏེ། བཀྲ་ཤིས་ཀྱི་འཚོ་བའི་ཁྲོད་གྲིབ་གཟུགས་བོར་པ་ནི་བོད་ཀྱི་ཐོག་མའི་སློབ་གསོ་ཞིག་ལའང་རག་ལས་པར་འདོད་ཡོད།ཐམས་ཅད་ཀྱིས་གྲིབ་གཟུགས་ཤིག་འཚོལ་བ་དང་ཞོར་ནས་རང་གི་གྲིབ་གཟུགས་ངོ་མ་བོ་འབོར་བཞིན་པའི་ཁྲོད་རང་གཤིས་འཛོམས་པོ་མངའ་བ་ནི་སློབ་གྲོགས་ཐར་རྡོ་ཡིན་ལ་བཀྲ་ཤིས་ཀྱིས(རྩོམ་པ་པོའང་འདུ)ཡི་རངས་བྱེད་སའི་མི་སྣ་གཅིག་པུའང་ཡིན། རྩོམ་པ་པོས་བསམ་བཟོས་ནས་ཐར་རྡོ་ནི་ཏག་ཏག་བཀྲ་ཤིས་དང་མི་གཤིས། སློབ་སྦྱོང་གི་ཕྱོགས་སོགས་ཡོངས་སུ་འགལ་བ་ཅན་དུ་བྱས་ཡོད། “ཐར་རྡོ་ནི་རང་གཤིས་ཤིན་ཏུ་གསལ་བའི་མི་ཞིག་ཡིན། ཁོས་ཅི་བསམ་བཤད་ཕོད་ལ་ཅི་བཤད་སྒྲུབ་ཕོད་པའི”སྙིང་སྟོབས་མངའ་བ་ཟུར་ནས་བཞེངས་སྐྲུན་བྱས་ཏེ། མི་སྣ་གཉིས་ཀྱི་མི་གཤིས་གཤིབ་བསྡུར་གྱི་ཚུལ་གྱིས་མངོན་པར་བྱས་ཡོད། དཔེར་ན། “ཐར་རྡོའི་ཅུང་པེང་དོན་རྐྱེན”དང་ཁོ་གཉིས“བུ་མོ་ཚོའི་རུམ་ཁ་འབྱེད་དུ་སོང་བའི”དོན་དག་གི་སྔ་ཕྱི་དག་དང་བཀྲ་ཤིས་ཀྱིས་ཆབ་སྲིད་དགེ་རྒན་གྱི་བཀོད་སྒྲིག་ལྟར་ཚོགས་ཐོག་ནས“གཏམ་བཤད”གནང་བ་སོགས་ཆེར་ཕྲ་རགས་ཀྱི་འཚོ་བའི་ཟུར་ནས་བཀྲ་ཤིས་ལ་གཞོན་ནུའི་དུས་ནས་རང་གི་གྲིབ་གཟུགས་བོར་པའི་ངང་ཚུལ་མངོན་ཡོད་མོད། འོན་ཀྱང་ཁོའི་ནང་སེམས་སུ་གཉོམ་ཆུང་གིས་རང་ལ་དབང་བའི་གྲིབ་གཟུགས་ཤིག་གབ་སྦེལ་བྱས་འདུག་པའམ་དེ་འཚོལ་འདོད་པ་ཁོས་བྲིས་པའི་སྙན་ཚིག་དེ་ལས་ཤེས་ཐུབ།“ང་ནི་བྱ་ཞིག་ཡིན/བར་སྣང་དུ་ལྡིང་སྐོར་རྒྱག་དུས/ཐོགས་མེད་རེག་མེད་དེ་ངའི་གཤོག་   པའིརང་དབང་གི་བདེ་སྐྱིད་ཡིན/ཡང་ན།ཉི་འོད་ཡོད་ས་ནས/ཁྱོད་ཀྱིས་རང་ཉིད་གྲིབ་མདངས་སུ་ལུས་པར་སེམས་ཚེགས་བྱེད་མི་དགོས་ལ/ཁྱོད་ཀྱིས་རང་གི་གྲིབ་གཟུགས་འབོར་བར་དེ་བས་ཀྱང་ སེམས་ཁུར་བྱེད་མི་དགོས་སོ”ཞེས་པ་ལས་མངོན་ཡོད། 
          རང་ལ་རང་བསྒྱུར་བཀོད་ཀྱི་སྤོབས་པ་དང་འདོད་བློ་རེ་ཡོད་བཞིན་དུ་གཞན་གྱི་བཀོད་པ་དང་བསམ་བློའི་ངང་ཚུལ་ལས་གདའ་མི་ཐུབ་པའི་མི་མངོན་པའི་གྲིབ་གཟུགས་མི་འདྲ་བ་དུ་མ་སྟེ། སློབ་འབྲིང་གི་སྐབས་ནས་བཟུང་བཀྲ་ཤིས་ལ་གྲིབ་གཟུགས་ཤིག་གིས་ཐེ་གཏོགས་བྱེད་པ་ནི་དགེ་རྒན་ཚོས་ཁོ་ལ་བཞག་པའི་བོད་ཀྱི་རྨང་གཞིའི་སློབ་གསོའི“ཐོན་རྫས”འབའ་ཞིག་སྟེ། རང་མཚན་པའི་ཁྱད་གཤིས་བྲལ་བའི་ཆིག་རྐྱང་བའི་བདག་ཉིད་ཅན། དེ་ནི་གསོག་གསོབ་དང་ཚུལ་འཆོས་ཀྱིས་བསྐྲུན་པའི་གྲིབ་གཟུགས་ཤིག་དང༌། བྱིས་པའི་བག་ཆགས་སུ་རང་སྒེར་ཚུགས་ཀྱི་བསམ་ཚུལ་འབུས་པའི་ཐོག་མའི་ཚོད་འཛིན་དང་ཉེས་བ་ཚབས་ཆེན་ཞིག་རེད་ཟེར་ན་ཆོག་པར་སེམས། མི་སྣ་འདི་དག་གིས་རང་རང་ས་ནས་མངོན་པ་ནི་རང་ཚུགས་ཀྱི་འདོད་བློ་བརྟན་པོ་ཞིག་མེད་པའི་ཕྱོགས་མི་འདྲ་བའི་ཆ་དུ་མ་ནས་ཞབས་འདེགས་ཞུ་ཡུལ་དངོས་ནི་བཀྲ་ཤིས་ཡིན་ལ། ཁོའི་མི་ཚེའི་གོ་རིམ་ཁྲོད་རང་ལ་རང་ཚུགས་ཐུབ་ཀྱི་འདོད་བློ་བརྟན་པོ་ཞིག་ཆགས་ཐུབ་ཀྱིན་མེད་པའི་འཚོ་བའི་གོ་རིམ་ཞིག་འཕྲེད་དུ་སྤྲོ་བ་ཅན་དུ་བྱས་ཡོད།
          སྤྱིར་བཀྲ་ཤིས་ལ་གདོད་མ་ནས་གྲིབ་གཟུགས་འདི་ལས་ཐར་འདོད་ཀྱི་བསམ་བློ་མེད་པ་མ་ཡིན་ལ། རང་གི་མིང་ལ་བཀྲ་ཤིས་བཏགས་ཡོད་པ་དེར་“རང་གི་མིང་བརྗེ་འདོད་ཀྱི་འདུན་པ་མ་  ཡལ་པར་རབ་ཅིག་སོང་ཡང་ཁོའི་འདོད་ཐོག་ལ་འགྲོ་མ་ཐུབ་ལ་རང་གི་མིང་ལ་ཁྱད་ཆོས་མེད་པར་བྱས་འདུག་སྙམ་པའི་བློ་བསྐྱེད་སྔོན་ནས་ཡོད་ནའང་དེར་བཟོ་བཅོས་བྱེད་མ་ཐུབ་པར་ལུས་ཤིང༌། ལྷག་པར་དུ་ཁོའི་ཡིད་ལ་དཔེ་མི་སྲིད་པའི་མིང་བློར་འབབ་པ་ཞིག་འཁོར་མེད”པའི་ཚུལ་འདི་ལས་རྩོམ་པ་པོས་གླེང་འདོད་པ་ནི་ད་ལྟའི་དུས་འདིར་རང་གི་གནས་བབ་ལ་ཕྱིར་དོགས་སློང་དང་བསམ་གཞིགས་བགྱི་མཁན་ཉུང་བ་དང་མིང་དོན་མཚུངས་བའི་མི་བུ་འཇོན་ཐང་ཅན་འབྱུང་ཐུབ་ཀྱིན་མེད་པའི་བོད་ཀྱི་ལས་དབང་སྐྱོ་བོ་ཞིག་ལ་ཟུར་ཟ་དང་ཉམས་ཉེས་ཀྱི་ངང་ཚུལ་ཚབས་ཆེན་ཞིག་ཕྱིར་མངོན་པར་བྱས་ཡོད། རྗེས་སུ་ལས་ཀར་ཞུགས་རྗེས།རང་གི་མགོ་བ་བཀྲ་ཤིས་ཁ་ཆེ་སོགས་ཀྱི་དབང་ཤེད་དང་རང་ཡང་དབང་ཤེད་ཀྱི་གྲིབ་གཟུགས་དེ་ལས་ཐར་ཐུབ་ཀྱིན་མི་འདུག་པའི་ངང་ཚུལ་ཁྲོད་ཀྱི་འཕག་ཚགས་ཀྱི་འདུ་ཤེས་ཉག་ཕྲ་རེ་རང་གི་ཐོག་མའི་དམ་བཅའ་ཡི་རྐྱེན་དུ་གྲུབ་དགོས་ཀྱང་འགྲུབ་ཐུབ་ཀྱིན་མི་འདུག་པ་ལ། བོད་ཡུལ་ནས་ནར་སོན་ཞིང་གྲོང་ཁྱེར་དུ་འཚོ་བའི་བོད་རིགས་ལས་བྱས་པ་གཙོར་བྱས་ཏེ་རང་གི་སྐྱིད་ཐབས་བདེ་ཐབས་དང་བཟའ་བ་བུ་ཕྲུག་གི་ལས་དོན་གྱི་དོན་ལ་བསམ་ནས་བོད་རང་གི་མདུན་དུ་ལྷག་པའི་གནད་དོན་ལ་སེམས་ཁུར་མི་བགྱི་པར་གཞན་དང་གཞན་གྱི་བཀོད་སྒྲིག་དང་གྲིབ་གཟུགས་ཀྱི་ཁྲོད་རང་གི་གདོད་མ་ནས་གྲུབ་པའི་ གྲིབ་གཟུགས་དེ་བོར་གཏོར་བྱུང་བཞིན་པའི་གྲིབ་གཟུགས་ཙམ་གྱི་འཚོ་བའི་ཀློང་ན་འཁོར་རྒྱུགས་བྱེད་བཞིན་པའི་བསྐྱར་ཟློས་ཀྱི་འཚོ་བའི་རྣམ་པ་ཞིག་མངོན་ཡོད་པ་དང༌། ཚུལ་འདི་ནི་ཧ་ཅང་འཇིག་ཉེན་གྱི་ཚུལ་ཏུ་ཡོད། དེ་ནི་དོན་དམ་པས་སྒེར་ཚུགས་ཀྱི་འདུ་ཤེས་སམ་རང་ཚུགས་ཐུབ་ཀྱི་ལྟ་བ་ཡང་དག་ཅིག་འབྱུང་ཐུབ་ཀྱིན་མེད་པའི་སྣང་ཚུལ་ཞིག་རེད། དེ་ནི་དེང་གི་འཚོ་བའི་རེ་སྙེག་དང་རང་ཉིད་ཀྱི་གནས་བབ་བར་གྱི་སྟོང་ཆའི་འགལ་བ་དེ་མི་སྣ་བཀྲ་ཤིས་ཀྱི་སྟེང་ན་མངོན་ཡོད། ལྷག་པར་ཏུ་གྲོང་ཁྱེར་བའི་བོད་རིགས་བུ་བུ་མོ་དེ་དག་གིས་བོད་རང་གི་ལས་དབང་དེ་ཅི་ཡིན་ཤེས་ཐུབ་ཀྱིན་མེད་པ་དང་དེ་ནི་བོད་རང་གི་རིག་གནས་ཀྱི་ངེས་ཤེས་ཡོངས་སུ་དབུལ་བ་ལས་བྱུང་བ་ཡིན་པས་ཉེན་ཁ་ཚབས་ཆེན་ཞིག་ཡིན་པར་འདོད་པ་ཞོར་ནས་འཕྲོས་ཡོད།
          གསུམ་པ། སྒྱུ་རྩལ་དང་སྤྱི་ཚོགས་ཀྱི་རིན་ཐང༌།
          སྒྲུང་གཏམ་འདིས་ད་ལྟའི་བོད་ཀྱི་གནས་བབ་ཚབས་ཆེན་ཞིག་སྒྱུ་རྩལ་གྱི་མཚོན་ཐབས་ཁྱད་པར་བ“བསྡུས་བརྗོད”དང“རྟོག་ཡན”གྱི་རྩོམ་རིག་གི་འདུ་ཤེས་མཚོན་སྟངས་ལ་དམིགས་ནས་སྒྲུང་གཏམ་གྱིས་བཀྲ་ཤིས་ཀྱི་ལས་དབང་དེ་སྐྱོ་གར་རིམ་པ་ཞིག་གི་ཀློང་རིམ་དུ་དེད་ཡོད།“རིག་གནས་མིའི་རིགས་རིག་པ་རུ་མི་ནི་རིག་གནས་ཀྱི་ཐོན་འབྲས་ཡིན”ཞེས་གསུངས་ཡོད་པ་ནང་བཞིན། གྲོང་ཁྱེར་གྱི་བོད་རིགས་ལས་བྱེད་པ་བཀྲ་ཤིས་ནི་ཏག་ཏག་དེང་གི་འགྲན་རྩོད་དང་རྒྱུ་ནོར་འབའ་ཞིག་གི་འཇིག་རྟེན་འདིའི་བྲན་གཡོག་ཏུ་འགྱུར་བའི་གོ་རིམ་ཁྲོད་མྱོང་བ་ཐན་ཐུན་ཞིག་ལས་རང་གིས་རང་ལ་གཤག་བཅོས་མི་ཕོད་པ་དང་རང་གི་བྱང་ཁོག་ཀྱང་ཕྱིར་བཏོན་ཏེ་ཞིབ་བཤེར་མི་ནུས་པའི་རང་ཚུགས་མེད་པའི་མི་སྣ་ཞིག་ཏུ་བཞེངས་སྐྲུན་བྱས་ཡོད།
       སྔོན་ནས་བཟུང་ཟློས་གར་དང་སྒྲུང་གཏམ་གྱི་མི་སྣའི་ལས་དབང་དང་གཏམ་རྒྱུད་ཡོད་ཚད་སྐྱོ་གར་ཅན་དུ་སྐྲུན་རྒྱུ་དེ་སྐབས་གང་རུང་གི་རྩོམ་མཁན་དང་ཀློག་མཁན་བར་གྱི་ཐུན་མོང་གི་འདོད་བློ་ཡིན་སྲིད་དེ། དེ་ལ“མཉམ་སྒྲོག”ཞེས་འབོད་ཀྱིན་ཡོད།བསམ་ཚུལ་དང་འདོད་བློ་དེ་དག་མངོན་པའི་མི་སྣ་དེ་དག་ནི་སྐབས་ཐོག་དེའི་མི་བྱིངས་ཀྱི“བསྡུས་གཟུགས”སམ“མཚོན་དཔེ”ལ་བཞག་ཆོག་ལ། བཞག་ཀྱང་ཡོད། དེ་ནི་རྩོམ་རིག་གི་བསྙེག་བྱ་ཐུན་མོང་བ་དང་སྤྱི་ཚོགས་ཧྲིལ་བོའི་དགོས་མཁོའང་ཡིན། ང་ཚོས་སྒྲུང་གཏམ་འདིའི་མི་སྣའི་སྐྱོ་གར་གྱི་སྡུག་འབྲས་དེ་ཚེ་རིང་དོན་གྲུབ་ཀྱི་《ར་ལོ》ལྟ་བུའི་ཁོར་ཡུག་གིས་བཞེངས་གྲུབ་བྱེད་པའི་མི་ཚེའི་སྐྱོ་གར་དེ་འདྲ་མ་ཡིན་པར་བཀྲ་ཤིས་མི་ཚེའི་གོ་རིམ་ཁྲོད་ཀྱི་སྔ་ཕྱི་འབྲེལ་མི་ཆགས་པའི་དོན་བྱ་ཆེས་ཕྲ་བ་དག་ མངོན་མཚོན་བྱེད་ པའི་བར་གསེང་ནས་མཐར་ཐུག་གོང་བུ་གཅིག་ཏུ་གྲུབ་པའི་བརྒྱུད་རིམ་གཏིང་ཟབ་ས་ཞིག་ནས་ བཀྲ་ཤིས་ཀྱིས་རང་གིས་རང་ལ་རང་གིས་མི་འདོད་པའི་གྲིབ་གཟུགས་ཤིག་སྟེ། སོ་སོར་ཕྲལ་དུ་མེད་པའི་མི་མངོན་པའི་གྲིབ་མའམ་ཉམས་ཉེས་སྡུག་པོ་ཞིག་སྟེ། ད་ཆར་སྟོང་བར་ལུས་པའི་བོད་ཡུལ་གྱི་ལས་དོན་དེ་དང་གྲོང་ཁྱེར་ན་འཚོ་བའི་བོད་ཀྱི་ཤེས་ལྡན་པའི་དཔུང་ཚོགས་ཀྱིས་བོད་ཀྱི་ལས་དོན་ལ་སེམས་ཁུར་མི་བགྱི་བའི་མི་མངོན་པའི་ལྐོག་གྱུར་གྱི་གསང་བ་ཚབས་ཆེན་ཞིག་གིས་བོད་རང་གི་སྔར་ཡོད་གྱི་རིག་གནས་ཤིག་ཉམས་བཞིན་པ་དང་གཞན་དང་གཞན་གྱི་བསམ་བློར་གཏོགས་པའི་ཁ་ཆུ་ཁོ་ན་བརྡག་མཁན་གྱི་མི་སྣ་ཚོགས་ངོ་བོ་མི་གཅིག་པའི་གྲིབ་གཟུགས་རིགས་ཤིག་གི་འོག་ནས་མངོན་པར་མཚོན་ཡོད།
        བོད་རང་གི་གྲིབ་གཟུགས་འཚོལ་ས་དེ་བོད་མང་ཚོགས་དང་ཉེ་བའི་རང་ཚུགས་ཐུབ་ཀྱི་གྲིབ་གཟུགས་ཀྱིས་གྲུབ་པས་ང་ཚོ་རང་ལ་རང་ཚུགས་ཐུབ་ཀྱི་མི་གཤིས་ཤིག་དང་“ཉི་འོད་ཡོད་ས་ནས་རང་ཉིད་གྲིབ་མདངས་སུ་ལུས་པར་སེམས་ཚེགས་བྱེད་མི་དགོས་པའི”གནས་ལུགས་དེ་མཚན་ཉིད་རིག་པའི་རྒྱུ་འབྲས་ཀྱི་རྣམ་གཞག་ལ་གཞི་བཅོལ་ནས་བཀྲ་ཤིས་ཀྱི་མཐའ་མའི་སྐྱོ་གར་དེར་རེ་བའི་འོད་སྣང་གི་རྒྱུ་བསྐྲུན་ཡོད།  དེ་ནི་མ་རྩོམ་གྱི་ཆེས་མཇུག་ཏུ།“དེ་ནས་བཀྲ་ཤིས་ཀྱིས་ལག་པ་ག་ལེར་ཉི་ཐིག་གི་ནང་དུ་བསྲིངས”ཞེས་རང་གི་གྲིབ་གཟུགས་འབོར་བར་དེ་བས་སེམས་ཁུར་བྱེད་མི་དགོས་པའི་དུས་ཤིག་ཐོན་ངེས་པ་དང་རང་ཉིད་དེ་ལ་འཇུག་པར་སྤྲོ་བ།  རང་གི་འདོད་མོས་བཞིན་རང་གི་གྲིབ་གཟུགས་འཚོལ་བའི་ལས་སུ་ཞུགས་ན་ཆོག་པར་བྱེད་ཡོད།
       བཀྲ་ཤིས་ཁ་ཆེ་ལ་སོགས་ཀྱི་མདུན་ནས“བཀྲ་ཤིས་ཀྱིས་མགོ་ཡར་འགྱོག་མི་ཐུབ་ལ་དེ་དག་ལ་གུས་པ་ཆེན་པོ་བྱེད་པའི”སྣང་ཚུལ་ལས“བྲན་གཡོག”དང“ཉེས་ཅན”གྱི་གཟོ་ལྟ་ཞིག་ངང་གིས་ཐོན་འདུག་པ་དེས་སྒྲུང་གཏམ་འདིའི་ཁ་བྱང་གི་གོ་དོན་ལྷག་པར་གཏིང་ཟབ་སར་བསྐྱལ་ཡོད།   འོན་ཀྱང་བཀྲ་ཤིས་ཀྱིས“གྲིབ་གཟུགས་ཤིག་བོར་བའི་དངངས་སྐྲག”དང“གྲིབ་གཟུགས་གཞན་ཞིག་གིས་གཡབ་མོ་བྱེད་བཞིན་ཡོད་པ”དང་རང་ཉིད་ཀྱང་དེའི་ཁྲོད་ན་ཡོད་པའི་འཇིགས་རུང་གི་སྣང་ཚུལ་དེ་ལས་མངོན་པའི་གནོང་འགྱོད་ཀྱི་ཚད་དེ། ལོའུ་སོ་ཡི་《འགྱོད་གདུང》གིས་གསོག་གསོབ་དང་སྐྱུག་བྲོ་བའི་མི་གཤིས་ཀྱི་ཆ་དེ་འཛེམ་དོགས་སྤུ་ཙམ་མེད་པར་ལྷང་ལ་མངོན་ཅི་ཐུབ་  བྱེད་ཡོད་པ་དེ་འདྲའི་ཟབ་ཚད་ཅིག་ལ་ཐོན་མི་འདུག་མོད། སྒྲུང་ཐུང་འདིས་རང་ལ་དབང་བའི་ནམ་མཁའ་ཞིག་ཕྱོགས་མེད་དུ་བརྐྱངས་ནས་ངག་གི་སྒྱུ་རྩལ་དུ་འབོད་པའི་རྩོམ་རིག་གི་སྐད་ཆ་མང་བོ་རིག་རྟོག་ཅན་ནམ་རྗེས་དཔག་གི་བློ་ལ་བརྟེན་ནས་ཚིག་གི་མཛེས་བ་ལྷུག་རྩོམ་གྱི་བྲོ་བ་ཅན་དུ་བཏང་ཡོད་འདུག་སྙམ།
      བཞི་བ། མདོར་བསྟན།
      སྒྲུང་གཏམ་འདིས་དེང་གི“གྲོང་ཁྱེར་ཅན་གྱི་སྤྱི་ཚོགས”འདིའི་མི་བྱིངས་ཀྱི་འཚོལ་སྙེག་གི་བྱ་ཡུལ་ཉེས་པའམ་ནོར་འཁྲུལ་གྱི་ཆ་དེ་མི་མངོན་པའི་གྲིབ་གཟུགས་ཤིག་ཏུ་བསྡུས་ནས་བརྗོད་པར་ འདོད་པ་ནི་རྣམ་ཤེས་དང་བྲལ་བའི་གཟུགས་འདས་ཀྱི་མི་སྐོར་ཞིག་གི་རང་གཤིས་ཉམས་ཉེས་ཁྱོན་ཡོངས་ནས་ཟད་བཞིན་པའི་མགོ་བརྩམས་པའམ་སྒེར་ཚུགས་ཀྱི་བསམ་བློ་དེ་ཉིད་བོར་བརླག་ཏུ་འགྲོ་བཞིན་པའི་ཚུལ་ཞིག ཡང་ན། བོད་མི་གྲོང་ཁྱེར་བའི་བསྡུས་གཟུགས་ཤིག་མཚོན་ཐབས་གསར་བའི་སྒོ་ནས་གླེང་ཡོད། འདི་ནི་ད་སྔར་བོད་ཀྱི་རྩོམ་སྟེགས་སུ་བྱུང་བའི་བསམ་བློའི་བདེན་པ་འཚོལ་སྙེག་བྱས་པ་བཟང་ཤོས་ཤིག་དང་རྩོམ་པ་པོས་བོད་ཀྱི་དུས་རབས་གསར་བའི་བོད་མིའི་ནང་སེམས་ཀྱི་འཇིག་རྟེན་མཚོན་པ་ཆེས་བཟང་བའམ“རྗེས་དྲན”རང་བཞིན་གྱི་ཕུལ་བྱུང་བརྩམས་ཆོས་ཤིག་ཏུ་སེམས་ལ་ང་ཚོར་མཁོ་བའང་འདིའི་རིགས་ཡིན་ནོ།
སྒྲུང་གཏམ་འདིའི་བསམ་བློའི་རིན་ཐང་གི་ཆ་ལ་འདི་འདྲའི་རང་གི་མྱོང་ཚོར་མ་སྨིན་པ་སོག་མའི་ཐལ་བ་མང་བོ་རྩོམ་དཔྱད་ཀྱི་ཞིང་སར་གཏོར་བར་ནུས་པ་ཞིག་ཡོད་ཚོད་མི་འདུག་ཀྱང་འབྲི་འདོད་ཤིག་དེ་སྔོན་ནས་ཡོད་པས་ད་ནི་རེ་བ་དེ་གྲུབ་ཁུལ་བྱེད།
དཔྱད་ཡིག
① 魏宏伟 主编  伯灵 编著《文学卷》[M]     哈尔滨出版社 2007.1   p515
②《སྐད་ཡིག》(མཐོ་འབྲིང་གི་བོད་སྐད་ཡིག་བསླབ་གཞིའི་དེབ་གསུམ་པ།) མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང༌།  2001.4   p90
③ ④བདུད་ལྷ་རྒྱལ།《འཚོལ་རྟོག་སྙིང་སྟོབས》[M]ཡུན་ནན་མི་རིགས་དཔེ་སྐྲུན་ཁང༌།  2004.6   p97
⑤ ཕུན་ཚོགས་བཀྲ་ཤིས།《པོ་ཏ་ལའི་ལམ་ཡིག》[M]མི་རིགས་དཔེ་སྐྲུན་ཁང༌།  2007.6   p238
⑥ 魏宏伟 主编  伯灵 编著  《文学卷》[M]    哈尔滨出版社  2007.1  p75

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཚོལ་སྙེག་ཁྲོད་ཀྱི་གཟུགས་འདས་ཀྱི་སྐྱོ་གར།

2009-04-17 སེང་མགུལ་མ་ཎི་དོན་གྲུབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།