《གཟུགས་འགྱུར་ཟིན་ཐོ》གླེང་བ།

      ཕྱི་གླིང་རྩོམ་རིག་གར་སྟེགས་སྟེང་དུ་གཙོ་ཆེའི་གོ་གནས་ཟིན་པའི་ཨོ་སི་ཁྲུ་རི་ཡའི་རྩོམ་མཁན་ཁ་ཧྥུ་ཁས་བརྩམས་པའི་
<<གཟུགས་འགྱུར་ཟིན་ཐོ>>ཞེས་བའི་བརྩམས་སྒྲུང་དེ་ནི་དངོས་ཡོད་ཆོས་ཉིད་ལས་རིང་དུ་འགོངས་པའི་རྟོགས་བཏགས་
ཀྱི་སྣང་བརྙན་གསར་བ་ཞིག་སྟེ། རྙོག་དྲ་ཆེ་བའི་སྤྱི་ཚོགས་འཚོ་བའི་མནར་གཅོད་འོག་ཏུ་མི་གསོན་པོ་ཞིག་འབུ་སྲིན་ལྟ་བུར་
གྱུར་བའི་སྣང་ཚུལ་ངོ་མ་ཞིག་ང་ཚོའི་མིག་ལམ་དུ་བསྟར་ཡོད་པ་རེད། ཕྱི་ཚུལ་ནས་བལྟས་པ་ཙམ་གྱིས་བརྩམས་སྒྲུང་འདི་ལ་
ཐལ་ཆེ་བའི་སྒྲོ་བཏགས་ཀྱི་ཆའམ་ཚད་ལས་བརྒལ་བའི་འཆར་ཡན་གྱིས་སྤྲས་ཡོད་ནའང༌། དོན་ལ་ཞིབ་ཏུ་བསམས་ཚེ་དངོས་
ཡོད་འཚོ་བ་ནི་དེ་འདྲའི་གདུག་རྩུབ་ཆེ་ཞིང་ཡ་ང་བ་ཞིག་ཡིན་པ་གསལ་བོར་རྟོགས་ཐུབ། རྒྱ་རིགས་ཀྱི་རྩོམ་པ་པོ་ལུའུ་ཡའོ་
ལགས་ཀྱིས་དངོས་ཡོད་འཚོ་བས་དུས་དང་རྣམ་པ་ཀུན་ཏུ་ཁྱོད་ཀྱི་དགོས་མཁོ་ཇི་ བཞིན་དུ་སྐོང་མི་ནུས་མོད། ཡིན་ནཡང༌།
དངོས་ཡོད་འཚོ་བའི་མདུན་དུ་ཁྱོད་རང་དུས་ནམ་ཡང་མགོ་བོ་གཏན་ནས་སྒུར་མི་རུང༌།ཞེས་གསུངས་བ་ནི་མི་ཉིད་མི་རུ་གྲུབ་
བྱེད་ཀྱི་ལེགས་བཤད་རྨ་མེད་ཅིག་རེད། དེ་ལས་ཟློག་སྟེ་དངོས་ཡོད་འཚོ་བའི་མདུན་དུ་མི་ཉིད་འབུ་བཞིན་འདུར་ཞིང་སྤྱི་ཚོགས་
འཕེལ་རྒྱས་ཀྱི་གོམ་འགྲོས་དང་རིང་དུ་ ལུས་ཚེ་དུས་ངན་སྙིགས་མའི་ཐན་ལྟས་སུ་སྒོམ་པའི་ལོ་ངོ་སྟོང་གི་ཁ་དབུགས་རུལ་བའི་
ཁྲོད་ན་གཟུགས་འགྱུར་བཞིན་པའི་བོད་པ་དག་ལ་མཚོན་ན་དུས་ནམ་ཞིག་གི་ཚེ་འཚོ་བས་ཁྱུར་མུད་དུ་གཏོང་སྲིད་པའི་སེམས་
ཁྲལ་འདི་སུ་ཡིས་ཟློག
      ང་ཚོས་དུས་ནམ་ཡང་འཚོ་བ་ནི་འགན་འཁྲི་ཞིག་ཡིན་པའི་ངེས་བཟུང་སྟེ་མི་འདི་སྤྱི་ཚོགས་དང་མཐུན་འཇུག་ཡོང་བར་
འབད་པ་བྱ་རྒྱུ་ལས་མི་ཚེ་ནི་སྐྱེ་བ་ཕྱི་མའི་སྔོན་འགྲོའི་སེམས་བསྐྱེད་གྱི་བཀག་རྒྱ་འདིའི་སྤྱི་འགྲོས་རང་བཞིན་གྱི་འཚོ་བའི་
གོམས་སྲོལ་རྨང་ནས་གཏོར་དགོས། དེ་ཡང་མི་རབས་གསར་བ་ཞིག་ལ་བསམ་བློ་གསར་བ་ཞིག་གམ་བྱེད་ཐབས་གསར་བ་ཞིག་
གིས་དབུ་ཁྲིད་དེ་བདེ་ཐང་གི་མདུན་ལམ་གསར་བ་ཞིག་ལ་ཁ་ཕྱོགས་སུ་འཇུག་རྒྱུ་ནི་ལས་ཐམས་ཅད་ཀྱི་ཐོག་མའི་རྩ་བ་ཡིན།
གནའ་ནས་ད་ལྟའི་བར་དུ་ང་ཚོའི་མི་རབས་ཀུན་ལ་མི་མངོན་པའི་ཞིང་ཁམས་ཤིག་དང་རང་གི་ཚེ་འདིའི་སྤྱོད་ཡུལ་དུ་མ་གྱུར་
བའི་བདེ་བ་ཞིག་གི་ཆེད་དུ་འཚོ་ཞིང་བཞེས་པའི་རྒུད་རྟེན་དུ་གྱུར་བའི་བསམ་བློའི་མ་ལག་ཅིག་གི་བཟོ་བཀོད་འོག་ནུས་མེད་
གཉོམ་ཆུང་གི་མི་བུ་སྐོར་ཞིག་ཐོན་སྐྱེད་བྱས་ཤིང་དམིགས་ཡུལ་དང་གཏད་སོ་གང་ཡང་མེད་པའི་སྒོ་ནས་ཡོད་ཚད་འདས་སོང་
གི་སྲོལ་རྒྱུན་ལ་བསྟིམས་ཤིང་ངེས་གཏན་གྱི་འཚོ་བའི་ཁོར་ཡུག་དང་རབ་རིབ་ཀྱི་དད་པའི་སྨུག་ལོང་ཁྲོད་ནས་མི་ཚེའི་སྐྱོ་གར་
ཡང་ནས་ཡང་དུ་འཁྲབ་སྟོན་བྱེད་ཀྱི་ཡོད་པ་རེད།
        སྤྱི་ཚོགས་འཕེལ་བའི་ཆོས་ཉིད་གཞིར་བཟུང་ནས་བལྟས་ན། ཐོག་མའི་བསམ་བློའི་བྱེད་ནུས་དེ་མིའི་ཤེས་རྟོགས་ཀྱི་འཕེལ་
རིམ་དང་བསྟུན་ནས་ཉམས་རྒུད་དུ་འགྲོ་བ་ཡིན་ཞིང༌། གདོད་མའི་བསམ་བློའི་བློ་ཚོད་དང་མཐུན་པའི་ཤེས་རིག་སྤྱི་ལ་དུས་
སྐབས་གསར་བའི་དགོས་དབང་གིས་བཟོ་བཅོས་དང་ཁ་སྣོན་བྱེད་པ་ཡིན་ན། ལོ་ངོ་སྟོང་ལ་འགྱུར་བ་སྤུ་ཙམ་མེད་པའི་རང་
ཅག་གི་རིག་གཞུང་འདིས་བསྐལ་བའི་མི་ རྣམས་ཀྱི་བསམ་བློའི་དགོས་མཁོ་སྐོང་ཅི་ལ་ཐུབ་ཨང༌། རྟ་མཆོག་བང་ལ་འགྲན་པའི་
སྤྱི་ཚོགས་འཕོ་འགྱུར་གྱིས་ཞབས་ནས་བཏེགས་ཤིང་རྫོང་མཐུག་པའི་སྲོལ་རྒྱུན་རྙིང་བའི་རྒྱ་རྡོས་གཉའ་ནས་མནན་པའི་བོད་
ཀྱི་མི་བུ་ཚོ་དུས་རབས་ཀྱི་མཁའ་དབྱིངས་ན་ཅི་བྱ་གཏོལ་བྲལ་དུ་ལུས་ཤིང་བོད་མི་བྱིངས་ཀྱི་སེམས་རྒྱུད་དུ་ཟུག་པའི་རྙིང་ཞེན་
དང་བག་འཁུམས། རང་རློམ་དང་ང་རྒྱལ་ཆེ་བ། ཨུ་ཚུགས་མཁྲེགས་འཛིན་ཆེ་བའི་གཤིས་རྒྱུད་སོགས་རྒུད་པ་མཐའ་དག་གི་རྩ་
བ་རང་ཅག་གི་བྲན་སྒྱུར་སློབ་གསོ་འདི་ལ་རག་ལས་བ་ཡིན་ཡང་ཆུ་རྐ་མགོ་ནས་རྙོག་མཁན་བདེན་ལུགས་ཀྱི་མདུན་དུ་མིད་རྩ་
འགག་ཅིང་གཞན་རྗེས་ན་སྐྱག་སྦྲང་བཞིན་འཁོར་བའི་བོད་ཀྱི་ལས་བྱེད་འགོ་ཁྲིད་མི་སྣ་གཙོ་བྱས་ཤེས་རིག་གི་བློ་མིག་ལྡོངས་
བའི་མི་སྐད་སྨྲ་བ་དཔང་བཞག་གིས་མི་གྲལ་དུ་འཚང་བའི་མི་མ་ཡིན་པའི་མི་དེ་རིགས་ཡིན་ཞིང་དེ་དག་གི་བསམ་སྤྱོད་ཀྱི་ཕྱི་མོ་
ནི་རང་ལའང་གསལ་ཆ་མེད་པའི་རྨོངས་ཚོད་ཧོལ་རྒྱུགས་ཀྱི་ལས་འབའ་ཞིག་ཡིན་པ་དང་དེ་བཞིན་རུལ་སུངས་སུ་གྱུར་བའི་
མི་གཤིས་ཀྱི་ཀུན་སྤྱོད་དེ་བསྐྱར་དཔར་རྒྱག་བཞིན་ འདུག དུས་རབས་གསར་བའི་སྒུལ་ཤུགས་འོག་ཏུ་སློབ་གསོ་ནི་འཇིག་རྟེན་
བྱ་གཞག་ཀུན་ཀྱི་རྨང་རྡོ་ཡིན་པའི་ངེས་ཤེས་གསར་དུ་བསྐྱེད་ཀྱང་ཀུན་སྤྱོད་སློབ་གསོ་དང་རིག་གནས་སློབ་གསོའི་ཧེ་བག་ཞིབ་
མོར་འབྱེད་མི་ནུས་པར་སློབ་གསོ་ཞེས་པ་ནི་རིག་ གཞུང་རྐྱང་བའི་ཁྱབ་ཁོངས་ཁོ་ནར་ངེས་འཛིན་བྱས་ཏེ་རིག་གནས་ལྡན་
པའི་མི་དེར་ཀུན་སྤྱོད་ཀྱི་ཚད་གཞི་ཅི་ཡང་མེད་པར་ཁས་འཆེས་ཤིང་ཡོན་ཏན་ཅན་ལ་ཅི་ཡང་རྒྱན་དུ་འགྲོ་བའི་འདུ་ཤེས་རྙིང་
བ་དེ་ད་དུང་སློབ་གསོ་བྱ་བའི་གོ་རིམ་ཧྲིལ་བོའི་གཏིང་རུམ་དུ་སིམས་ཡོད་པ་རེད། སྤྱིར་མི་སུ་ཞིག་ལ་ཀུན་སྤྱོད་ཡག་པོ་ཞིག་
འཛོམས་རྒྱུ་ནི་ཤིན་ཏུ་གལ་ཆེ་སྟེ། རིག་གནས་ཀྱི་བྱང་ཚད་ཅི་འདྲའི་མཐོ་རུང་ཀུན་སྤྱོད་ཐ་ཤལ་དུ་གྱུར་ཚེ་མི་མང་གི་སེམས་
གཏིང་ནས་ཁས་ལེན་དཀའ་བས་སོ། བསམ་བློ་དང་ཀུན་སྤྱོད་དོ་མཉམ་ཡོང་བ་བྱ་རྒྱུ་ནི་སྤྱི་ཚོགས་འཕེལ་བའི་ཆོས་ཉིད་ཀྱིས་ང་
ཚོར་བཏོན་པའི་རེ་བ་ཉག་གཅིག་ཡིན་ཞིང་ཕུལ་བྱུང་གི་བསམ་བློས་ཞི་མཐུན་གྱི་ཀུན་སྤྱོད་ལ་སྣེ་ཁྲིད་དང་ཞི་མཐུན་གྱི་ཀུན་སྤྱོད་
ཀྱིས་ཕུལ་བྱུང་གི་བསམ་བློ་འཕེལ་བར་ཆ་རྐྱེན་བསྐྲུན་པ་ཡིན། བསམ་བློ་དང་ཀུན་སྤྱོད་གཉིས་ནི་མི་བུ་ཞིག་བདེ་ཐང་ངང་
འཚར་ལོངས་འབྱུང་བའི་ལྡོག་མེད་ཀྱི་ཆ་རྐྱེན་ཞིག་ཡིན་ལ། བསམ་བློ་རྨོངས་འཐོམས་དང་ཀུན་སྤྱོད་ཡ་མ་ཟུང་དུ་གྱུར་བ་ཡིན་
ན་ནལ་བུའི་ཆོ་ལོ་བྱིན་ཀྱང་མི་འོས་པ་ཅི་ཡང་མེད།
      དེས་ན་བོད་ཀྱི་སློབ་གསོའི་ལས་གྲྭ་སོ་སོ་ན་ཕྱི་རྫིག་ནང་སྟོང་གི་མནལ་བུ་རབ་དང་རིམ་པ་མང་བོ་ལས་སྣོན་བྱས་ཏེ་སྤྱི་
ཚོགས་ཀྱི་བས་མཐའ་རུ་རྫོངས་བཞིན་ཡོད་དེ། མི་ཉིད་ཐོན་རྫས་ཤིག་ཡིན་པའི་དབང་དུ་བཏང་བ་ཡིན་ན་ཁྱིམ་ཚང་གི་ཀུན་
སྤྱོད་སློབ་གསོས་ཐོན་རྫས་ཀྱི་རྒྱུ་ཆའི་མཆོག་དམན་གསལ་རྗེན་དུ་འདོན་ནུས་ལ། སློབ་གྲྭའི་རིག་གནས་སློབ་གསོས་ཐོན་རྫས་ཀྱི་
རྒྱུད་སྤུས་ཐག་གིས་གཅོད་ཅིང༌། དངོས་ཞུགས་སྤྱི་ཚོགས་སློབ་གསོས་ཐོན་རྫས་ཀྱི་རིན་ཐང་ཚད་ཀྱིས་མཇལ་ནུས་པ་ཡིན་པས་
དངོས་དོན་ལག་ལེན་གྱི་རྒྱ་མའི་སྟེང་ན་རང་ཅག་གི་ལྗིད་ཚད་ཅི་འདྲ་ཡིན་པ་ཀུན་གྱི་ཡིད་ན་ཝ་ལེར་གསལ་ཡང་ད་དུང་ཡིན་
མདོག་ཁ་པོས་སྒམ་ཚུགས་འཛིན་པའི་བོད་ཀྱི་སྐྱེས་ཆེན་ཚོ་སྔར་བཞིན་ཁུ་སིམ་མེར་བཞུགས་པ་འདི་ནི་མི་རིགས་འདིའི་ཡོད་
ཚད་གཞན་འགྱུར་གྱི་ལམ་དུ་ཕྱོགས་པའི་མངོན་རྟགས་ཤིག་མ་ཡིན་ནམ།
     མི་ཉིད་སྐྱེས་པའི་དུས་ཐོག་མ་ན་སེམས་རྒྱུད་དྲི་མ་མེད་པ་ཤེལ་དཀར་གྱི་མེ་ལོང་བཞིན་དུ་ཡོད་ཅིང་ནར་སོན་པའི་གོ་རིམ་
ཁྲོད་ནས་ཉོན་མོངས་དུག་གསུམ་གྱི་དྲི་མས་སྦགས་པར་བོད་ཀྱི་སྔ་རབས་མཁས་བས་གསུངས། དེ་ལྟར་ན་བྱིས་པ་སྐྱེས་པའི་དུས་
དང་བོ་ནས་བཟུང་ཕ་མའི་འགྲོ་འདུག་སྤྱོད་གསུམ་གྱིས་དངོས་ཤུགས་གང་རུང་ནས་བྱིས་པའི་སེམས་རྒྱུད་ལ་ཤན་ཤུགས་
ཐེབས་བཞིན་ཡོད་པས་ཁྱིམ་ཚང་ནི་ཀུན་ སྤྱོད་སློབ་གསོའི་དབུ་ཚུགས་ས་དང་ཕ་མ་ནི་བྱིས་པའི་ཆེས་ཐོག་མའི་དགེ་རྒན་ཡིན་
པར་བསྙད་ཆོག འོན་ཀྱང༌། ང་ཚོའི་ཕ་མ་མི་ཉུང་བ་ཞིག་གིས་དམིགས་ཡུལ་དང་གྲྭ་སྒྲིག་ཅི་ཡང་མེད་པར་སྐྱེས་པའི་བྱིས་དག་
རང་ཉིད་ཀྱི་ངག་བཀོད་ཇི་བཞིན་ཡོད་ ཚད་རང་ལ་བསྟིམས་དགོས་པའི་ཁྱིམ་སྲོལ་དམ་པོས་བཙན་གྱིས་གཅུན་ཞིང་བྱིས་པ་
རྣམས་ཕ་མ་རང་དག་གི་རྒྱུགས་ཁྱིར་གསོ་བཞིན་འདུག་སྟེ། ཁ་རྒྱུན་དུ་ཕ་མར་མ་རིག་པའི་བུ་ཕྲུག་མེད་ཅེས་པའང་དོན་ལ་བུ་
ཕྲུག་ལ་གཟེངས་སུ་བསྟོད་པའི་ངག་ཚིག་ཙམ་མ་ཡིན་པར་ཀུན་སྤྱོད་ཀྱི་མ་དཔེ་ཕ་མར་གཏུག་ཡོད་པ་གསལ་རྗེན་དུ་བཏོན་ཡོད་
པ་རེད།
     ང་ཚོས་དུས་རྒྱུན་དུ་བོད་གངས་ཅན་གྱི་ཡུལ་གྲུ་འདི་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་པས་མི་ཐམས་ཅད་
སྐྱེས་པ་ཉིད་ནས་མ་ནི་ཡིག་དྲུག་གི་གཟུངས་སྔགས་སློབ་མི་དགོས་པར་རང་བཞིན་གྱིས་ཤེས་ཡོང་བར་བཤད་དེ་སངས་རྒྱས་
བསྟན་པའི་བྱིན་རླབས་སྒྲོགས་བྱེད་ཀྱི་དཔེ་གཞི་གསོན་པོ་ཞིག་ཏུ་བཤད་མོད། དོན་ལ་དེ་ནི་ཕ་མའི་ཀུན་སྤྱོད་ཀྱིས་བྱིས་པར་
ཤུགས་རྐྱེན་ཐེབས་པ་ཡིན་ཏེ། བློ་རིག་གི་གཉོམ་ལག་མ་རྒྱས་པའི་བྱིས་པ་རྣམས་ཕ་མའི་ལད་མོ་བྱེད་པར་དགའ་ཞིང༌། ཁོ་ཚོ་
འཇིག་རྟེན་འདི་ནས་ཐེངས་དང་བོར་འཕྲད་ཅིང་རང་རྟོགས་ཀྱིས་འགུལ་སྐྱོད་བྱེད་ཤེས་བའི་སྐབས་ནས་བཟུང་རྟག་ཏུ་ཕ་
མའི་ལྟ་ཞིབ་ཀྱི་འོག་ནས་འཚར་ལོངས་བྱུང་བ་ཡིན་པས་མི་རྒན་ཚོས་མ་ནི་བཟློ་བ་དང་ཕྱག་འཚལ་བ་སོགས་ཀྱི་བྱ་བྱེད་མཐའ་
དག་རང་ཤུགས་ཀྱིས་གོམས་ལོབས་སུ་གྱུར་བ་ནི་རང་བྱུང་གི་སྣང་ཚུལ་ཞིག་ཡིན་པ་ལས་ཆོས་ཀྱི་བྱིན་རླབས་ག་ལ་ཡིན། བྱིས་
པའི་ལྷད་མེད་རྣམ་དག་གི་སེམས་ཁམས་ལ་དད་པའི་ས་བོན་ཐོག་མར་གཏོར་བ་དང་སྐད་ཆའི་གོ་བརྡ་འཕྲོད་པའི་སྐབས་ནས་
བཟུང་སྐྲག་སླ་པའི་བྱིས་པའི་སེམས་ཁམས་ལ་ལྷ་འདྲེ་གདོན་བགེག་གི་འཇིགས་སྣང་སྣ་ཚོགས་ཀྱིས་གཙེས་ཤིང་སངས་རྒྱས་ཀྱི་
ཞིང་བཀོད་མང་བོ་རྟོགས་བཏགས་ཀྱིས་བསྐྲུན་ནས་མི་བུའི་བདེ་ཐང་གི་བསམ་བློར་གཏོར་བཤིག་བཏང་སྟེ། མི་ནི་ཐོག་མ་ཉིད་
ནས་རང་བྱུང་གི་སྲོགས་ཆགས་ཉམས་ཆུང་ཞིག་ཡིན་པ་དང་འཇིག་རྟེན་གྱི་བྱ་བཞག་ཐམས་ཅད་མི་ལས་ལོགས་ཀྱི་གཟུགས་
མེད་ཀྱི་སྟོབས་ཤུགས་ཤིག་གིས་དབང་སྒྱུར་བ་ཡིན་ཞིང་མིའི་རང་སྟོབས་ཐད་དུ་བོར་ཏེ་གཞན་ལ་སྐྱབས་སུ་འགྲོ་བའི་ལམ་དུ་
དྲི་ཆེན་ཕ་མས་གཡས་སྐྱོར་གཡོན་སྐྱོར་གྱིས་གོམ་པ་དང་བོ་སྤོ་སུ་བཅུག་པ་དང༌། རིམ་བཞིན་《ཨ་མ་རི་བོང་》དང་《ཨ་ཁུ་
སྤྱང་ཀི》སོགས་བྱིས་པ་རྣམས་ཆེས་ཉན་པར་སྤྲོ་བའི་སྲོག་ཆགས་ཀྱི་གཏམ་རྒྱུད་སྣ་ཚོགས་ལ་སྦྱར་ཏེ་ཕྱོགས་གཅིག་ནས་གཡོ་
དང་སྒྱུ་ཡི་ཐབས་ངོ་སྤྲོད་དང༌། ཡང་ཕྱོགས་གཞན་ཞིག་ནས་ ནམ་མཁའི་ཟླ་བར་མཛུབ་མོ་བཀེར་ཚེ་ཨ་མ་ཟླ་བས་རྣ་ཅོག་
འབྲེག་ངེས་བ་དང༌། འབུ་གྲོག་མ་བསད་ན་རང་གི་ཨ་མ་ཤི་འགྲོ་བ་སོགས་འཇིགས་སྐུལ་གྱི་ལམ་ནས་རྨོངས་དད་དང་ཕྱི་
བཤོལ་གྱི་བསམ་བློ་རྒྱུད་སྤེལ་ བྱེད་པ། བློ་ཡིད་ལས་འགོངས་བའི་སྤྲུལ་བའི་མཛད་རྣམ་ལ་སྦྱར་ནས་མི་ཉིད་ནུས་མེད་ཉམ་ཆུང་
གི་འདུ་ཤེས་སྐྱེས་སུ་བཅུག་སྟེ་བསམ་བློའི་བཀག་རྒྱ་མང་བོའི་ཁྲོད་ ནས་ང་ཚོ་བོད་རིགས་ཀྱི་བྱིས་པ་རྣམས་ཐོག་མ་ཉིད་ནས་
སྟོན་པའི་མཆོད་རྫས་སུ་བཤམས་ཡོད་པ་རེད།
          ཕྱི་སྣང་གི་བྱ་དངོས་ལ་དང་དོད་བྱེད་ཤེས་པ་ནས་བཟུང་བྱིས་པའི་བསམ་བློའི་གཉོམ་ལག་རྒྱས་འགོ་བརྩམས་ཏེ་རིམ་
བཞིན་མཚར་འཛིན་གྱི་འདུ་ཤེས་ཤུགས་དྲག་ཏུ་འཕེལ་ནས་བློ་ངོར་ཤོང་དཀའ་བའི་དྲི་བ་སྣ་ཚོགས་འདྲི་བར་མོས་ལ་དེ་ནས་
བཟུང་ དྲིས་ལན་གྱིས་སྟོངས་བའི་ཕ་མ་དག་གིས་དྲི་བ་ཡོད་ཚད་འགྲེལ་ནུས་པའི་སྤྱི་འགྲོས་ ཤིག་སྟེ་《ལས་དབང་》ཞེས་
པའི་ལྕགས་ཀྱུ་དེ་མགོ་ལ་བསྐོན་ཞིང་ལྷ་སྒྲུང་དང་ཆོས་ ལུགས་ཀྱིས་བརྒྱན་པའི་གཏམ་རྒྱུད་སྣ་ཚོགས་བཤད་དེ་བྱིས་པའི་སེམས་
ཁམས་ལ་བསླུ་བྲིད་གཏོང་བ་དང༌། བསམ་སྦྱོར་ལ་ཚོད་འཛིན་བྱེད་ཆེད་གདོན་འདྲེ་སོགས་རྟོག་བཏགས་ཀྱི་སྣང་བརྙན་རབ་
དང་རིམ་པ་མང་པོ་དྲུད་ནས་འོངས་བ་ཡིན་ཞིང༌། བྱིས་པའི་ལྷད་མེད་དྭངས་གཙང་གི་སེམས་ཁོང་ན་རང་ཉིད་ཀྱི་ཕ་མ་ནི་
འཇིག་རྟེན་ན་ཆེས་མཆོག་ཏུ་གྱུར་བ་དང་ཁོ་ཚོས་སྐད་ཆ་ནི་བདེན་གཏམ་རྐྱང་རྐྱང་ཡིན་པར་རློམ་པའི་ཡིད་ཆེས་ཀྱིས་འཇིག་
རྟེན་ངོ་ཤེས་བ་ནས་བཟུང་ཕ་མས་བསྐྲུན་པའི་ལྐོག་གཡོ་དང་ཟོག་ཟོབ་ཀྱི་ཁྲོད་ནས་འཚར་ལོངས་བྱུང་བ་རེད།
      བྱིས་པས་ཡིག་ངོ་ཆོད་པ་ནི་འཚོ་བ་གསར་བ་ཞིག་གི་འགོ་བརྩམས་པ་སྟེ། བག་ལ་ཞ་བའི་ཁྱད་ནུས་སྔོག་འདོན་གྱི་སྒོ་མོ་ཕྱེས་
བ་ཡིན་ཡང༌། བྱིས་པའི་མོས་བ་སྣང་མེད་དུ་བསྐྱུར་ཏེ་འགྲོ་འདུག་བྱ་བྱེད་ཐམས་ཅད་ལ་ཕ་མས་བཀག་སྡོམ་བྱས་པ་དང་ཁོ་ཚོའི་
ལེགས་ཉེས་དགེ་སྡུག་གི་དབྱེ་འབྱེད་ཚད་གཞི་དེ་དུས་ནམ་ཡང་བསྐལ་བ་སྟོང་གི་ལོ་རྒྱུས་ཀྱི་ཁྲོད་ན་ཡོད་པས་བྱིས་པའི་མི་ཚེའི་
བགྲོད་ལམ་སྔ་མོ་ནས་ཐག་བཅད་ཚར་ཡོད་ཅིང་དེ་ནི་ཕ་མེས་བརྒྱུད་པའི་ལམ་བུ་དེ་ཡིན་ཞིང༌། ལམ་བུ་དེའི་སྟེང་དུ་ཕ་མ་ནི་
དུས་ནམ་ཡང་སྐོད་འདོམས་བྱེད་མཁན་གྱི་གདོད་མའི་དམག་དཔུང་དང་བུ་ཕྲུག་ནི་དམག་མི་སྟེ་བཀའ་དང་ལེན་བྱ་རྒྱུ་ལས་ཕ་
མའི་བྱ་བྱེད་ལ་གདེང་འཇོག་གི་ཐོབ་ཐང་ཅི་ཡང་མེད་པར་མཛུབ་མོས་གང་བསྟན་ཤར་ཡིན་དགོས་པའོ། །
      གལ་ཏེ་སུ་ཞིག་དེ་ལས་འགོངས་ཚེ་དྲིན་ལན་ལོག་འཇལ་གྱི་ཉེས་མིང་བཏགས་ཏེ་དམའ་འབེབས་དང་མཐོང་ཆུང་བྱེད་སྲིད་
ལ། དེ་འདྲའི་ཁོར་ཡུག་གི་འོག་ཏུ་བོད་པ་བྱིངས་ཀྱི་སྤྱི་འགྲོས་རང་བཞིན་གྱི་འཚོ་བའི་རྣམ་པ་འདི་གྲུབ་པས་ཕ་མའི་བཀག་རྒྱ་
ལས་ཐར་རྒྱུ་ནི་མི་གཤིས་བཅིངས་འགྲོལ་གྱི་རྩ་བ་རེད།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《གཟུགས་འགྱུར་ཟིན་ཐོ》གླེང་བ།

2009-02-25 མེ་འཁྱེར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།