མགུར་ལས་བོད་རྩོམ་ལ་ལྟ་བ།

  མགུར་གྱི་གོ་དོན་ལ་བསྟན་པ་སྔ་དར་དང་ཕྱི་དར་གྱི་སྐབས་གཉིས་ནས་འགྲེལ་རྒྱག་སྟངས་ཤིག་ཡོད་པས། དེ་ཡང་བསྟན་པ་སྔ་དར་གྱི་སྐབས་སུ་མགུར་དང་གླུ་གཉིས་ནི་དོན་གཅིག་མིང་གི་རྣམས་གྲངས་ཡིན་པ་ལས་སོ་སོར་དབྱེ་བ་འབྱེད་རྒྱུ་མེད་པ་དང་། རྗེས་ཀྱི་བསྟན་པ་ཕྱིར་དར་སྐབས་ནས་བཟུང་མགུར་དང་གླུ་གཉིས་ལ་དོན་གྱི་དབྱེ་བ་བྱུང་བ་རེད།འདི་ཡང་དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་གནའ་བོའི་བོད་རྩོམ་ལ་འགྱུར་ལྡོག་དང་འཕེལ་རྒྱས་སོང་བའི་དན་རྟགས་ཤིག་རེད། སྤྱིར་འཛམ་གླིང་སྤྱིའི་འགྲོ་ཕྱོགས་དང་བསྟུན་ན་རྩོམ་རིག་གི་མགོ་ཁུངས་དེ་དམངས་ཁྲོད་རྩོམ་རིག་ཡིན་པས་རང་རེའི་བོད་ལ་མཚོན་ན་ཡང་ཐོག་མའི་མགུར་གླུ་དེ་རྗེས་ཀྱི་རྩོམ་རིག་དར་སའི་ཆུ་མགོ་དང་བོད་རྩོམ་གྱི་ཡུམ་དོད་(文学母体)ལྟ་བུ་ཞིག་ཏུ་གྱུར་བ་རེད།

            ༡  ངག་ཐོག་རྩོམ་རིག
   སྤྱིར་རྩོམ་རིག་འཕེལ་རྒྱས་ཀྱི་ངོས་ཐད་ནས་བལྟས་ན་དང་ཐོག་ངག་ཐོག་ནས་རྩོམ་རིག་གི་རྣམ་པ་འབྱུང་རྒྱུ་ནི་སུས་ཀྱང་རྟོགས་སླ་བ་ཞིག་རེད། ཡིན་ཡང་འགའ་རེ་ཞིག་གིས་བོད་ཀྱི་རྩོམ་རིག་ལ་ལྟ་དུས་༼སྙན་ངག་མེ་ལོང་མའི་༽སྔོན་དུ་བོད་ལ་སྙན་ངག་མ་དར་བའི་སྐད་ཆ་འགའ་རེ་ཚོད་ཚོད་ལ་གཡུག་གིན་འདུག དོན་དུ་ང་ཚོ་ནི་རྩོམ་རིག་དར་སྔ་ཤོས་ཀྱི་མི་རིགས་ཤིག་ཡིན་པ་ལོ་རྒྱུས་ཀྱིས་བདེན་དཔང་བྱ་ཐུབ་ལ་འཚོ་བས་ཀྱང་གསལ་ཁ་འདོན་ཐུབ།དེ་ཡང་སྔོན་མའི་དུས་སུ་སྙན་ངག་དང་གླུ བྲོ་གར་སོགས་ནི་དོན་གཅིག་མིང་གི་རྣམས་གྲངས་ཡིན་པ་ལས་སོ་སོར་འབྱེད་རྒྱུ་ཡོད་པ་ཞིག་གཏད་ནས་མ་ཡིན། ཐོག་མའི་དུས་སུ་དར་བའི་མགུར་གླུ་ནི་ང་ཚོའི་བོད་རང་གི་མང་ཚོགས་ཀྱིས་ཐོན་སྐྱེས་ངལ་རྩོལ་གྱི་ལག་ལེན་ཁྲོད་བྱུང་བའི་ངག་ཐོག་གི་རྣམ་པ་ཞིག་རེད། དེ་ཡང་རྩོམ་རིག་ནི་སྤྱི་ཚོགས་ཀྱི་འཚོ་བ་ངེས་ཅན་ཞིག་མིའི་ཀླད་པའི་ནང་ཚུར་སྣང་བྱུང་བ་ཞིག་ཡིན་པས། སྐབས་དེའི་མི་རྣམས་ཀྱི་མི་ཚེའི་ལྟ་ཚུལ་དང་རང་བྱུང་ཁམས་ལ་འགྲེལ་རྒྱག་སྟངས་མི་འདྲ་བའི་སྒོ་ནས་ངག་ཐོག་སྙན་ངག་༼གླུ༽གི་བརྗོད་བྱ་ཡང་མི་འདྲ་བ་བྱུང་བ་རེད། ལྷག་པར་གདོད་མའི་དུས་སུ་དར་བའི་བོན་ཆོས་ལས་དངོས་བོ་མཐའ་དག་ལ་ལྷ་འདྲེ་ཞུགས་པར་འདོད་པས། མི་རྣམས་ཀྱིས་རང་བྱུང་ཁམས་ཀྱི་འགྱུར་ལྡོག་ལ་འགྲེལ་རྒྱག་མ་ཤེས་པར་ཡོད་ཚད་ལྷ་རུ་བཀུར་ནས་མཆོད་བསྟོད་དང་ཚིག་བསྟོད་སོགས་བྱུང་སྟེ།དམངས་ཁྲོད་ཀྱི་གླུའི་རྣམ་པ་ཅན་གྱི་ངག་ཐོག་སྙན་ངག་བྱུང་ཚུལ་ཡོད། ད་དུང་སྐབས་དེའི་གྲལ་རིམ་དབང་སྒྱུར་བས་རང་ཉིད་ཀྱི་དབང་སྒྱུར་དང་གོ་ས། མངའ་ཁོངས་ཀྱི་དོན་དུ་འབངས་མི་རྣམས་ཀྱི་དད་སའི་མཆོད་བསྟོད་ཀྱི་ལྷ་དེར་རང་གིས་ཀྱང་གུས་ཕྱག་དང་མཆོད་བསྟོད་བྱས་ནས་མགུར་གླུ༼ངག་ཐོག་སྙན་ངག༽དེ་ཆབ་སྲིད་ཐོག་ལ་བཀོལ་ནས་བླངས་པ་ཞིག་ཀྱང་ཡིན། འདི་དག་ནི་བོད་རང་གི་མི་དམངས་ཀྱི་ཐུན་མོང་མ་ཡིན་པའི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་གསར་དུ་བསྐྲུན་པའི་རིག་གནས་ཤིག་ཡིན་ལ། རང་དང་བར་ཐག་ཆེས་ཉེ་བའི་ཡིད་ཀྱི་འགྱུར་བ་ཕྱི་རུ་མངོན་བྱེད་ཀྱི་རྣམ་དཔྱོད་ལས་འཁྲུངས་པའི་རིག་པ་ཞིག་ཀྱང་ཡིན།སྤྱིར་ངག་ཐོག་སྙན་ངག་འདི་མི་དམངས་ཀྱི་ཐོན་སྐྱེད་ངལ་རྩོལ་ལས་བྱུང་བ་ཞིག་ཡིན་པ་མ་ཟད་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་རེད། འདི་ལ་གྱང་རྡུང་བ་དང་ཞིང་འདེབས་པ། ཕྱུགས་འཚོ་བ། ཕོ་མོའི་བརྩེ་དུང་ལ་སོགས་པའི་སྤྱི་ཚོགས་འཚོ་བའི་ཐད་ཀྱི་རིན་ཐང་མི་དམན་པ་ཞིག་ཀྱང་འདུག ཡིན་ན་ཡང་རྩོམ་རིག་ལོ་རྒྱུས་ཀྱི་ངོས་ཐད་ནས་བར་དེའི་མི་རྣམས་ཀྱི་མཛེས་དཔྱོད་ཀྱི་རིན་ཐང་དང་མི་ཚེའི་རིན་ཐང་སོགས་བོད་རང་གི་ཀུན་སྤྱོད་ཀྱི་ཟབ་ས་དང་བསམ་པའི་གཏིང་རུམ་ལ་ཟུག་ཡོད་པས་རྩོམ་རིག་སྒྱུ་རྩལ་གྱི་རིན་ཐང་དེ་ལས་ཀྱང་ལྷག་པ་ཞིག་རེད།
   ཡང་འགའ་ཞིག་གིས་ངག་ཐོག་སྙན་ངག་ནི་ཡི་གེ་ཡོད་མེད་ལ་བལྟས་ནས་བཤད་ཀྱིན་པ་དེར་བལྟས་ན་འགལ་འཁྲུལ་ཆེན་པོ་ཞིག་ཡོད། དེ་ལ་གཙོ་བོ་རྩོམ་རིག་དེ་དར་བའི་སྐབས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་དང་རྩོམ་རིག་བཞེངས་སྟངས་ཀྱི་ཕྱོགས་ལ་ངེས་པར་རྒྱུས་ལོན་ཟབ་མོ་ཡོད་དགོས་པ་ཞིག་ཏུ་འདུག གདོད་མའི་སྤྱི་ཚོགས་ཀྱི་སྐབས་སུ་དམངས་ཁྲོད་རྩོམ་རིག་མང་ཤོས་ཤིག་འགྲོ་ཞོར་འདུག་ཞོར་དུ་བླངས་པ་༼མགུར་གླུ༽སོགས་ངག་ཐོག་ནས་འཆད་པ་མང་ཤོས་རེད། ད་དུང་སྐབས་དེའི་རྩོམ་རིག་གི་༼ངག་ཐོག་སྙན་ངག༽སྐད་ཆ་ནི་ཕལ་སྐད་ཏེ་བོད་རང་གི་སྐད་ཀྱི་གཏིང་ཟབ་ས་ན་ཡོད་པ་དེ་ཡིན་པས་ངག་ཐོག་སྙན་ངག་དེ་ཡི་གེ་ཡོད་མེད་ལས་བྱུང་བ་ཞིག་ཡིན་མིན་ལ་འབྲེལ་བ་ཡང་མེད་པར་འདོད། ༼སྲིད་པ་ཆགས་གླུ༽དང་༼ཨ་མཚར་དགུ་མཚར༽སོགས་གཙོ་བྱེད་པའི་གདོད་མའི་ངག་རྩོམ་དེ་དག་ནི་ཁོ་ཚོས་ཉམས་མྱོང་དང་འཚོ་བའི་བསླབ་བྱ་སོགས་རྗེས་རབས་རྣམས་ལ་ངག་ཐོག་ནས་ངོ་སྤྲོད་མཛད་པ་ཞིག་ཡིན་པ་ད་ལྟའང་ད་དུང་ཡུལ་ཕྱོགས་ཁ་ཤས་སུ་ཨ་མཚར་དགུ་མཚར་སོགས་བཤད་སྟངས་ཡོད་པས་གསལ་བོ་རེད། རྒྱའི་མཁས་པ་ལོའི་ཞོན་གྱིས་ཀྱང་གདོད་མའི་མི་རྣམས་ཀྱིས་ངལ་རྩོལ་གྱི་སྐབས་སུ་༼ཧང་ཡོ་་་་་་་་་་་་་་་་་་་ཧང་ཡོ་་་་་་་་་་༽ཞེས་བོས་པའི་སྒྲ་དེ་ནི་གདོད་མའི་སྙན་ངག་གི་རྣམ་པར་འདོད་ཀྱི་ཡོད། དེ་བཞིན་མིའི་རིགས་གང་ལ་མཚོན་ན་ཡང་ལྷ་སྒྲུང་གི་རྣམ་པ་ཅན་གྱི་གདོད་མའི་རྩོམ་རིག་བྱུང་བ་རེད། རང་རེའི་བོད་ལ་ཡང་༼མ་སངས་ཀྱི་སྒྲུང༽དང་༼མཆིལ་བའིསྒྲུང་༽སོགས་གདོད་མའི་རྩོམ་རིག་གི་རྣམ་པ་ཅན་པ་གྱི་ངག་ཐོག་སྙན་ངག་བྱུང་བ་རེད། སྙན་ངག་ནི་དང་བོ་དམངས་གླུ་ནས་བྱུང་ཡང་ཕྱིས་སུ་མཁས་པ་དག་ལ་དབང་བ་ཡིན་ནོ་ཞེས་པའི་ལུའུ་ཞུན་གྱི་གསུངས་བཤད་འདིས་རེ་ཞིག་མཇུག་རྫོགས་པར་བྱ།

           ༢ ཡིག་ཐོག་རྩོམ་རིག
   བོད་རང་ལ་མཚོན་ན་ཡོངས་ཁྱབ་ཏུ་སྲོང་བཙན་སྐབས་སུ་ཡི་གེ་བྱུང་བས་དེ་ནས་བཟུང་བོད་ཡུལ་མུན་པའི་གླིང་ལ་རེ་བའི་ཉི་ཟེར་བརྒྱབ་པར་བཤད་ཀྱིན་ཡོད་མོད། འོན་ཀྱང་དེ་ནི་ཆེ་ཕྱོགས་དང་སྤྱི་ཕྱོགས་ཤིག་ནས་དར་ཚུལ་གྱི་རྣམ་པ་ལྟར་བརྗོད་པ་ཞིག་ཏུ་འདོད་ཀྱི་ཡོད། དོན་དམ་དུ་བོད་ལ་ཐོག་མའི་དུས་ནས་ཡི་གེ་ཡོད་པ་མ་ཟད་ཡིག་ཐོག་སྙན་རྩོམ་ཡང་བྱུང་ཡོད་པ་རེད། དེ་ཡང་རང་རེའི་བོད་ཀྱི་གནའ་བོའི་ཡིག་ཐོག་སྙན་རྩོམ་ལ་༼ཀླུ་འབུམ་དཀར་ནག་ཁྲ་གསུམ་༽ཞེས་པ་དེ་འཇོག་གྱིན་འདུག༼ཐུབ་བསྟན་ཕུན་ཚོགས༽དེའི་རྩོམ་པ་པོ་སྟོན་པ་གཤེན་རབ་ཡིན་པ་ནི་ཆོས་ལུགས་ཀྱི་ཕྱོགས་ཞེན་མེད་པར་བན་བོན་གཉིས་ཀས་ཐུན་མོང་གིས་ཁས་ལེན་ཞིང་ཡོད་པ་ཞིག་རེད། གཞན་ཡང་ཐུན་མོང་གིས་ཁས་ལེན་པ་ཞིག་ཡོད་པ་ནི་སྤྱི་ལོ་སྔོན་གྱི་དུས་རབས་བཅུ་དྲུག་པའི་ནང་དུ་ཀོང་ཙེ་འཕྲུལ་གྱི་རྒྱལ་བོས་གཏོ།ཡས།གླུད་རྣམས་ཀྱི་ཆོ་ག་མང་པོ་ཞིག་བརྩམས་ཡོད་པ་དེ་དག་ཚིགས་བཅད་སྙན་ངག་གི་ཁྱད་ཆོས་ལྡན་པ་རེད།དེ་བས་ང་ཚོས་བོད་རང་གི་རྩོམ་རིག་གི་བྱུང་འཕེལ་གྱི་ལོ་རྒྱུས་དང་ཡི་གེ་དར་ཚུལ་སོགས་ཀྱི་རིག་གནས་དེའི་མགོ་ཁུངས་ཕྱིར་སྤྱི་ལོ་སྔོན་ལ་གཏུགས་ནས་ལོ་རྒྱུས་ཀྱི་རྒྱུན་ཇེ་རིང་དུ་གཏོང་ཆོག་ཆོག་རེད།
   གོང་ནས་བརྗོད་ཟིན་པ་བཞིན་བསྟན་པ་སྔ་དར་གྱི་རྗེས་ནས་བཟུང་མགུར་དང་གླུ་གཉིས་ལ་དོན་གྱི་དབྱེ་བ་བྱུང་ཞིང་། མགུར་གླུ་སོ་སོ་ལ་རང་རང་གི་འགྲེལ་རྒྱག་སྟངས་དང་བྱ་བའི་དབྱེ་སྒོ་མི་འདྲ་བ་བྱུང་བ་རེད། དེ་ཡང་མགུར་ཞེས་པ་གླུ་ཡི་ཞེ་ཚིག་ཏུ་གྱུར་ནས་གླུ་དེ་དམངས་ཁྲོད་དུ་དར་བའི་གླུ་དང་མགུར་ནི་ཆོས་པ་རྣམས་ཀྱི་གླུ་རུ་གྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་རེད། འདི་ཡང་གཙོ་བོ་མི་རྣམས་ཀྱིས་རིགས་རུས་ཆོ་འབྲང་དང་གྲལ་རིམ་སོགས་ཀྱི་དབྱེ་བའི་འགྱུར་ལྡོག་དང་བསྟུན་ནས་མགུར་དང་གླུ་གཉིས་སོ་སོར་གྱེས་པ་ཞིག་ཡིན་སྙམ། གཞན་ཡང་ཕྱིས་སུ་མགུར་གླུ་ཞེས་མིང་གཞི་གཉིས་སྦྲེལ་ནས་བརྗོད་བྱའི་དོན་སྟོན་པར་བྱེད་པ་རེད། དེ་བཞིན་དུ་ཡུན་གྱིས་བཙན་པོའི་དུས་སྐབས་སུ་རྗེ་བློན་བར་ལ་མགུར་གླུ་བླངས་ཏེ་ཕྱོགས་གང་ཅིའི་ཐད་ནས་བརྗོད་བྱའི་ནང་དོན་སོགས་སྔོན་ལས་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་ཏུ་གྱུར་བ་དང་བསྟུན་ནས་རང་རེའི་བོད་ཀྱི་མེས་པོ་རྣམས་ཀྱིས་ཡིག་ཐོག་རྩོམ་རིག་གི་ངག་སྒོ་འབྱེད་མགོ་བརྩམས་པ་རེད།
    སྤུ་དེ་གུང་རྒྱལ་དང་མྱང་ཙང་སྐུ  སྟག་རི་གཉན་གཟིགས་སོགས་ཀྱིས་བླངས་པའི་མགུར་དང་རྗེས་ཕྱོགས་སུ་ནང་བསྟན་བོད་ལ་དར་བ་ནས་བཟུང་མི་སེར་ལ་ཆོས་ལུགས་དྲིལ་བསྒྲགས་བྱེད་ཆེད་ཆོས་ལུགས་ཀྱི་ཤན་ཤུགས་ཐེབས་པའི་མི་ལའི་རྣམ་མགུར་སོགས་གང་མང་ཞིག་དར་ནས་བོད་ཀྱི་ཡིག་ཐོག་རྩོམ་རིག་གི་འཕེལ་རྒྱས་ལ་ཁ་གསབ་དང་ཤུགས་སྣོན་མང་ཙམ་བརྒྱབ་པ་རེད། མེ་ལོང་མ་བོད་ལ་མ་དར་བའི་སྔོན་ནས་བོད་རང་ལ་རྩོམ་རིག་གི་རྨང་གཏན་པོ་ཞིག་མགུར་གླུ་དང་གཏམ་རྒྱུད་སོགས་ཀྱིས་བཏིང་ཡོད་པས་རྗེས་སུ་མེ་ལོང་མ་བོད་ལ་རྒྱ་ཆེར་དར་ཐུབ་སོང་བའི་གྲུབ་འབྲས་ཡང་འདི་ལ་རག་ཡོད་པ་ཞིག་རེད། དེ་བས་རྗེས་ཀྱི་རྩོམ་རིག་གི་ལམ་ཁ་ནས་བོད་རྩོམ་ལ་རང་གི་རྩམ་དྲི་དང་མར་དྲི་བྲོ་བ་ཡང་སྔོན་གྱི་རྩོམ་རིག་གི་ཆུ་མགོ་རང་ས་ནས་བྱུང་བ་ཡིན་པས་ནམ་ཡང་རང་གི་ཁྱད་ཆོས་དང་འཚོ་བར་ཟུག་ཡོད་པ་ཞིག་རེད། སྤྱིར་ང་ཚོ་ལ་སྙན་ངག་གཞུང་ལུགས་ཤིག་རང་སྟེང་ནས་གསར་དུ་མ་བཟོས་བ་མ་གཏོགས་ཡོད་ཚད་མེ་ལོང་མ་བོད་ལ་དར་རྗེས་ད་གཟོད་སྙན་ངག་ལ་ཚིག་རྒྱན་སོགས་ཀྱིས་བཅིངས་པ་ཞིག་གཏན་ནས་མ་རེད ། ང་ཚོས་རང་གི་ཐུན་མོང་མ་ཡིན་པའི་བློ་གྲོས་ཀྱི་ཐབས་ལ་བརྟེན་ནས་ཚིག་རྒྱན་སོགས་ཀྱིས་བཅིངས་པའི་སྙན་ངག་ཀྱང་སྔ་མོ་ནས་བརྩམས་ཡོད་པ་རེད། དཔེར་ན་ཁྱུང་པོ་སྤུ་སད་ཙེ་དང་མང་པོ་རྗེ་ཞང་སྣང་གཉིས་རྒྱལ་བོའི་གམ་དུ་གླུ་ཤགས་བྱས་པའི་ཚེ་ཁྱུང་པོ་སྤུ་སད་ཙེས་བླངས་པའི་གླུ་ལ་བསྡུས་བརྗོད་ཀྱི་རྒྱན་དང་འགོག་རྒྱན་འདྲེས་པ་སོགས་ཚིག་མཛེས་བར་བྱེད་པའི་རྒྱན་བཀོལ་བ་ཡང་ཡོད། ད་དུང་བློན་པོ་མགར་གྱི་བུ་ཞིག་རྒྱལ་བོ་ལ་བློ་ལོག་པའི་སྐབས་སུ་རྒྱལ་བོས་བླངས་པའི་གླུ༼མགུར་༽ལ་སྨད་པའི་མཚུངས་སྦྱོར་གྱི་རྒྱན་ཡིན་པ་ལྟ་བུའི་མཚོན་པ་སོགས་བོད་ལ་རང་གི་ཁྱད་ཆོས་དང་ལྡན་པའི་ཚིག་རྒྱན་བཀོལ་ཡོད། ལྷག་པར་དུ་དུས་རབས་བཅུ་གསུམ་པར་གཙང་སྨྱོན་ཧེ་རུ་ཀས་མི་ལ་རས་བའི་མགུར་འབུམ་བྲིས་པ་དེ་ལས་བརྗོད་བྱ་རྗོད་བྱེད་དང་སྙན་ངག་གི་ཉམས་སོགས་ཕུན་སུམ་ཚོགས་པ་ཞིག་ཐོན་འདུག དེ་ཡང་གོང་ནས་བརྗོད་པ་བཞིན་མགུར་ཞེས་པ་གླུ་ཡི་ཞེ་ཚིག་ཏུ་གྱུར་ནས་ཆོས་པ་རྣམས་ཀྱི་གླུ་རུ་གྱུར་བའི་འགྱུར་ལྡོག་དེ་མི་ལའི་མགུར་འབུམ་ལས་གསལ་བོ་རྟོགས་ཐུབ། མགུར་འབུམ་འདི་ལ་ཆོས་ལུགས་ཀྱི་ནང་དོན་རྒྱ་ཆེ་བའི་ཡོན་ཏན་ཡོད་པ་དང་ལྷག་པར་དུ་བཀའ་བརྒྱུད་པའི་ཆོས་ལུགས་ཀྱི་ལྟ་བས་ཡོངས་སུ་གཡོགས་ཡོད་པ་ཞིག་རེད། བོད་རང་གི་རྩོམ་རིག་གསར་རྩོམ་དང་སྒྱུ་རྩལ་བློས་བསླངས་ཀྱི་ངོས་ཐད་ནས་རྗེས་ཀྱི་རྩོམ་རིག་གི་ལམ་ཁར་སྙེག་པར་མཛུབ་སྟོན་རང་བཞིན་གྱི་ནུས་པ་གལ་ཆེན་ཐོན་འདུག མ་གཞི་ནས་སྒྱུ་རྩལ་ནི་རང་བྱུང་ཁམས་ལ་ལད་ཟློས་བྱེད་པ་ཞིག་ཡིན་པས་རང་རེའི་བོད་ཀྱི་རྩོམ་རིག་གི་སྡིངས་ཆ་ནས་ཀྱང་མགུར་ལ་ལད་ཟློས་བྱས་ནས་གསར་རྩོམ་གྱི་ལམ་ཁར་ཞུགས་པ་ཡང་ཡོད་པ་རེད།༼ཤར་སྐལ་ལྡན་རྒྱ་མཚོའི་གསུང་མགུར༽དང་༼ཕ་མའི་དྲིན་གཟོ་ཚུལ་དང་གཤིན་པོར་མ་ཎི་བསྐུལ་བའི་མགུར་དབྱངས་༽སོགས་མང་པོ་ཞིག་ལ་མི་ལའི་རྣམ་མགུར་གྱིས་ཤན་ཤུགས་ཐེབས་ཚུལ༼མགུར་གླུའི་ལོ་རྒྱུས་དང་ཁྱད་ཆོས༽ན་ལེགས་པར་བཀོད་འདུག ཡིན་ན་ཡང་མགུར་གླུ་ཕྱི་དར་སྐབས་ཀྱི་༼རྒྱལ་དབང་དྲུག་པ་ངག་དབང་རིག་འཛིན་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་༽ལ་མགུར་གླུ་གཞན་པ་དང་མི་འདྲ་བའི་ཁྱད་ཆོས་དང་རྩོམ་རིག་སྒྱུ་རྩལ་གྱི་རིན་ཐང་བླ་ལྷག་ཞིག་འདུག
   དེ་ནི་མགུར་གླུ་སྔོན་མ་དག་དང་མི་འདྲ་བར་བསྟན་པའི་ནང་ཆོས་སྒྲོག་བྱེད་ཁོ་ན་མ་ཡིན་པར་དེས་ཕོ་མོའི་བརྩེ་དུངས་བརྗོད་གཞིར་གྱུར་བའི་འཇིག་རྟེན་འཚོ་བའི་ནང་སྙིང་སྔོག་གིན་ཡོད་པས་འཚོ་བར་ཁ་ཐག་ཉེ་ཞིང་ཆེས་སྤྱིར་བཏང་དང་རྒྱུན་ལྡན་གྱི་མིའི་དགའ་སྐྱོ་ཆགས་སྡང་ལེགས་པར་མཚོན་པ་ཞིག་ཏུ་འདུག་པས། དེང་སང་རྒྱ་ཡིག་དང་ཕྱི་ཡིག་སོགས་སུ་བསྒྱུར་བ་མང་དུ་མཐོང་རྒྱུ་ཡོད་པ་སོགས་ལས་དེའི་རིན་ཐང་གཞལ་དུ་མེད་པ་མཚོན་ཐུབ། ལྷག་པར་དུ་བོད་རང་གི་རྩོམ་རིག་ལོ་རྒྱུས་ཀྱི་འཕེལ་རྒྱས་ཁྲོད་ནས་གོ་གནས་གལ་ཆེན་དང་ཁ་ཕྱོགས་འགྱུར་མཚམས་ཤིག་ཏུ་གྱུར་ཡོད་པས་དངོས་གནས་མགུར་གླུའི་ལོ་རྒྱུས་ཀྱི་ཁྲོད་ནས་ཚབ་མཚོན་རང་བཞིན་ཅན་གྱི་བརྩམས་ཆོས་ཤིག་ཏུ་གྱུར་ཡོད་པ་རེད།

           ༣  མཇུག་བསྡུ་བ།
   རང་རེའི་མགུར་གླུ་དང་ལྷག་པར་དུ་རྩོམ་རིག་གི་ལོ་རྒྱུས་ནི་ཀྱག་ཀྱོག་དང་ལྡན་པ་ཞིག་རེད། མགུར་གླུའི་ལོ་རྒྱུས་དང་རྣམ་པའི་ཐོག་ནས་ཀྱང་དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་འགྱུར་ལྡོག་བྱུང་བ་ཞིག་ཡིན་ཏེ། ཐོག་མའི་རྩོམ་པ་པོ་རང་གི་ཆགས་སྡང་འབྲི་བ་ལས་རྗེས་ཀྱི་ཆོས་ལུགས་དྲིལ་བསྒྲོགས་ཀྱི་རྣམ་པ་ཅན་དུ་གོམ་པ་སྤོས་པའི་མགུར་གླུའི་འགྱུར་ལྡོག་གི་ལམ་ཁ་དེས་རང་རེའི་རྩོམ་རིག་གི་འཕེལ་རྒྱས་ཁྲོད་ལ་སུས་ཀྱང་ཚབ་བྱེད་མི་ཐུབ་པའི་ཤུགས་རྐྱེན་རྒྱ་ཆེར་བཞག་པ་རེད། བཙན་པོའི་སྐབས་སུ་རྒྱལ་བློན་བར་ལ་བླངས་པའི་མགུར་གླུས་དངོས་ཡོད་འཚོ་བ་མཚོན་པ་དང་། བར་སྐབས་དེའི་མི་རྣམས་ཀྱི་ཆགས་སྡང་དང་འདོད་མོས་སོགས་རྩོམ་པ་པོས་ཐད་ཀར་བརྩམས་ཆོས་ཀྱི་ལམ་ནས་མཚོན་པས། རང་རེའི་གནའ་མགུར་ལ་དངོས་ཡོད་རང་བཞིན་གྱི་ཁྱད་ཆོས་ལྡན་པས་བོད་ཀྱི་ཐོག་མའི་རྩོམ་རིག་ལ་བརྗོད་སྙིང་མིའི་འཚོ་བར་ཟུག་པའི་ཆ་ཕུན་སུམ་ཚོགས་པ་ཞིག་ཡོད། ལུས་ཀྱི་ཆ་ནས་ཀྱང་མེ་ལོང་མའི་ཤུགས་རྐྱེན་མ་ཐེབས་པའི་གནའ་མགུར་ལ་བོད་ཀྱི་ཁྱད་ཆོས་དང་ལྡན་པའི་རང་སྟེང་གི་རྩོམ་ཉམས་དང་། རྐང་པའི་བཅད་ལུས་སོགས་རང་རྐྱ་འཕེལ་བའི་རྩོམ་རིག་གི་མ་ལག་སྔ་མོ་ནས་གྲུབ་ཡོད་པས་ང་ཚོས་ཀྱང་འཛམ་གླིང་མི་དམངས་ཀྱི་མདུན་ནས་ནོངས་མི་དགོས་པར་བོད་རྩོམ་ཞེས་འུར་རྒྱག་ཆོག་ཆོག་རེད་དོ།།
 
              (མཆོད་མེ་དྲ་བའི་པར་དབང་གཞན་གྱིས་དགོལ་མི་རུང) 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མགུར་ལས་བོད་རྩོམ་ལ་ལྟ་བ།

2014-01-16 ཐེ་གེ༼ཀན་ལྷོ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།