མི་རབས་བཞི་བའི་རང་མཚང་རང་སྦས་ཀྱི་རིང་ལུགས་ལ་རྒོལ་བ།

དུས་ཡུན་རིང་པོ་ཞིག་ལ་རྩོམ་རིག་གི་འཕེལ་རྒྱས་ཉི་ཚེ་བ་ཞིག་ལ་སྐྱབས་བཅོལ་བའི་མི་རིགས་ཤིག་ལ་མཚོན་ན།རྩོམ་རིག་ནི་ཁོ་ཚོའི་བསམ་བློའི་རྒྱགས་ཕྱེ་རུ་མ་སོང་བར་ལག་ཆ་འབའ་ཞིག་ཏུ་གྱུར་ནས་གཞན་ལ་བསྟོད་པའི་ཤོག་ཧྲུལ་མང་པོ་ཞིག་རི་བོའི་གཏོས་དང་མཉམ་པར་སྤུང་ཞིང་།བླ་ཆེན་མཁན་ཆེན་དང་མཁས་མིང་འཛིན་པ་སྐོར་ཅིག་གིས་ཀྱང་རྩོམ་རིག་ལ་མཛེས་དཔྱོད་སྣ་གཅིག་པ་ཞིག་གིས་གོང་ཐང་བཅད་དེ་བོད་ཀྱི་རྩོམ་སྟེགས་སུ་ད་རག་བར་རྩོམ་རིག་སྣ་མང་གི་ཡལ་འདབ་རྒྱས་མ་ཐུབ་པ་རེད།དེ་ནི་མི་སྒེར་གྱི་རྣམ་དཔྱོད་དང་མི་སྒེར་གྱི་གསར་རྩོམ་ལ་དོ་སྣང་མ་སྤྲོད་པའི་དན་རྟགས་ཤིག་དང་གསར་རྩོམ་གྱི་ཁེ་དབང་ནི་མི་རེའི་ལག་ཏུ་མ་བཞག་པར་རྒྱུན་སྲོལ་སྤྱི་འགྲོས་ཤིག་གིས་བསམ་བློ་ལ་འཆིང་སྡོམ་བྱས་པ་རེད།དེ་ནི་ད་ལྟའི་དངོས་ཡོད་གནས་ཚུལ་དང་ལོ་རྒྱུས་ཀྱི་སྟོང་ཆ་ཞིག་རེད་ཅིང་།བསྟོད་རྩོམ་གྱི་བརྡ་རྟགས་ཤིན་ཏུ་སྐྱེན་པའི་དུས་རབས་གང་དེ་ལ་མཚོན་ན་གསར་རྩོམ་གྱི་བློ་མིག་ནི་ཤི་མ་གསོན་དང་ཡ་མ་བརླ་ཡིས་གནས་ཤིང་།གསར་རྩོམ་གྱི་ཁེ་དབང་འདི་མི་སུ་དང་གང་ལའང་སྤྲད་མེད་པ་འདྲ།ཡིན་ཡང་དུས་རབས་ཀྱི་དཀྱོགས་མཚམས་ཤིག་ནས་མི་རབས་མང་པོ་ཞིག་མཚར་ལོངས་བྱུང་ཞིང་།རྩོམ་རིག་གི་སྡིངས་ཆ་འདིར་ཅུང་ཚ་ཚ་འུར་འུར་གྱིས་རྣམ་པས་ཁེང་ཡོད།མ་ཟད་མི་རབས་དང་མི་རབས་བར་གྱི་གསར་རྩོམ་གྱི་རྣམ་པ་དེའང་བལྟས་ཚོད་ཀྱི་ཅུང་ཐོད་བརྒལ་བྱུང་ཡོད།དཔེར་ན་མི་རབས་གསུམ་པར་མཚོན་ན་མི་རབས་སྔ་མ་དག་ལས་གསར་རྩོམ་གྱི་ཆ་ནས་དེང་རབས་ལ་ཕྱོགས་པ་དང་གཉུག་གཤིས་ལ་བབས་པ་སོགས་མིའི་རང་བཞིན་ནས་སྒྱུ་རྩལ་ལྷུར་ལེན་པའི་རྩོམ་རིག་ཅིག་རེད་ཅེས་བརྗོད་ན་མི་ཆོག་རྒྱུ་མེད།ཡིན་ཡང་མི་རབས་སྔ་མ་དག་ནི་རིག་ཞེན་རིང་ལུགས་པ་དང་མི་རིགས་གཙོ་བོར་བཟུང་ནས་རྩོམ་རིག་གི་ལམ་ཁ་བདམས་ཤིང་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་ལྡིངས་ཆ་རུ་བུད་པ་རེད།ཁ་ཚོས་ནི་དུས་ཡུན་རིང་བོ་ཞིག་ལ་མི་རིགས་འདིའི་ལས་དབང་ལ་ཐུགས་ཁུར་གནང་ཤིང་ཀླ་ཀློ་དང་ཤེས་རྨོངས།མུན་ནག་དང་གདུག་རྩུབ་ཀྱི་གནས་བབ་ལས་སྨྲེང་བ་ཤོར་ཏེ།དེ་དག་ཤོག་བུར་ཕབ་ཅི་ཐུབ་ཀྱིས་གཞན་ལ་སྐུལ་འབོད་བཏང་བ་རེད།ཡིན་ཡང་དེ་དག་ནི་རྩོམ་རིག་ཅིག་གི་འཕེལ་རྒྱས་ལ་མཚོན་ན་སྒུལ་ཤུགས་དང་སྔོན་འགྲོ་རུ་མི་འགྲོ་བའི་ངེས་པ་ཁྱོན་ནས་མེད་ལ།ཡོད་ཀྱང་འོས་པ་ཞིག་རེད།ཡིན་ཡང་རྩོམ་རིག་དེ་ལྟ་བུ་ཞིག་གིས་དངོས་ཡོད་ཀྱི་དགོས་མཁོ་དང་མི་སྒེར་གྱི་དགོས་མཁོ།གསར་རྩོམ་གྱི་དགོས་མཁོ་སོགས་བསྐུང་མ་ཐུབ་པར་མི་རབས་གཞུག་མ་དག་གིས་ཀྱང་སྲོལ་རྒྱུན་རྩོམ་རིག་དང་བསྟོད་པ་ལམ་ལུགས་སོགས་ལ་རྒྱབ་གཏད་པ་དང་།ལྷག་ཏུ་མི་རབས་གསུམ་པ་ལྟ་བུར་མཚོན་ན་རྩོམ་རིག་གསར་རྩོམ་གྱི་ལམ་ཁ་གསར་བ་གདམ་སྟེ་བོད་ཀྱི་རྩོམ་སྟེགས་སུ་ཞུགས་ཤིང་།བོད་ཀྱི་རྩོམ་སྟེགས་ནས་རང་གི་ལྕོགས་ཚོད་ཀྱིས་གསར་རྩོམ་གྱི་ལས་ལ་འབད་པ་རེད།རང་གིས་ལྟ་ཚུལ་ཡིན་ན་མི་རབས་གསུམ་པ་ནི་མི་རབས་སྔ་མ་དག་ལ་བལྟོས་ཏེ་ཁོ་ཚོ་ཡང་རྩོམ་རིག་གི་ལངས་ཕྱོགས་ཤིག་དང་རྩོམ་རིག་གི་སློབ་སྦྱོང་ཞིགརྩོམ་རིག་གི་མིག་རྒྱང་ཞིག་མངའ་བ་མ་ཟད།བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཀྱི་དཀྱོགས་མཚམས་ཤིག་ནས་ཅུང་གླེང་རི་བའི་མི་རབས་ཤིག་ཏུ་ངོས་བཟུང་ཡོད།ཡིན་ཡང་།རླབས་ཆེན་གྱི་རྩོམ་རིག་ཅེས་པ་ནི་ཚགས་ཤོག་དང་དེབ་འཕྲེང་ལོང་རེ་བ་ཙམ་མ་ཡིན་པར་མིའི་འདོད་བློ་དང་དུས་རབས་ཀྱི་དགོས་མཁོ་ཞིག་སྟེ།ནམ་ཞིག་ན་རྩོམ་རིག་དེ་མིའི་བསམ་བློ་ནས་འདུ་ཤེས་ཀྱི་ཟབ་ས་རུ་རྩ་བ་སྨིན་ཞིང་རྩེ་མོ་རྒྱས་ཐུབ་ཚེ་དེ་ནི་ལོ་རྒྱུས་ཀྱི་རིན་ཐང་ཞིག་དང་རྩོམ་རིག་གི་བྱས་རྗེས་ཤིག་རེད་འདོད།གཞན་ཡང་མི་རབས་རེ་གཉིས་གླེང་སློང་རྗེས་ད་དུང་མ་གླེང་ཚད་མེད་ཀྱི་མི་རབས་ཤིག་ཡོད་པ་ནི་དུས་ཀྱི་ཕུག་ན་དབེན་སིམ་གྱི་རིང་ལུགས་སྲུང་བའི་མི་རབས་བཞི་བ་ཞེས་བྱ་བ་དེ་རེད།དེ་ནི་ང་ཚོས་ཤེས་གསལ་ལྟར་མི་རབས་གསུམ་པ་བྱུང་རྗེས་ད་གཟོད་བྱུང་བའི་མི་རབས་ཤིག་རེད།སྤྱིར་ཡིན་ན་མི་རབས་བཞི་བའི་སྐོར་ལ་སྐད་ཆ་ཞིག་བཤད་འདོད་སྐྱེས་ནས་ཡུན་རིང་འགོར་སོང་མོད།གང་ལྟར་དེ་རིང་བདག་གིས་ཆེད་དུ་འདོད་ཚུལ་དང་བསམ་ཚུལ་ཅི་རིགས་ཁུར་ཏེ་༼མི་རབས་བཞི་བའི་རང་མཚང་རང་སྦས་ཀྱི་རིང་ལུགས་ལ་རྒོལ་བ།༽ཞེས་པའི་སྐད་ཆ་དྲང་མོ་ཞིག་བརྗོད་འདོད་པ་འདི་ནི་མི་རབས་བཞི་བའི་གནས་སྟངས་ལ་དམིགས་ཏེ་ད་གཟོད་ཡིག་ངོས་ནས་སྦྱོར་བ་བརྩམས་པ་ཞིག་ཡིན་ལ།མི་རབས་བཞི་བ་ནི་མི་རབས་ཤིག་གི་སྙན་ངག་གི་ཤོག་ཁ་རུ་ཁས་འཆེས་པའི་ད་གཟོད་སྐད་ཆ་འདི་བཤད་དགོས་སོང་བ་ཡིན།སྤྱིར་མི་རབས་བཞི་བ་གླེང་འོང་དུས་མ་གླེང་ཚད་མེད་ཅིག་ཡོད་པ་ནི་མི་རབས་སྔ་མ་དག་རེད་མོད།རྒྱུ་མཚན་ནི་མིའི་རིགས་ཀྱི་རྩོམ་རིག་འཕོ་འགྱུར་གྱི་ངོས་ནས་བལྟས་འོང་ཚེ།མི་རབས་ཕྱི་མའི་རིང་ལུགས་ནི་མི་རབས་སྔ་མ་དག་ལ་བལྟོས་ཏེ་བྱུང་ཞིང་མི་རབས་སྔ་མ་ནི་སྔ་མ་ལ་བལྟོས་ཏེ་བྱུང་བའི་ལོ་རྒྱུས་ཀྱི་ཆོས་ཉིད་ཅིག་གདའ་ཤིང་།དཔེ་ན།ནུབ་གླིང་གི་རླབས་ཆེན་གྱི་རིང་ལུགས་འཛིན་མཁན་དག་ཀྱང་གཅིག་ལ་གཅིག་བརྟེན་གྱིས་བྱུང་ཞིང་།དེ་དག་གིས་གནས་བབ་ལ་བལྟོས་ཏེ་སྒྱུ་རྩལ་ལས་སྣོན་དང་གསར་རྩོམ་གྱི་ཆོས་ཉིད་དང་མཉམ་དུ་རྒྱང་སྐྱོད་གནང་བ་ཞིག་ལས་རྒྱུ་མཚན་ཅི་ཡང་མེད་པར་གནམ་ནས་ལྷུང་ཡོང་བ་ལྟ་བུ་ཞིག་ནི་གཞར་ཡང་མ་ཡིན་ཏེ།ཡིན་ཀྱང་ག་ལ་སྲིད།དེ་ན་མི་རབས་བཞི་བའི་དར་རྒུད་ནི་མི་རབས་བཞི་བ་དང་འབྲེལ་བ་དམ་ཟབ་ཡོད་ལ།མི་རབས་བཞི་བའི་འཕེལ་རྒྱས་དང་གསར་རྩོམ་རིན་ཐང་ནི་མི་རབས་གསུམ་པའམ་མི་རབས་སྔ་མ་དག་ལ་བལྟོས་ཏེ་བཤད་ན་འགྲིག་གི་འདོད།རྒྱུན་མཚན་མི་རབས་གསུམ་པ་ལ་མཚོན་ན་རང་གི་ལང་ཕྱོགས་དང་ཚུགས་ཐུབ་ཀྱི་སྐད་ཆ་ཡོད་སྲིད་ལ།དེ་བཞིན་མི་རབས་གསུམ་པའི་གསར་རྩོམ་དང་གསར་རྩོམ་གྱི་རིན་ཐང་།གསར་རྩོམ་གྱི་ཁྱད་གཤིས་སོགས་ནི་མི་རབས་སྔ་མ་དག་ལ་བལྟོས་ན་ཅུང་ཐོད་བརྒལ་བྱུང་འདུག་པར་མ་ཟད་མི་རབས་གསུམ་པའི་རོ་བྲོ་ལ་དུས་རབས་གྱི་ལྕེ་དབང་གསར་བ་ཞིག་གིས་མྱངས་དགོས་པར་གདོན་མི་ཟ་ནའང་།མི་རབས་བཞི་བ་ནི་མིང་ཙམ་ལས་དོན་མི་འཁྱོངས་བའི་མི་རབས་ཤིག་རེད་ཅེས་བརྗོད་ན་མི་ཆོག་རྒྱུ་མེད་པར་སྙམ།དེ་ནི་མི་རབས་བཞི་བའི་གནས་སྟངས་དང་མི་རབས་བཞི་བའི་ལངས་ཕྱོགས་ཀྱིས་ར་སྤྲོད་བྱ་ཐུབ་པར་མ་ཟད།དོན་ཏུ་མི་རབས་བཞི་བ་ལ་གླེང་རི་བའི་གསར་རྩོམ་གྱི་བློ་མིག་ཅིག་དང་བཤད་ཆོག་གི་རིན་ཐང་ཅི་ཡང་མ་མཆིས་པས་ཡིན།ལྷག་ཏུ་མི་རབས་བཞི་བ་ནི་མི་རབས་གསུམ་པ་ལ་བལྟོས་ཏེ་བཤད་ན་རྩོམ་རིག་གི་ལངས་ཕྱོགས་མེད་པ་དང་རྩོམ་རིག་གི་བློ་སྦྱོང་ཡོད་མེད་ཅི་རིགས་ཀྱིས་དངོས་ཤུགས་གང་རུང་ནས་ཤེས་ཐུབ།སྤྱིར་སྙན་ངག་གི་ཤོག་ཁ་ཞིག་ལ་མཚོན་ན་རྩོམ་རིག་གི་ལངས་ཕྱོགས་དང་གསར་རྩོམ་གྱི་བློ་མིག་ནི་མེད་ཐབས་མེད་པའི་སྔོན་འགྲོ་ཟུང་ཡིན་པ་འདྲ་ལ།རྟག་ཏུ་མིང་བྱང་རྫིག་པོ་རེ་ཁུར་ནས་སྙན་ངག་འབྲི་ཁུལ་བྱས་ཀྱང་སྙན་ངག་གི་བློ་མིག་མི་མངའ་བའི་མི་ཞིག་ལ་མཚོན་ན་སྙན་ངག་འབྲི་བ་ནི་ཚོར་བ་རྫུན་མ་དང་གསོག་གསོབ་ཀྱིས་ཡོངས་སུ་སྦགས་འདུག་པར་གསལ་ནའང་།རྟག་ཏུ་རང་མཚང་དེ་རང་གིས་སྦས་ནས་རིང་ལུགས་ཤིག་ཨུ་ཚུགས་ཀྱིས་སྤེལ་བ་ནི་་ངོ་གནོངས་དགོས་པ་ཞིག་མ་ཡིན་ནམ།སྤྱིར་རྒྱ་ནག་གི་རྩོམ་རིག་ཡིན་ན་ཆོགནུབ་གླིང་གི་རྩོམ་རིག་གང་ཡིན་ན་སྙན་ངག་གི་ཤོག་ཁ་དང་སྙན་ངག་གི་རིང་ལུགས་འཛིན་མཁན་རབ་དང་རིམ་པ་བྱུང་མྱོང་ཞིང་།ཁོ་ཚོས་རང་ཉིད་ཀྱི་རིང་ལུགས་ལ་རང་གིས་བདག་པོ་བརྒྱབ་སྟེ་གསར་རྩོམ་གྱི་སྙིང་སྟོབས་དེས་འགྲོ་བ་མིའི་རིགས་ཀྱི་རྩོམ་རིག་ལ་དབུ་ཁྲིད་གནང་ནས་སོང་བ་རེད།ཡིན་ཡང་།མིག་སྔའི་བོད་ཀྱི་མི་རབས་བཞི་བ་ནི་མག་མོག་དང་ཅི་བྱ་གཏོལ་མེད་དུ་གྱུར་ཏེ་མཐར་འཇིག་རྟེན་འདི་ནས་ཤི་མ་གསོན་གྱིས་བསྡད་ཡོད་པ་འདི་སུ་ལ་གསང་ཨང་།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རབས་བཞི་བའི་རང་མཚང་རང་སྦས་ཀྱི་རིང་ལུགས་ལ་རྒོལ་བ།

2013-12-09 སྲིན་པོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།