སྙན་ངག་པའི་མིག་ལ་སྣང་བའི་འཇིག་རྟེན་གྱི་སྣེ་གཉིས།

           ___སྙན་ངག༼གཅེར་བུར་བུད་པ༽ཞེས་པའི་ཕྲན་དཔྱད།

          གཅེར་བུར་བུད་པ།
            
                           སྐྱབས་ཆེན་བདེ་གྲོལ།

ནམ་མཁའི་ཁ་སྤྲོད་ཀྱི་མཚོ་མོ་འདི་མཛེས་དྲགས་པས
ང་རང་གློ་བུར་དུ་གཅེར་བུར་བུད
གཅེར་བུར་འབུད་པ་ནི་གཉིད་ལས་སད་ཚུལ་ཞིག་རེད་དེ
གྱོན་ཆས་དེ་དག་རྨི་ལམ་ལྟ་བུའི་མཚོ་རླབས་ཀྱིས་ཐག་རིང་དུ་ཁུར་སོང
 
ང་ཡི་རྒྱབ་ཕྱོགས་ནས་འབོད་མཁས་པའི་བདག་པོ
ད་ལྟ་ང་ལ་ཕྱིར་མིག་བལྟ་བའི་ཁོམ་ལོང་མི་འདུག
ཐེངས་དང་བོར་རྐྱལ་རྩལ་བསླབ་པ་ལས
རྐང་ལག་འདི་དག་ལ་ཁྱོད་ཀྱིས་མ་བསླབ་པའི
བཀོལ་ཡུལ་གཞན་ཞིག་ཡོད་པ་ཤེས་སུ་བཅུག་སོང
 
རིམ་བཞིན  མཚོ་མོ་འདི་ཆུ་ཁོ་ནར་གྱུར་སོང
ང་རང་ཉིད་ཀྱང་ཆུ་རུ་གྱུར་སོང
ཁྱོད་ཀྱིས་དྲག་ཆར་གྱིས་དཀྲུགས་པའི་དབའ་ཀློང་དེའི་ཁྲོད་ན
གང་ཞིག་ང་ཡིན་པ་མཐོང་གིན་ཨེ་འདུག
 
གཅེར་བུར་འབུད་པ་ནི་གཉིད་དུ་ཡུར་ཚུལ་ཞིག་ཀྱང་རེད།

    སྐྱབས་ཆེན་བདེ་གྲོལ་གྱི་སྙན་ངག
  རྩོམ་རིག་ནི་མ་གཞི་ནས་མིའི་རིགས་ཀྱི་འཚོ་གནས་བྱེད་སྟངས་ཤིག་ཡིན་པ་ནི་མི་དང་རྩོམ་རིག་གི་རྟེན་བྱུང་འབྲེལ་བ་ལས་གྲུབ་པའི་བརྩེ་གདུང་གི་བློ་ཁམས་དང་སྣང་སྲིད་ཀྱི་ངོ་བོར་འཕོས་པའི་རྟོགས་པའི་བདག་རྐྱེན་དེ་ཡིན་ཞིང་།འཁོར་བ་དང་སྐྱེས་འཆིས་བཏེགས་པའི་ཚེ་སྲོག་གི་གད་རྒྱངས་རིང་མོ་དེའི་ཕྱིར་རྩོམ་པ་པོས་འཇིག་རྟེན་གྱི་སྣེ་ཞིག་སྐད་ཅིག་མའི་འཚོལ་ཞིབ་ལ་སྦྱངས་པའི་དཔྱོད་ཤེས་ཀྱི་མིག་ཟུང་ཀེམ་ཀེམ་དུ་འཇིག་རྟེན་གྱི་སྣེ་གཞན་ཞིག་ཏུ་བཅར་བ་ན་བར་སྟོང་གིས་མནར་བའི་ནམ་མཁའ་དང་རྒྱ་མཚོ་ཡིན་པ་གཞི་ནས་རྟོགས་ལ།སྒྱུ་རྩལ་གྱི་རྟོགས་གཞིགས་གསར་བའི་ཁྲོད་ཤུགས་དྲགས་པའི་སེམས་བྱུང་གི་ཚོར་འདུའི་རྒྱུད་སྐུད་ལ་བསྟར་ཡོད་པ་ནི་ནམ་མཁའ་དང་མཚོ་མོ་གཅེར་བུར་བུད་པ། གྱོན་ཆས་དང་རྨི་ལམ། རྐྱལ་རྩལ་དང་རྐང་ལག  ཆུ།  དྲག་ཆར་དང་དབའ་ཀློང་སོགས་གཅིག་བསྡུས་སྒྱུ་རྩལ་མཚོན་སྟོབས་ཅན་གྱི་ཡིད་གཟུགས་མཐའ་དག་དང་སྐྱེ་འཇིག་གནས་རྙིང་གི་ཆོས་ཉིད་ཅན་རྨང་ནས་རྙེད་སོང་བའི་སྙན་ངག་པའི་རྟོག་པ་གསར་བ་དེ་ཡིན།
   དེ་ཡང་རྟག་པ་དང་མི་རྟག་པའི་ངོ་བོར་དཔྱད་འཇོག་གིས་གཅེར་བུར་བུད་པ་ནི་གཉིད་ལས་སད་ཚུལ་ཅིག་ནས་གཉིད་དུ་ཡུར་ཚུལ་ཅིག་ཡིན་པའི་གནས་ལུགས་འཐུ་བཞིན་ཕྱི་རོལ་གྱི་འཁོར་འདས་ཐམས་ཅད་འདུས་བྱས་ཀྱི་ཆོས་མི་རྟག་པའི་རང་བཞིན་དུ་གནས་པའི་སྙན་ངག་གི་ཤེས་པ་བླུས་ཤིང་།སྙན་ངག་པར་ཡུན་རིང་གི་མི་ཚེའི་འཚོལ་རྟོགས་ཀྱི་ཤུལ་ལམ་ཁྲོད་འཕྲུལ་སྣང་མ་རིག་པའི་བསླུ་བྲིད་གང་མང་ཞིག་ཐེབས་པ་དང་དཔག་པར་དཀའ་བའི་ཕྱི་སྣོད་ཀྱི་འགལ་འདུ་མོད་པོ་ཞིག་གིས་ དམ་དུ་བཀྱིགས་ཡོད་པ་ནི་དུས་ཚོད་དང་དངོས་པོའི་གནས་ཚོད་མཐའ་དག་གི་བར་སྟོང་ལས་མ་ཐར་བའི་ན་ཟུག་གི་སྐྱོ་གདུང་ཡིན་པས།ཁོ་བོའི་འདུ་ཤེས་ཁྲོད་བག་ལ་ཞ་བ་ནི་བླ་སྲོག་གི་སྒྲ་དབྱངས་ལས་བཞུར་བའི་ནང་སེམས་ཀྱི་རླབས་རིས་དག་རྣམ་པར་གཡོ་སའི་ཐོག་རེག་བཀག་ཙམ་གྱི་མེད་དགག་ཏེ་འདུས་མ་བྱས་ཀྱི་རྟག་པའི་ནམ་མཁའ་ཡིན་པར་འདོད།སྤྱིར་སྙན་ངག་ལ་ཁུར་བའི་འགན་འཁྲི་དང་སྒྱུ་རྩལ་ལ་ཁུར་བའི་འགན་འཁྲི་གང་ནས་ཀྱང་སྙན་ངག་པ་ནི་རྒྱུ་འབྲས་དྲང་སྙོམས་ཐོད་ལ་བཞག་ཞིང་སྐད་ཆ་རང་སྟེང་གི་མཛེས་པ་ལས་གྲོལ་ཏེ་ཡོངས་ཁྱབ་ཀྱི་སྒྱུ་རྩལ་མཛེས་པ་ཞིག་ཏུ་བཞེངས་བསྐྲུན་བྱ་བ་འདི་ཡིན་ལ།ལྷག་དོན་ལྷད་མེད་དྭངས་གཙང་གི་སེམས་ཁམས་བརྒྱུད་སྤྲོད་དང་བབ་ཆགས་གཤིས་ལྡན་གྱི་མི་མངོན་པའི་སྟོབས་ཤུགས་ཤིག་ཀློག་པ་པོའི་སེམས་བྱུང་དུ་འཕོ་རུ་འཇུག་པ་ནི་སྙན་ངག་པའི་ཆེས་མཐོའི་ཀུན་སྤྱོད་ཅིག་ཡིན།འདིར་རྩོམ་པ་པོས་འཚོལ་གྱིན་པའི་ཕུགས་བསམ་གྱི་མཚོ་མོའི་ རླབས་རིས་དང་འགྲོགས་ཏེ་ནམ་མཁའ་ལ་རྒྱབ་ཀྱིས་ཕྱོགས་ཤིང་།ལྟོས་བཅོས་ཀྱིས་རང་ཉིད་ལ་དབང་ཟིན་པའི་རྐང་ལག་གི་བཀོལ་ཡུལ་གཞན་ཞིག་ཏུ་བསྒྱུར་ཀྱང་རིམ་བཞིན་མཚོ་མོ་ཆུ་རུ་གྱུར་བ་དང་ རང་ཉིད་ཀྱང་ཆུ་རུ་གྱུར་ཟིན་པའི་རྟོག་པ་ལག་མཐིལ་ལ་བླངས་ནས་དོན་དམ་གྱི་མི་རྟག་པ་རྒྱུད་ལ་འཁྲུངས་པ་ནི་སྙན་ངག་འདིའི་རྟོག་པའི་ཡང་རྩེ་དེའོ།།
     ཆུ་བོ་ཐུར་དུ་འབབ་པ་དང་མེ་ལྕེ་གྱེན་དུ་འབར་བའི་ཆོས་ཉིད་ལྡོག་དཀའ་བ་བཞིན་འཇིག་རྟེན་གྱི་དངོས་པོའི་གཤིས་ལུགས་ཡོད་རྒུ་སྐད་ཅིག་མའི་ར་མདའས་བདའ་བཞིན་ཡོད་ཚད་རང་ཉིད་ཀྱི་སྨྱུག་རྩེ་ནས་ཤོར་བ་དང་།ཁོར་ཡུག་གིས་སྐུལ་བའི་ཐོག་མའི་གདམ་ག་ནས་མཐའ་མའི་ངེས་ཤེས་རྙེད་ཚུལ་དེ་རང་ཉིད་གྲོལ་བ་དང་སད་པའི་བདེན་གྲུབ་གྱི་ལམ་བུ་རྣལ་མ་ཞིག་ཏེ།སྙན་ངག་པས་ལྷོད་ལྷོད་ལ་བབས་པའི་ནང་སེམས་ཀྱི་ཚོར་བ་ཕྲ་རགས་དག་ལྗིད་ཏིག་ཏིག་གི་མི་ཚེའི་ཕྲེང་ཐག་ཏུ་རྒྱུས་པ་ནི་ནམ་མཁའ་དང་མཚོ་མོ་ལས་བྲིས་པའི་སྙན་ངག་གི་ཁམས་དེ་ཡིན་སྲིད་པས།རྩོམ་རིག་ནི་དངོས་ཡོད་འཚོ་བ་ལས་མཐོ་༼ཡ་ལི་སི་ཏོ་ཏི༽ཞེས་པ་ལྟར།སྙན་ངག་མཁན་གྱིས་དངོས་ཡོད་འཚོ་བའི་ཕྱི་ རྣམ་དང་སྣང་ཚུལ་ལ་ལད་ཟློས་བྱས་པ་མ་ཟད།སྣང་ཚུལ་གང་དེའི་ལྟག་རྒྱབ་ཀྱི་ཡོངས་ཁྱབ་ཆོས་ཉིད་དང་ངོ་བོ་ཕྱིར་འདོན་བགྱིས་པ་དང་དངོས་ཤུགས་སོགས་མངོན་ལྐོག་གང་རུང་ནས་རང་སྣང་ཡན ་གར་བ་མ་ཡིན་པར་དྲན་གཞིགས་དང་རྟོགས་འཆར་ལས་བསླངས་པའི་སྙན་ངག་གི་བདེན་དགེ་ མཛེས་གསུམ་དེ་ཇི་ལྟ་ཇི་རྙེད་བཞིན་བཏོན་ཡོད་པར་འདོད།
     སྙན་ངག་འདི་ཚན་པ་བཞིས་རྫོགས་པའི་བདག་ཉིད་ཅན་ཞིག་ཏེ།ཚན་པ་རེ་རེའང་སྙན་ངག་པའི་ཚོར་བའི་ཁམས་ལ་དྲངས་ནས་ཡོད་པ་དང་།ཚན་པ་དང་པོར་སྙན་ངག་པ་མཚོ་མོའི་མཛེས་པས་བསླུས་ནས་འཇིག་རྟེན་གཞན་ཞིག་གི་ཞིང་ཁམས་སུ་གོམ་པ་སྤོ་འགོ་ཚུགས་པ་ནི་གནས་ལུགས་མ་ རྟོགས་པར་སྣང་ལུགས་ཀྱིས་བཟི་བའི་སྙན་ངག་གི་ཐོག་མའི་རྟོག་པའི་འཕེལ་རིམ་ཡིན་ཞིང་སྙན་ངག་པའི་འཚོལ་སྙེགས་ཀྱི་ལམ་ཁ་ནས་ཐེབས་ཟིན་པའི་སྣང་སྲིད་ཀྱི་བརྡབ་གསིག་དང་བོ་ཡིན་ཕྱིན།མཚོ་ མོའི་འཇིངས་སུ་བསྐྱལ་འདོད་ཀྱི་ངར་སེམས་ཀྱིས་ཅི་ཞིག་དྲན་པའང་བརྗེད་སོང་བ་ལྟར་གློ་བུར་བའི་ངང་གཅེར་བུར་བུད་ཅིང་།ཐ་ན་རང་ཉིད་ཀྱི་གྱོན་ཆས་མཐའ་དག་ཀྱང་རླབས་ཕྲེང་གིས་འཁུར་འདོད་པའི་དོགས་པ་ཡེ་ནས་བོར་བ་ནི་མིའི་ཧོར་རྒྱུགས་ཀྱི་རང་གཤིས་མངོན་གསལ་དུ་བཏོན་ཡོད་པར་ སེམས།ཚན་པ་གཉིས་པར་བདག་གཞི་གྲུབ་ཀྱི་མིའི་རིན་ཐང་མངོན་ཚུལ་དུ་བློ་ཁ་ཕྱོགས་ནས་རང་ དབང་གི་གདམ་གར་ལག་འཇུ་བྱ་འགོ་བརྩམས་ཤིང་འདས་མ་ད་གསུམ་གྱི་འགྱུར་བ་དང་འཕེལ་ ཕྱོགས་ལ་སེམས་འཚུབ་ཀྱིས་ཁེངས་ཡོད་པ་ནི་ངོ་ལོག་དང་གསར་བསྐྲུན་ཅིག་ཅར་དུ་བྱུང་བའི་སྙན་ ངག་པའི་རྟོག་པའི་འཕེལ་རིམ་བར་མ་དེ་ཡིན།ཚན་པ་གསུམ་པར་དུས་ཚོད་ཀྱི་འཁོར་བ་ལས་ཡོད་ ཚད་ཟད་ཀྱིན་པའི་ཟག་བཅས་ཀྱི་སྡུག་བསྔལ་མཐའ་དག་ཚོར་བ་ནི་སྙན་ངག་པའི་རྟོག་པ་མཐོ་ཤོས་ཡིན།ཚན་པ་བཞི་བར་དོན་དམ་གྱི་མི་རྟག་པ་རྒྱུད་ལ་འཁྲུངས་པ་ནི་སྙན་ངག་པའི་རྟོག་པའི་ཡང་རྩེ་ཡིན་པར་འདོད་ཅིང་ཚན་པ་བཞི་བོ་དཀྱུས་གཅིག་ཏུ་དྲིལ་ཏེ་ཡང་བསྐྱར་ཚོར་བའི་གཏིང་རིམ་དུ་ འགུལ་ན་སྙན་ངག་པའི་ཆེས་རྣོ་བའི་ཚོར་ཤེས་དག་རང་ཉིད་ཀྱི་བླ་སྲོག་འདར་འགུལ་ལ་བརྟེན་ནས་མི་ཡུལ་ལ་མི་སེམས་སྒུལ་བའི་སྒྱུ་རྩལ་གྱི་ཕོ་བྲང་གསར་བ་ཞིག་བཞེངས་པ་དེའོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་པའི་མིག་ལ་སྣང་བའི་འཇིག་རྟེན་གྱི་སྣེ་གཉིས།

2013-10-28 ཕྱོགས་ཁྱུང་སྲས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།