རྟ་ནག་སྒྲོག་འགྲོས་ཞེས་པའི་གླེང་མོལ་བརྩམས་སྒྲུང་ལ་རགས་ཙམ་དཔྱད་པ།

རྡོ་སྦིས་ལྷ་ལུང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-12-29

  སྤྱིར་རྩོམ་རིག་ཅེས་པ་ནི་སྤྱི་ཚོགས་འཚོ་བའི་འདུ་ཤེས་འཛིན་སྟངས་ཁྱད་པར་བ་ཞིག་དང་དམིགས་བསལ་བ་ཞིག་སྟེ། སྐད་ཆའི་སྒྱུ་རྩལ་ལ་བརྟེན་ནས་སྣང་བརྙན་དང་དཔེ་མཚོན་ལྡན་པའི་སྒོ་ནས་སྤྱི་ཚོགས་འཚོ་བ་ཚུར་སྣང་པ་བརྒྱུད། རྩོམ་པ་པོའི་དགའ་སྡང་ཆགས་ཞེན་སོགས་མཚོན་པར་འཇུག་པ་ཞིག་ལ། རྩོམ་རིག་གསར་རྩོམ་གྱི་ལས་འགན་གཙོ་བོའང་སྒྱུ་རྩལ་གྱི་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་གསལ་ཞིང་འབུར་དུ་ཐོན་པའི་རང་གཤིས་ཡོད་པའི་མི་སྣའི་སྣང་བརྙན་གསར་བཞེངས་བྱ་རྒྱུ་དང་། གསོན་ཉམས་ལྡན་པའི་སྒྱུ་རྩལ་གྱི་སྣང་བརྙན་བརྒྱུད་ནས་སྤྱི་ཚོགས་འཚོ་བ་མཚོན་པ་དང་ཀློག་པ་པོའི་ཡིད་ལ་བག་ཆགས་ཟབ་མོ་ཞིག་འཇོག་དགོས་པ་དེ་ཡིན་པས་བརྩམས་སྒྲུང་ཡང་དེ་ལས་མ་འདས། བརྩམས་སྒྲུང་ནི་སྒྱུ་རྩལ་གྱི་དོ་ར་ཞིག་དང་རོ་ནུས་ཀྱི་ཞིམ་མངར་ལྡན་པའི་སྤྱི་ཚོགས་འཚོ་བའི་དངོས་ཡོད་གནས་ཚུལ་དག་རྩོམ་པ་པོའི་ཀླད་པའི་ངལ་རྩོལ་ལས་འབྲས་བུ་རྣམ་སྨིན་འབྱུང་གི་ཡོད་པས་ན་ཕྲན་ལྟ་བུ་བློ་དམན་ལེ་ལོ་ཅན་ཞིག་གིས་རྟ་ནག་སྒྲོག་འགྲོས་ཞེས་པའི་བརྩམས་སྒྲུང་སྐད་གྲགས་ཅན་འདི་ལྟ་བུ་ཞིག་ལ་དཔྱད་བརྗོད་བྱ་རྒྱུད་ནུས་པ་ཕྲ་མོ་ཙམ་མེད་མོད་ཡིན་ན་ཡང་འཛམ་གླིང་མཁས་བའི་གསུངས་འདུས་ལས་ཚོད་ལྟ་ནི་ཉམས་མྱོང་གི་རྨང་གཞི་ཡིན་པ་དང་ཉམས་མྱོང་ནི་གསར་གཏོད་ཀྱི་སྔོན་འགྲོ་ཡིན་པས་བདག་བློ་ཅི་ནུས་ཀྱི་དཔྱད་བརྗོད་འདིར་ཐབས་ལ་འབད་བརྩོན་བྱེད་པ་ཡིན།    སྤྱི་ཁ་སང་དེ་རིང་ཡོངས་གྲགས་དུ་བཤད་བསྡད་བཞིན་པའི་’’སྐྱོན་ཅི་ཡང་མེད་པའི་བརྩམས་ཆོས་གང་ཡང་མེད་ལ།སྐྱོན་རྐྱང་རྐྱང་ལས་གྲུབ་བསྡད་པའི་བརྩམས་ཆོས་ཡང་མེད་’’ཞེས་པའི་དཔེ་ལྟར་བདག་གིས་ཀྱང་གནའ་མིའི་མཁས་དབང་དག་གིས་བསམ་བློའི་མིག་ཤེལ་གྱི་རང་མདངས་དང་དཔྱད་སྟོབས་ཀྱི་རིག་གསར་པ་ཞིག་གཡར་ནས་བོད་ཀྱི་བརྩམས་སྒྲུང་ཁྲོད་དུ་གོ་གནས་ཅུང་ཙམ་ཡོད་པའི་རྩོམ་པ་པོ་ལྷུན་གྲུབ་ལགས་ཀྱི་བརྩམས་པའི་རྟ་ནག་སྒྲོག་འགྲོས་སྐོར་ལ་ཅུང་བཤད་པ་ལེགས་སོ།
    སྤྱིར་སྒྲུང་རྩོམ་འབྲི་བ་ལ་མི་སྣ་དང་བྱུང་རིམ་ཁོར་ཡུག་གསུམ་ངེས་པར་དུ་གཞི་གཅིག་གི་རྣམ་པའི་སྟངས་ནས་བརྩམས་སྒྲུང་དེ་བྱུང་རིམ་དང་མི་སྣ་བཀོད་སྒྲིག་བྱེད་པ་དག་རྩོམ་པ་པོའི་ཁམས་དང་མོས་པ་ལ་བསྟུན་ནས་གོ་རིམ་ལྡོག་སྟེ་བརྗོད་པ་དང་བར་བཅུག་གིས་བརྗོད་པ་དག་བྱུང་རིམ་ཇི་བཞིན་འབྲི་བ་སོགས་མང་པོ་ཡོད། ཡིན་ནའང་ད་ལྟ་ང་ཚོས་ཁྲིད་བཞིན་པའི་རྟ་ནག་སྒྲོག་འགྲོས་ཞེས་པའི་བརྩམས་སྒྲུང་འདི་ནི་སྐད་ཆའི་གླེང་མོལ་ཁོ་ནའི་ལམ་ནས་བྲིས་པའི་བརྩམས་སྒྲུང་ཞིག་ཡིན་པ་དང་བརྩམས་སྒྲུང་འདི་མགོ་འཇུག་བར་གསུམ་གྱི་བྱུང་རིམ་རྙོག་འཛིང་མེད་པར་མ་ཟད་ཀློག་པ་པོའི་གོ་སླ་ཞིང་ཁ་གསལ་བ་མི་སྣའི་རང་གཤིས་གསོན་ཉམས་ལྡན་པ་དང་སྣང་བརྙན་འབུར་དུ་ཐོན་པ་བྲིས་ཡོད་པས་རྩོམ་པ་པོའི་སྐབས་དེར་སྤྱི་ཚོགས་འཚོ་བ་དངོས་གསལ་འདོན་བྱེད་ཡོད་པ་རེད། ལྷག་པར་དུ་བརྩམས་སྒྲུང་འདིའི་བརྗོད་སྙིང་གཙོ་བོ་ནི་སྔ་མའི་སྤྱི་ཚོགས་རྙིང་པའི་ནང་གི་ཕྱུག་བདག་གི་ཡ་ང་སྙིང་རྗེ་མེད་པའི་ཧམ་སེམས་དང་གཡོ་སྒྱུ་ཁྲམ་གསུམ་དེ་ལ་ནམ་ཡང་མི་བཀུར་བའི་བོད་མི་རིགས་ཀྱི་མི་དམངས་དཀྱུས་མ་རྣམས་ཀྱི་བསམ་བློ་གདེང་སྤོ་དང་ཞུམ་པ་མེད་པའི་སྙིང་སྟོབས་ལ་རྩོམ་པ་པོས་ཡིད་སེམས་གཏིང་ནས་བསྔགས་བརྗོད་བྱེད་ཡོད་པའང་མངོན་གསལ་དོད་པོའི་སྒོ་ནས་གསལ་བོ་མངོན་འདུག
ཁོ་བོའི་བསམ་བློ་འདྲ་མིན་ཞིག་བཏང་བའི་རྗེས་སུ་རྩོམ་ཡིག་འདི་ཁ་བྱང་ལ་རྟ་ནག་སྒྲོག་འགྲོས་ཞེས་འདོགས་དགོས་དོན་ཡང་སྐབས་དེར་བོད་ཀྱི་སྤྱི་ཚོགས་ཀྱི་མཚོན་དོན་དེ་རྟ་ནག་པོ་ཞིག་སྦྱར་ནས་ཞིང་བདག་བྲན་རིམ་གྱི་ཕྱུག་པོ་ཚོས་གཡོག་པོ་ཚོ་ལ་ཡ་ང་སྙིང་རྗེ་མེད་པའི་སྒེར་དབང་གི་བསམ་བློ་དེ་སྒྲོག་ལ་སྦྱར་བ་དང་མི་དམངས་དཀྱིལ་མ་དག་གི་རང་དབང་ལ་ཚོད་འཛིན་དང་གཉའ་གནོན་ཇི་འདྲ་བྱས་ཀྱང་ཁོང་ཚོས་སེམས་ལ་་སྐྱིད་ཀྱི་མགོ་འཕང་དམའ་དགོས།སྡུག་གི་མགོ་འཕང་མཐོ་དགོས་་ཟེར་པ་ལྟར་གདོང་ལེན་གྱི་སྙིང་སྟོབས་དང་ཞུམ་པ་མེད་པར་འདུན་པ་དེ་མདུན་ནས་མདུན་དུ་བསྐྱོད་པའི་སྤོ་པ་དང་རྟ་ནག་པོ་སྒྲོག་ལ་བརྒྱབས་ཀྱང་འགྲོ་བའི་འགྲོས་ལ་སྦྱར་ཡོད་པ་དང་འདྲ་བའི་སྐབས་དེར་སྤྱི་ཚོགས་ནི་མུན་ནག་གི་དུས་ཞིག་ཡིན་པ་བཞེངས་བསྐྲུན་བྱས་ཡོད་པ་རེད། སྐབས་དེར་རྩོམ་པ་པོས་མི་སྣའི་སེམས་ཁམས་དང་བསྟུན་ཏེ་བརྩམས་སྒྲུང་གི་མགོ་འཇུག་བར་གསུམ་དུ་ཁོར་ཡུག་ཞིབ་འབྲི་བྱས་ཡོད་པ་དང་ཁོར་ཡུག་དེ་ཡང་མི་སྣ་གཙོ་ཕལ་གཉིས་ཀྱི་མིག་དབང་བེད་སྤྱོད་བྱས་ཏེ་བྲིས་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ལྡན་ཡོད་པ་དེ་ནི་བརྩམས་སྒྲུང་ནང་གི་མི་སྣ་གཙོ་བོ་རྟ་མགྲིན་རྡོ་རྗེ་ཡི་རང་གཤིས་དང་སྤྱོད་ལམ་ངོ་མ་དེ་རྩོམ་པ་པོས་རོང་ཚ་བཀྲ་ཤིས་མཚོ་དང་ཨ་མ་རྒན་མོའི་གཉིས་ཀྱི་གཏམ་གླེང་གི་གོ་རིམ་ལ་བརྟེན་ནས་གསལ་པོར་མཚོན་པར་བྱས་ཡོད་པས་དེ་ནི་བརྩམས་སྒྲུང་འདིའི་ནང་གི་མཛེས་དཔྱོད་ཁྱད་འཕགས་ཅན་ཞིག་ཡིན་ཟེར་ནའང་མི་ཆོག་རྒྱུ་མེད།
     ལྷག་པར་དུ་སྐབས་དེར་སྤྱི་ཚོགས་གི་གནས་སྟངས་ཐད་ལ་ལྟ་ཡོང་དུས་ཀློག་པ་པོ་གང་མང་དག་གི་སེམས་སུ་བཟོད་མི་ཐུབ་པའི་ན་ཟུག་ཅིག་དང་རོང་ཚ་བཀྲ་ཤིས་མཚོ་དངོས་སུ་གཉེར་ཚང་ལ་སོང་ཡོད་མེད་ཀྱི་དོགས་སློང་ཞིག་གི་སྒོ་མོ་ཕྱེས་པའི་ནུས་པའང་ལྡན་ཡོད་པ་རེད།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྟ་ནག་སྒྲོག་འགྲོས་ཞེས་པའི་གླེང་མོལ་བརྩམས་སྒྲུང་ལ་རགས་ཙམ་དཔྱད་པ།

2012-12-29 རྡོ་སྦིས་ལྷ་ལུང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།