ཁ་བྱང་གཅིག་པའི་སྙན་ངག་༼ཟླ་བ་དཀར་པོ་ཨེ་རེད་༽ལ་དགག་པ།

          ——༼ཟླ་བ་དཀར་པོ་ཨེ་རེད༽ཅེས་པའི་སྙན་ངག་ཐད་བཤད་པ།
  ཟིན་བྲིས་བའི་སྡེ་ན་སྔ་ཉིན་ལས་ཕྱི་ཉིན་མང་པའི་སྙན་ངག་༼ཟླ་བ་དཀར་པོ་ཨེ་རེད༽་ཟེར་བ་འབྲི་དང་འབྲི་བཞིན་ཡོད་པ་འདི་ནི།རྩོམ་པ་པོའི་སྡེ་ལ་ཀུ་རེ་རྩེས་བ་ཞིག་རེད་ཨང་།༼སྙན་ངག་གི་མཐར་ཐུག་སངས་རྒྱས་ཡིན༽་དང་།༼སྙན་ངག་གི་མཐར་ཐུག་སྟོང་ཉིད་༽སོགས་སུ་ཐུགས་ཐག་བཅད་པའི་སྙན་ངག་པ་རྒན་དར་གཞོན་གསུམ་མེད་པ་སྐོར་ཞིག་འུར་གྱིས་འཚོགས་དེ་འདུ་ར་ཆུང་ཆུང་ཞིག་བསྐྲུན་པ་འདི་ནི་༼ཟླ་བ་དཀར་པོ་ཨེ་རེད་༽ཅེས་ཁ་བྱང་གཅིག་པའི་སྙན་ངག་དག་གོདོན་དག་འདི་ནི་ངོ་མ་རང་ལ་མཚོན་ན་ཧང་སངས་བ་ཞིག་ཡིན་སོང་།དེང་རབས་བོད་ཀྱི་སྙན་ངག་པ་སྐྱབས་ཆེན་བདེ་གྲོལ་ལགས་ཀྱིས་༼བདག་གིས་ཁྱོད་ཀྱི་མདུན་ནས་སྒྱུ་རྩལ་གྱི་ཕམ་ཉེས་ཤིག་གླེང་བས་ན་ཁྱེད་ཀྱིས་བདག་གི་རྗེས་ནས་གསར་གཏོད་ཀྱི་རིན་ཐང་ཞིག་འཚོལ་དགོས་དོན་ཅི་ཡང་མེད་༽གསུང་བ་ནི་ཅི་ཡང་འཁྱོང་གི་མེད་པའི་བོད་ཀྱི་ལད་མོ་རྐྱང་རྐྱང་གི་ལམ་དུ་བུད་པའི་གསར་བུ་གསར་མོ་རྣམས་ཀྱི་སྙན་ངག་ལ་ཆེད་དུ་བྲིས་པ་མ་ཡིན་ནམ།
  སྙན་ངག་པ་རེ་རྐང་གླིང་ལགས་ཀྱིས་༼ཁ་བྱང་གཅིག་པའི་སྙན་ངག་༽གི་གསར་བརྡ་མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་དྲ་བ་རུ་བཏང་ནས་སྐར་མ་བཅུ་ཙམ་མ་འགོར་བའི་མཚམས་སུ་ཀློག་པ་ཡིན།འོས་སྤྱོར་ཁྲོད་རྒན་དཔལ་རྩེ་ལགས་ཀྱི་སྙན་ངག་གཅིག་པུ་ལས་མེད་ནའང་།༼རིག་འབྱུང་དྲ་བ་༽ན་ཡོད་པ་བཤད་འདུགཧེབ་དང་ངར་གྱིས་དྲ་བ་དེ་སྒོ་འབྱེད་པ་ན་སྙན་ངག་པ་དཔའ་རྩེ་ལགས་ཀྱི་གཙོ་བྱས་ནས་མི་རབས་གསུམ་པའི་སྙན་ངག་པ་མར་ཁུ་རྒྱལ་མཚན་སོགས་སྙན་ངག་པ་ང་ཡིན་ཁྱོད་ཡིན་ཟེར་བ་སྐོར་ཞིག་གིས་༼ཟླ་བ་དཀར་པོ་ཨེ་རེད་༽ཟེར་བའི་སྙན་ངག་དུམ་བུ་ཞིག་འདུགང་རང་གིས་ཀློག་ཐོ་ཙམ་ཞིག་གི་བརྡ་དོད་དང་བསམ་ཚུལ་ཉུང་ཙམ་གླེང་བ་ཡིན།དྲན་མི་བཟོད་པ་ཞིག་ལ་རེ་རྐང་གླིང་ལགས་ཀྱིས་ང་ལ་ཁོང་ཁྲོའི་སྐད་ཆ་ཞིག་ལབ་སོང་།དེ་ནས་ངས་༼ཡ་ཡ་ལགས་ལགས༽་ཟེར་ནས་ཕྱིར་འོང་བ་ལས་བཙན་གཏམ་སྒྲོག་པའི་སྤོབས་པ་གཏིང་ནས་ཡོད་མ་སོང་།༼ང་ནོར་སོང་ནོར་སོང་༽མ་ཟེར་བ་ཙམ་གྱིས་ཕྱིར་འོང་བ་ཡིན།ངས་འདང་རྒྱག་ཕྱོགས་དང་ཁོ་ཚོའི་བསམ་གཞིགས་གཏོང་སྟངས་ལ་བར་ཆད་ས་དང་གནམ་ཡིན་ནའང་སྐད་ཆ་བཤད་པའི་ཁོར་ཡུག་ཅིག་ཡོད་ན་འདོད་ནས་དེ་རིང་འདི་བྲིས་པ་ལགས་སོ།
  མང་པོ་ཞིག་གིས་༼སྙན་ངག་ལ་དོན་གྱི་མཐའ་མེད་༽ཚུལ་དང་༼སྙན་ངག་འགྲེལ་བྱ་མིན་པར་མྱོང་བྱ་ཡིན་༽ཚུལ་༼གབ་བྱ་མེད་པའི་སྙན་ངག་ནི་བསྐལ་བའི་བར་དུ་གནས་མི་ཐུབ་༽སོགས་སྐད་ཆ་ལྡོམ་པོ་དག་ཁྱེར་འོང་ནས་གང་ལ་གང་འདོད་དུ་མ་ཎི་འདོན་འདོན་བྱས་ནའང་།དོན་ངོ་མ་སྙན་ངག་འབྲི་བའི་ཚེ་ན་ཚོར་བ་བཙལ་བའམ།ཚོར་བ་བཙན་གྱིས་བཙུར་བ་ནི་སྙན་ངག་གི་མཐར་ཐུག་སྟོང་ཉིད་དང་སངས་རྒྱས་ཡིན་པས་ཨེ་ཡིན།དེང་རབས་སྙན་ངག་ཟེར་བ་ནི་ཅི་ཞིག་ཡིན།དཔེ་རྒྱན་དང་གཟུགས་རྒྱན་སོགས་དོན་རྒྱན་སོ་ལྔས་བཅང་བ་ཞིག་ཡིན་ནམ།ཡང་ན་བསྐྱར་ལེན་ཡང་ལེན་གྱི་མ་ཎི་པད་དབྱངས་ལྟ་བུ་ཞིག་ཡིན།བསྐྱར་པར་དང་ཡང་པར་གཏོང་པའི་འཕྲུལ་ཆས་ལྟ་བུ་ཞིག་ཡིན།གང་ལྟར་དེ་རིང་གི་ཉི་མར་ལོ་རབས་སྔོན་མ་ལྟར་ཁ་བྱང་གཅིག་པའི་སྙན་ངག་ལ་འཚང་ཁ་རྒྱག་པ་ནི་རང་ཉིད་ཀྱི་ཆུ་ཚད་བཤམས་སྟོན་བྱེད་པ་ཞིག་མ་ཡིན་གྲང་།ཡང་གཅིག་བཤད་ན་དེང་སང་སྙན་ངག་འབྲི་བ་དང་སྙན་ངག་བཤད་མཁན་ལྟོས་བཅས་ཀྱི་ཤིན་ཏུ་མང་ནའང་།ལར་འདང་རེ་རྒྱབ་ན་སྙན་ངག་ཟེར་བ་དེ་ངོས་གནས་ཁ་ནས་བཤད་རྒྱུའམ་ཤོད་རྒྱུ་ཞིག་གཏད་ནས་ཡིན་པར་མི་འདོད་དོ།སྔོན་རབས་ཀྱི་སྐྱེས་བུ་ཆེན་པོ་དག་གིས་དཔྱད་བརྗོད་རེ་ཁ་ནས་བརྡོལ་བ་ནི་སྙན་ངག་པ་ཡིན་པར་མི་འདོད་དེ།རང་ཉིད་ཀྱི་རྩོམ་རིག་གི་ལམ་ཁ་ནས་གཞན་ཞིག་ཚུར་ལ་མ་བཏགས་པར།རང་ཉིད་ཕར་ལ་མ་དེད་པར་གཙང་རྐྱང་གི་སྙན་ངག་ཅིག་ནི་རེ་བའོ།ད་དུང་དེང་སང་གི་ཕྲན་དཔྱད་པ་དག་གིས་སྐད་ཆ་ཇི་ལྟར་བཤད་རུང་སྲོལ་རྒྱུན་གྱི་གཞུང་ལུགས་ཆེན་པོ་སོགས་ཀྱི་ཚིག་ཟིན་ལས་འབུད་ཀྱིན་པའི་༼འགྲེལ་༽ཟེར་བ་ཞིག་རྒྱག་གིན་པ་ཏག་ཏག་རེད་དོ།གཞན་སྙན་ངག་སོ་སོའི་ནང་ཁོག་གི་ཚོར་བ་ཟིན་པའི་ཕྲན་དཔྱད་ནི་རི་བོང་གི་རྭ་ཡིན་ནོ།མོ་ཤམ་གྱི་བུ་རེད་དོ།དད་པ་ཅན་ལ་པད་འབྱུང་སྒོ་ཉལ་ཡོད་ཟེར་བ་ལྟར་སྙན་ངག་པ་གཅན་མེ་སྟག་ལགས་ལ་ཏན་ཏན་ཧ་ལས་ཀྱི་ཡོད།རྒྱུ་མཚན་ཁོང་གི་སྙན་ངག་གི་ཐད་ནས་གསུངས་སྐད་ངོ་མ་འཇོན་པོ་ཐེངས་མང་པོར་འཆད་མྱོང་བ་མ་ཟད།སྙན་ངག་ཀྱང་ཕུན་སུམ་ཚོགས་པ་མང་པོ་བྲིས་མྱོང་བ་དང་འབྲི་གིན་པ།འབྲི་སྲིད་པ་སོགས་ཡིད་ཆེས་ཏིག་ཏིག་གི་ཀློང་དུ་འཚོ་ཡོད་ནའང་།ཁོང་འདི་ལྟར་ཁ་བྱང་གཏད་ཁེལ་གྱིས་དབུ་ཁྱུད་འབྲི་བ་ནི་ངོ་མ་ཅི་ཞིག་ཡིན་ནམ།འདི་ནིི་ལོ་རབས་བརྒྱད་ཅུ་བའི་ནང་དུ་དོན་གྲུབ་རྒྱལ་ལགས་ཀྱི་༼ལང་ཚོའི་རྦབ་ཆུ་༽ཕུད་ནས་ཅུང་མ་འགོར་བར་མགར་རྩེ་རྟ་མགྲིན་རྒྱལ་གྱིས་༼བཅོས་བསྒྱུར་གྱི་རྦབ་ཆུ་༽ཟེར་བའི་སྙན་ངག་དང་ཅི་འདྲའི་མཚུངས་ཨང་།འདི་ནི་བོད་ཀྱི་སྙན་ངག་པ་ང་ཡིན་ཁྱོད་ཡིན་ཟེར་བའི་དགོན་གྲོང་གཉིས་ན་བཞུགས་པའི་སྙན་ངག་པ་དག་གི་གསོན་པོ་དྲོན་པོའི་ཞལ་ངོ་དམར་རྗེན་དེའོ།ད་དུང་ཁོང་དག་གི་ལ་ལས་སྙན་ངག་འབྲི་བ་ནི་༼དགྲ་ཤ་ལེན་པ་༽དང་༼ཕུས་ཉོས་༽བརྡུངས་པའི་སྐབས་ཀྱི་སེམས་ཚོར་སོགས་བརྗོད་འདུག་ན།དེ་རིང་གི་གཅིག་གི་རྗེས་སུ་གཅིག་འདུར་བ་ནི་དེ་དག་གི་ཁྲོད་ཀྱི་ཚོར་བའི་གཏིང་རིམ་ན་འཕྱོ་བའི་རླབས་དེ་ཡོད་དམ།ཡང་ན་དགའ་སྐྱོ་ཆགས་སྡང་གིས་ཡོངས་སུ་བཅུམ་པ་དེ་བརྗོད་ཡོད་དམ།
  མཇུག་ཏུ་བོད་ལ་བཟང་ངན་གང་ཡོད་ན་ཟུར་དུ་ང་ལྟ་བུའི་ཁ་མང་ཆེ་བ་དང་ཐལ་ཆེ་བ་སོགས་ཅི་རིགས་ཡོད།དེའི་དབང་གིས་རང་ཉིད་ལ་སྙན་ངག་པ་དེ་དག་དགག་པའི་རྩལ་ཅི་ཡང་མེ་ད་མོད།ངོ་མ་འདི་འདྲ་ཡིན་ནམ་འདོད་པའི་དྲི་བ་ཞིག་འཕང་བ་ལས་རྒྱབ་ལྗོངས་ནག་པོ་དང་།ང་རྒྱལ་ཞེ་སྡང་གིས་བྲིས་པ་ནི་ལར་ནས་མིན་ནོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་བྱང་གཅིག་པའི་སྙན་ངག་༼ཟླ་བ་དཀར་པོ་ཨེ་རེད་༽ལ་དགག་པ།

2012-11-24 རྣོ་ཟུར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།