སྙན་ངག་༼དངངས་འཚབ༽ལ་ལྟ་བ།

     དངངས་འཚབ།
                             — རྣམ་སྨིན་གླེང་བ།
          ༡
ཀུ་རེ་རྩེད་སྤྱད་ལ  མེ་ཏོག་ཅིག་དང
ལྷ་མོ་མཚེ་མ་གཉིས་ཀྱིས་ག་ལ་ཆོག

རང་ཉིད་ཤིང་གིས་བཟོས་པའི
འཁོར་ལོ་ཞིག་ཡིན་པ་     སྔར་ནས་ཤེས་ཀྱང
རྐང་ལག་བཞི་བོ           ད་དུང་རྐྱོང་འདོད
ཡོད་ཚད་ཀྱི་རྩ་བ་གང་ལ་ཐུག
ཡོད་ཚད་ཀྱི་རྩ་བ་གང་ལ་ཐུག
་་་་་་་་་་་་་་་་་་
ཡོད་ཚད་ཀྱི་རྩ་བ་མི་ཁྲག་འགོས་པའི་སེན་མོེར་ཐུག
ནོར་འཁྲུལ་གྱི་དབང་གིས   གནམ་གཤིས་རེ་དྭངས་དུས
རང་ཉིད་འཁོར་བ་ནས་ཐར་སོང་སྙམ
མྱུར་དུ་འབྲོ་ཡ    མྱུར་དུ་འབྲོ་
ང་ཚོ་བག་ཕེབས་སུ་གནས་སའི
ཁྱིམ་ཚང་དེ   སྒྱེ་མོ་ཞིག་དང་འདྲ
            ༢
བྲག་སྲུབས་ནས་རྐང་ལག་རྐྱོང་མཁན     སུ་ཡིན
མ་གསང་དྲང་མོར་ཤོད
འཁོར་བ་དེ་ཁྱོད་ཀྱི་ཀླད་ཁྲག་གམ
བུད་མེད་ཅིག་གི་ལྟོ་བ་ཡིན་པ   དྲན་པར་གྱིས
ཨོ   བྱིས་པ 
ལྕགས་མཁར་གྱིས་གོམ་པ་སྤོས་ཤིང
ཡུན་རིང་སྦས་པའི་མཆེ་བ    ང་ཚོར་གཙིགས་བྱུང

མྱུར་དུ་འབྲོ་ཡ        མྱུར་དུ་འབྲོ
ང་ཚོ་བག་ཕེབས་སུ་གནས་སའི
ཁྱིམ་ཚང་དེ   ཁུང་བུ་ཞིག་དང་འདྲ
          ༣
ངས་ཧམ་སེམས་ཀྱིས་བསྡད་པའི་མངར་ཤིང
གསུས་པར་ཐོན་དུས་དུག་ཏུ་གྱུར་སོང
གདོང་ངོས་ཀྱི་སེང་རས་ཕྱེས་ཚེ
ད་གཟོད་རང་ཉིད་རླངས་པ་ཞིག་ཡིན་པ་ཚོར   མེ་ལོང་ནས་མཐོང
ཀྱེ་འཇིག་རྟེན་པ    བྲེལ་བ་ཆེའམ
མགྱོགས་དྲགས་པའི་དུས་ཚོད    བཟོ་བཅོས་བྱེད་ཆོག་སའི
དབྱུག་པ་ཞིག་མ་ཡིན

དུག་དེ་སུ་ཞིག་གི་ས་བོན་ཡིན
དུག་དེ་གང་ཞིག་གི་ཚོང་ཟོག་ཡིན
དུག་དེ་བཟོ་བཅོས་བྱེད་ཆོག་པའི་དབྱུག་པ་ཞིག་མ་ཡིན

ངའི་གཤོག་པ  རུལ་སུངས་ཀྱི་པགས་པ
དུག་དེའི་རང་བཞིན་དུ་གྲུབ་པ་སུས་མི་ཤེས
ངའི་བུ་མོ་དང་འོད་སྣང་གི་ཁང་བཟང
བཟོ་བཅོས་བྱེད་ཆོག་སའི་དབྱུག་པ་ཞིག་མ་ཡིན

ཡོད་ཚད་བཟོ་བཅོས་བྱེད་སའི་དབྱུག་པ་ཞིག་མ་ཡིན
མྱུར་དུ་འབྲོ་ཡ   མྱུར་དུ་འབྲོ
ང་ཚོ་བག་ཕེབས་སུ་གནས་སའི
ཁྱིམ་ཚང་དེ  ཆུ་ཀླུང་ཞིག་དང་འདྲ
            ༤
ཞི་དུལ་གྱི་འཚོ་བའི་རི་དྭགས་འདི་དག
ཁྱོད་ཀྱི་ཇི་ལྟར་བཟའ
འཇིག་རྟེན་དོག་དྲགས་པས
སེམས་ཅན་གྱི་མཆེ་བ   ནམ་མཁའི་ཕྱི་རོལ་དུ་བུད
ཨ གཟུངས་སྔགས་ཀྱི་བྱིན་མཐུ་བོར་སོང
ཨ   སྦྲང་ཆར་ལ་རྙོག་ཆུ་འདྲེས་སོང

ཆུ་རྒྱུན་ཞིག་ནས་དེད་ཡར་སོང་ཡང
སྡིག་པ་ཞིག་ཁུར་མར་ཡོང་དགོས

མྱུར་དུ་འབྲོ་ཡ    མྱུར་དུ་འབྲོ་
ང་ཚོ་བག་ཕེབས་སུ་གནས་སའི
ཁྱིམ་ཚང་དེ   ཁྲག་མཚོ་ཞིག་དང་འདྲ
  ༼ཟུར་མཆན༽ཁོ་བོའི་སྙན་ངག་ནི་འཕགས་མི་མ་གཏོགས་ཉམས་སུ་མྱོང་མི་ཐུབ་པའི་ཤེས་རབ་ཀྱི་ནོར་སྐལ་ཞིག་ཏུ་རྩི་ལ་སྙན་ངག་པ་ནི་ཕལ་བའི་འཇིག་རྟེན་ལས་འདས་པའི་སྒྱུ་འཕྲུལ་གྱི་ཞིང་ཁམས་ཤིག་གི་རྒྱལ་སྲས་ལ་ངོས་འཛིན་པ་ཡིན།དེས་ན་ཚུལ་འཆོས་དང་གསོག་གསོབ་ཀྱི་གདོང་འབག་གྱོན་པའི་མི་ཚོགས་ཁྲོད་ངེས་དོན་གྱི་སྙན་ངག་སྨྲ་བ་ཅི་ཙམ་ཡོད།༼དངངས་འཚབ་༽ནི་ཁོ་བོར་རོལ་མོ་དང་།ཐ་སྙད།ཤེས་པ།  ཚོར་བ་བཅས་སྙན་ངག་གི་རྒྱུ་བཞི་བོར་འཇིགས་སྣང་བསྐུལ་ཏེ་རང་ཉིད་འཇིག་རྟེན་པ་ཞིག་པ་ནས་ཐལ་འགྱུར་བ་ཞིག་ཏུ་བརྗེ་བའི་གོ་རིམ་ཕྱི་རུ་ངོམ་པ་ཙམ་ཡིན། འདིས་ཀྱང་སྙན་ངག་པའི་གྲལ་དུ་འཚངས་པའི་ཁྱི་དག་ཁྱིའི་གྲལ་དུ་འགྲོ་བ་དང་ཁྱི་ཚོགས་ཀྱི་ཁྲོད་དུ་འཚོ་བའི་ལྷ་དག་ལྷའི་ཡུལ་དུ་བྱོན་པར་མཐུན་རྐྱེན་སྦྱོར་བར་གྱུར་ཅིག་གུ    དུས་དེབ་༼རིག་གནས་ཡར་སྤེལ་༽1998ལོའི་དེབ་དང་པོ་གཞིར་བཞག་ནས་བྲིས་པ་ཡིན།
   ༼ཕྲན་དཔྱད་མ་ཡིན་པའི་བསམ་ཚུལ།༽   མི་མང་པོ་ཞིག་གིས་སྐྱབས་ཆེན་བདེ་གྲོལ་གྱི་སྙན་ངག་མི་གོ་གི  གོ་རྒྱུ་མེད་པའི་སྙན་ངག་སོགས་མིང་བཙོག་པ་མང་པོ་བཏགས་མྱོང་། གང་ལྟར་སྐྱབས་ཆེན་བདེ་གྲོལ་གྱི་སྙན་ངག་གླེང་མཁན་ནི་རྩོམ་པ་བོའི་སྡེ་ན་ཉིན་རེ་ལས་ཉིན་རེ་ཇེ་མང་དུ་འགྱུར་བཞིན་ཡོད། རེ་རྐང་གླིང་དང་མི་ལ་ཙི་ཙི། ལྷ་ཆབ་སྦྱིན་པ་སོགས་ཁོང་གི་སྙན་ངག་ལ་དཔྱད་བརྗོད་འབྲི་མཁན་ཡང་ཁ་ཁེར་རེ་འབྱུང་གིན་འདུག ཁྱུང་ཐར་རྒྱལ་དང་གངས་ཞུན་སོགས་ཁོང་གི་སྙན་ངག་ལ་དགག་པ་གཏོང་མཁན་ཡང་མང་པོ་ཡོད། མང་པོ་ཞིག་གིས་བཤད་ན་༼སྐྱབས་ཆེན་གྱི་སྙན་ངག་ནི་གོ་མི་ཐུབ་ཀྱང་བཏོན་གིན་བཏོན་གིན་བསོར་མོ་ཞག་རེད་༽ཅེས་མཁས་པ་གསར་བུ་ཚོས་བཤད་ཀྱིན་འདུག ཡིན་ནའང་ཁོང་གི་འབྲི་རྩལ་ལས་ཐོན་པའི་༼ཀེང་རུས་ཀྱི་ཆག་རོ་༽དང༼་ཁ—དགེ་འདུན་ཆོས་འཕེལ་ལ་ཕུལ་བ༽་སོགས་ཀྱིས་ཀློག་པ་པོ་མང་པོར་ཐེ་ཚོམ་དང་དོགས་གཞི་བྱུང་ནས་༼ གོ་རྒྱུ་མེད་གི ༽༼སྙན་ངག་ནི་རོལ་རྩེད་ཅིག་མ་ཡིན་༽སོགས་ཀྱི་སྐད་ཆ་བཤད་པ་རེད། ཁྱུང་ཐར་རྒྱལ་གྱི་༼སྙན་ངག་ནི་བརྡ་རྟགས་ཙམ་གྱི་མཚོན་བྱེད་མིན་༽ཟེར་བ་བའི་དགག་ཡིག་ཀྱང་ཐོན་པ་རེད་འདོད། ཁོང་གི་སྙན་ངག་གི་རྨང་འདང་ཡུལ་དང་ཁ་གཏོད་ཡུལ་ནི་༼ངའི་སྙན་ངག་༽ཟེར་བའི་ནང་ནས་ཅུ
ང་ངེས་ཤེས་དང་བསམ་ཚུལ་ཕྲ་མོ་ཕྲ་མོརེ་རྙེད་ཐུབ་ལ། ཚན་པ་པ་ཞིག་དྲངས་ནས་དཔྱད་ན་ནི་འདི་རེད། ༼ང་ཡི་སྙན་ངག་ནི་དུག་དང་བདུད་རྩི་དང་གཟིད་དང་ཉལ་ཐ་དང་སྲོག་འཕྲོག་པ་དང་རྣམ་པར་མི་རྟོག་པ་དང་དཔལ་གྱིས་དྲེག་པ་སོགས་སོ་སོར་ཕྱེད་པའི་སུས་ཀྱང་མཐོང་བའི་ཡུལ་དང་བྲལ་ནའང་གང་དང་གང་ལ་གཏན་དུ་འགྲོགས་པའི་འོད་ཀྱི་ཉག་མ་ཕྲ་མོ་ཕྲ་མོ་ཤིན་ཏུ་ཕྲ་མོ་དེ་ཡིན་ནོ ༽ ---སྐྱབས་ཆེན་བདེ་གྲོལ་གྱི་སྙན་ངག་༼ ངའི་སྙན་ངག ༽ལས་བཤུས། 1ཞེས་མར་མེ་སྐད་ཅིག་ཐ་མ་ལྟ་བུའི། ཆེས་མཐའ་མཇུག ཆེས་གཏིང་རིམ་ནས། མི་ཞིག་ཡིན་ན་སྲོག་ཆད་ཁའི་བློས་མི་ཐོངས་པའི་ཁྱིམ་དང་གཉེན་ཉེ་ལ་ཆགས་པའམ། ཤི་ན་གང་དུ་འགྲོ་བ་མི་ཤེས་པའི་འཇིགས་སྐྲག་གི་སྣང་བ་སོགས་ཀྱི་རྣམ་པ་གཙོ་བོར་ཀུན་རྟོག་གི་འཕྲོ་འདུ་ལ་བརྟེན་ནས་རང་དང་ཐག་ཉེ་བའམ་རང་གི་ངོས་སུ་དོད་པའི་ཆོས་ཤིག་རབ་དང་ཕུལ་ཅེས་མ་བརྗོད་ལ་ངན་དང་བཙོག་གིས་མ་བསླད་པར་རང་བཞིན་གྱི་ཆོས་ཤིག་སྣང་བརྙན་གྱི་གྱིས་དངོས་སུ་བརྒྱུད་དེ་མཚོན་པར་བྱས་ཡོད། ད་དུང་༼ དངངས་འཚབ ༽ཀྱང་ཡིད་བརྙན་མང་པོས་གྲུབ་པ་ལས་ཡིད་བརྙན་གཅིག་དང་གཉིས་ཀྱིས་གྲུབ་བའི་སྙན་ངག་རིང་བོ་དག་དང་གཏན་ནས་མི་འདྲ། སྙན་ངག་པ་མང་པོ་ཞིག་གི་སྙན་ངག་ནང་ཡིད་བརྙན་གཅིག་རེ་ཐར་བཅད་ནས་གཞུ་འདོམ་ལ་ཚད་པ་དང་འཐེན་འཐེན་ནས་མཉེན་ཐག་ལྟ་བུ་བྱས་ནས་བཀོད་ཡོད། དཔེར་ན་སྐུ་ཞབས་འབྲོང་གི་ཡུལ་སྐོར་ལྗོངས་རྒྱུའི་སྙན་ངག་༼ ལྷ་ས། ལྷ་ས། ལྷ་ས། ༽ལྟ་བུར་ལས་མཐོང་འོངས་པ་ནི་ཤ་ཁྲག་རུས་གསུམ་བོད་ལས་སྐྱེས་ཤིང་། བོད་ལ་དགའ་ཞིང་མི་རིགས་ལ་གཏོགས་པའི་རྩོམ་པ་པོ་ཞིག་གི་བསམ་གཞིགས
་ཀྱི་ཁྲོད་དུ་བོད་ཀྱི་འདས་མ་ད་གསུམ་དྲན་པ་དང་དེ་ལ་སེམས་ཁུར་བྱས་པའི་སྙན་ངག་ཅིག་ཡིན་པ་ཙམ་ལས། རྩོམ་རིག་རང་སྟེང་གི་ཆོས་སམ་སྙན་ངག་རང་སྟེང་གི་བརྗོད་པ་ཞིག་ཚང་ཡོད་ཟེར་བའི་སྤོབས་པ་ལར་ནས་མེད། ཡར་སྐུལ་གྱི་ནུས་པ་ཡོད་པའི་ཕྱོགས་སུ་བྲིས་པ་ལས་སྙན་ངག་ལ་རོལ་མོ་དང་། ཐ་སྙད། ཤེས་པ། ཚོར་བ་སོགས་ཚང་བའི་རང་འབྲས་དབང་པོའི་དྭངས་པ་བསྐྱེད་པའི་ཐོགས་རེག་དགག་ཙམ་གྱི་སྣང་བ་ཞིག་མ་ཡིན་ནོ།།
 ༼ ཀུ་རེ་རྩེ་སྤྱད་ལ     མེ་ཏོག་ཅིག་དང་
   ལྷ་མོ་མཚེ་མ་གཉིས་ཀྱིས་ག་ལ་ཆོག ༽ཅེས་མི་སོ་སོར་ལྷན་སྐྱེས་ནས་ཡོད་པའི་གཟུགས་དང་ངོ་བོ། མཛེས་དང་སྟོབས་ལས་ཚུར་སྣང་བྱས་པས་འདོད་ཆགས་བཙན་པོ་བ་ཞིག་གིས་དབུ་བརྩམས་ཤིང་། སོ་སོ་ལས་ཐར་བར་རེ་བའི་འདོད་པ་རྒྱ་ཡན་པ་ཞིག་གི་སྙིང་མཚམས་སྦྱར་ཡོད།
 ༼ རང་ཉིད་ཤིང་གིས་བཟོས་པའི
འཁོར་ལོ་ཞིག་ཡིན་པ    སྔར་ལས་ཤེས་ཀྱང
རྐང་ལག་བཞི་བོ་ད་དུང་རྐྱོང་འདོད

ཡོད་ཚད་ཀྱི་རྩ་བ་གང་ལ་ཐུག
ཡོད་ཚད་ཀྱི་རྩ་བ་གང་ལ་ཐུག
  ་་་ ་་་ ་་་ ༽མི་ནི་འཁོར་བསྐྱོད་ཅིག་གི་འོག་ནས་བརྡོལ་གྱིན་ཡོད་མོད། འོན་ཀྱང་འདོད་པས་མི་ཚིམས་པའི་དངོས་པོ་ཡོད་ཚད་ནི་གཅིག་ཐོབ་ན་གཉིས་ཐོབ་པར་འདོད་པའི་ཀུན་སློང་བསྟན་ཡོད། འདི་ལས་མྱོང་ཐུབ་པ་ནི་ཆེས་གནད་འགག་དང་ཆེས་ལྷོད་ཡངས་། གཏིང་དང་མཐའ། དངོས་དང་བརྒྱུད་པའི་སྒོ་ནས་དབང་བོ་འཇིབ་བརྔུབས་ཀྱི་མཚམས་ནས་བྱུང་བའི་ཚོར་བ་དེ། མངོན་ལྐོག་ལས་ཤུགས་དང་རྦབ་ཀྱིས་དྲིལ་བའི་༼ མིའི་དབང་ཤེས་ཀྱིས་གཞལ་པའི་སྤྱིར་བཏང་གི་རང་བྱུང་དང་མིའི་ཚོར་འདུ་སླར་མཚོན ༽བྱས་ཡོད།
༼ མྱུར་དུ་འབྲོ་ཡ   མྱུར་དུ་འབྲོ
ང་ཚོ་བག་ཕེབས་སུ་གནས་པའི
ཁྱིམ་ཚང་དེ   སྒྱེ་མོ་ཞིག་དང་འདྲ ༽
  ཞེས་སྣང་བའི་འཆར་རྟོག་གི་དབྱིངས་རིན་ནས་༼ སྤྱི་ཚོགས་ཀྱི་གོམས་སྲོལ་དང་། མི་ཆོས་ཁྲིམས་ལུགས་ཆོས་ལུགས་སོགས་ཡིགས་རྟོག་གི་ཆ་རུ་གྱུར་བ་དེ་ཡིས་བསྔགས་པར་མཛད་པའི་སྤྱོད་ལམ་གྱི་རྣམ་གཞག་དེ་དག་ཡིན་ལ། དེ་ད་དུང་རང་ལོབས་(内在化)སུ་གྱུར་ཡོད་པ་ཞིག་ཡིན་ ༽པའི་འགོངས་པའི་བདག་སོགས་མ་ཡིན་ལ། ༼ ཕྱི་རོལ་གྱི་དངོས་ཡོད་ཁོར་ཡུག་ལ་ཡེ་ནས་བསམ་བློ་མི་གཏོང་བར། སྐབས་ཐོག་དེའི་ཐད་གར་བའི་དབང་བོའི་སྤྲོ་བ་དང་དེ་ཉིད་ཚིམ་པར་བྱེད་པ་ཉིད་ལྷུར་ལེན་པར་བྱེད ༽  2
པའི་གདོན་མའི་བདག་གི་ལྟ་དགོངས་ལྟར་བྲིས་ཏེ་ང་ཚོ་བག་ཕེབས་སུ་གནས་སའི་ཁོར་ཡུག་ཅིག་ཏུ་འབྲོ་བར་འདོད་པ་དང་། ད་ལྟ་སྡོད་པའི་ཡུལ་འདིར་སུན་སྣང་སྐྱེས་ཤིང་། སྒྱེ་མོ་འདྲ་བའི་ཁྱིམ་ཚང་ངམ་འཁོར་བ་འདི་ལྟ་བུ་ལས་གྲོལ་བར་ཞེན་པའི་སེམས་བྱུང་གི་འགྱུ་བ་ཕྲ་མོ་ཞིག་གི་ཟུར་ནས་བྲིས་ཡོད། ཆུ་ཀླུང་ཞིག་དང་འདྲ། ཁྱིམ་ཚང་།  ཁྱིམ་ཚང་། ཁྲག་མཚོ་ཞིག་དང་འདྲ་ཞེས་གོ་རིམ་ངེས་ཅན་ལས་སྣོད་དུ་བཅུག་ཡུལ། ནང་དུ་འཛུར་ཡུལ། ཀླུང་དུ་ཁུར་ཡུལ། མི་སྡིག་པའི་ཡུལ་སོགས་རེ་རེ་བཞིན་ཁྱིམ་ཚང་ལ་ཞེན་པ་ལོག་པ་དང་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཡིན་པར་འདོད་པའི་ངེས་འབྱུང་ཞིག་བསྟན་བཞིན་འདུག་གོ།
༼ ཆུ་ཕྲན་ཞིག་དེད་ནས་ཡར་སོང་ཡང
སྡིག་པ་ཞིག་ཁུར་ནས་མར་ཡོང་དགོས

མྱུར་དུ་འབྲོ་ཡ   མྱུར་དུ་འབྲོ
ང་ཚོ་བག་ཕེབས་སུ་གནས་སའི
ཁྱིམ་ཚང་དེ    ཁྲག་མཚོ་ཞིག་དང་འདྲ ༽
  མཇུག་མཐར་མར་གྱུར་སེམས་ཅན་ཐམས་ཅད་ཀྱི་ཆུ་ཕྲན་ལྟ་བའི་ལམ་ཆུང་ཆུང་ཞིག་བརྒྱུད་དེ་འཇིག་རྟེན་འཁོར་བར་སྐྱེས་བ་བླངས་ནས་གོ་རིམ་ཆ་ཚང་སྒྲུབ་པ་དང་། འཁོར་བ་ལས་སྡིག་པ་བསམ་གྱིས་མི་ཁྱབ་པ་ཞིག་བསགས་ཏེ་མར་ཉེ་ལྟུང་གི་ཁྲོད་དུ་བསྟིམས་པའི་ཚུལ་དེས། ཁྱིམ་ཚང་ངམ་འཁོར་བ་དེ་སེམས་ཀྱི་ཀུན་རྟོག་དམར་པོའི་ཀློང་ཡངས་ན་མཛེས་སྡུག་ལྡན་པ་རིན་པོ་ཆེ་གཞལ་ཡས་ཁང་ལྟ་བུ་མ་ཡིན་པར། ཆེས་མི་སྡིག་པའམ་ཆེས་གདུག་རྩུབ་ཆེ་བའི་ཁྲག་གི་མཚོ་མོ་ཞིག་དང་འདྲ་བ་བརྗོད་ཡོད། དཔེར་ན་རྩོམ་རིག་དངོས་རྐྱང་གི་ཁྲོད་ནས་བཤད་ན་སྤྱི་ཚོགས་ཞེས་པའི་ཚོགས་སྤྱི་དེ་ལ་འགན་ཁུར་མེད་པ་དང་། སློབ་གསོ་བཏང་མེད་པ། ཡར་སྐུལ་གྱིས་ནུས་པ་ཕུད་མེད་པར་བོད་མི་རིགས་ཀྱི་ནང་སེམས་སུ་ལྡོག་མེད་དུ་གནས་པའི་སེམས་ཀྱི་དབྱིངས་རིམ་ཞིག་ནས་རབ་བཏགས་དང་འུད་ཀྱིས་མ་བྲིས་པར་ཇི་བཞིན་དུ་བྲིས་ཡོད།
  གཞན་དབྱུག་པ་ཞེས་ཡང་དང་བསྐྱར་དུ་ཟློས་ནས། དེ་བཟོ་བཅོས་བྱེད་ཆོག་མི་ཆོག་གི་བར་ནས་མངོན་འོང་བ་ནི་ལྷ་བྱམས་རྒྱལ་གྱི་བརྩམས་སྒྲུང་༼ གྲིབ་གཟུགས་ཁྲོད་ཀྱི་མི་ཚེ ༽དྲན་འོངས། དེའི་ནང་གི་མི་སྣ་བཀྲ་ཤིས་ཁོར་ཡུག་སོགས་ཀྱིས་བཙུར་གནོན་གྱི་དབང་གིས་སེམས་འཚག འཇིགས་སྐྲག བསམ་གཞིགས་སོགས་མང་པོ་མང་པོ་ཞིག་གིས་མནན་པའི་སྐྱེས་པ་ཁེར་རྐྱང་གི་མཁའ་དབུགས་ཤིག་གི་འགྱུར་བ་དེ་དྲན་འོངས། དབྱུག་པའང་དེ་ལས་མ་འདས་ལ་བྱེད་པོ་ཞིག་གིས་བཀོད་འདོམས་འོག་ནས་བཅག་ཆོག་པ་དང་། གཞོག་ཆོག་པ། དྲང་སྙོམ་ཆོག་པ། བཀུག་ཆོག་པའི་ངོས་ནས་སེམས་ཁུར་གྱིས་༼ གླུ་བརྒྱ་མགྲིན་གཅིག་གིས་ལེན་མི་འདོད་པ་ ༽བསྟན་ཡོད་པ་དེའོ།
   ༼ རྨི་ལམ་ཁྲོད་རེ་སྒུག་བྱེད་སའི་གངས་རི་དང་མཚོམོ་ཐམས་ཅད་མངོན་སུམ་གྱི་མཐོང་ལམ་དང་རིང་དུ་བཀྱེད་ནས་འཕྲུལ་ལྗོངས་རབ་རིབ་ཅིག་དྲན་པའི་སྣང་ངོ་ནས་མངོན་ཙམ་བྱས་པའི་མོད་ལབཟོད་དུ་མེད་པའི་ན་ཟུག་ཅིག་ཡིད་ཀྱི་ཆགས་སྡང་དང་རྣམ་རྟོག་ལ་བརྟེན་ནས་ཕྱིར་ངོམ་དགོས་བྱུང་། རེ་སྨོན་དང་ཡིད་ཆད། ངལ་དུབ་དང་སེམས་ཁྲལ། འགྱོད་གདུང་དང་སྡུག་བསྔལ། སེམས་ཀྱི་མྱོང་བ་ཇི་སྙེད་ཅིག་སྟོང་བསམ་གྱི་གླིང་གར་འཆམ་འཆམ་དུ་གཏོང་བའི་གོམས་སྲོལ་དེ་མེད་དུ་མི་རུང་བའི་ཚེ་སྲོག་གི་གྲུབ་ཆ་ཞིག་ཏུ་དུས་སྐབས་གང་ཞིག་ནས་གྱུར་བ་ནམ་ཡང་བརྗོད་ཐབས་བྲལ། དེའི་ཕྱིར་མངལ་གྱི་གུར་ཁང་གི་སྒོ་མོ་ཕྱེས་ཏེ་འཇིག་རྟེན་འདིར་ཆེས་ཐོག་མར་ཕྱུང་བའི་ངུ་སྐད་ནི་བདག་གིས་གླེང་བཞིན་པའི་སྙན་ངག་གི་སྔོན་འགྲོའི་རོལ་དབྱངས་ཡིན ༽3ཞེས་གསུངས་མྱོང་བ་ལས་ཁོང་གི་སྙན་ངག་གི་ཟུར་མཐོང་ཞིང་། བློས་དཔོག་མི་ཐུབ་པ་ཞིག་མིན་པར་ངེས་སོ།། འོན་ཀྱང་རྒྱ་གར་གྱི་སྙན་ངག་སྨྲ་བ་ཆེན་མོ་ཐེ་ཀོར་གྱིས་ ༼ང་སྐད་ཆ་དེ་ལྟ་བུ་བཤད་པའི་མི་དག་ལ་ཡིད་གཏན་ནས་འབྱུང་བ་མིན། སྙན་ངག་པའི་ཞེ་འདོད་ཀུན་སློང་སོགས་རླུང་ལ་བསྐུར་ཞོག  སྙན་རྩོམ་དེས་ཀློག་པ་པོའི་སེམས་སུ་སྣང་བརྙན་གསར་བ་རེ་བསྐྲུན་པར་འགྱུར་ལ། གོ་བ་ཡང་མི་འདྲ་མང་དུ་འབྱུང་བར་འགྱུར། དབྱེ་ཞིབ་ཆེས་ཞིབ་ཚགས་ཅན་གྱི་མི་དེ་དག་གིས། སྙན་ངག་ལ་གོ་བ་ངོ་མ་ཞིག་ལེན་མི་ཐུབ། སྙན་ངག་ལ་གོ་བ་ཡང་དག་པ་ཞིག་ལེན་འདོད་ན། མི་རྣམས་ལ་ཡོངས་ཁྱབ་ཀྱི་སྒོ་ནས་དེ་ལས་གོ་བ་ལེན་ཐུབ་པའི་ནུས་མཐུ་ཡོད་དགོས་ལ། གཞན་གྱི་དྲི་མས་མ་སྦགས་ཤིང་། འོན་ལྐུགས་ཅན་གྱིས་རོ་མྱོང་བ་ལྟ་བུའི་རོ་མྱོང་གི་ཁྱད་ཆོས་ཀྱང་ཡོད་དགོས། སྙན་ངག་ལ་གཏོར་བརླག་བྱེད་མཁན་གཙོ་བོ་ནི་སློབ་དཔོན་ཆེན་མོ་དེ་དག་ཡིན་ཏེ། ཁོང་ཚས་སྙན་ངག་ལ་གསལ་བཤད་དང་། སློབ་ཁྲིད་ཁྲོད་དུ་འགྲེལ་བཤད་མང་པོ་བྱེད་བཞིན་ཡོད་པས་སོ། ཀྱེ་མ། སྙན་ངག་པས་བརྗོད་པའི་སྐད་ཆ་སྙན་ངག་རང་སྟེང་ནས་རྙེད་ཐུབ་པས། ཁྱོད་ཉིད་ཀྱི་གློ་ཁུག་ནས་གཡོར་དོན་ག་ལ་ཡོད། ༽ཅེས་སྐད་ཆ་ཐོག་འདྲ་བ་བཤད་དུས། སུ་ཞིག་གིས་ཐེ་ཀོར་མིན་ན་དགག་པ་གཏོང་བར་གོམས་པའི་བོད་སྤྱི་ཚོགས་སམ་བོད་ཀྱི་ཚིག་རྒྱན་ལ་མཁས་པའི་རྒན་པོ་མགོ་རེག་གན་ཚོས་ཁ་རང་དུ་མི་འདུག་པར་བཤད་ཅིང་ལག་མི་དལ་བ་དགག་ཡིན་འབྲི་ངེས་སོ།།
   མཆན།༽   1 མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་བདེ་གྲོལ་པོད་ཁུག   2བདུད་ལྷ་རྒྱལ་གྱི་༼  འཚོལ་རྟོག་སྙིང་སྟོབས།༽  3༼       སྐྱབས་ཆེན་བདེ་གྲོལ་གྱི་༼  སྙན་ངག་གི་གསང་མྱུལ་བ་ཞིག་གི་ཟིན་ཐོ།༽

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་༼དངངས་འཚབ༽ལ་ལྟ་བ།

2012-09-16 རྣོ་ཟུར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།