ཚ་ཚ་འུར་འུར་གྱི་སྒྲུང་ཐུང་འདི་ཨང་།

       _____༼རྩོམ་པ་པོ་ཧུ་ར་འཇའ་པེ་ལགས་ཀྱི་སྒྲུང་དེབ་དང་པོ《སྐྱ་མོ་ལམ》ལས་སྒྲུང་ཐུང“སྐྱ་མོ་ལམ”ལ་ཡང་བསྐྱར་ཕྱིར་མིག་བལྟས་པ།༽
  
སྟོན་རླུང་བསིལ་བུར་ལྡང་ཞིང་ལྕང་ལོ་སྔོ་ཤུག་གེར་གཡོ་བའི་སློབ་རའི་གླིང་ཀ་གང་དེར།མཐོ་འབྲིང་གི་འཚོ་བ་གསར་དུ་མྱོང་བཞིན་པའི་བར་སྐབས་ཤིག་ལ།སྟེས་དབང་གིས་ན་གཞོན་བརྩམས་སྒྲུང་མཁན་ཕྱག་ན་འོད(ཧུ་ར་འཇའ་པེ)ཀྱིས་བརྩམས་པའི་སྒྲུང་དེབ《སྐྱ་མོ་ལམ》ཞེས་པར་མཇལ་ཐུབ་པ་བྱུང་།དུས་སྟོན་ཞིག་གི་ཉིན་འགའི་གུང་གསེང་གིས།བདག་ལ་སྒྲུང་དེབ་དེ་ཞིབ་ཀློག་ཅིག་བྱེད་པའི་གོ་སྐབས་སྤྲད་ཅིང་།དཔེ་དེབ་དེ་སྒྲུང་འབྲིང་གཉིས་དང་སྒྲུང་ཐུང་གཉིས་ཀྱི་བདག་ཉིད་དུ་གྲུབ་ཅིང་།《ལོ་མའི་ཟིན་ཐོ》དང《ཨ་མདོའི་སྣ་བོ་ཆེ》­གཉིས་སྒྲུང་འབྲིང་དང་།《སྐྱ་མོ་ལམ》དང《འཁོར་བགེགས》གཉིས་སྒྲུང་ཐུང་དུ་བྱས་ཏེ་བྲིས་འདུག
  སྒྲུང་དེབ་དེ་ལས《འཁོར་བགེགས》ཞེས་པ་ནི།རྩོམ་པ་པོ་ཁོ་རང་ལ་འཁོར་བགེགས་ཀྱི་བར་ཆད་བྱུང་སྟེ་སྨན་ཁང་དུ་ཉལ་བའི་བྱུང་བ་དངོས་ཤིག སྒྲུང་གཏམ་དུ་བརྩམས་པར་མོལ་པ་ཐོས་པས་བམ་ཀློག་གི་ལས་སུ་གཞོལ་ཅིང་།《ལོ་མའི་ཟིན་ཐོ》ནི“རིག་གསར”སྐབས་ཀྱི་སྒེར་མིའི་འཚོ་བའི་གནས་སྟངས་དང་ཆོས་དད་རང་མོས་ཀྱི་གནས་བབ་ཀུ་དོག་ཅིང་།ཁོར་ཡུག་གི་བཀག་རྒྱ་ཡ་ང་བའི་དེ་འདྲའི་ནང་དུ།གཉེན་ཉེ་གྲོགས་པོ་ཡིན་ཡང་ཡིད་རྟོན་མི་རུང་བའི་ཚུལ་དུ་ཆགས་ཏེ།ཕན་ཚུན་བར་བསླུ་བྲིད་དང་མགོ་སྐོར་གཏོང་བ།ཉེས་འགེབ་དང་ནག་འདེད་བྱེད་པའི“སྲ་འཐས་ཀྱི་གྲམ་ཞིང”ཞིག་ནས་བརྩེ་དུངས་ཀྱི་ལྗང་མྱུག་དབུས་པའི་བྱུང་བ་ཁྱད་མཚར་ཅན་བྲིས་འདུག་པར་མཇལ་ཚེ།རྟབ་རྟབ་པོར་ངར་ཆུ་ཁོལ་ཁོལ་གདུ་ཞིང་ཀློག་ཏུ་རུ་བའི་སློབ་ཆུང་གི་སློབ་ཚན་ཅིག་སྟེ།《ས་བོན་གྱི་སྟོབས་ཤུགས》ཞེས་པ་ཡིད་ལ་དབང་མེད་དུ་དྲན་པར་བྱེད།རེད་ཀྱང་།སྐྱོ་གར་གྱི་སྙིང་སྟོབས་དང་གསོན་ཤུགས་ཞུམ་དཀའ་བ་དེའི་བསྐྱེད་འབྲས་ནི།སྐྱོ་གར་བ་ཡོད་དོ་ཅོག་གིས་རེ་ཞིང་སྙེག་གིན་པའི་སྐྱོ་གར་གྱི་ལག་ཡོང་རིགས་ཤིག་ཡིན་པ་ཇི་ལྟ་བ་བཞིན།སྔར་བཞིན་སྐྱོ་གར་ཅིག་གིས་མཇུག་སྒྲིལ་ཏེ།མངོན་ཆུང་གིས་སྐྱོ་གར་དེ་དང་དེ་ལྟ་བུ“ཁྲོ་ལོ་བརྟན་པར་ཤོག”ཅེས་སྐད་འབོད་ཡ་མཚན་པ་བཏོན་འདུག  གཞན《ཨ་མདོའི་སྣ་བོ་ཆེ》­ནི།རྩོམ་པ་པོའི་རིག་འཕྲུལ་གྱི་སྒྱུ་རྩལ་ཡན་གར་བ་ཞིག་སྟེ།དོན་གྱི་བྱུང་རིམ་སྣ་ཚོགས།ལམ་གྱི་འགའ་བ་འདྲ་མིན་ལ་བརྟེན་ཏེ་འཕེལ་བྲི་བྱས་ཡོད་ཅིང་།བརྩམས་སྒྲུང་མཁན་ནག་པོ་སྐལ་བཟང་ལགས་ཀྱི་སྒྲུང་རིང《ཀླུ་འབུམ་མི་རྒོད》­དང《དམྱལ་ཟངས་ནང་ན་ཀུ་རེ་མེད》­ཅེས་པ་ལྟར་གཏམ་རྒྱུད་ཤས་ཆེ་བའི་སྒྲུང་འབྲིང་ཞིག་རེད།དེ་ལྟར།བརྩམས་སྒྲུང་དེ་གསུམ་པོ་བཀླགས་རྗེས།ད་གཟོད《སྐྱ་མོ་ལམ》­ཞེས་ལྡེབ་གྲངས་ལྔ་དང་ཕྱེད་ཅན་གྱི་སྒྲུང་ཐུང་དེ་ཀློག་འགོ་བརྩམས་པ་ཡིན།《སྐྱ་མོ་ལམ》­གྱི་བརྗོད་བྱེད་ཚིག་གི་སྤུད་པ་རེ་རེའི་འདུས་མདོ་ནས།རྩོམ་པ་པོའི་འདིར་བརྟེན་དེ་ཤེས་དང་ཕྱི་བརྟེན་ནང་ཤེས་ཀྱི་ཐབས་ལམ་བརྒྱུད་དེ།བརྗོད་བྱ་ག་གེ་མོ་ཞིག་གིས་མགོ་བསླངས་ཏེ།སེམས་ཁྲལ་ཁྱད་པར་བ་ཞིག་གིས་སླར་ཡང་བརྗོད་བྱ་གཞན་ཞིག་ལ་འཕོས་ཏེ།མཐར་ཡང་ཆུ་ལ་ཆུ་བཞག་གི་ཚུལ་གྱིས་ཐོག་མའི་བརྗོད་བྱར་ཕར་འཕོས་ཏེ་མཇུག་བསྡུས་པའི་སྒྱུ་རྩལ་དང“སྒྱུ་རྩལ”གྱིས།ང་རང་རྦད་དེ་མནོ་བསམ་གྱི་ལས་ཀ་གཞན་ཞིག་ཏུ་ག་ལེར་ག་ལེར་ཁྲིད་ནས་བུད་སོང་།
   དངོས་གནས།མེས་པོ་ཚོའི་ཉི་འོད་ཀྱི་གསེར་མདངས་མ་ཡལ་བའི་གསུངས་རྒྱུན་དེ་ཅི་འདྲའི་བདེན་ཨང་།མི་སུམ་ཅུར་བསམ་པ་སུམ་ཅུ།།མཛོ་སུམ་ཅུར་རྭ་ཁ་དྲུག་ཅུ།།ཞེས་པ་ཇི་ལྟར་དུ། གཞུག་ནས་གྲོགས་པོ་ཕན་ཚུན་བར་དཔེ་ཀློག་གི་མྱོང་ཚོར་བཤད་དུས།ཀློག་པོ་བྱིངས་ཀྱི་ཡིད་སེམས《ལོ་མའི་ཟིན་ཐོ》དང《ཨ་མདོའི་སྣ་བོ་ཆེ》­གཉིས་ལ་ཤོར་ཡོད་པ་ལས།《སྐྱ་མོ་ལམ》ནི་ཚྭ་སྒོག་མེད་པའི་ཟ་མ་ཞིག་ཏུ་མཐོང་ནས་ཡོད་ཤས་ཆེ། དེའི་རྒྱུ་མཚན་ནི།ངས་ཕལ་ཆེར་ཚོད་དཔག་བྱེད་ཐུབ་པ་འདྲ་སྟེ།དགའ་སྐྱོ་ཆགས་སྡང་གཉུག་གཤིས་སུ་བདོག་པའི་མི་ནི།རང་རང་གི་འཚོ་གཞིས་མ་འཇིག་བར་དུ་ཕན་ཚུན་རྟེན་འབྱུང་གིས་འཚོ་བ་ནི་བདེན་པ་རེད།དེའི་ངོ་བོ་ནི།མཉེས་གཤིན་དང་བརྩེ་དུངས་ཡིན་པས་ན།མི་ཚང་མས་ནམ་ཡང་བརྩེ་དུངས་ལ་རེ་ཞིང་སྙེག་ཅིང་།མི་ཚང་མ་ནམ་ཡང་བརྩེ་དུངས་ཀྱིས་བསླུས་ཤིང་བྲིད་ཀྱིན་ཡོད་པ་ནི་བདེན་པ་རེད།དེ་ཡང་།ལྟོས་དང་།ཀློག་པོ་ཀུན་གྱིས《ལོ་མའི་ཟིན་ཐོ》དང《ཨ་མདོའི་སྣ་བོ་ཆེ》­གཉིས་ལ་དགའ་བོ་བྱེད་པ་དེ་ལས་ཀྱང་གོ་ནུས།དེ་ཡང་ཡིན་ཏེ།རྒྱའི་རྩོམ་པ་པོ་ཚའོ་ཤེའོ་ཆེན(曹雪芹)གྱི་ཞལ་ནས།བདག་གི་བརྩམས་སྒྲུང《ཐོག་ཁང་དམར་བོའི་རྨི་ལམ》­དེ་དོན་མེད་གཏམ་གྱིས་ཡོངས་སུ་ཁེངས་ཀྱང་།སྐྱོ་ཞིང་སྡུག་པའི་མཆི་མས་བྲིས།ཞེས་གསུངས་པ་ནང་བཞིན།མངར་ལ་སྐྱུར་བའི་བྱུང་བ་ཀྱ་ཀྱུ་དང་།འཛུམ་མདངས་དང་མིག་ཆུ་འདྲེས་བརྩེ་དུངས་ཀྱི་གླུ་སྐད“སྙན་དུ་འཇོ”བ་ནི།འགྲོ་བ་མིའི་ལྷན་སྐྱེས་ཀྱི་རང་གཤིས་ཡིན་པས་སོ།།ཡང་།བསམ་ཕྱོགས་རེ་རེས།ང་རང་ཚོ་བསམ་གཞིག་གཏོང་བར་མི་དགའ་བའི་སྒྱིད་ལུག་གི་ཆ་ཞིག་ཀྱང་མ་རེད་མི་བསམ་ལ།ཨུ་རུ་སུའི་རྩོམ་མཁན་པེ་ལེན་སི་ཅེས(别林斯基)“སྒྱུ་འཕྲུལ་ཆེ་ཞིང་ཀྱག་ཀྱོག་མང་བའི་ཉེན་མཆོང་གི་གཏམ་རྒྱུད་ལ་བརྟེན་ནས་རང་ཉིད་གཡེང་བ་ཙམ་ལས་ཡུད་ཙམ་འགོར་རྗེས་ཡོད་ཚད་བརྗེད་ངེས་པ་རེད”ཅེས་པ་བཞེད་བྱུང་བ་ནི་ཧ་ཅང་གིས་བདེན་ཤས་ཆེ།
  དེས་ན།རྒྱ་ནག་གི་རྩོམ་པ་པོ་དང་དགེ་རྒན་ཆེན་མོ་ཧྥོང་ཡེའུ་ཀྲུའུ(冯育柱)ལགས་ཀྱིས་འདི་ལྟ་བུའི་སྐད་ཆ་ཞིག་གསུངས་མྱོང་བ་ང་རང་ཚོས་དྲན་པར་བྱེད་དང་།“སྒྲུང་གཏམ་གསར་རྩོམ་གྱི་ཕུགས་བསམ་མངའ་བའི་སྐྱེ་བོ་རྣམས་ཀྱིས་མིར་བརྟག་དཔྱད་གཏོང་བ་དང་དེའི་བསམ་སྦྱོར་ལ་རྒྱུས་ལོན་བྱེད་རྒྱུ་དེ།འཚོ་བ་དངོས་སུ་ཟབ་ཞུགས་དང་འཚོ་བ་དངོས་དེར་ངོས་འཛིན་བྱེད་པའི་བྱ་ཐབས་ཨང་དང་པོ་རུ་བརྩི་དགོས་པ་ལས།འཚོ་བའི་ཁྲོད་ཀྱི་གཏམ་རྒྱུད་དམ་དུམ་རེ་ཕྱོགས་སྒྲིག་བྱེད་པ་ཁོ་ནས་ཡིད་ཚིམ་མི་རུང”བས་ན།ང་ཚོས་རང་གི་འཚོ་བར་ངོས་འཛིན་ཟབ་གསལ་ཞིག་འཐོབ་རྒྱུ་དང་རང་གི་འཚོ་གནས་དེ་ཐག་གཅོད་ལེགས་པོ་ཞིག་བགྱི་བར་བསམ་སྟེ།རང་དང་བཅས་པའི་རང་གི་མཐའ་འཁོབ་དང་མཐའ་འཁོབ་གྱི་ཡུལ་མི།མཐའ་འཁོབ་ཀྱི་རིག་གནས་ལ་འཁྱུག་ཙམ་བལྟས་ཚེ།“མེ་ལོང”ལས་རྙེད་པའི“ང”ནི།བརྩེ་དུངས་ལ་དགའ་ཤེས་པ་ལས་བརྩེ་དུངས་འཚོལ་མི་ཤེས་པའི་གླེན་པོ་ཞིག་ཡིན་པ་རིག་ཐུབ།དེ་ལྟར་ཡིན་ཙང་།བདག་གིས《སྐྱ་མོ་ལམ》­ལ་བླ་ལྷག་གིས་རིན་ཐང་ཞིག་བདོག་པར་འདོད་ཅིང་།ང་རང་ཚོའི་ཁོར་ཡུག་ཏུ《སྐྱ་མོ་ལམ》­དང《སྐྱ་མོ་ལམ》­ལྟ་བུའི་བརྩམས་ཆོས་ཇི་སྙེད་འཁྲུངས་བའི་རེ་སྨོན་བྱེད་རྒྱུ་ཡིན།ངས་དེ་སྐད་ཟེར་དོན།དོན་ཚན་གསུམ་དུ་བགོས་ནས་བཤད་ན་དགའ་སྟེ།
    གཅིག   《སྐྱ་མོ་ལམ》­ལས་ཀློག་པ་པོ་འཚོལ་བ།
   བརྩམས་ཆོས་ཇི་སྙེད་པ་ཞིག་གིས་ཀློག་པ་པོ་རྦད་དེ“མི་རྙེད”དེ།བརྩམས་ཆོས་ཀྱི་རྫོགས་ཤད་དང་འགྲོགས་ནས་ཀློག་པ་པོའི་བསམ་བློའི་འཁོར་རྒྱུན་དེ་ཡང་མཚམས་བཅད་དེ།ཀློག་པ་པོའི་ལས་བྱ་ལྟ་བུའི་བསམ་བློའི་བར་སྟོང་དེ།དཔེ་དེབ་ཀྱི་ཁ་བསུམ་པ་དང་ཀློག་པ་པོའི་ཀླད་པ་ཡོད་ཚད་སྟོང་ཧང་ངེར་གཏོང་བའི་བརྩམས་ཆོས་ཀྱིས་ཀློག་པ་པོ་བོར་སོང་བ་རེད།ཡང་ན།བརྩམས་ཆོས་ཀྱིས་ཀློག་པ་པོ་ལྷོད་གཡེང་དུ་བཏང་བ་རེད།དེ་ལྟ་བུའི་བརྩམས་ཆོས་ནི་བརྩམས་ཆོས་ཤི་བོ་ཡིན།དེས་ན།བརྩམས་ཆོས་ཀྱིས་ཀློག་པ་པོ་ཇི་ལྟར“འཚོལ”ལམ་ཞེ་ན།བརྩམས་ཆོས་ཀྱི་ཞུན་བརྡར་ཐོབ་པའི་བརྗོད་བྱའི་འཕེལ་འགྲུབ་རེ་རེའི་བར་ནས།ཀློག་པ་པོར་གྲིས་གཙགས་འདྲའི་ཆགས་སྡང་གི་ན་ཟུག་སློང་ཞིང་།ཐོབ་ཅིང་ཤོར་འདྲའི་དགའ་སྐྱོའི་རོ་བྲོ་ངོ་མ་ཞིག་མྱོང་དུ་འཇུག་ལ།དེ་དག་རེ་རེའི་བར་གསེང་ནས།ཀློག་པ་པོས་མངོན་ཆུང་གིས་སྨྲ་བསམ་བརྗོད་འདས་ཀྱི་སེམས་ཁམས་ཤིག་ཉུལ་གྱིན་ཡོད་ཅིང་།ཡང་དེ་ལྟ་བུ་ཞིག་ལ་སྤོབས་སེམས་ཆེན་པོས་བརྩོན་ཞིང་སྙེག་པའི་སེམས་འགྱུ་སྣ་ཚོགས་སློང་བ་ནི།བརྩམས་ཆོས་ཀྱིས་ཀློག་པ་པོ་འགུག་པའི་ནུས་པ་ཡིན་ལ།བརྩམས་ཆོས་ཀྱི་རིན་ཐང་ཡང་དེ་ན་གདའ།
   རེད་དེ།ངས《སྐྱ་མོ་ལམ》ལེགས་པོར་མཐོང་དོན་ཡང་།《སྐྱ་མོ་ལམ》གྱིས་ཀློག་པ་པོ་ལྷོད་གཡེང་དུ་མི་གཏོང་བ་དེ་རེད།ནམ་རྒྱུན།མི་རྒན་བགྲེས་པོས་ལྷ་སྒྲུང་དང་གནའ་གཏམ་འཆད་པ་ལྟར།རྣ་བ་མ་གཡེང་བར་མཉན་ནས་བསྡད་ན་ཆོག་པ་ཞིག་མ་རེད་ཟེར་བ་ཡིན།གནའ་མི་ཚོའི་བཤད་པའི་གཏམ་རྒྱུད་ལ་ཉན་ཉན་པའི་མཐར་རང་གི་གཟུགས་གཞི་ཡང་རང་དབང་དུ་མི་ཡོང་བར་གཏི་མུག་གི་ཡུལ་དུ་བསྙེལ་བར་བྱེད་པ་རེད།དེའི་རྒྱུ་མཚན་ནི།གཏམ་རྒྱུད་ལ་བསམ་བློ“སྡོམ་གཅུན”བྱེད་པའི་ནུས་པ་སྟོངས་པས་རེད།《སྐྱ་མོ་ལམ》གྱིས་ཀློག་པ་པོ“གཉིད”དུ་མི་འཇུག་སྟེ།ཀློག་པ་པོའི་བསམ་བློ་བཏང་སྙོམས་སུ་མི་འཇོག་པར།བསམ་གཞིག་གི་ལམ་སྣེ་མང་པོར་ཁྲིད་ཅིང་།ཤེས་བྱ་སྣ་མང་པོར་རྒྱུས་ཡོད་དང་རང་གི་འཚོ་གཞེས་ལ་བདག་འཛིན་གྱི་འདུ་ཤེས་སྐྱེ་རུ་འཇུག་པ་ཡིན།དེ་ལྟར་མ་རེད་ཟེར་ན།《སྐྱ་མོ་ལམ》གྱིས་ཐོག་མ་ཉིད་ནས་ང་ཚོའི་མིག་སྔུན་དུ།“སྐྱ་མོ་ལམ”ཞེས་དྲི་རྟགས་རྣོ་ཐག་ཆོད་ཅིག་བཤམས་ནས་ཡོད་པ་མི་མཐོང་ངམ།དྲི་རྟགས་འདིས་ང་ཚོ་ཐོག་མ་ཉིད་ནས་མནོ་བསམ་གྱི་ཡུལ་དུ་ཁྲིད་ནས་ཕྱིན་ཚར། “སྐྱ་མོ་ལམ”ནི་ལམ་ཞིག་གི་མིང་རེད་དམ།ཡང་ན་འཚོ་བ་ཞིག་གི་གནས་བབ་རེད་དམ།འདུ་ཤེས་ཤིག་གི་སྣང་བརྙན་རེད་དམ།རིག་གནས་ཤིག་གི་ངོ་ཚབ་པ་རེད་དམ།ཡང་ན“གོང་མའི་ན་བཟའ་གསར་བ”ལྟ་བུ་ཞིག་རེད་དམ། “སྐྱ་མོ་ལམ”ནི་གཉན་ལམ་ཞིག་མིན་ཟེར་བར་སྤོབས་པའི་ཕོ་སྐྱེས་ག་ཚོད་ཅིག་ཡོད་སྲིད་དམ།ཡང་ན།“ང”ལྟ་བུ་ཅི་ཙམ་འཁྲུངས་སྲིད་དམ་ཟེར་འོང་།།
  ངའི་བསམ་པ་ཞིག་ལ།བརྩམས་ཆོས་ཤིག་ཀློག་པའི་སྐབས་སུ་ཉམས་འཇོག་བྱེད་དགོས་ས་གཉིས་འདུག་སྟེ།གཅིག་ནི།བརྩམས་ཆོས་ཀློག་པའི་གོ་རིམ་ཁྲོད་དུ་རྗོད་བྱེད་ཚིག་ངོས་ཀྱི་བསྟན་དོན་ལ་ངེས་ཤེས་འདྲོང་བ་དང་།ཡང་ན།ནང་དོན་བྱེ་བྲག་པར་གོ་བ་ལེན་ཤེས་རྒྱུ་དེ་རེད།གཉིས་ནི།བརྩམས་བཀླགས་རྗེས་ཀྱི་མྱོང་ཚོར་ལ་ངེས་ཤེས་འདྲོང་བ་སྟེ།ནང་དོན་སྤྱི་མཚན་པའི་ངོས་ནས་བརྩམས་ཆོས་དེར་གོ་བ་ལེན་ཐུབ་པ་བྱ་རྒྱུ་དེ་རེད།དེ་འདྲ་ཞིག་ཆགས་ཐུབ་དུས།ད་གཟོད་ཀློག་པ་པོ་ཡག་པོ་ཞིག་རེད་བསམ་ཡོད།གཞན་ཞིག་ནས་བཤད་ཚེ།བརྩམས་ཆོས་ལ་སྨན་པའི་ཀློག་པ་པོ་ཞིག་རེད་བསམ་ཡོད།དེ་ལྟར་ཟེར་དོན་ནི།ཀློག་པ་པོས་བརྩམས་ཆོས་དེའི་གནད་དོན་དང་ལེགས་ཆ་གང་འཐུས་ཀྱིས་བསྔོག་འདོན་བགྱིད་ཐུབ་ཚེ།དཔེ་ཀློག་མྱོང་ཚོར་ཡིན་ན་འདྲ།རྩོམ་ཡིག་དཔྱད་བརྗོད་ཡིན་ན་འདྲ།“བརྩམས་ཆོས་ལྷན་ཐབས”ཀྱིས་བརྩམས་ཆོས་ཡོ་བསྲིང་གང་ལེགས་གནང་ཐུབ་པ་བྱུང་དུས།ཀློག་པ་པོའི་ངོས་ནས་བརྩམས་ཆོས་ཀྱི་རིན་ཐང་བླ་ལྷག་གིས་ཇེ་ཆེར་སོང་ཡོད་པ་ཇི་བཞིན།བརྩམས་ཆོས“ཀློག”མི་ཤེས་པའི་ཀློག་པ་པོ་ཞིག་གིས་བརྩམས་ཆོས་བཀླག་ཚེ་ཡང་དེ་དང་དེ་ལྟ་བུའི་སྐྱོན་འབྱུང་བ་ནི་སྨོས་ཅི་དགོས།
   རྒྱ་ནག་གི་སྐུ་ཞབས་ལུའུ་ཞུན(鲁迅)གྱིས།“འདིར་སུས་བཤད་པ་མི་ཤེས་མོད།གལ་སྲིད་སྣག་ཆུ་ཧ་ཅང་ཉུང་བའི་སྒོ་ནས་མི་ཞིག་གི་ཁྱད་ཆོས་འབྲི་དགོས་ཚེ།དེའི་མིག་དབང་གཉིས་འབྲི་བར་གཅེས་སུ་འཛིན་དགོས་པར་འདོད་ཅེས་པར་ཤིན་ཏུ་འཐད་དེ།གལ་སྲིད་མགོའི་སྐྲ་ཚོགས་ཁོ་ན་བྲིས་ཚེ་བྲིས་པ་བདེན་པ་ལྟར་སྣང་ཡང་སྙིང་བོ་ཅི་ཡང་མེད་དོ”ཞེས་བཞེད་པ་ལྟར།ཀློག་པ་པོས་མིག་དབང་བྲིས་པའི་དོན་སྙིང་དང་སྐྲ་ཚོགས་བྲིས་པའི་དོན་སྙིང་གཉིས་ཆ་མཉམ་དུ་མཐོང་ཚེ། ང་ཚོས་“བརྩམས་ཆོས་ཀྱི་སྐད་ཆ”བ་མ་གོ་བ་ཡིན་ལ།བརྩམས་ཆོས་ནི“ཁྱད་པར་རེ་གཉིས་ཞིབ་དུ་བརྗོད་པའི་སྐབས་སུ་བབ་པ་ན(ཀི་ཏིའི་ཚིག歌德)”རྩོམ་དགོས་པར་ཐུག་པའི་དོན་སྙིང་ཡོད་པ་ཡེ་ནས་རྟོག་མི་ཐུབ་པར་འགྱུར།དེ་དུས།ཀློག་པ་པོ་ནི་བརྩམས་ཆོས་ཀྱི་གཤེད་མ་རུ་འགྱུར་ཉེན་ཆེ།ང་ཚོ་བོད་ན་བརྩམས་ཆོས་ཀྱི་གཤེད་མ་མང་པོ་ཡོད་པ་རེད།དེ་བཞིན།ང་ཚོ《སྐྱ་མོ་ལམ》གྱི་གཤེད་མ་རུ་མི་འགྱུར་བར།འཚོ་བའི་བདེན་ཤས་དང་སྒྱུ་རྩལ་གྱི་མཐོ་ཚད་ནས་བརྩམས་ཆོས་ཀྱི་མགོ་ལུས་ཀུན་ལ་མིག་བཤེར་དང་སེམས་པ་གླན་ན།《སྐྱ་མོ་ལམ》གྱིས་འཚོ་བའི་ངོ་བོ་མཚོན་པའི་ཕྱོགས་འགའ་མངོན་པར་བྱས་ཏེ།“རྒྱ་ཆེས་ཆུང་ས་ལ་བརྟེན་ནས་ཆེས་རྒྱ་ཆེ་བའི་བསམ་པ་མཚར་ཆེ་བའི་སྒོ་ནས་བསྡུས(པར་ཀྲ་ཁིའི་ཚིག(巴尔扎克)”ཏེ།རིག་གནས་སྟངས་འཛིན་དང་ལོ་རྒྱུས་སྣང་ཚུལ་ཆེན་པོ་ཞིག་ལ་མནོ་བསམ་བདར་ཆོག་པར་གདོན་མི་ཟ་སྙམ་པ་བྱུང་།
   གཉིས། 《སྐྱ་མོ་ལམ》­ལས་རྩོམ་པ་པོ་འཚོལ་བ།     
   ཨ་རིའི་བརྩམས་སྒྲུང་མཁན་ཐའོ་མཱ་སི· བོར་ཧྥོས(托马斯·沃尔夫)ཡི《བརྩམས་སྒྲུང་ཞིག་གི་གཏམ་རྒྱུད》ཅེས་པའི་ནང་དུ།ཚད་ལྡན་གྱི་བརྩམས་ཆོས་ཡོད་ཚད་ནི།མཐར་གཏུགས་ནས་བཤད་ན།རྩོམ་པོ་རང་གི་རང་རྣམ་རང་བཞིན་ཅན་ཤ་སྟག་ཡིན་པ་མ་ཟད།གལ་ཏེ་རང་གིས་རིན་ཐང་ཡོད་པའི་དངོས་པོ་ཞིག་གསར་སྐྲུན་བྱེད་དགོས་ཚེ།ངེས་པར་དུ་རང་གི་འཚོ་བའི་དཔྱད་གཞི་དང་ཉམས་མྱོང་ལ་མི་བརྟེན་ཐབས་མེད་ཡིན་པ་རེད།ཅེས་དང་།མས་རན·ཁོན་ཏི་རའི(米兰·昆德拉)《ཚིག་དྲུག་ཅུ་རེ་གསུམ》ཅེས་པར།ཚུགས་ཐུབ་ཀྱི་ལྟ་བ་དང“ལད་བཟློས་མི་ནུས་པའི་སྐད་སྒྲ”བདོག་པའི་རྩོམ་མཁན་ཞིག་ཡིན་ཚེ། ་་་་་་ ཁོའི་བརྩམས་ཆོས་ཡོད་དོ་ཅོག་ལ་མཐའ་གཅིག་ཏུ་རང་ཉིད་ཀྱི་བསམ་བློའི་རྡོ་རིང་བསླངས་ཡོད།ཅེས་དང་།སྐུ་ཞབས་ཚའོ་ཝུན་ཤོན་གྱི《བརྩམས་སྒྲུང་ལ་འཇུག་པའི་སྒོ》ཞེས་པའི་ནང་དུ།བརྩམས་སྒྲུང་མཁན་པོས་རང་གི་ཉམས་མྱོང་དངོས་བརྒྱུད་དེ་བརྩམས་སྒྲུང་གི་བརྗོད་བྱར་འབྲི་བ་ཡིན།ཞེས་པ་ཇི་ལྟ་ཇི་བཞིན།བརྩམས་ཆོས་ཀྱིས་ཡིན་གཅིག་མིན་གཉིས་རྩོམ་པ་པོའི་ཚབ་བྱེད་དགོས་ཤིང་།ཚབ་བྱེད་མི་ཐུབ་པའི་བརྩམས་ཆོས་ནི།བརྩམས་ཆོས་བདག་མེད་དམ་ཤོབ་ཀྱི་ཕུང་བོ་ཁོ་ན་ཞིག་ཏུ་ངེས་སྙམ།
  སྤྱིར་བརྩམས་སྒྲུང་ལ་ལས་ནང་དུ།མི་སྣ“ང”ཞེས་པ་ཞིག་འབྱུང་བ་དེ་རྩོམ་པ་པོ་ཁོ་རང་ཉིད་ཡིན་པར་ངོས་འཛིན་བྱེད་རུང་མིན་ཐད་ལ། ཧྥོང་ཡེའུ་ཀྲུའུ(冯育柱)ལགས་ཀྱི《སྒྲུང་གཏམ་གསར་རྩོམ་གྱི་སྒྱུ་རྩལ་གླེང་བ》ཞེས་པའི་ནང་དུ་འདི་ལྟར་བཞེད་འདུག་སྟེ།ཁྱད་པར་དུ“ང”ཞེས་པ་ལྟར་བུད་པའི་བརྗོད་པ་པོ་ནི་རྩོམ་མཁན་ཉིད་དུ་མཐོང་མི་རུང་བ་གནད་དུ་གལ། ་་་་་་ འོན་ཀྱང་།བརྗོད་པ་པོས་བྱུང་རིམ་བརྗོད་སྐབས་ཀྱི་བརྩེ་དུང་དང་དེར་འདུས་པའི་བསམ་བློ།བཏོན་པའི་ལྟ་ཚུལ།གཏན་ལ་ཕབ་པའི་དཔྱད་འཇོག་གི་ནང་དུ།རྩོམ་མཁན་གྱི་མཛེས་དཔྱོད་འདུ་ཤེས་ཡོད་ཅིང་རྩོམ་པ་པོའི་མཛེས་དཔྱོད་ཀྱི་ཕུགས་འདུན་ཡང་བཅོལ་ཡོད་དོ།།ཞེས་གསུངས་པ་དང།ཡང་།ང་ཚོས《སྐྱ་མོ་ལམ》ཞིབ་ཀློག་ཅིག་བྱས་པ་དང་འབྲེལ།རྩོམ་པ་པོའོ་ལོ་རྒྱུས་ཕྲན་བུ་རེ་ཤེས་རྟོག་བྱུང་དུས།ང་ཚོས་ཐག་གཅོད་ཐུབ་པ་ནི།ཚད་ངེས་ཅན་ཞིག་གི་སྟེང་ནས་བཤད་ན།《སྐྱ་མོ་ལམ》ནང་གི་མི་སྣ“ང”ཞེས་པ་ནི།རྩོམ་པ་པོར་གོ་ཆོག་ཆོག་རེད།
   དེ་བཞིན། 《སྐྱ་མོ་ལམ》གྱི་ནང་དུ།རྩོམ་པ་པོས་འབོད་པའི་ཐ་སྙད་དང་བོར་བརྟེན་ནས།རང་གི་བསམ་བློ་དང་ངོས་འཛིན།འཇིག་རྟེན་ལྟ་ཚུལ་དང་རིན་ཐང་ལྟ་ཚུལ།རང་གི་གདམས་ཀ་དང་ལངས་ཕྱོགས་སོགས་ཧ་ཅང་གཏན་ཚུགས་དང་བཅས་ཕྱིར་མངོན་འབུར་དོད་བྱས་འདུག རང་གི་བྲང་ཁོག་དམར་རྗེན་དུ་བལྟམས་ཐུབ་པའི་རྩོམ་མཁན་དག་གི་བརྩམས་ཆོས་ལ་མཇལ་ཚེ།ཀློག་པ་པོས་ཡང་དག་པའི་སྒོ་ནས་རྩོམ་པ་པོར་རྒྱུས་ལོན་བྱ་ཆོག་པ་མ་ཟད།ཀློག་པ་པོ་དང་རྩོམ་པ་པོའི་འབྲེལ་ཐག་དེ་ངེས་དོན་གྱིས་ཁ་ཉེ་གཏིང་ཐུང་དུ་གྱུར་ཡོད་པ་རེད།དེ་ནི་རང་གི་བརྩམས་ཆོས་ལ་འགན་ཁུར་སྟངས་ཤིག་ཡིན་པ་སྨོས་ཅི།དགོས་པ་གཙོ་བོ་ཀློག་པ་པོར་བསླུ་བྲིད་མི་ཐེབས་པའི་ཆེད་དུ་རེད།བརྩམས་ཆོས་ཀྱི་ནང་དུ་རང་ཉིད་དམར་རྗེན་དུ་བཤམས་ཏེ།“བརྩམས་ཆོས་ཀྱིས་རྩོམ་པ་པོ་དང་ཀློག་པ་པོའི་བར་ལ་ཟམ་པ་ལྟ་བུའི་བྱེད་ནུས(ཚའོ་ཝུན་ཤོན་གྱི་ཚིག)”ཐོན་ཆེད་དུ་ཡིན།ང་ཚོས་ལྟ་དང་།རྩོམ་པ་པོའི་ལངས་ཕྱོགས་དང་ཕུགས་འདུན་མཚོན་པ།(ང་བརྩམས་ཆོས་འདིའི་ནང་བློ་བྱིང་བ་ཇི་ལྟར་ཟབ་ཀྱང་ཕ་གའི་སྐྱ་མོ་ལམ་དེ་ཡིད་ལ་ཤར་བ་དེ་ལྟར་གསལ།རྒྱུ་མཚན།སང་ཉིན་ང་རང་ཕ་གའི་སྐྱ་མོ་ལམ་དེར་ཞུགས་ནས་འགྲོ་རན་པ་ཡིན། ་་་་་་  ལམ་དེ་ནས་རིའི་ཕར་རྒྱབ་ལ་སོང་ན་ནི་རོང་བའི་སྡེ་བ་ཞིག་ཡིན་ཞིང་།མི་ལ་ལས་བཤད་པ་ལྟར་ན།རོང་སྡེ་དེ་དེང་སང་རྒྱ་མིར་གྱུར་འདུག་ཟེར།རོང་བ་རྒྱ་མིར་གྱུར་བ་གཙོ་བོ་མ་རེད་ལ།རོང་འབྲོག་གི་ས་མཚམས་འདིར་འགྲེང་བའི་རི་ངོས་འདིའི་སྐྱ་མོ་ལམ་དུ་མིའི་འགྲོ་འོང་ཆད་པ་གནད་གཙོ་བོ་རེད།དེ་སྔ་ངས་དཔེ་ཆ་ཞིག་ལས་རོང་སྡེ་དེའི་ས་ཁམས་ཆགས་ལུགས་དང་།འགྲིམ་འགྲུལ་འགྲོ་འོང་།གནའ་མིའི་བློ་གྲོས་དང་སྤོབས་པ།དེང་མིའི་མིག་རྒྱང་དང་བློ་ཁམས་སོགས་བཀླགས་མྱོང་།རོང་སྡེ་དེ་ངའི་སེམས་བབ་དུ་མཚོ་སྔོན་རེབ་གོང་གི་མིས་སྨོན་བཞིན་པའི་རོང་བོ་དགོན་པ་དང་འདྲ།འོན་ཀྱང་།སྨོན་ལུགས་རྦད་དེ་ཁ་ཁ་སོ་སོ་ཡིན། ་་་་་་ རོང་སྡེ་དེ་སྡེ་བ་འབྱོར་ཆེན་དབྱར་གྱི་མཚོ་ཆེན་ལྟ་བུ་ཞིག་ཡིན་པ་ཧུ་ར་སྡེ་བའི་ཨ་ལགས་གཟིག་སྐུ་ཕྲེང་དང་པོས་གསན་རྗེས།འགྲོ་བའི་དོན་ཆེན་བསྒྲུབ་ལ་ཚེགས་མི་འཛེམ།ཞེས་གསུངས་ནས་ཁལ་རྟ་མང་པོ་ཁྲིད་ཅིང་ལམ་དེར་ཞུགས་་་་་་ )རང་གི་འཚོ་བ་ནི་སྐྱོ་གར་ལྡན་པ་ཞིག་སྟེ།རང་གི་ཆུང་མ་ཡང་ཚུད་པའི་གཉེན་ཉེ་དག་གིས་མཚོན་པའི་མི་མང་པོས།རང་གི་རིན་ཐང་ལྟ་ཚུལ་དང་བསམ་བློ་སོགས་ལ་བཀག་འགོག་དང་གནོན་ཤུགས་སྤྲད་དང་སྤྲོད་མུས་ཡིན་ཀྱང་།རང་གི་འགྱུར་དུ་མེད་པའི་གདམས་ཀ་དང་གཞོམ་གཞིག་བྲལ་བའི་བསམ་བློ་ནི།སྲ་ཞིང་འཐས་ཏེ།(“ཞི་ལི།ཁྱེད་སང་ཉིན་ཕ་གའི་སྐྱ་མོ་ལམ་ལ་ཞུགས་རྒྱུ་ཡིན་པ་བདེན་ནམ།”ཨ་མས་དེ་ལྟར་བཤད་པ་ན་ངས་ད་གཟོད་དཔེ་ཆ་དེར་ལྟ་མཚམས་བྱས།“བདེན།ང་འགྲོ་རྒྱུ།” ་་་་་་ ཆུང་མའི་ཕྱོགས་ཀྱི་རྒད་པོས།“ཁྱེད་ལ་ཅི་བྱུང་སོང་།ལམ་དེ་བཀྲ་མི་ཤེས་པའི་ལམ་རེད།”“བཀྲ་མི་ཤེས་པའི་མི་མང་པོ་ཞིག་གིས་དེ་ལྟར་ཟེར་སྲིད་ཀྱི་རེད” ་ ་་་་་་ གྲྭ་བས།“ཨ་འགོང་པོ།ཀན་འདྲེ་རྐང་ཡས་མའི་ལམ་རེད།”“གྲྭ་བ།ཁྱེད་ཀྱི་མིང་ལ་གྲྭ་བ་ཟེར།ངས་འཆད་ཀྱིན་པ་ནི་འཇིག་རྟེན་ཁྱིམ་པ་བའི་དོན་ཡིན།ངུར་སྨིག་གི་སྡེ་མི་ཐེ་བའི་འཇིག་རྟེནཔ” ་་་་་་ ཆུང་མས།།“ཆོག་གི ཁྱེད་སོང་།ང་ཡང་ཁྱེད་ཀྱི་རྩིབ་ནས་འགྲོ་རྒྱུ་ཡིན།”“རེད།ངེད་གཉིས་ཀ་འགྲོ།འདི་ངེད་གཉིས་རང་རང་གི་དགའ་ཕྱོགས་རེད།”)ཞེས་བློ་ཐག་རྦད་ཆོད་ཀྱི་ཚིག་ལན་ནམ་ལངས་འདྲ་ཞིག་བཏབས་འདུག་པ་རེད།ཁ་བརྡ་དེའི་འཕྲོར་ཏག་ཏག་ཏུ།(ངའི་ཆུང་མས་སྡང་མིག་འཇིགས་པོ་ཞིག་བགྲད་ཅིང་མི་དེ་གཉིས་པོ་ཁྲིད་དེ་ངེད་ཚང་གི་ཕྱི་སྒོ་ལས་ཕྱིར་ལོག ངའི་སེམས་ལ་ཁོ་མོར་ཇི་འདྲའི་འཇིག་སླ་བའི་བརྩེ་དུངས་ཤིག་ཡོད་ཨང་སྙམ་པ་ན་ཕངས་སེམས་ཤིག་ཀྱང་དལ་བུར་སྐྱེས་བྱུང་།)ཞེས་རྩོམ་པ་པོའི་རང་གི་སེམས་ཁམས་བྲིས་པའི་ཚིག་བརྗོད་དེས།ང་རང་བླ་ལྷག་གིས་བརྩམས་ཆོས་དེར་དགའ་བར་གྱུར་སོང་།རྒྱུ་མཚན།རང་གི་དབང་ཤེས་ཀྱི་བྱེད་པོ་དང་ཆ་འདྲ་བའི་ཆུང་མར་གཏན་གྱེས་གནང་དགོས་ཐུག་ཚེ།སེམས་ལ་དགའ་སྐྱོ་ཆགས་སྡང་ཅི་ཡང་བསྐྱེད་རྒྱུ་མེད་པའི་མི་མིན་འདྲ་ཞིག་ཏུ་བཅོས་མེད་པར།སྡང་བའི་མཐའ་མར་ཞེན་ཆགས་ཀྱི་སེམས་བསྐྱེད་དེ་བློ་ཕམ་ངེས་པ་ནི།མིའི་རང་གཤིས་རྨ་མེད་ཅིག་ཏུ་གྲུབ་ལ།སྐད་ཆ་དེས།བརྩམས་ཆོས་ཀྱི་སྒྱུ་རྩལ་བདེན་གྲུབ་ཀྱི་སྟོབས་ཤུགས་ཆེས་ཆེར་བཏང་འདུག་པས་ཡིན།གཞན་རང་དང་ཆེས་གཉེན་པའི་མི་སྟེ།རང་གི་ཕ་མ་གཉིས་ཀྱི་རང་གཤིས་དང་བློ་སྤོབས་སོགས་མཚོན་པ།(“ཡ།དེས་ན་འགྲོ་རྒྱུ་བྱོས།ང་ཨ་མས་ཅི་ཡང་མི་ཤེས།” “བཀའ་དྲིན་ཆེ།ཨ་མ།” ཨ་མས་ང་ལ་འོ་ཇ་དཀར་ཡོལ་གང་བླུགས་ནས་གོམ་འགྲོས་དལ་བུས་ཁང་བར་ལོག་སོང་།ངས་ཇ་ཧུབ་གང་འཐུངས་པ་ན་ཁང་བའི་སྒོ་ཆུང་ལས་ཨ་ཕའི་སྐུ་གཟུགས་མངོན་བྱུང་།“ཞི་ལི།ད་འགྲོ་རྒྱུ་ཡིན་ན་སྙིང་རུས་ཡོད་དགོས་ནི་རེད།”ཨ་ཕས་བཤད།“ངས་ཤེས་སོང་།ང་འགྲོ་དོན་ངས་ཨ་མར་བཤད་ཡོད།” “ངས་ཤེས་སོང་།འདི་ཁྱེད་རང་གི་འདོད་པ་རེད།ངེད་གཉིས་ཀྱིས་འགོག་རྐྱེན་བཟོ་མི་སྲིད།”“ཨ་ཕ།བཀའ་དྲིན་ཆེ།ཁྱེད་གཉིས་ཀྱི་མིག་རྒྱང་ལ་བཀའ་དྲིན་ཞུ།”ཨ་ཕས་ལག་ཏུ་རྡོ་ཤེལ་ཞིག་བཟུང་ཡོད།ཁོས་རྡོ་ཤེལ་དེ་ང་ལ་བསྲིངས་ནས།མིག་ལ་གཅེས་སྐྱོང་བྱོས།ཞེས་སླར་ཡང་ཁང་བར་ལོག་སོང་། ་་་་་་ ང་ཕྱིར་འཁོར་ནས་འཇམ་ཐིང་ཐིང་གི་ཧུ་ར་སྡེ་བར་ལྟ་ཙམ་བྱས་པ་ན་བརྩེ་ལྡན་ཡབ་ཡུམ་གཉིས་ཀྱི་མིག་རྒྱང་ལ་ལྷག་ཏུ་སྨོན་སེམས་ཤོར།)སྐབས་འདིར། ངས་ལུའུ་ཞུན་གྱི་སྐད་ཆ་ཞིག་དྲན་ཡོང་།“སྐད་ཆ་ལས་མི་དེ་མཐོང་ཐུབ”ཞེས་པ་དངོས་གནས་བདེན་ཏེ། སྐྱིད་ལ་སྡུག་པའི་ཁ་བརྡ་འདི་བརྒྱུད་དེ།རང་གི་གདམས་ཀར་རྒྱབ་སྐྱོར་གནང་མཁན་ནི།བུ་ཡི་དོན་དུ་གང་ཡང་བསྒྲུབ་པར་སྤོབས་པའི་རང་གི་དྲིན་ཆེན་ཕ་མ་ཉི་ཟླ་འདྲ་བ་གཉིས་ཁོ་ན་ཡིན་པ་དང་།འཇིག་རྟེན་ཉི་ཟླ་ཟུང་ལ་བསྒྲུན་པར་ནུས་པའི་དྲིན་ཆེན་ཕ་མ་གཉིས་ཀྱི་མིག་རྒྱང་དང་བློ་རྒྱ།སྙིང་སྟོབས་དང་ལྷག་བསམ།མཉེས་གཤིན་དང་ཞེན་ཆགས་བླ་མེད་ན་མཐོ་བ་དེ།རང་ཉིད་ལམ་ལ་ཆས་པའི་ཆོད་སེམས་དང་ཁོག་དཔུང་ཡ་མེད་ཅིག་ཏུ་འཁུམས་ཤིང་།འདི་ལས་ལྷག་པ་ཞིག་གང་ན་ཡོད་བསམ་སྟེ།མཇུག་མཐར།“གོམ་པ་དང་པོའི་རྡོག་མགོ་གཞི་ནས་བསྒུལ”བའང་རེད་དོ།  །
     གསུམ།  《སྐྱ་མོ་ལམ》­ལས་འཚོ་བ་དངོས་འཚོལ་བ།
  བརྩམས་སྒྲུང་བརྩམས་ཆོས་གང་ཡིན་རུང་།དེར་རིན་ཐང་ཡོད་མེད་ཚད་འཇལ་བྱེད་གཅིག་ནི།བརྩམས་ཆོས་དེར་བསམ་བློ་འཁོར་རྒྱུག་བྱེད་སའི“ཁོར་ཡུག”ཡངས་མོ་ཞིག་ཡོད་མེད་དང་།གཉིས་ནི།བརྩམས་ཆོས་དེས་འཚོ་བ་ག་གེ་མོ་ཞིག སྣང་བརྙན་གྱི་ཚུལ་དུ་བཞེངས་སྐྲུན་བྱས་ཏེ།འཚོ་བ་ནི་མི་ཞིག་ཡིན་པའི་དབང་དུ་བཏང་ན།བརྩམས་ཆོས་ཀྱི་མེ་ལོང་ནང་དུ་མི་དེའི་ཆ་བྱད་ཇི་མ་ཇི་བཞིན་འཆར་ཐུབ་ཡོད་མེད་དེ་ཡིན་པར་སྨྲ།དེས་ན།《སྐྱ་མོ་ལམ》གྱིས་ཕ་ཡུལ་གྱི་འབྲོག་པ་དམངས་ཚོགས་ཀྱི་འཚོ་བའི་གནས་བབ་དེ་ཟུར་ནས་ཐོས་སུ་སྦྲན་ཏེ།ཡུལ་མི་ཚོའི་གླེན་རྨོངས་ཀྱི་སྦྱོར་བ་དང་།ཡུལ་མི་ཚོ་ཡུལ་མི་ཚོའི“འཚོ་གནས་ཀྱི་གཤེད་མ”གང་གི“མཁར་རྫོང” ལས་ཐར་ཐུབ་ཀྱི་མེད་པའི་སྐྱོ་གར་མང་པོ་ཞིག ང་རང་ཚོའི་རྣ་རྩར་ངུ་སྐད་ཤུམ་ཤུམ་གྱིས་ཤབ་ཤུབ་བཟློ་ཞིང་འོང་།       དཔལ་ཡོན་གཉིས་ཀྱི་མཛོད་ཁང་གི་ལྡེ་མིག་ལྟ་བུའི“སྐྱ་མོ་ལམ”དེ།གཟིག་སྐུ་ཕྲེང་གཉིས་པས་གཉན་ལམ་དུ་ངོས་བཟུང་བ་ནས།ལམ་དེའི་སྟེང་གི་འགྲོ་འོང་རིམ་གྱིས་ཆད་ཅིང་།ཧུ་ར་སྡེ་བ་བསྐྱར་དུ་ལྟོ་སྐྱ་གོས་ཧྲིལ་དུ་གྱུར།ཞེས་པར་བསམ་རྒྱུ་ཡོད་དེ།སྐབས་འདིར“སྐྱ་མོ་ལམ”འདི་ལམ་ཞིག་གི་ངོས་ནས་བསམ་ཚེ།ལམ་དེ་གཉན་ལམ་དུ་ངོས་བཟུང་བ་ནི།རྒྱ་ནག་ལོ་རྒྱུས་སྟེང་གི་མཚན་ཤས་ཆེན་པོར་བསྒྲེངས་པའི“ཕྱི་སྒོ་བཀག་བཅད”ཀྱི་ལུས་འགུལ་དང་ཨ་ན་མ་ན་རེད། ⑴ རྒྱ་ནག་ཐོག་མར་ཕྱི་ཕྱོགས་འགྲོ་འོང་དང་ཕྱི་ཕྱོགས་བརྗེ་ཚོང་གི་ལམ་ལ་བརྟེན་ནས་ཕྱུག་པོ་ཡ་མེད་ཅིག་ཏུ་ཆགས་པ་རེད།  ཧུ་ར་སྡེ་བའང་ཐོག་མར་རོང་སྡེའི་བར་ཕན་ཚུན་འགྲོ་འོང་དང་ཕྱི་གཏོང་ནང་འདྲེན་གྱི་བརྒྱུད་ལམ་སྐྱ་མོ་ལམ་ལ་བརྟེན་ནས་ཧུ་ར་སྡེ་བ་ཕྱུག་པོར་ཉན་པ་རེད། ⑵ དེ་ནས་རྒྱ་ནག་ཁེངས་དྲེགས་རྒྱས་ཏེ་ཕྱི་ཕྱོགས་གང་ལའང་བརྟེན་མི་དགོས་པར།རང་རྐྱ་འཕེལ་ཐུབ་པའི་སྟོབ་བསམ་བཅངས་ཏེ་ཕྱི་སྒོ་བརྒྱབ་པ་རེད།   ཧུ་ར་སྡེ་བའང་སྐྱ་མོ་ལམ་ལ་རྣམ་རྟོག་སྐྱེས་ནས་གཉན་ལམ་དུ་སྒོམ་སྟེ།སྐྱ་མོ་ལམ་སྟེང་གི་འགྲོ་འོང་ཆད་པ་རེད། ⑶ རྒྱ་ནག་གིས་ཕྱི་སྒོ་བཀག་བཅད་ཀྱི་ལས་འགུལ་སྤེལ་བའི་མཇུག་འབྲས་སུ།རྒྱ་ནག་རྗེས་ལུས་རྒྱལ་ཁབ་ཅིག་ཏུ་ཆགས་ཏེ།ད་ལྟ་ད་དུང་ཡང་རྐང་ཞ་ལག་འཁུམས་ཀྱི་གནས་སུ་ལུས་ཡོད་པ་འདི་རེད།   ཧུ་ར་སྡེ་བས་སྐྱ་མོ་ལམ་གཉན་ལམ་དུ་བརྩིས་པའི་མཐའ་འབྲས་སུ།ཧུ་ར་སྡེ་བ་སླར་ཡང་ལྟོ་སྐྱ་གོས་ཧྲིལ་གྱི་གནས་སུ་ལྷུང་བ་རེད། ⑷ དེ་གཉིས་མི་འདྲ་ས་ནི།སོ་སོའི་བཀའ་ཁྲིད་པ་མི་འདྲ་བ་ཙམ་སྟེ།རྒྱ་ནག་ལ་དྲག་པོ་སྲིད་ཀྱིས་མགོ་ཁྲིད་པ་དང་།    ཧུ་ར་སྡེ་བར་སྣང་སྟོང་ཆོས་ཀྱིས་མགོ་བཅུམ་པ་རེད།
   ངས་འདི་ལྟར་ཞིབ་བསྡུར་བྱེད་པ་ནི།《སྐྱ་མོ་ལམ》གྱིས་རྒྱ་ནག་གི“ཕྱི་སྒོ་བཀག་བཅད”ཀྱི་ལུས་འགུལ་མཚོན་འདུག་ཞེས་པ་མིན་ལ།《སྐྱ་མོ་ལམ》གྱིས་མཚོན་ཡོད་པའི་དེང་དུས་ཀྱི་ཕ་ཡུལ་མི་དམངས་ཚོགས་ཀྱི་འཚོ་བའི་གནས་སྟངས་དང་།འཚོ་གཞེས་ཀྱི་གདམས་ཀ་དང་། བསམ་བློའི་བཀག་རྒྱ་ནི།ལོ་རྒྱུས་སུ་གྱུར་ཟིན་པའི་རྒྱ་ནག་གི“ཕྱི་སྒོ་བཀག་བཅད”སྐབས་ཀྱི་འཚོ་བའི་ངོ་བོ་དང་རིན་ཐང་ལྟ་ཚུལ་གཉིས་འདྲ་གི་ཞེས་པ་ཡིན་ཞིང་།ང་རང་ཚོ་ནམ་ཡང་འདི་ལྟར་གཞེས་པས།འདི་ནི་ང་ཚོའི་སྤྱི་ཚོགས་འདི་རྗེས་ལུས་ཡིན་པ་དང་རྩིང་སྤྱོད་དྲག་པ།དམུ་རྒོད་ཀྱི་གཤིས་ཀ་མངའ་བ།བླུན་རྨོངས་ཆེ་དོན་དག་གི་འབྱུང་ཁུངས་གཙོ་བོ་ཞིག་ཡིན་ཡང་སྲིད་ཅེས་དོགས་པ་ཞིག་ཟོས་པ་དེ་ཡིན།
   དཔལ་ཡོན་གཉིས་ཀྱི་མཛོད་ཁང་གི་ལྡེ་མིག་ལྟ་བུའི“སྐྱ་མོ་ལམ”དེ།གཟིག་སྐུ་ཕྲེང་གཉིས་པས་གཉན་ལམ་དུ་ངོས་བཟུང་བ་ནས།ལམ་དེའི་སྟེང་གི་འགྲོ་འོང་རིམ་གྱིས་ཆད་ཅིང་།ཧུ་ར་སྡེ་བ་བསྐྱར་དུ་ལྟོ་སྐྱ་གོས་ཧྲིལ་དུ་གྱུར་བ་ནི།བདེན་ཤས་ཞེ་དྲག་ཡོད་པའི་སྐད་ཆ་ཞིག་ཡིན་པ་མ་ཟད།སྐད་ཆ་དེའི་ཤུགས་སུ་འཚོ་བའི་གདུག་རྩུབ་ཀྱི་རང་གཤིས་ཤིག་ཀྱང་འགོས་ནད་བཞིན་ཡམས་ཡོད་དེ།སྐྱ་མོ་ལམ་གཉན་ལམ་དུ་ངོས་ཟིན་མཁན་ནི།ཡེ་ཤེས་ཀྱི་སྤྱན་མངའ་བའི་ཨ་ལགས་གཟིག་ཡིན་པས།ཤེས་དང་མ་ཤེས་གང་ཡང་རུང་།མི་སུ་ཞིག་སྐྱ་མོ་ལམ་དུ་ཞུགས་པ་ཡིན་ཚེ།དེ་ནི་མ་རུང་བ་ཞིག་དང་།ལོག་ལྟ་ཅན།བྱུར་གྱི་སྣ་འདྲེན་པ།ལྟས་ངན།ཁ་ལས་མི་དགེ་བ།རླུང་རྟ་མི་དར་བ།ལོགས་སུ་བཀར་བ།བཙོག་ལྟ་བ།ཁ་མི་གྲག་པ།བཟོ་ལྟ་སྤྲོད་པ།དགོན་པས་ཆོས་སྐལ་གཅོད་པ།སྡེ་བས་སྡེ་གྲལ་ནས་འཕུད་པ་ལ་སོགས་པའི་གནོན་ཤུགས་དང་འཇིག་སྐུལ།བཀག་རྒྱ་དང་སྒེར་གཅོད།ཨུ་ཚུགས་དང་ཕྱོགས་རིས།ལམ་ལུགས་དང་ཚད་མར་འཛིན་པའི་འདུ་ཤེས་དང་བསམ་བློ་མཁྲེགས་པོ་མང་པོ་ཞིག་གིས།“ཐོས་བརྩོན་ཤེས་པ་ཅན་གྱི་ཉམ་ཆུང་གི་ཁ་སྟབས”(མཁས་དབང་དགེ་ཆོས་ཀྱི་ཚིག)འདི།ཕྱོགས་བཞི་མཚམས་བརྒྱད་ནས་བསྐོར་བསྐོར་ལ་ཡོད་པ་ནི།འཚོ་བ་དངོས་ཀྱིས་ར་སྤྲོད་བྱས་ཡོད་པ་མངོན་གསལ་ཡིན་ལ།འདི་ལྟ་བུའི་ནོར་རྐྱལ་གྱི་ཐོ་བས།“སྐྱ་མོ་ལམ”ལ་ཞུགས་འདོད་མཁན་མང་མང་ཞིག་གི་སྙིང་སྟོབས་གཞོམ་ཞིག་ཏུ་གཏོང་མི་ནུས་པ་ག་ལ་སྲིད་ཨང་།
   ང་ཚོའི་སྤྱི་ཚོགས་དངོས་ཀྱི་ཆོས་ལུགས་མི་སྣ་དང་མི་སེར་བར་གྱི་འབྲེལ་བ་ནི།འདས་མ་ཐག་པའི་སྐད་ཆ་དེ་ལས་ཀྱང་རྟོགས་ཐུབ་པ་ཡིན་ཡང་།ཅུང་ཁ་གསལ་དུ་བཏང་ན།སྤྱིར་ཆོས་དད་པ་ཞིག་གིས་ཆོས་བདག་ལ་གུས་བཀུར་བྱས་ན་ནི་འགྲིག འོན་ཀྱང་།ང་ཚོ་ལྟར།མི་སེར་གྱིས་བླ་མས་ཅི་གསུང་ཆོས་སུ་མཐོང་བའི་བསམ་སྦྱོར་དང་།བླ་མས་མི་སེར་ནི་རང་གི་ཁ་འོག་ལག་འོག་ཏུ་བསྡུ་རྐྱང་བྱེད་པའི“དངོས་པོ”ཞིག་ཏུ་སྒོམ་པ་དེ་འདྲ་ནི།ཐལ་ཆེ་བ་མང་དྲགས་ཏེ།གནའ་བོའི་བྲན་གཡོག་སྤྱི་ཚོགས་སྐབས་ཀྱི་བྲན་གཡོག་བདག་པོ་དག་གིས་བྲན་གཡོག་ཉོ་ཚོང་རྒྱག་པའི་ལས་དེ་ལའང་འདྲ་བ་བྱུང་།དེ་བས།ང་ཚོའི་སྤྱི་ཚོགས་ཀྱི་ཆོས་ལུགས་པ་དང་མི་སེར་བར་ལ་འོས་མིན་གྱི་གྲལ་རིམ་འབྲེལ་བ་ཞིག་མངོན་གསལ་གྱིས་དོད་འདུག་པ་རེད།(བུ་མོ།ཁྱེད་ཀྱི་ལུས་ལ་ཞུགས་པ་ནི་ཆགས་གདོན་མཛེ་མ་ར་མགོ་རེད།དེ་བས།ད་ལྟ་ང་རང་ཁྱེད་དུ་སྡོམ་པ་མེད་པའི་སྐྱེས་པ་ཞིག་ཏུ་སྤྲུལ་ནས་གདོན་དེ་གདུལ་བ་བྱ།ཞེས་སྤྱན་མདངས་ལ་ཆགས་སྲེད་ཀྱི་འོད་ཅིག་འཁྱུགས། “ཨ་ལགས།ཁྱེད་ཀྱིས་ཅི་བྱེད་རྒྱུ།”“ཁྱེད་རང་ནད་གདོན་འདི་ལས་སྐྱོབ་པ་ཡང་འགྲོ་བའི་དོན་ཆེན་རེད།ཨོཾ་བཛྲ་སཱ་ཏྭ།ཡ།གོས་མེད་བྱོས།”“མིན།ང་འཆི་ན་འཆི།ཁྱེད་ཀྱིས་འདི་འདྲ་བྱེད་མི་ཉན།ཁྱེད་རང་གའི་མི་ཞིག་མ་རེད།ཁྱེད་ཀྱི་མཚན་ལ་བླ་མ་ཟེར།”“བུ་མོ།ད་ལྟ་ཁྱེད་རང་གདོན་གྱིས་བསླུས་ཡོད།ཁྱེད་ཀྱིས་ཅི་ཡང་མི་ཤེས།” “ཨ་ལགས།སྤྲུལ་སྐུ།ང་ལ་བདག་པོ་ཡོད།ངས་ཁོ་ལ་མངོན་ལྐོག་གི་བྱ་བ་བསྒྲུབ་མི་ཉན།” “ང་ཨ་ལགས་རེད།ཁྱེད་ཉམས་ཐག་འགྲོ་བ་རེད།ཁྱེད་ཀྱིས་ཅི་ཡང་མཐོང་གིན་མི་འདུག” “ངས་མཐོང་བྱུང་།ཁྱེད་ཨ་ལགས་གཅེར་བུར་བུད་འདུག ཁྱེད་ཀྱི་སྐུ་ལ་ཆོས་གོས་མི་འདུག ཁྱེད་ཀྱི་འདོམས་ལ་ལྟོས་དང་།ཨ་་་་་་” “དེ་ནི་ཤ་ཡི་མིག་གིས་མཐོང་བ་ཙམ་རེད།ཡེ་ཤེས་ཀྱི་མིག་གིས་མཐོང་བ་ནི།འགྲོ་བའི་དོན་ཆེན།འཚང་རྒྱ་བའི་ལམ།སྐྱེ་རྒ་ན་འཆི།ཚེ་རབས་སྔ་ཕྱི་ཡིན།”)ལྟ་བུ་ནི་འཚོ་བ་དངོས་ཀྱིས་རྩོམ་པ་པོར་སྤྲད་པའི་རྩོམ་འབྲིའི་རྒྱུ་ཆ་ལྷད་མེད་པ་ཞིག་གི་ངོ་གདོང་རེད།
  དམངས་ཚོགས་དང་ཤེས་ཡོན་པའི་བར་གྱི་འབྲེལ་བ་ནི།འདྲེ་རྐང་ཡས་མ་ཞེས་པ་ཞིག་བློས་བསླངས་མཛད་དེ།དྲང་བདེན་དང་རང་དབང་གི་ངོས་ནས་འགྲེང་སྟེ།ཡུལ་དམངས་གླེན་པ་དག་ལ་མགོ་སྐོར་རྐྱང་བྱེད་མཁན་དག་དང་།གཡོ་ཟོལ་གྱི་བསམ་སྦྱོར་ཅི་རིགས་ལ།དུས་དང་རྣམ་པ་ཀུན་ཏུ་འཐབ་རྩོད་དང་ཡ་ལན་སྤྲོད་རྒྱུ་རྩ་དོན་དུན་འཆིང་སྟེ།ནམ་ཡང་དྲང་བདེན་དང་མི་དམངས་ཀྱི་ཆེད་དུ་ཀྲོང་ངེར་ལངས་པ་དེ་ཕྱོགས་གཅིག་རེད།གཞན“ང”ཞེས་པ།《སྐྱ་མོ་ལམ》དུ་ཞུགས་རྒྱུ་ཡིན་པ་གོ་རྗེས།“ཁྱེད་ལ་ཅི་བྱུང་སོང་།”ཞེས་འདྲོག་ཅིང་ཧང་སངས་པ་དང་།“ཀན་མི་ལམ་མ་རེད་འདྲེ་ལམ་རེད།”ཅེས་བཀག་འགོག་བྱས་པ་དང་།“རྐང་ཡས་མ་ལྟ་བུའི་ཁྱེད།”ཅེས་སྡིགས་དམོད་དང་བཟོ་ལྟ་སྤྲད་པ་སོགས་ཀྱི་བསམ་སྦྱོར་འདྲ་མིན་ཅི་འདྲ་བྱུང་ཡང་།“ང་ཕོ་ཉ་ཞིག་དང་འདྲ།ཅི་ཞིག་གི་དོན་འཚོལ་བ་བཞིན་མུ་མཐུད་དུ་མདུན་སྐྱོད་བྱེད་དགོས”ཞེས་རང་གི་ལངས་ཕྱོགས་ལ་གཏན་ཚུགས་བཀོད་ཅིང་།མཇུག་མཐར།“ངས།ཧུ་ར་སྡེ་བ།ང་འགྲོ་རྒྱུ།ངས་སྐྱ་མོ་ལམ་ཀན་བརྒྱུད་དེ་ཁྱེད་ཀྱི་པང་ནས་ཕར་ལ་ཆས་ཤིང་ཁྱེད་ཀྱི་པང་དུ་ཚུར་ལོག་འོང།བརྗེད་མི་ཉན།རྒྱང་སྐྱོད་འདི་ཁྱོད་ཀྱི་ཡིན་ལ་ངའི་ཡང་ཡིན།ཞེས་གོམ་པ་དང་པོའི་རྡོག་མགོ་གཞི་ནས་བསྒུལ།”ཅེས་པ་དང་ཕྱོགས་གཉིས་ལས།ང་ཚོའི་སྤྱི་ཚོགས་དངོས་ཀྱི་དམངས་ཚོགས་དང་ཤེས་ཡོན་པའི་བར་གྱི་འབྲེལ་བ་ནི།འགལ་ཟླ་གཅིག་གྱུར་གྱི་འབྲེལ་བ་ཞིག་ཡིན་པ་དེ་ཡང་ཧ་ཅང་གསལ་བོར་མཚོན་འདུག་གོ  །
   མི་ལོ་ལྔ་དྲུག་ཡས་མས་ཤིག་ཡར་དེད་པའི་དུས་དེ་ཤེད་ཙམ་ན།བདག་གིས《སྐྱ་མོ་ལམ》ཞེས་པའི་སྒྲུང་ཐུང་དེ་ཞིབ་ཀློག་ཅིག་བྱས་པའི་རྐྱེན་གྱིས།རྩོམ་པ་པོའི་བཤད་ན་འདོད་ཀྱིན་པའི་སྐད་ཆ་ཇི་སྙེད་པ་དེ།《སྐྱ་མོ་ལམ》ལས་ཐོས་ཤིང་གོ་བར་གྱུར་སོང་།དེ་བས།མི་ལོ་ལྔ་དྲུག་ཡས་མས་ཤིག་འདས་རྗེས་ཀྱི་དེ་རིང་།སླར་ཡང་བདག་གི་རྩ་ཁམས་ཀུན་ལ་སིམ་པ་སྟེར་བའི་བརྩམས་སྒྲུང་དེའི་བྲོ་བ་བབས་ཤིང་།ཡང་བསྐྱར་རོལ་མྱོང་གི་འདོད་སྲེད་དེ་དབང་བཙན་པར་བྱས་ཏེ།ཞིབ་ཀློག་ཅིག་བྱས་ཤིང་དཔེ་དེབ་ཀྱི་ཁ་བསུམ་ནས་ཞིབ་ཏུ་ཕྱིར་འདང་བརྒྱབ་དུས།བདག་གི་རྩ་ཁམས་སུ་འདི་ལྟ་བུའི་སྐད་ཆ་ཞིག་གི་ངར་ཁུ་འཁྱིལ་འདུག 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚ་ཚ་འུར་འུར་གྱི་སྒྲུང་ཐུང་འདི་ཨང་།

2012-08-06 རྣོ་མིག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།