ཁྱད་དུ་འཕགས་པའི་མི་གཤིས་ཀྱི་མཛེས་པ།

          ༼དཔའ་རིས་བུ་མོ༽ཞེས་པའི་སྙན་ངག་ཅིག་བཀླགས་པ།
      2010ལོའི་དེབ་གཉིས་པའི་ཟླ་ཟེར་དུས་དེབ་རྩོམ་སྒྲིག་པས་བོད་ཀྱི་ན་གཞོན་རྩོམ་དགའ་རྣམས་ལ་དམིགས་ཏེ་འདབ་དྲུག་འཛུམ་པའི་མེ་ཏོག་ཞེས་པའི་ལེ་ཚན་ཞིག་བཀོད་སྒྲིག་བྱས་ཡོད་ཅིང༌། དེ་ཡང་ཁོ་བོ་དགའ་བ་དཔལ་གྱིས་བརྙས་ཏེ་བློ་དཔག་རིང་བའི་རྩོམ་སྒྲིག་པས་འདི་ལྟ་བུའི་ལེ་ཚན་བཟོས་ཏེ་བོད་ཀྱི་ན་གཞོན་རྩོམ་དགའ་རྣམས་ལ་རྩོམ་རིག་གི་གར་་སྟེགས་ཤིག་བསྐྲུན་པ་དེ་ཡང་མཐར་དེད་ན་བོད་ཀྱི་རྩོམ་རིག་གི་ལམ་བུ་འདི་རྒྱ་ཇེ་ཆེ་དང་སྣ་མང་ཕུན་ཚོགས་ཅན་ཞིག་ཏུ་བསྒྱུར་འདོད་པའི་བློ་སེམས་ཡིན་པས་ང་དང་འདྲ་བའི་རྩོམ་དགའ་རྣམས་ཀྱིས་ཁ་ཞེ་གཉིས་མེད་ཀྱི་གདེངས་འཇོག་བྱེད་པའི་འོས་ཤིག་ཏུ་མཐོང་ངོ༌།། སྤྱིར་ལོ་རྒྱུས་ཡིག་ཆ་དང་ཆོས་འབྱུང་དེབ་ཐེར་སོགས་ནི་ཆབ་སྲིད་དང་གྲུབ་མཐའི་དབང་དུ་གྱུར་དུས་ཕྱེད་བདེན་ལ་ཕྱེད་མི་བདེན། ཚན་རིག་རྣམ་གསུམ་ཡང་འདོད་ཡོན་གྱི་ལག་ཆར་འགྱུར་དུས་ཕྱེད་བདེན་ཕྱེད་མི་བདེན། ཆེས་ཕུལ་དུ་བྱུང་བའི་རྩོམ་རིག་ནི་ཡུལ་དུས་ངེས་ཅན་ཞིག་གི་བདེན་པ་སྨྲ་བའི་ཡིག་ཆ་ཡིན་ཞེས་པ་བཞིན། རྩོམ་རིག་བརྩམས་ཆོས་ལ་འཁྱོག་གཟུགས་ཀྱི་སྐད་ཆ་བཤད་མི་རུང་ཞིང་དེ་བསྟན་དོན་ནི་མི་དང་འབྲལ་ཐབས་མེད་ཞིང༌། མིའི་འལཨ་གནས་དང༌། མིའི་སྙིང་སྟོབས། མིའི་སྤྱོད་ལམ་བཅས་ལ་ཐད་ཀརའབྲེལ་བ་ཡོད་པ་ཞིག་ཡིན་པས་དེ་ལ་དང་དོན་དཔྱད་འཇོག་བྱེད་རྒྱུ་ནི་ཤིན་ཏ་ནས་གལ་ཆེ་བས་འདིར་ཁོ་བོས་སྙན་ངག་ཅིག་ལ་དཔྱད་པའི་ལས་སུ་འཇུག་གོ།
  སྤྱིར་སྙན་ངག་འདི་ནི་ཕོ་མོའི་བརྩེ་དུང་ལ་གཞི་བཅོས་ཏེ་བྲིས་པའི་བརྩེ་དུང་སྙན་ངག་ཅིག་ཡིན་ལ། རྩོམ་པ་པོ་ཞིག་གིས་བློ་མིག་དྲང་གཞག་གིས་བུད་མེད་ཅིག་ལ་བཅངས་པའི་ལྷད་མེད་དྭངས་གཙང་གི་ཀུན་སློང་ཅིག་ཡིན་འདུག སྤྱིར་བཏང་བརྩེ་དུང་སྙན་ངག་ཡིན་ནའང་འདྲ་དེ་མ་ཡིན་པའི་བརྩམས་ཆོས་གང་རུང་ཞིག་ཡིན་ཡང་འགན་འཁྲི་གཙོ་བོ་དེ་ནི་སྤྱི་ཚོགས་ལ་ནུས་པ་ཐོན་དགོས་ཤིང༌། མི་དང་མིའི་འཚོ་གནས་ལ་ཡར་སྐུལ་གྱི་ནུས་པ་ཐོན་པ་ཞིག་ཡིན་ན་འོས་པར་སྙམ།  ང་ཚོ་མི་ནི་འཚུལ་ཆོས་མེད་པ་དང་ཡ་ཡོ་མེད་པ། ཀུན་སྤྱོད་བཅས་ཕྱོགས་གང་ཐད་ནས་མི་རྣལ་མ་གཏན་ཚིགས་ཅན་ཞིག་ཡིན་ན་སྤྱི་ཚོགས་ལ་ཡང་དེ་བཞིན་ནུས་པ་བླ་ལྷག་འདོན་ཐུབ་པར་གདོན་མི་ཟ། དེ་ཡང་སྙན་ངག་འདི་མགོ་བརྩམས་མ་ཐག  ཁྱོད་ཀྱི་མཛེས་སྡུག་གིས་ཡོངས་སུ་བཟི་བས་ང་རང་ལ། ཐག་རིང་དུ་གཏད་པའི་ཁྱོད་ཀྱི་བློ་མིག་དང་ཕྱི་ཐག་ལས། ཅི་ཡང་མེད། ཅི་ཡང་མེད་པས། བདག་གི་མི་ཚེ་འདིའི་ཁ་ཕྱོགས་ཁྱོད་རང་ཡིན་ལ། སྐྱེ་བ་འདིའི་བདག་གི་ལས་བསོད་དེ་ཡང་ཁྱོད་རང་ཡིན་འདུག ཞེས་རྩོམ་པ་པོ་བུད་མེད་ཅིག་གི་མཛེས་སྡུག་གིས་བཟི་བྱུང་ལ་མཛེས་སྡུག་དེ་ནི། ཐག་རིང་དུ་གཏད་པའི་བློ་མིག་དང་ཕྱི་ཐག་ཡིན་འདུག དེ་ནི་མཐར་དེད་ན་མི་ཞིག་གི་མཛེས་པ་ཡིན་ལ། མཛེས་པ་དེ་ནི་བརྩེ་དུང་རྣལ་མར་གྲུབ་བྱེད་ཀྱི་རྒྱུ་ཉག་གཅིག་ཡིན་ནོ།། ཐག་རིང་དུ་གཏད་པའི་བློ་མིག་དང་ཕྱི་ཐག་དེས་བུད་མེད་ཅིག་ལ་དགའ་བྱེད་ཀྱི་རྒྱུ་ཉག་གཅིག་ཡང་ཡིན། ཐག་རིང་དུ་གཏད་པའི་བློ་མིག་དང་ཕྱི་ཐག་དེ་ཡིས་རྩོམ་པ་པོ་ཁོ་རང་ཉིད་ཡང་སོམ་ཉི་ཅི་ཡང་མེད་པར་རྩོམ་པ་པོས་བདག་གི་མི་ཚེ་འདིའི་ཁ་ཕྱོགས་དང་སྐྱེ་བ་འདིའི་ལས་བསོད་མཐའ་དག་ཁྱོད་རང་ཡིན་ཞེས་བརྩེ་དུང་རྣལ་མ་ཞིག་བཅངས་ཡོད་པ་མཚོན་འདུག སྙན་ངག་འདིའི་མཛེས་པ་གཙོ་བོ་ནི་ཐག་རིང་དུ་གཏད་པའི་བློ་མིག་དང་ཕྱི་ཐག་གཉིས་ཡིན་ལ་དེ་ནི་སྐྱེ་པ་ཕོ་མོ་གཉིས་ཀྱི་བརྩེ་དུང་ལེགས་འགྲུབ་བྱུང་རྐྱེན་གྱི་རྒྱུ་རྐྱེན་ཉག་གཅིག་ཀྱང་ཡིན། ཐག་རིལ་ལ་གཏད་པའི་བློ་མིག་དང་ཕྱི་ཐག་དེ་ལས་རྩོམ་པ་པོས་ཀྱང་ཧ་ཅང་ཡིད་ཆེས་ཀྱིས་ངང་ནས། བདག་གི་ཆེད་དུ་ཅི་ཡང་བློས་ཕོད་པའི་མཛའ་མོས། ཁ་བ་རི་བའི་ཕ་ཡུལ་དཔའ་རིས་ན། བདག་གི་ཕུགས་བསམ་རུམ་ནས། བདག་གི་སྙན་ངག་རུམ་ནས་ང་ལ་རེ་ཞིང་སྒུག་ ཡོད། ཅེས་གཏན་ཚིགས་དང་འགལ་མེད་པར་སྒོ་ནས་སེམས་ཀྱི་ཚིག་རྡོག་ཅིག་དམར་རྗེན་དུ་བཤུས་ཡོད། འདི་ལྟ་བུའི་བརྩེ་དུང་སྙན་ངག་འདིས་མི་གཞན་ལ་བསམ་བློ་གཏང་རྒྱུ་ཞིག་དང་བསམ་གཞིག་གི་བར་སྟོང་ཆེན་པོ་ཞིག་རིམ་གྱིས་བྱིན་ཡོད་འདུག ཡང་རྩོམ་པ་པོས་དེང་གི་གནས་བབ་དང་མཐུན་ཆེ་ཞིང་དེང་གི་མི་རྣམས་ཀྱི་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་དཔེ་རེ་གཉིས་བཀོད་དེ་བརྩེ་དུང་ལ་ཇི་ལྟར་མཐོང་ཆེན་དང་ཚད་རིམ་ག་འདྲ་ཞིག་གི་སྟེང་དུ་བཞག་ན་སྙམ་པའི་བསམ་གཞིག་མང་དུ་བཏང་ཡོད་པའང་ཚན་པ་ཅིག་ལས་ཤེས་ཐུབ། དཔལ་དང་འབྱོར་བས་མི་གཤིས་བརླག་གྱིན་པའི་དུས་འདིར། ཐོབ་དང་གོ་སའི་ཡུལ་མི་བརྗེད་ཀྱིན་པའི་དུས་འདིར། ལམ་དང་བར་ཐག་གིས་བརྩེ་དུང་འབོར་གྱིན་པའི་སྐབས་དིར། ངས་ཁྱོད་ཉིད་བདག་གི་སྙིང་དབུས་སུ་བཅུག་ཡོད། ངས་ཁྱོད་ཉིད་འཇིག་རྟེན་འདིའི་མཐོ་སར་བསྒྲེངས་ཡོད། ཞེས་ཚན་པ་ཐུང་ངུ་འདི་ལས་དེང་གི་མིའི་སྤྱོད་སྟངས་དང་རྒྱུ་སྤུས། ཆུ་ཚད། རྟག་བརྟན་མིན་པའི་མི་གཤིས་རྩུབ་ལོག་ཅིག་མངོན་པར་བསྡུས་ཡོད་དེ། མདོར་ན་དེང་གི་གནས་བབས་ཤིག་མ་ལུས་མངོན་པར་མཚོན་པར་བྱས་ཡོད། ཡིན་ཙང༌། རྩོམ་པ་པོས་འདུས་པའི་ཚོགས་པ་དང་འབྱོར་བས་མི་གཤིས་བརླག་པ་དང༌། ཐོབ་དང་གོ་སའི་ཡུལ་མི་བརྗེད་པ། ལམ་དང་བར་ཐག་སོགས་ཀྱིས་བརྩེ་དུང་འབོར་གྱིན་པའི་སྐབས་སུ་རྩོམ་པ་པོས་མི་གཤིས་ལ་འཁྱོག་གཟུགས་གང་རུང་མ་ཐེབས་པར་མིའི་ཀུན་སྤྱོད་དང་མཐུན་པ། རིག་གནས་པ་ཞིག་གི་མིག་དབང་སྤྱད་ཅིང་མ་བོར་པར་བརྩེ་དུང་ལ་མཐོང་ཆེན་བྱེད་བཞིན་པའི་ཚུལ་དེ་མངོན་པར་མཚོན་འདུག ཚུལ་འདི་ལས་མི་ཞིག་གི་རང་ཉིད་ལ་འགན་འཁུར་ཡོད་པར་མ་ཟད་བརྩེ་དུང་དང་མི་གཤིས་བཅས་ལ་འགན་འཁུར་ཡོད་པ་ཡང་ར་སྤྲོད་བྱས་འདུག ལྷག་པར་དེང་གི་དུས་འདིར་འདི་རང་ཉིད་འགན་འཁུར་ཐུབ་པ། རང་གི་མི་གཤིས་སྤྱོད་ལམ་གཅེས་ཐུབ་པ། བརྩེ་དུང་ཞེས་པའི་ཐ་སྙད་དེ་ལ་འགན་འཁུར་ཐུབ་པའི་འདི་ལྟ་བུའི་མི་ཤིན་ཏུ་ནས་མཁོ་ཅིང་གཏན་ཚིགས་ཅན་གྱི་མི་དེའི་རིགས་ལ་སློབ་སྦྱོང་བྱེད་ཡུལ་ཅིག་ཡིན་པར་འཁུམ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱད་དུ་འཕགས་པའི་མི་གཤིས་ཀྱི་མཛེས་པ།

2012-06-05 རྡོ་རྗེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།