འཇུ་སྐལ་བཟང་གི་སྙན་ངག༼འདས་དོན༽དང་དེའི་ཕྲན་དཔྱད།

           འདས་དོན།
སྨུག་ཞག་འཐིབས་པའི་མཚེའུ་ངོགས་སུ
ལྗོན་ཤིང་གི་ལོ་མ་ཐར་ཐོར་ཞིག
རེས་འགར་ཕར་ལ་འཕྱོ་སྟེ་འགྲོ་ཞིང
རེས་འགར་ཚུར་ལ་གཡེང་ཞིང་ཡོང

ཟླ་འོད་དྭངས་པོའི་འོག་ཏུ
མེ་ཏོག་གི་གྲིབ་མ་ཡང་མོ་ཞིག
གཡོ་བ་མེད་ཀྱང་འགུལ་སྙམ་བྱེད
མོག་པོར་སྣང་ཡང་གསལ་བོར་མཐོང
ངུ་ཤུབ་མེད་ལ་དགོད་སྒྲའང་མེད་པའི་དུས་སུ
འདས་དོན་གྱི་དྲན་གཞིག་ནི་ད་ལྟའི་འཚོ་བ་
བྲོ་བ་ལྡན་པ་ཞིག་གོ།              <<གངས་གྲོང་གི་རླུང་བུ>>ལས་བཤུས།
          ཕྲན་དཔྱད།
  ༼འདས་དོན༽ནི་མི་ཚེ་གཅིག་གི་སྡུག་ཡུས་དང་སྐྱོ་བ་བརྩེགས་མའི་ཚོགས་སྤྱི་ལས་རབ་ཏུ་འགོངས་ཏེ་མི་རབས་ཤིག་དང་ལོ་རྒྱུས་དེབ་ཐེར་ཞིག་གི་རིན་ཐང་ལྟ་ཚུལ་ལ་རྒྱབ་འགལ་བྱས་རྗེས་ཀྱི་སེམས་ངལ་ལྷག་མ་དེ་ཡིན་ལ།  རྩོམ་པ་པོས་རང་གི་ཤེས་རབ་ཀྱི་རྩལ་ལ་བརྟེན་ནས་མི་རིགས་རིག་གནས་ཀྱི་འཕོ་འགྱུར་རམ་སྐྱེ་འཆིའི་ལས་དབང་ལ་གཞིགས་པའི་སེམས་ཚོར་དང་།  སྣང་ལ་མ་ངེས་པའི་ཚུལ་དུ་མངའ་བའི་ན་ཟུག་གི་འཁུན་སྒྲའམ  ལོ་ཟླའི་གོད་ཆག་སོགས་སྐར་ཆ་རེ་རེའི་བར་ནས་བྱུང་དང་འབྱུང་གིན་པའི་སྐྱོ་གར་ཡུལ་དུ་བྱེད་པའི་ནང་གི་ཡིད་བརྙན་ནམ་རྟོག་འགྱུ་ཟབ་མོས་ཀློང་ནས་རྙེད་པའི་བརྗོད་དོན་གཞིར་བྱས་ཏེ་བྲིས་པའི་ཚིག་ཉུང་དོན་བསྡུས་ཀྱི་གཏན་ཚིགས་རང་བཞིན་ལྡན་པའི་ཕུལ་བྱུང་བརྩམས་ཆོས་ཤིག་རེད།  སྙན་ངག་འདི་འབྲི་དུས་སྙན་ངག་པའི་སེམས་པ་ནི་ཧ་ཅང་སྐྱོ་བའི་གནས་སུ་ལྷུང་ཡོད་པས་གནད་ཀྱིས་ཁོང་གིས་ཧམ་ཤེད་དང་རྟོག་བཏགས་ཀྱི་སྐྱ་ཐིག་ལས་གཡོལ་ཏེ་ཆེས་སྤྱིར་བཏང་དང་རྒྱུན་བཀོལ་བྱེད་བཞིན་པའི་ཐ་སྙད་ཀྱི་སྦུབས་སུ་འཕྱོ་ཞིང་གཡོ་བའི་ནང་གི་ཚོར་འདུ་དེ་ཉིད། སྒྲིག་གཞི་ཆ་ཚང་ལ་རྗོད་བྱེད་སྟབས་བདེ་བའི་ལམ་ནས་གསལ་འདོན་བྱས་ཡོད་དེ།“སྨུག་ཞག་འཐིབས་པའི་མཚེའུ་ངོགས་སུ”“ལྗོན་ཤིང་གི་ལོ་མ་ཐར་ཐོར་ཞིག”“རེས་འགར་ཕར་ལ་འཕྱོ་སྟེ་འགྲོ་ཞིང ” “རེས་འགར་ཚུར་ལ་གཡེང་ཞིང་ཡོང་”བའི་རང་ཚུགས་དང་རང་གཤིས་བོར་བའི་མི་རབས་འདིའི་གནས་བབ་མཐོང་སྟེ་རེ་ཞིག་མ་བུ་ཁ་གྱེས་པ་བཞིན་ཧོན་འཐོར་བའི་ཚུལ་གྱིས་ཕྱི་མིག་ཅིག་འཕངས་དུས།  ཚེ་རབས་འདིར་ཁོང་ལ་བྲོ་བ་ལྡན་པའི་བྱ་དངོས་གང་ཡང་ལྷག་མི་འདུག་སྟེ།  ཅུང་ཡོད་པར་བསྙད་ཆོག་པ་ནི་“འདས་དོན་གྱི་དྲན་གཞིག་ནི་ད་ལྟའི་འཚོ་བ་བྲོ་བ་ལྡན་པ་ཞིག་གོ།”ཞེས་པའི་འདས་ཟིན་པའི་“ཟླ་འོད་དྭངས་པོའི་འོག་ཏུ”སེམས་ལྡན་ལྟར་“འགུལ་”སྐྱོད་བྱེད་ལོས་འགྲོ་
“སྙམ་བྱེད”ཀྱི་“མེ་ཏོག”དང་ཐ་ན་“མོག་པོར་སྣང་”བའི་“གྲིབ་མ་”དེ་ཡང་གློག་བརྙན་བཞིན་“མཐོང་”ཐུབ་པའི་ལོ་རྒྱུས་རང་བཞིན་གྱི་སེམས་ཀྱི་དྲོད་ཐིག་དེ་རེད།
  ཡིན་ཡང་།  ཡོད་ཚད་དེབ་ཐེར་ངོགས་འཐིམ་རྗེས་ཀྱི་དུས་དེ་རིང་ཅི་ཞིག་བསྒྲུབས་མྱོང་བ་དང་གང་ཞིག་བསྒྲུབ་དགོས་པའི་དྲི་ཚིག་འཕར་མ་ཞིག་གིས་ང་ཚོར་ལག་གཡུག་བྱེད་བཞིན་ཡོད་ཀྱང་ང་ཚོས་མི་རབས་འདིའི་ལོ་རྒྱུས་དཀར་ནག་གང་ཞིག་ཏུ་བསྒྱུར་རྒྱུ་ནི་གཞན་བརྟེན་གྱི་བསམ་བློས་ཐག་བཅད་ཆོག་པ་ཞིག་ནི་ག་ལ་ཡིན་ཏེ་གཏན་ནས་ཡིན་མི་སྲིད་དོ། ཁོང་གིས་རང་གི་ཚོར་ཤེས་རྣོན་པོ་དེར་བརྟེན་ཏེ་མི་རིགས་འདིའི་འདས་མ་ད་གསུམ་གྱི་གནས་སྟངས་ལ་ཐུགས་གཞིག་ཟབ་མོ་གནང་གིན་པ་ནི་ “འདས་དོན་གྱི་དྲན་གཞིག”དང “སྨུག་ཞག་འཐིབས”“ཕར་ལ་འཕྱོ” “ཚུར་ལ་གཡེང” ཞེས་པའི་ཐ་སྙད་འདི་དག་གིས་མཚོན་ཐུབ་པ་ཞིག་སྟེ།འདིས་ད་ལྟའི་མི་རབས་འདི་ཡིད་རྟོན་དང་ཁ་ཕྱོགས་ཅི་ཡང་མེད་པར་འཕྲལ་གྱི་ལྟོ་གོས་ཙམ་ལ་ཡིད་ཚིམ་པའི་རྨི་ལམ་སྐྱོ་བོ་དེ་དངོས་སུ་བསྟན་པའི་ཤེད་ཀྱིས་ཕྱིར་ཕྱོགས་དགོས་པའི་ལམ་སྣེའང་ཤུགས་ལ་བསྟན་ཡོད་འདུག  འདི་ནི་བྱ་དངོས་ཡོད་ཚད་ཀྱི་རང་སྟེང་ནས་གཤིས་ལུགས་བཙལ་མཁན་གྱི་ཤེས་ཡོན་པ་ཞིག་གི་སེམས་སྒྲ་ཡིན་ལ།  དུས་རབས་ཀྱི་མགྲིན་ཚབ་པར་འབོད་པའི་མིག་རྒྱང་རིང་བའི་སྙན་ངག་པ་ཞིག་གིས་སྤྱི་ཚོགས་ཧྲིལ་བོར་འགན་ཁུར་བའི་དན་རྟགས་དང་། མི་རིགས་ལ་བཅིངས་པའི་བརྩེ་བའམ་འབོད་སྐུལ་ཞིག་ཀྱང་ཡིན་ཞེས་བཤད་པར་སྤྲོའོ།།
                 ༢༠༡༢   ༤   ༣  ཉིན
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཇུ་སྐལ་བཟང་གི་སྙན་ངག༼འདས་དོན༽དང་དེའི་ཕྲན་དཔྱད།

2012-04-18 དཔལ་བེའུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།