སྐུ་ཞབས་དོན་གྲུབ་རྒྱལ་གྱི་རྐང་ལམ་ཕྲ་མོ་ལས་ཐོབ་པའི་བློ་བསྐྱེད་ཕྲན་བུ།

    【ནང་དོན་གནད་བསྡུས།】     རྩོམ་ཡིག་འདིར་བོད་ཀྱི་ལོ་རྒྱུས་ཁྲོད་བྱོན་པའི་མཁས་པ་གནམ་གྱིས་ས་བཀབ་པ་ལྟ་བུ་མང་དུ་ཡོད་པ་ལས་རྩོམ་རིག་གསར་བའི་ཤིང་རྟ་བ་
ཆེན་མོ།དཔལ་དོན་གྲུབ་རྒྱལ་གྱི་བརྩམས་ཆོས་ཕོན་གཅིག་ལས་ལྷུག་མའི་རྩོམ་སྟངས་ཀྱི་རྣམ་པ་བེད་སྤྱད་དེ་བརྩམས་པའི་རྐང་ལམ་ཕྲ་མོ་ཞེས་པ་ཟུར་དུ་བདམས་ཏེ་རང་ནུས་ཡོད་རྒུས་མཛད་པོ་ཁོང་གི་སྐབས་དེའི་བསམ་བློའི་ཆ་དང་སྤོབས་པ།  ལྷག་པར་དུ་གསར་གཏོད་ཀྱི་སྙིང་སྟོབས་སོགས་མཚོན་པའི་ཚིག་འགའ་རྩལ་དུ་བཏོན་ནས་
དཔྱད་པ་ཕྲན་ཙམ་བཏང་བ་ལ།  དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བའི་ནང་དེང་རབས་རྩོམ་རིག་གི་དེད་དཔོན་ཁོང་ལྟ་བུ་ཞིག་ཅིའི་ཕྱིར་འབྱུང་དགོས་པ་སོགས་དང་།  དེར་མ་ཟད་བརྩམས་ཆོས་འདིའི་བརྗོད་བྱའི་བསྟན་དོན་གྱི་ཆ་ནས་མི་རབས་མི་རབས་བར་དུ་ཉམས་པ་མེད་པའི་ཞིབ་འཇུག་གི་རིན་ཐང་ལྡན་ཡོད་པ་སོགས་བྲིས་ཡོད། དེ་ནི་དཔྱད་རྩོམ་འདི་འབྲི་བའི་དགོས་པ་དང་དམིགས་ཡུལ་ཡང་ཡིན་ནོ།།

【བརྡ་ཆད་གཙོ་བོ】    རྐང་ལམ།  གཞུང་ལམ། རིག་གནས་གསར་བ། སྲོལ་རྒྱུན་རིག་གནས།  བློ་བསྐྱེད།     

                                     གླེང་གཞི།
  དེ་ཡང་སྐུ་ཞབས་དོན་གྲུབ་རྒྱལ་ལགས་ཀྱིས་བརྩམས་པའི་རྐང་ལམ་ཕྲ་མོ་ཀློག་ཐེངས་རེ་རེར་རང་སེམས་ལ་བཅོས་མིན་གྱི་སྤོབས་པ་དང་ལ་རྒྱ་ཤིག་ངང་གིས་བསྐྱལ་ཡོང་བ་དང་།   ཁོ་བོས་གླེང་སློང་ཐེངས་རེར་མི་རིགས་ཤིག་ལ་བཅངས་བའི་ལྷག་བསམ་རྣམ་པར་མཚོན་ཡོད་པས། རྣམ་པ་འདིས་བོད་གངས་ཅན་གྱི་མི་རབས་གསར་བ་ལ་ལ་རྒྱའི་ཟིལ་ཤུགས་དང་སྤོབས་པའི་སྙིང་སྟོབས་བསྩལ་བ་ནི་ལན་གཅིག་གཉིས་ཙམ་གྱིས་ག་ལ་ཚད།    ཀློག་པ་པོ་ཕལ་ཆེ་བ་ཞིག་གིས་བརྩམས་ཆོས་འདི་ལ་ངོས་འཛིན་དེ་འདྲ་མེད་མཁན་འགའ་རེས་དེ་ནི་སྤྱིར་བཏང་གི་ལམ་ཕྲན་ཆུང་ངུ་ཞིག་ཏུ་སྙམ་ནའང་ཐང་མོད། དོན་དངོས་སུ་དེ་འདྲ་ཞིག་རྩ་བ་ནས་མ་ཡིན་པར་རྩོམ་པ་པོའི་ནང་སེམས་ཀྱི་ཡིད་ཀྱི་འགྱུར་བ་སྨྱུ་གུའི་རྩེ་མོ་ནས་མངོན་པར་མཚོན་ཡོད་པས།   ང་ཚོས་གླེང་རིན་ཡོད་པའི་སྒོ་ནས་ཡང་སྙིང་ཅི་ཞིག་ལ་དགག་པ་དང་ཅི་ཞིག་ལ་གདེང་འཇོག་དང་སྐུལ་མ་མཛད་ཡོད་པ་ལ་རྒྱལ་བོ་རྒྱལ་བོའི་ཚོད་དང་རྫི་བོ་རྫི་བོའི་ཚོད་ཀྱིས་ཕྱོགས་སུ་མ་ལྷུང་བའི་སྒོ་ནས་དཔྱད་པ་གནད་དུ་ཐིངས་པ་མཛད་ན་དགོངས་དོན་བདེ་ལེགས་ཏུ་རྟོགས་ངེས་རེད།  
       དང་པོ།  སྐུ་ཞབས་དོན་གྲུབ་རྒྱལ་གྱི་ལྷུག་རྩོམ་གྱི་ཉམས་འདོན་སྟངས།
  དེང་རབས་རྩོམ་རིག་གི་དེད་དཔོན་དུ་འབོད་པའི་དཔལ་དོན་གྲུབ་རྒྱལ་གྱིས་མཛད་པའི་རྩོམ་ཡིག་ལས་འདི་ལྟར་རྐང་ལམ་ཕྲ་མོ་འདི་བཤགས་མཁན་ནི་ལྷ་མི་དང་བཅས་པའི་འགྲོ་བ་གང་ཡིན་ནའང་རླབས་ཆེན་རེད། གཡང་གཟར་བའི་བྲག་རི་འདི་ལྟ་བུའི་ངོས་ནས་ལམ་བཏོད་རྒྱུའི་བློ་སྐྱེས་པ་དེ་ནི་བློ་གྲོས་ཀྱི་དྭངས་མ་ཡིན་ལ། བློ་དེ་ལག་ལེན་དུ་བཏབ་པ་ནི་གསར་སྐྲུན་གྱི་ཉིང་བཅུད་རེད་ཅེས་འདས་ཟིན་པའི་ལོ་རྒྱུས་ཀྱི་དུས་ཡུན་རིང་མོའི་ནང་བྱུང་བའི་ཐོན་མི་སམ་བྷོཊ་དང་ས་སྐྱ་པཎ་ཆེན།   རྗེ་ཙོང་ཁ་བ།   དབྱངས་ཅན་གྲུབ་་པའི་རྡོ་རྗེ་སོགས་ཀྱིས་མཚོན་པའི་མཁས་པ་སྔ་མ་དག་གིས་དཀའ་བ་དང་འོ་བརྒྱལ་ཇི་འདྲ་མང་པོ་ཞིག་མྱངས་ཡོད་པ་རེད་ཨང་།  དེ་བས། གོང་གི་ཚིག་དེས བོད་སྔ་རབས་པའི་མིང་དོན་གཉིས་ལྡན་གྱི་ཤེས་ལྡན་མི་སྣ་སྐོར་ཅིག་གི་དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་པའི་དཀྱེལ་ཡངས་ཀྱི་བློ་གྲོས་དང་དེའི་མཐུ་ལ་བརྟེན་ནས་རབ་དཀར་ཁ་བའི་འཇིག་རྟེན་འདིའི་མི་རབས་རྗེས་མ་རྣམས་ལ་ཕྱག་རྗེས་རྨད་དུ་བྱུང་བ་བཞག་སྟེ་འཛམ་གླིང་རིག་གནས་ཀྱི་བང་མཛོད་ཁྲོད་ནའང་སྐར་མ་འོད་ཆེན་བཞིན་གསལ་་ལྷང་ངེར་འོད་དུ་འཚེར་བ་ལ་བསྟོད་བསྔགས་བྱས་ཡོད་པ་ལས་གཞན།  ད་དུང་སྐུ་ཞབས་ཁོང་ལའང་ཕ་མེས་ཡང་མེས་རྣམས་ཀྱིས་བཏོད་ཟིན་པའི་རྐང་ལམ་ཕྲ་མོ་དེ་ཕྲ་མོའི་རྣམ་པ་ནས་འཕེལ་མེད་སོར་གནས་ཀྱིས་ཡུན་རིང་བོར་མི་བསྐྱུར་བར་རྒྱ་ཆེ་རུ་བཏང་སྟེ་མ་འོངས་བར་ཕྱོགས་འདོད་ཀྱི་མོས་པ་བླ་ལྷག་ཅིག་ཡོད་པ་ནི་ཤུགས་་ཀྱིས་གོ་ནུས་པ་མ་ཡིན་ནམ།   ཡང་ཁོང་གིས་བཞེད་ཀྱིན་པའི་རྐང་ལམ་ཕྲ་མོ་དེ་དངོས་ནས་ལོ་ཟླའི་རླུང་འཚུབ་ཀྱིས་བསུབ་མི་ཐུབ་ཅིང་དུས་ཀྱི་ཆར་ཆུ་ཡིས་འཇིགས་མི་ནུས་པའི་སྲ་མཁྲེགས་རྡོ་རྗེའི་གཤིས་སུ་གྲུབ་པའི་སྤྱིར་བཏང་དངོས་པོའི་རང་བཞིན་གྱི་རྐང་ལམ་ཕྲ་མོ་ཞིག་ཡིན་ནམ་ཞེ་ན།   དེ་ནི་གཏན་ནས་མ་ཡིན་ཏེ།   རྒྱུ་མཚན་ནི་རྐང་ལམ་ཕྲ་མོ་དེས་སྤྱིའི་ཆ་ནས་མི་རིགས་ཤིག་གི་ཐུན་མོང་གི་བསམ་བློའི་འདུ་ཤེས་འཛིན་སྟངས་དང་བྱེ་བྲག་གི་སྒོ་ནས་མི་རིགས་དེའི་ཕ་མེས་ཡང་མེས་ནས་བརྒྱུད་པའི་ཤུལ་བཞག་གི་ནོར་བུ་སྟེ་རྒྱུན་རིང་ཞིང་རྔམ་མཐུག་པའི་སྲོལ་རྒྱུན་རིག་གནས་མཚོན་པར་བྱས་ཏེ་མཛད་པ་པོ་ཁོང་གི་དགའ་སྐྱོ་ཆགས་སྡང་གི་ཡིད་ཀྱི་འགྱུར་བ་
ཡང་དེ་དང་མཉམ་དུ་རྗོད་བྱེད་ཀྱི་ཚེག་བར་རེ་རེའི་བར་གསེང་དང་བརྗོད་བྱའི་ཁུག་སོ་དག་ན་ལྷོག་ལྷོག་ཏུ་གཟུགས་ཅན་བཞིན་ཕྱིར་མངོན་ལ་དེ་ནི་གཡུ་འབྲུག་གི་འཁྱུག་སྟངས་དང་རྒྱ་སྟག་གི་ངར་སྐད།  ཆུ་བོའི་བཞུར་འགྲོས་ལྟ་བུའི་རང་བྱུང་གི་སྣང་ཚུལ་ཞིག་ཡེ་ནས་མིན།
       གཉིས་པ།   བསམ་བློའི་ནང་དོན།
  རྩོམ་པ་པོས་རྐང་ལམ་ཕྲ་མོ་འདིའི་ལོ་རྒྱུས་ཀྱི་འཕེལ་རིམ་ཡིད་ལ་དྲན་ཐེངས་རེར་བསམ་པའི་རྩིག་ལྡེབས་ངོས་སུ་བརྗོད་བྱ་མི་གསལ་བའི་གཏམ་རྒྱུད་ཀྱི་འགྲོས་སྙན་མོ་ཞིག་ཁོ་བོའི་ཐོས་འཛིན་གྱི་བུ་ག་བརྒྱུད་དེ་སེམས་ཀྱི་གཏིང་དང་བློ་རྒྱུ་མའི་མཚམས་ན་ལྷང་ལྷང་དུ་གྲགས་པའི་སྣང་བ་སྟེར་ཅིང་མཆིས་ཞེས་རབ་རིབ་ཡིན་པའི་ལོ་རྒྱུས་ཀྱི་དོན་རྐྱེན་མང་པོར་མི་འཐད་པའི་རྣམ་འགྱུར་དང་མི་འདོད་པའི་སེམས་ཀྱི་འགྱུ་བ་བྱེ་བྲག་ཏུ་བསྟན་ཡོད་པ་སྟེ།    ངོ་མ་དེ་ནི་ང་ཚོ་དང་རྒྱང་ཐག་ཤིན་ཏུ་རིང་བའི་གནའ་སྔ་མོའི་དུས་ཀྱི་གཏམ་རྒྱུད་ཅིག་དང་ལོ་རྒྱུས་ཀྱི་དོན་རྐྱེན་དངོས་མ་ཞིག་རེད།    བརྗོད་བྱ་མི་གསལ་བའི་གཏམ་རྒྱུད་དེ་ནི་ངས་བསམ་ན་བོད་ཀྱི་རྒྱལ་བོ་གླང་དར་མའམ་འུ་དམ་བཙན་སྐུ་གཤེགས་པའི་རྗེས་སུ་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ནི་ཆག   ཆོས་ཁྲིམས་དར་གྱི་མདུད་པ་ནི་ཆད་ཅེས་པ་བཞིན་ཆབ་སྲིད་ཀྱི་རྣམ་པ་གཅིག་གྱུར་ནས་ཁ་འཐོར་དང་ཆོས་ལུཊ་ཀྱི་གྲུབ་མཐའ་འཛིན་མཁན་པ་རྣམས་ཀྱི་ནང་ཁུལ་གྱི་ངོས་ནས་ཀྱང་འཆམ་མཐུན་ནས་འགལ་བའི་རང་བཞིན་ཅན་དུ་གྱུར་ཏེ་སྲས་འོད་སྲུངས་དང་ཡུམ་བརྟན་གཉིས་མ་མཐུན་པར་བརྟེན་ནས་བོད་ཀྱི་ཡུལ་གྲུ་གང་སར་ས་ཁུལ་རེ་ལ་འགོ་བ་རེ་དང་ས་ཁུལ་རེ་ལ་བླ་རེ་བྱུང་སྟེ་སྡེ་གཟེར་དང་ཁེང་ལོག་ཡང་དང་ཡང་དུ་བྱུང་བས་མི་ཚད། སྐབས་དེར།  རྒྱུ་རྐྱེན་མང་མང་ཞིག་གིས་བོད་སྤྱིའི་འཚོ་བའི་འཕེལ་ཕྱོགས་དང་གནས་བབ་ལ་གྱུར་བ་བྱུང་ནས་གྲལ་རིམ་འགལ་བ་རྣོ་ངར་ཅན་དུ་གྱུར་ནས་མཐར་དུས་རབས་བཅུ་གཉིས་ཏེ་རབ་བྱུང་བཞི་བའི་ནང་ཙམ་ནས།   ཆོས་ལུགས་པ་སྲིད་དབང་ལ་དགའ་བས་རིས་སུ་མཆེད་དེ།  ས་སྐྱ་པ་དང་འབྲི་གུང་བ་འཁྲུགས་ནས་འབྲི་གུང་བ་ཕམ།    ས་སྐྱ་བ་དང་ཕག་གྲུ་བ་འགལ་བས་ས་སྐྱའི་སྲིད་དབང་ཤོར།ཕག་གྲུ་བ་དང་རིན་སྤུངས་བ་འཁྲུགས་ཏེ་ཕག་གྲུ་བའི་སྲིད་དབང་ཤོར་བའི་མགོ་བརྩམས།     སྤྱི་ལོ་
1435ལོར་ཀརྨ་བཀའ་རྒྱུད་པ་དང་སྡེ་བ་རིན་སྤུངས་བ་གཉིས་དགེ་ལུགས་པ་ལ་འགལ་བས་འཁྲུགས།   དེ་ནས་འབྲི་གུང་དང་ཕག་གྲུའི་འཁྲུག་པ་བྱུང་།  རིམ་བཞིན་སྤྱི་ལོ་1623ལོར་དགེ་ལུགས་པ་དང་ཀརྨ་བ་འགལ་བས་དབུས་དང་གཙང་གཉིས་འཁྲུག་པ་བྱུང་།   ཡང་སྤྱི་ལོ1642ལོར་དགེ་ལུགས་པའི་ནང་འཁྲུགས་ནས་སྡེ་སྲིད་བཀྲོངས།    རྐྱེན་དེའི་དབང་གིས་སྤྱི་ལོ་1705ལོར་ཇུན་གར་ཚེ་དབང་རབ་བརྟན་གྱི་དམག་གིས་རྙིང་མའི་དགོན་ཆེན་དང་བླ་ཆེན་མང་པོ་མེད་པར་བཏང་བ་བས།     ཚང་མས་ཆོས་སྲིད་གཉིས་ཀྱི་དོན་དུ་ཧོར་རྒྱལ་གོང་མར་འགོ་བཏགས་པ་སོཊ་རྙོག་འཛིང་ལྡན་པའི་ལོ་རྒྱུས་ཤིག་ཡིན་པས་སོས་དུས་ཀྱི་ཉི་མ་ཕུད་ཐབས་བྱེད་པའི་རྒན་རྒོན་ཚོས་ཀྱང་རྐང་ལམ་དེའི་དོན་དུ་གནའ་མི་གླེན་པ་དེ་ཚོ་ཞེས་དམོད་བོར་བ་ཡང་རྒྱུ་རྐྱེན་དང་གནས་ལུགས་མེད་པ་ག་ལ་ཡིན། དུས་རབས་ཀྱིས་མི་བསྐྲུན་པ་ཡིན་ལ་མི་ནི་དུས་རབས་ཀྱི་འཁོར་འགྲོས་དང་དེ་གའི་སྤྱི་ཚོཊ་འཚོ་བར་བརྟེན་ནས་འགྱུར་ལྡོག་འབྱུང་གིན་ཡོད་པས་དུས་སྐབས་མི་འདྲ་བ་དང་ལོ་རྒྱུས་ཀྱི་སྣང་ཚུལ་མི་གཅིག་པ་རེ་རེའི་ནང་དུ་མི་ཚང་མའི་བསམ་བློ་ལ་ཡང་འདྲ་མཉམ་མ་ཡིན་པའི་སོ་སོའི་འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བ་གྲུབ་པ་ཡིན་ལ།    དེའི་ཁྲོད་ང་རང་ཚོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་དང་ཁོའི་གསུང་རབ་ཀྱིས་བསྟན་པའི་གནས་ལུཊ་དང་རྒྱུ་འབྲས་རང་བཞིན་གྱི་ལམ་ལ་ཇི་བཞིན་དུ་མ་ཞུགས་པའམ། ཡང་ན་ལམ་དེ་ལ་ལོག་པར་བལྟས་ནས་ཕྱོགས་རེས་འཐེན་འཁྱེར་གྱི་དབང་དུ་སོང་སྟེ་གནའ་ནས་ད་ལྟའི་བར་དུ་ལོ་རྒྱུས་ལ་ལྷ་སྒྲུང་གི་བཤད་ཚུལ་དང་རྨོངས་དད་ཀྱི་ཤན་ཞུཊ་པ་ཆེས་མི་ལེགས་པས་ང་ཚོ་ད་དུང་མག་མོག་གི་དང་རབ་རིབ་ཅན་གྱི་དོང་ཞབས་འདི་ལས་འབུད་ཐབས་མི་འདུག་པ་ལ་སུ་ཡིས་བསྙོན་འདིང་ནུས།ཡིན་ཡང་། ཁོང་གིས་ཚིག་སྦྱོར་འདི་ལྟ་བུའི་ངོས་ནས་་དུས་རབས་འགའ་
ཤས་ཤིག་གི་ཉོག་ཅིང་འཛིང་བའི་ལོ་རྒྱུས་དང་ཆོས་ལུཊ་བེད་སྤྱད་ནས་གྲུབ་མཐའ་ཁག་སྲིད་ལ་ཕྱོགས་ལངས་བའི་རྣམ་པ་དང་རྣམ་པ་དེ་གབ་པའི་རང་བཞིན་གྱིས་འགྲོས་སྙན་མོ་ཞེས་ཟུར་ཟའི་སྒོ་ནས་བུ་གོ་བ་ཅན་ལ་ཚིག་གཅིག་གི་ཚུལ་དུ་གསལ་བོར་བརྗོད་ཡོད།
  སྤྱིར་ལོ་རྒྱུས་ནི་རྩིབས་སྟོང་རྣམ་པར་བཀྲ་བའི་འཁོར་ལོ་ཞིག་དང་འདྲ་བར་ཡུན་ནས་ཡུན་དུ་འཁོར་བ་ཡིན་ལ།  ལོ་རྒྱུས་ནི་ཝུ་དཀར་རླབས་ཕྲེང་མཁའ་ལ་རྩེན་པའི་མཚོ་མོ་ཞིག་དང་འདྲ་བར་མདུན་ནས་མདུན་དུ་ཕྱོགས་པ་ཞིག་ཡིན་པ་ལགས་ན། རྩོམ་པ་པོས་ཀྱང་བརྗོད་བྱ་མི་གསལ་བའི་གཏམ་རྒྱུད་དེ་དག་ནི་ང་ཚོ་དང་རྒྱང་ཐག་ཤིན་ཏུ་རིང་བའི་གནའ་སྔ་མོའི་གཏམ་རྒྱུད་ཞིག་ཏུ་བསམ་པ་ལས་དེང་གི་དུས་རབས་འདིའི་གསར་བ་གསར་རྐྱང་ཅན་དུ་གཏན་ནས་རློམས་ཀྱིན་མེད་པ་རེད། རྐང་ལམ་དེའི་དོན་དུ་རི་སྡེ་ཕྲ་མོ་འདིའི་རྒན་རྒོན་ཚོའི་རྩོད་གཞི་ནི་རྩྭ་ལ་མེ་མཆེད་པ་ཇི་བཞིན་ཕྱོགས་གཅིག་ཏུ་འབབ་མ་ཐུབ་པར་ཀུན་ནས་རྒྱས།  སྐབས་དེར་རྩོམ་པ་པོ་ཁོང་ལ་མཚོན་ན་ཤེས་བྱའི་སྒོ་ཀུན་ནས་ལྟ་རྒྱ་དང་མཐོང་རྒྱ་ཆེ་བས་མི་རིགས་ཤིག་གི་ལས་དབང་ཕྲག་ཏུ་ལེན་རྒྱུའི་ཆོད་སེམས་ཡོད་ངེས་རེད།    རླུང་འཚུབ་དང་བུ་ཡུག་ཁྲོད་ཀྱི་ཁ་སང་གི་བྱས་ཉེས་ལ་རྩོད་སྒྲུབ་དངོས་གཙོ་སྨྲ་བའི་ལྟ་བ་དང་རིགས་ལམ་བེད་སྤྱོད་བྱས་ཏེ་ཕྱོགས་མི་འདྲ་བ་དང་ཟུར་མི་འདྲ་བ་ནས་དབྱེ་ཞིབ་དང་ཞིབ་འཇུག   རྟོག་དཔྱོད་བགྱིས་ནས་སྡོམ་ཚིག་སྣ་མི་འདྲ་བ་རེ་འགོད་བཞིན་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུའི་བོད་རིགས་གཞོན་དར་རྣམས་ཀྱིས་མཐུན་སྒྲིལ་གྱི་ལག་རྡང་གཅིག་ཏུ་སྦྲེལ་ནས་རིག་གནས་གསར་བ་བསྡུ་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད་པ་རེད།
    རྩོམ་པ་པོའི་ཆུང་དུས་ཀྱི་ལོ་རབས་སུ་རྐང་ལམ་ཕྲ་མོ་འདི་ནི་ཁོ་བོའི་ལང་ཚོའི་གསོན་ཤུགས་རྒྱས་ས་དང་། ལ་རྒྱ་ཡི་ཟིལ་ཤུགས་འབར་ས། སྐྱེས་སྟོབས་ཀྱི་དཔལ་ཡོན་འཁྲུངས་ས་བཅས་ཡིན་པའི་ཆ་ནས་རྐང་ལམ་ཕྲ་མོ་ཞིག་གི་རྣམ་པར་བློས་བསླངས་བྱས་ཏེ་ད་གཟོད་ཁོང་གི་བླ་ན་མེད་པའི་རྩོམ་རིག་གི་འབྲས་བུ་འདི་དང་འདི་ལྟ་བུ་མང་པོ་བྱུང་བ་རེད།      ད་དུང་ཁོང་གིས་བཤད་རྒྱུར་ཁྲེལ་ཡོད་ཀྱི་མི་རྣམས་ཨ།   ཁྱེད་ཚོ་དཔའ་བོས་བཏོད་པའི་ལམ་དུ་འགྲོ་ཕོད་པར་མ་ཟད། དཔའ་བོའི་མཛད་རྗེས་དང་མཚན་སྙན་ལ་མོས་གུས་དང་བསྔགས་བརྗོད་ཀྱང་མཛད་ཡོད་མོད།   འོན་ཀྱང་།  ཁོང་ཚོའི་གསར་གཏོད་ཀྱི་སྙིང་སྟོབས་དང་མཁས་མཛངས་ཀྱི་བློ་གྲོས་ལ་སློབ་སྦྱོང་མི་བྱེད་པའམ་ཐ་ན་བྱེད་མི་མཁས་པ་རེད།  རྨོངས་ཚོད་ཀྱི་སྒོ་ནས་ཁོང་ཚོའི་མཛད་རྗེས་རྣམས་ངག་གི་ཕྲེང་བར་བཟློ་བ་ཙམ་གྱིས་ཅི་ལ་ཕན། ཞེས་སྒྱིད་ལུག་དང་བག་འཁུམ་གྱི་གཡང་དུ་ཞ་བའི་རྣམ་པར་སུན་འབྱིན་དང་དགག་རྒྱག་ཚ་མནན་བྱས་པ་ལས་གཞན།      ཡིད་འོང་གི་ཕུགས་བསམ་ལ་རེ་སྙེགས་ཀྱི་ས་བོན་ལྟ་བུའི་ཤེས་རབ་ཀྱི་དགེ་མཚན་དེ་ཡང་ཁྱད་པར་དུ་གསལ་བྱེད་བྱས་པ་སྟེ།  བློ་གྲོས་ཀྱི་ཉིང་བཅུད་རྣམས་ཕྱོགས་བསྡུས་བྱས་ཏེ་མི་རིགས་ཤིག་གི་རྒུད་པ་སླར་གསོ་བྱེད་པར་འདོད་པ་ནི་ཁོང་གི་ཆེས་ལྷད་མེད་དང་སེམས་ཀྱི་ཟབ་ས་དེ་ཡིན་པས་མི་ཚད་སྐབས་དེའི་བོད་མི་ཀུན་གྱི་སེམས་ཁོང་གི་རེ་འདུན་ཉག་ཅིག་ལགས་པས་ན།    འདི་ལྟར་སྦ་གསང་མེད་པར་རང་གི་སྨྱུག་རྩལ་ལ་བརྟེན་ནས་རྩོམ་རིག་གི་རྣམ་པར་འབྲི་བཞེངས་བྱས་ཏེ་མཛུབ་སྟོན་དང་འབོད་སྐུལ་གནངས་པ་ནི་ཇི་འདྲའི་རླབས་ཆེན་དང་ཇི་འདྲའི་ངོ་མཚར་བ་ཞིག       འདི་ནི་ཁོང་ལ་རྗེས་སུ་ཡི་རང་གི་གནས་ཀྱང་ཡིན་པས་འདས་མ་ད་གསུམ་ལ་ཞིབ་འཇུག་གི་གནད་དུ་འགྲོ་བ་ནི་བཤད་ཅི་ལ་དགོས།    
       གསུམ་པ།   སྐད་ཆའི་སྒྱུ་རྩལ་གྱི་ཁྱད་ཆོས།
  <<རྐང་ལམ་ཕྲ་མོའི>>་ནང་དུ་སྤྱིར་བཏང་གི་སྐད་ཆའི་རྣམ་པ་སྟེ། ང་ཚོའི་སྡེ་བའི་མི་རྣམས་རྐང་ལམ་བརྒྱུད་ནས་འགྲོ་བ་ལས།གཞུང་ལམ་དུ་འགྲོ་མཁན་མ་བྱུང་ཞེས་པའི་སྡེ་བ་དེ་ཡང་དོན་དམ་དུ་སྡེ་བ་ག་གེ་མོ་ཞིག་དང་ས་གནས་ག་གེ་མོ་ཞིག་ལ་བསྟན་པ་ཙམ་མ་ཡིན་པར་བོད་བྱིངས་དང་དེར་གནས་པའི་སྡེ་མི་རྣམས་ཀྱིས་ཀྱང་བོད་ཀྱི་མི་རིགས་བསྟན་ཡོད།  དེ་བཞིན་དུ་གཞུང་ལམ་དུ་བགྲོད་མཁན་མ་བྱུང་ཞེས་པས་ཀྱང་ཚིག་ངོས་ཙམ་དང་རྗོད་བྱེད་ཀྱི་རྣམ་པའི་ནང་དོན་ཁོ་ན་ལས་རིང་དུ་འགོངས་ཏེ་སྲོལ་རྒྱུན་རིག་གནས་སམ་རིག་གནས་རྙིང་བར་ཕྱོགས་པ་ལས་དེང་རབས་རིག་གནས་ལ་གསར་བ་ཐམས་ཅད་བདུད་ཀྱི་འཕྲུལ་དུ་སེམས་ཞེས་པ་བཞིན་སྐྲག་སྣང་དང་ཞེད་དངངས་ཞིག་གིས་འཇུག་མི་ནུས་པ་བརྗོད་ནས་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བའི་བོད་སྤྱི་ཚོགས་ཀྱི་གནས་བབ་ངོ་མ་དང་བསམ་བློའི་བྱང་ཚད་ཇི་འདྲ་ཡིན་པ་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་བཀྲམས་ཏེ་ལམ་གང་དུ་ལས་ཅི་ལྟ་བུའི་སྒོ་ནས་འཇུག་བཞིན་པའི་དོན་དངོས་ཀྱི་འཕེལ་རིམ་ངོ་མ་ལ་ཉམས་གསོ་ཐེངས་ཤིག་མཛད་ཡོད་ཅེས་བརྗོད་ནའང་མི་ཆོག་རྒྱུ་ཆེར་མེད།   རྩོམ་ཡིག་གི་མཇུག་ཏུ་ཁོང་གིས་ངའི་སེམས་ལ་རང་རེའི་མི་རིགས་དང་རང་གི་ཕ་ཡུལ་དྲན་པ་དང་།  ངའི་མིག་ལམ་དུ་མཚར་སྡུག་འོད་སྟོང་འབར་བའི་མདུན་ལམ་ཞིག་ཤར་བའི་མོད་ལ།    ངའི་གོམ་པ་རང་དབང་མེད་པར་གཞུང་ལམ་གྱི་ཕྱོགས་སུ་སྤོ་དགོས་བྱུང་ཞེས་རྩོམ་འདིའི་བརྗོད་བྱའི་ནང་དོན་གསལ་བསྡུས་སྒོས་ངོ་སྤྲོད་བྱས་ནས་དོན་དུ་རིག་གནས་གསར་རྙིང་གཉིས་ཀྱི་འགལ་མཚམས་ན་ཡིད་གཉིས་སུ་གྱུར་ཏེ་ཅི་བྱ་གཏོལ་མེད་དུ་གྱུར་བའི་སྐུ་ཞབས་ཁོང་གིས་འཇིག་རྟེན་གྱི་དངོས་པོའི་འགྱུར་ལྡོག་དང་འཕེལ་རྒྱས་ཀྱི་སྣང་ཚུལ་དངོས་སོགས་མཐོང་བ་ལ་བརྟེན་ནས་མདུན་སྐྱོད་ཀྱི་གོམ་ཁ་དེའང་རང་དབང་མེད་པར་གཞུང་ལམ་གྱི་སྟེང་དུ་སྤོས་བའི་ཚུལ་བཤད་པ་ནི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་ཚན་རིག་འཕེལ་རྒྱས་ཀྱི་ལྟ་བ་ལ་ཡང་ཡོངས་སུ་མཐུན་པ་ལགས་ན་ལྷག་བསམ་རྣམ་པར་དག་པའི་ངོས་ནས་རྩོམ་པོ་ཁོང་གིས་ང་ཚོ་ལ་ཡང་བསྐྱར་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་དྲན་སྐུལ་ཅིག་གམ་གྲོས་མོལ་ཅིག་ཀྱང་མཛད་ཡོད་པར་སྣང་།    རྩོམ་རིག་གི་སྒྱུ་རྩལ་རྣམ་པ་དེ་རྩོམ་དེའི་རྗོད་བྱེད་ཀྱི་ཚིག་རྐྱང་བའི་མཛེས་ཉམས་ཀྱི་ཆ་ན་ཡོད་པ་མ་ཡིན་པར་ཟུར་རམ་ཤུགས་ཀྱིས་བསྟན་ན་ད་གཟོད་རིན་ཐང་ཆེས་ཆེར་ལྡན་པ་ནི་སྨྲས་མ་དགོས་ཕྱིར་རྩོམ་ཐབས་
འདི་ཡང་དེ་ལས་མ་འདས་པར་སྙམ། གཞན་ཡང་ལྷུག་རྩོམ་འདིར་རང་ཉིད་བཅིངས་འགྲོལ་ཀྱི་ཆ་ཡང་མང་དུ་སྣང་བ་སྟེ།   དཔེར་ན་ཁོང་གིས་འདི་ལྟར་བོད་མི་ཁྲི་ཁྲག་མང་པོས་རྐང་ལམ་དེའི་དོན་དུ་ལོ་རྒྱུས་ལ་ཕྱིར་དྲན་རེ་དང་དྲན་རྟོག་རེ་བྱས་ཏེ་ཉི་མ་ཕུད་ཐབས་བྱེད་པ་ལས་མ་འོངས་པའི་འཚོ་བར་ཕྱོགས་པའི་སྔོན་ཐོན་གྱི་ལམ་བུར་དེ་འདྲའི་དང་དོད་མི་བྱེད་པར་མུན་འཐོམས་ལྟར་གནས་པ་ལ།   ཁོང་ཉིད་ཧ་ཅང་མ་འཐད་པར་གཞུང་ལམ་གྱི་ཕྱོགས་སུ་སྤོས་པས་སྤྱིའི་ཆ་ནས་ཁོང་གི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་དང་། ནང་སྒོས་སུ་རང་ཉིད་ཀྱིས་རང་ཉིད་ལ་འགན་འཁུར་བའི་མི་བུ་རྣལ་མ་ཞིག་གི་ནང་བསམ་བློའི་བཅིངས་འགྲོལ་ཡང་མཚོན་འདུག      ད་དུང་ཁོང་གིས་འདི་ལྟར་རྒན་རྒོན་ཚོའི་རྩོད་པ་དེ་ནི་ཞི་འཇགས་མེད་པར་མ་འོངས་པར་ཡང་ཞི་མི་ཐུབ་ཅེས་བསྟན་པ་དེར་དངོས་ནས་གནས་ལུཊ་ཆེན་པོ་ལྡན་པ་སྟེ།       སྤྱི་ཚོགས་གསར་བར་འཚོལ་རྟོགས་དང་རེ་སྙེག་བྱེད་མི་ཐུབ་པའི་བོད་ས་མཐོའི་སྤྱི་ཚོགས་ཀྱི་གནས་བབ་ལ་དགག་རྒྱག་ཚ་ནན་བཏང་སྟེ་ཅི་ནུས་ཀྱིས་ལམ་གསར་བ་ལ་འཇུག་དགོས་པ་ནན་གྱིས་བསྟན་ཡོད།    རྒན་རྒོན་བར་གྱི་རྩོད་པ་འདིས་ཁོང་གི་ནང་བསམ་པའི་རྩིག་ལྡེབས་ངོས་སུ་ལོ་རྒྱུས་ཤིག་གི་སྣང་བརྙན་གསར་དུ་བློས་བསླངས་བྱས་ཏེ་འདི་ལྟ་བུའི་མཚོན་དོན་རང་བཞིན་གྱི་གསར་རྩོམ་མང་པོ་མཛད་པ་ལ་ནུས་པ་ཆེས་ཆེར་ཐོན་ཡོད་པ་ནི་ང་ཚོས་ཀྱང་ཤེས་ངེས་རེད།   དོན་དུའང་ཀྲུང་གོ་སྐྱོབ་པ་ལ་སྐུ་ཞབས་ལུའུ་ཞུན་གྱིས་བརྩམས་ཆོས་མང་དུ་སྤེལ་བ་དང་ཡོངས་སུ་མཚུངས་པས།རྩོམ་པ་པོ་ཁོ་ཡང་སྤྱི་ཚོགས་འཕེལ་རྒྱས་གསར་བ་དང་།     ལོ་རྒྱུས་ཀྱི་དགོས་མཁོ་ཞིག་གིས་དེ་འདྲའི་ཚབ་མཚོན་ཅིག་ཏུ་གྱུར་བའང་མི་ཆེ་གེ་མོ་ཞིག་གིས་ཆེད་དུ་བསྐོ་བཞག་དང་བཀོད་སྒྲིག་བྱས་པ་མ་ཡིན་པར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འབྲས་བུ་ལྡོག་མེད་ཅིག་ཡིན་པ་ནི་ནམ་ཡང་ཤེས་དགོས་པའི་གནད་དམ་པའོ།།
     བཞི་བ།  མཇུག་བསྡུ་བ།
          བོད་མི་རིགས་ཀྱི་བསམ་བློའི་སྔོན་བསྐྱོད་པ་དཔལ་དོན་གྲུབ་རྒྱལ་མཆོག་གི་ལྷུག་རྩོམ་ནི།  རྩོམ་པ་པོ་གཞན་དག་གི་ལྷུག་རྩོམ་ལྟར་ཡུལ་ལྗོངས་ཀྱི་སྣང་བརྙན་བསྐྲུན་ཙམ་དང་ཡིད་འགྱུ་མཚོན་པ་ཙམ་མ་ཡིན་པར་རང་གི་མྱོང་བ་དངོས་དང་ཡིད་སེམས་ཀྱི་གཏིང་ནས་བྱུང་བའི་བརྩེ་དུང་གི་དྭངས་མ་དེར་སྤྱི་ཚོགས་ཀྱི་འཚོ་བའི་རྨང་གཞི་བརྟན་ཞིང་དགའ་སྐྱོ་ཆགས་སྡང་གི་ཡིད་འགྱུར་དྲག་པོས་ཕྱུག་པ་ན། ཐོལ་བརྒལ་གྱི་རང་བཞིན་ཆེན་པོ་ལྡན་པ་དང་།  དེའི་ཐོག་སྒྱུ་རྩལ་གྱི་ཉམས་འགྱུར་ཕུན་སུམ་ཚོགས་ཤིང་ཚིག་སྦྱོར་ཤིན་ཏུ་མཛེས་པས།  བོད་ཀྱི་ལྷུག་རྩོམ་གསར་རྩོམ་བྱེད་པར་སླར་ཡང་ལམ་གསར་བ་བཏོད་པ་ལྟ་བུའི་མཛད་རྗེས་རི་བོའི་གཏོས་དང་མཉམ་པ་བཞག་ཡོད་པ་རེད།
       སྐུ་ཞབས་རང་གྲོལ་གྱི་ལྷུག་རྩོམ་གྱིས་བོད་དེང་རབས་ཀྱི་ལྷུག་རྩོམ་འཕེལ་རིམ་ཁྲོད་གོ་གནས་ངེས་ཅན་ཞིག་བཟུང་ཡོད་པ་མ་ཟད།  དེང་རབས་རྩོམ་རིག་གི་གསར་རྩོམ་ལ་ཤུགས་རྐྱེན་ཐེབས་དང་ཐེབས་བཞིན་པ་ཀུན་གྱི་མཐོང་ཆོས་སུ་གྱུར་ཡོད། འདི་འདྲའི་རྗོད་བྱེད་ཀྱི་ཚིག་མཛེས་ལ་བརྗོད་བྱ་ཕུན་སུམ་ཚོགས་པ་འདི་འདྲ་ནི་རྩོམ་མཁན་རེ་གཉིས་མ་གཏོགས་སུ་ཞིག་གིས་རྩོམ་ཐུབ་སྙམ་པའི་སྣང་བ་འཆར་བ་ཡིན།
   རྩོམ་འདིའི་དཔྱད་གཞིའི་ཡིག་ཆ།
      ༡  བོད་ཀྱི་རྩོམ་རིག་གསར་བའི་བརྩམས་ཆོས་བདམས་བཀོད་དང་དེ་དག་གི་བཤད་པ།
             བདུད་ལྷ་རྒྱལ་གྱིས་སྒྲིག་རྩོམ་བྱས།        ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
    ༢     དཔལ་དོན་གྲུབ་རྒྱལ་གྱི་རྐང་ལམ་ཕྲ་མོ་ལ་རོབ་ཙམ་དཔྱད་པ།                རྩོམ་པ་པོ་ལྕགས་ཐར་རྒྱལ།
                      རང་གྲོལ་ཞིབ་འཇུག་གི་དཔྱད་རྩོམ་བདམས་སྒྲིག་ཏུ་གསལ།             ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
    ༣      བོན་དང་འབྲེལ་ནས་བོད་ཀྱི་ལོ་རྒྱུས་ཀྱི་དུས་ཚིགས་དང་དོན་དངོས་འགར་ཞིབ་མོར་དཔྱད་པ།
                      རྩོམ་པ་པོ་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།  སློབ་རའི་གཏམ་ཚོགས་དཔེ་དེབ་ནང་གསལ།
    ༤    བོད་ཀྱི་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་དང་དེའི་ཁྱད་ཆོས།    དཔའ་རྩེ་དང་ལྷ་རྒྱལ་ཚེ་རིང་གིས་སྒྲིག་རྩོམ་བྱས།
                                                                                       ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།    
    ༥     མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས།         སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐུ་ཞབས་དོན་གྲུབ་རྒྱལ་གྱི་རྐང་ལམ་ཕྲ་མོ་ལས་ཐོབ་པའི་བློ་བསྐྱེད་ཕྲན་བུ།

2012-04-05 སྙན་བཟང་བྱམས་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།