《རྒན་གྱའི་སྐར་མ》ལས་འཕྲོས་ཏེ་བོད་ཀྱི་སྙན་ངག་སྒྱུ་རྩལ་གྱི་ཟུར་ཙམ་གླེང་བ

མདའ་ལྗང་ལོ།༼ལན་ཀྲུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-11-19

  གནའ་ནས་ད་བར་དུ་རང་མི་རིགས་འདི་ཡང་འགྲོ་བ་མིའི་ལོ་རྒྱུས་ཀྱི་འགྲོས་དང་བསྟུན་ནས་མདོ་དབུས་མཐོ་སྒང་གི་ས་སྒང་འདིར་རྐང་ཆགས་པ་བཟུང་།རང་ཅག་གི་སྔོན་བྱོན་མེས་པོ་རྣམས་ཀྱིས་རང་རང་གི་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་ངོ་མཚར་ཁྱད་འཕགས་ལྡན་པའི་ཤེས་རིག་རི་བོའི་གཏོས་དང་མཉམ་པའི་གླེགས་བམ་དེ་དག་མི་རབས་རྗེས་མ་རྣམས་ལ་ཤུལ་ནོམ་ཅན་དུ་བཞག་ཡོད་པས།གཞན་མི་རིགས་ལ་ངོ་གནོང་མི་དགོས་པའི་ལོ་རྒྱུས་ཀྱི་དན་རྟགས་བསྐྲུན་ཡོད་ལ།ལྷག་པར་དུ་འདས་ཟིན་པའི་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་ན་བོད་ཀྱི་གནའ་བོའི་རྩོམ་རིག་ཁྲོད་ཀྱི་སྙན་གདོད་མའི་རང་བཞིན་གྱི་སྙན་ངག་དང་བཙན་པོའི་རྒྱལ་རབས་སྐབས་ཀྱི་མགུར་གླུཆབ་སྲིད་འདུམ་འགྲིག་བྱེད་ཆེད་ཀྱི་ཁེད།དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་གླུ་དང་ལ་གཞས་ལ་སོགས་ནི་སྐབས་དེའི་སྤྱི་ཚོགས་སུ་ས་སྐྱེས་རྡོ་སྐྱེས་ཀྱི་རྩོམ་རིག་གི་ས་རྒྱ་ཞིག་ཟིན་པ་དེས་བོད་ཀྱི་སྙན་ངག་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁྲོད་མི་རིགས་གཞན་ལ་གཞན་དྲིང་མི་འཇོག་པའི་འབུར་ཐོན་གྱི་ནུས་པ་དང་རིན་ཐང་གཞལ་བར་དཀའ་བའི་གལ་ཆེའི་གནས་བབ་བཟུང་ཡོད་ལ། ཕ་མེས་ཡང་མེས་ཚོའི་བློ་གྲོས་ཀྱི་རྣམ་དཔྱོད་ལས་འཁྲུངས་པའི་རྩོམ་རིག་སྒྱུ་རྩལ་གྱི་ཉིང་ལག་འདི་དག་ལ་ང་ཚོའི་རྗེས་སུ་ཡི་རངས་དགོས་པ་ནི་འཇིག་རྟེན་ཆོས་སྲིད་ཀྱི་མཐུན་ཞིག་ཡིན་པས་སོ།།དེར་བརྟེན།ཕྲན་གྱིས་<<རྒན་གྱའི་སྐར་མ>>་ལས་འཕྲོས་ཏེ་བོད་ཀྱི་སྙན་ངག་སྒྱུ་རྩལ་གྱི་ཟུར་ཙམ་གླེང་བར་བྱའོ།།
  དེ་ཡང་བོད་མི་རིགས་འདི་ལ་བཤད་སྲོལ་ཅིག་ཡོད་པ་ནི་༼ཡར་ལངས་བ་ནས་བྲོ་འཁྲབ་པ་དང་།སྐད་ཆ་བཤད་ཤེས་པ་ནས་གླུ་ལེན་ཤེས་པ་ཡིན༽ཞེས་ལ་ཁའི་རྫི་བོ་ནས་ཀུན་པོའི་ཁ་ན་རླུང་ལྟར་གཡུགས་པ་ཞིག་ཡིན།ང་རང་ཉིད་ཀྱིས་ཀྱང་མི་ལོ་འདི་གར་སློབ་གསེང་གི་ཁོམ་ལོངས་བར་ནས་དམངས་ཁྲོད་ན་དར་ཁྱབ་ཆེ་བའི་དམངས་གླུ་དང་ལ་གཞས།གཏམ་དཔེ།ཁེད་ལ་སོགས་བལྟས་ན་དེ་དག་གི་བརྗོད་བྱ་གཙོ་ནི་སྐབས་དེའི་སྤྱི་ཚོགས་ཀྱི་ལམ་ལུགས་དང་ཐོན་སྐྱེད་བྱེད་སྟངས།ཆོས་ལུགས།ཡུལ་སྲོལ་གོམས་གཤིས།མིའི་སེམས་ཁམས།མཛེས་རྟོག་གི་ལྟ་བ།བསམ་བློའི་ལྟ་བ།མི་ཚེའི་ལྟ་སྟངས་སོགས་མཚོན་ཡོད་ལ།སྐབས་སུ་བབ་པ་དེ་དག་མིན་པས་བཏང་སྙོམས་སུ་བཞག་སྟེ་རོང་འབྲོག་ཀུན་ལ་འདྲིས་ཆ་ཆེ་བ་དང་སྒྲ་ཐག་ལས་ཀྱང་ཉན་མྱོང་བའི་<<རྒན་གྱའི་སྐར་མ>>་ཡི་ལོ་རྒྱུས་རྒྱབ་ལྗོངས་ནི་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་ལས་ཐོད་བརྒལ་ཟིན་གྱི་ས་ཞིང་རང་ལ་བགོས་པའི་ལམ་ལུགས་སླེབས་པའི་བོད་ཀྱི་སྤྱི་ཚོགས་དེ་ནི་དམངས་མི་སྤྱི་བྱིངས་རྨོངས་དད་དང་རྙིང་ཞེན།བག་འཁུམས་སོགས་ཀྱི་སྲོལ་རྒྱུན་སྟུག་པོས་བཏུམས་ཤིང་།ནང་དམེ་དམར་གསོད་ཀྱི་འདུ་ལོང་རྒོད་པ།རང་དབང་རང་འཐད་ཀྱི་གཉེན་སྒྲིག་མིན་པ།བཀས་བཀོད་རྒྱུད་འཛིན་ལམ་ལུགས་སྐབས་ཀྱི་མ་རེངས་བའི་སྒེར་གཅོད་དག་གཙང་སེལ་ཡང་སེལ་མ་བྱས་པའི་རྨོངས་འཐོམ་གྱི་དུས་སྐབས་དེ་ལས་འཕྲོས་པ་ཞིག་ རེད།
  གོང་དུ་<<རྒན་གྱའི་སྐར་མ>>་ཡི་སྐབས་དེའི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་དང་མི་རྣམས་ཀྱི་ བསམ་བློ་གོ་རྟོགས་དང་ཡུལ་སྲོལ་གོམས་གཤིས་སོགས་ཀྱི་ཆ་ནས་སྤྱི་བམ་རགས་ཙམ་བཤད་ཟིན་པས།ཞོལ་ནས་བྱེ་བྲག་རང་བཞིན་དང་བརྗོད་བྱ་རང་བཞིན་ལ་བརྒལ་ཏེ་བཤད་ན་<<རྒན་གྱའི་སྐར་མ>>འདིས་རྩོམ་རིག་༼སྙན་ངག་གི་ཆ་ནས༽་གི་འབབ་སྟེགས་ངེས་ཅན་ཞིག་ཟིན་ཡོད་གི་སྙམ།བོད་ཀྱི་རྩོམ་རིག་སྤྱི་ཡི་དབྱེ་སྟངས་ཡིན་ན།བརྩམས་སྒྲུང་དང་ལྷུག་རྩོམ།སྙན་ངག་གསུམ་དུ་དབྱེ་བ་དང་།སྙན་ངག་ལ་ཡང་དོན་བརྗོད་སྙན་ངག་དང་ཡིད་འགྱུར་སྙན་ངགབསྡུས་བརྗོད་སྙན་ངག་དབྱེ་སྟངས་མང་ཡོད།ཕྲན་གྱིས་གླེང་བྱར་གྱུར་བའི་དམངས་ཁྲོད་ན་རྒྱུན་འབྱམས་སུ་སོང་པའི་རོགས་མཐུན་ལ་གཞས་ <<རྒན་གྱའི་སྐར་མ>>་ཞེས་པ་འདི་ནི་དོན་བརྗོད་སྙན་ངག་ཅིག་རེད་ཅེས་ན་ཆོག་གོ།རྒྱུ་མཚན་ནི་ཕོ་མོ་གཉིས་ཀྱི་འགྱུར་མེད་པའི་བརྩེ་དུངས་དེ་ཚིག་སྦྱོར་ལེགས་ཤིང་གསོན་ཉམས་ལྡན་པའི་ངང་ནས་ཚིགས་བཅད་ཀྱི་ལམ་ནས་བཀྲམ་པ་ཞིག་རེད།སྙན་ངག་ནི་མ་གཞི་ནས་ཤང་ཤང་དུ་འབབ་པའི་རྫ་ཆུ་ནང་བཞིན་དྭངས་ཤིང་སླད་མེད་པ་ཡིན་པས།སྒྱུ་རྩལ་གྱི་སྣང་བརྙན་ཕུན་སུམ་ཚོགས་པ་ཞིག་ཡིན།<<རྒན་གྱའི་སྐར་མ>>་ཞེས་པའི་དོན་བརྗོད་སྙན་ངག་འདིས་དངོས་ཡོད་འཚོ་བ་ལ་ཟབ་ཞུགས་བྱས་པ་བཟང་ཞིང་། དགའ་སྐྱོ་ཆགས་སྡང་འཕྱོ་རྒྱག་གི་རྣམ་པ་ལྡན།སྐད་ཆའི་གྲིམ་ལྷོད།མཛེས་དཔྱོད་ཀྱི་ཡིད་ཉམས་བཅས་ཀྱིས་སྤུད་ཡོད། ཧྥ་རན་སིའི་རྩོམ་མཁན་སར་ཐར༼ J.p.Sartre,萨特༽གྱི ་༼འགན་འཁྲི་ཡོད་ན།ད་གཟོད་སྒྱུ་རྩལ་འབྱུང༽་ཞེས་པ་དེའོ།།
  རྩོམ་རིག་བརྩམས་ཆོས་ནི་སྐད་ཆའི་འཕྲད་སྦྱོར་ལ་བརྟེན་ནས་གྲུབ་པས་དེ་ལ་སྐད་ཆའི་ རོལ་རྩེད་ཅིག་རེད་ཟེར་ན་མི་ཆོག་པ་མེད་པར་སྙམ།བརྩམས་ཆོས་རོལ་མྱོང་བྱེད་སྐབས་ཀློག་པ་པོའི་ཚོར་ཤེས་ཀྱི་ཆ་དེ་ལ་བརྟེན་ནས་མཛེས་རྟོག་འཚོལ་དཔྱོད་བྱེད་ཐུབ་པ་དང་།ནང་སེམས་ཀྱི་ཚོར་འདུ་ཕྲ་མོར་སྙེག་ཐུབ་པ།སྙན་ངག་གི་སྒྱུ་རྩལ་གྱི་ཡང་སྙིང་ཡང་སྙབ་ཐུབ་པ་བཅས་སོ།།དེར་གཞིགས་ནས་དམངས་ཁྲོད་ན་རྒྱུན་འབྱམས་སུ་སོང་པའི་རོགས་མཐུན་ལ་གཞས་<<རྒན་གྱའི་སྐར་མ>>ལས་སྙན་ངག་གི་ཐ་སྙད་བྲན་བཀོད་བསྒྱུར་སྟངས་ལ་རགས་ཙམ་འཁྱུད་པར་བྱ་རྒྱུ་ཡིན།༼ཟླ་བཞི་བའི་ཟླ་དཀྱིལ་ཟིག་ག།།ནགས་རྒྱ་ལྕང་ལོ་མའི་མགོ་ནས།།གཉོམ་དུང་ངེ་ཁུ་བྱུག་གྲགས་ཀི།བྱ་གན་གི་སྐད་ལ་ཉན་ན།།རོགས་ཐུག་གི་གསུང་སྙན་ལོས་ཡིན།།སྟོད་ཁེས་ཆེན་ཉག་གི་བར་ནས།།སྙན་ལྷང་ངེ་གླིང་བུ་འབུད་གི།ཤིང་གླིང་བུའི་སྐད་ལ་ཉན་ན།།རོགས་ཞེ་འདང་ཅན་གི་བརྡ་རེད།།་་་་་་་་་རྟ་རག་རག་ཁྱུང་གི་ཁ་མདོག།སྒ་འོད་ཆེན་ཉི་ཟླ་ཁ་སྤྲོད།།ཡོར་གོར་མོ་གཡུ་འབྲུག་རང་འཁྱུད།།རྡུལ་སྨུག་པ་སྤྲིན་དཀར་འདྲ་ཟིག།ངའི་ཕྱོགས་ལ་འཐེན་ནས་འོང་ཐལ།།་་་་་་༽དང་༼དགུང་ཉི་མ་འདྲ་གི་རོགས་ལོ།།དགྲ་འཆི་བདག་ནག་པོས་སྒྲིབ་ཐལ།།་་་་་དུང་ཟླ་བ་འདྲ་བའི་རོགས་ལོ།།འདི་སྒྲ་གཅན་གཟའ་ཡིས་བཟུང་ཐལ།།་་་་་༽་འདི་ནི་<<རྒན་གྱའི་སྐར་མ>>ལས་ཚིགས་བཅད་རེ་འགའ་ཟུར་བསྟན་ལེབ་མཐོང་གི་ཚུལ་དུ་བཀོད་དེ།རང་ཉིད་ཀྱི་བྲང་ཁར་ལག་པ་བཞག་ནས་ཕྱིར་འདབ་རེ་བརྒྱབ་ན་རང་ཅག་གི་མེས་པོ་རྣམས་ནི་འཚོ་བ་རོལ་དབྱངས་ཀྱིས་ཕྱུག་པའི་སྒྱུ་རྩལ་གྱི་དག་ཞིང་ཞིག་ལོས་ཡིན་གྱི་འདུན་པ་་ངང་ངམ་ཤུགས་ཀྱིས་སྟེར་སྲིད།ཚིག་གི་སྡེབ་སྦྱོར་དབྱངས་ཀྱིས་ཕྱུག་པ།ཁོར་ཡུག་འབྲིབཞེངས་བྱས་པ་བརྙན་རིས་ཅན་དུ་སྣང་བ།སྒྱུ་རྩལ་མཛེས་སྣང་ཅན་དུ་བཀོད་པ།དངོས་འཆར་ཟུང་འབྲེལ་གྱི་ལམ་ནས་དངོས་ཡོད་འཚོ་བ་འབུར་ཚུགས་སུ་ཐོན་ཡོད།འདི་ལྟ་བུའི་སྙན་ངག་གིས་མི་རིགས་ཤིག་གི་རིག་གནས་དང་འཚོ་བ་རོལ་སྟངས་སོགས་ག་འདྲ་ཞིག་ཡིན་པ་གློག་བརྙན་ལ་བལྟས་པ་བཞིན་གྱི་སྣང་བརྙན་འཆར་འོངས་བ་མ་ཟད།ཕ་མེས་ཡང་མེས་ནས་བརྒྱུད་པའི་བསྲེག་བཅད་བརྡར་བའི་གསེར་བཞིན་གྱི་རིག་གནས་འདི་དག་མཐོང་ན་སྒོ་གསུམ་གུས་པའི་དད་པས་སྤུ་ལོང་གཡོ་ཞིང་།དུར་ས་ན་རུས་སྐོགས་སུ་གྱུར་བའི་མེས་པོ་དག་གི་རུས་པར་དམ་འཁྱུད་དེ་ཤུགས་ཀྱིས་ཀི་རིང་རེ་འདེབས་ན་འདོད།ཕྱིར་རྟོག་དང་སེམས་འགྱུའི་བར་ན་སྔོན་བྱོན་གྱི་མེས་པོ་རྣམས་ནི་ཡལ་བ་མེད་པའི་རྟག་བརྟན་གྱི་ལོ་རྒྱུས་རྡོ་རིང་ཡིན།
  དེ་ཡང་རྩོམ་རིག་ནི་ལོ་ཟླའི་འཁོར་བསྐྱོད་ཀྱི་འགྲོས་དང་བསྟུན་ནས་མིའི་རིགས་ལ་ཞུ་འདེགས་ཞུས་ཡོད་པ་ནི་སྨྲོས་མེད་ཅིག་རེད།ཁ་སང་དེ་རིང་ཡང་རྩོམ་རིག་ཅེས་པའི་ཐ་སྙད་འདིས་སྤྱི་ཚོགས་ཐད་ལ་གོ་ས་ངེས་ཅན་ཞིག་བཟུང་ཡོད།དེ་བཞིན་<<སྙན་ངག་མེ་ལོང>>ན་༼རང་བཞིན་གྱིས་གྲུབ་སྤོབས་པ་དང་།།མང་དུ་ཐོས་པ་དྲི་མེད་དང་།།མངོན་པར་སྦྱོར་བ་མི་དམན་པ།།སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ།།༽ཞེས་སྙན་ངག་གི་དགེ་མཚན་མང་པོ་གླེང་ཡོད།རྩོམ་རིག་༼སྙན་ངག་གི་ཆ་ནས༽་གི་སྒྱུ་རྩལ་ནི་མིའི་སེམས་ཁམས་ཀྱི་ཆ་ལ་བསིལ་ཚོར་གྱི་ཁམས་སྟེར་བ་དེ་དང་ཞབས་འདེགས་ཞུ་བ་དེའོ།།

                                                                    ༢༠༡༡ལོའི་ཟླ་༡༡ཚེས༦ཉིན་ལ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《རྒན་གྱའི་སྐར་མ》ལས་འཕྲོས་ཏེ་བོད་ཀྱི་སྙན་ངག་སྒྱུ་རྩལ་གྱི་ཟུར་ཙམ་གླེང་བ

2011-11-19 མདའ་ལྗང་ལོ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།