སྙན་ངག་གི་འབྲི་ཐབས་གླེང་བ།

རྐང་ཐང་བ།༼ལན་ཀྲུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-09-26

  ང་རང་ལ་མཚོན་ན་སྙན་ངག་གིས་ང་འཚོལ་བའི་དུས་སྐབས་ཤིག་དང་ངས་སྙན་ངག་འཚོལ་བའི་དུས་སྐབས་གཉིས་ཡོད་པས་ལས།སྔ་མ་ནི་ཆགས་སྡང་མཐའ་བྲལ་དུ་ལྷུང་སྟེ་བཟོད་མི་ནུས་ཤིང་རང་དབང་མེད་པའི་ཚོར་འདུ་དྲག་པོ་ཞིག་གིས་ཚུར་ལ་བསྐུལ་བས་འབྲི་སྲོལ་ཞིག་དང་།ཕྱི་མའང་ཆགས་སྡང་ཞིག་ཡིན་ཀྱང་ཆགས་སྡང་དེ་གོང་མ་དང་མི་འདྲ་བར་མིག་གིས་ཕར་ལ་འཚོལ་ཞིང་སེམས་ཀྱིས་བསྒྲིགས་པའི་སྙན་ངག་འབྲི་སྲོལ་ལ་ཟེར།གང་ལྟར་རྣམ་པ་དེ་གཉིས་ཀྱིས་ཐོག་མར་སེམས་ལ་སེམས་ལ་ཟུག་རེག་ཅིག་སྟེར་སྐབས།ཟུག་རེག་དེ་བྱིས་པ་བཙས་པ་ལྟར་སེམས་ཀྱིས་ཅི་འཆར་དེ་དེ་ལྟར་ཤོག་ངོར་སྐྱུགས་རྗེས།ད་གཟོད་མི་ཞིག་ཏུ་གྲུབ་སོང་།སྐབས་དེར་མི་དེའི་ཆགས་གཞི་དང་གནས་བབས་བཅས་ལ་གཞིགས་ནས་རྒྱན་གོས་བསྣབས་པ་ཇི་བཞིན་སྙན་ངག་ལའང་ཡིད་གཟུགས་སྒྲིག་སྦྱོར་དང་སྒྲ་དྲག་ཞན་གྱི་སྒྲིག་སྦྱོར།དབྱངས་ཀྱི་གདེགས་འཇོག་སྒྲིག་སྦྱོར་སོགས་གང་འཚམ་གྱིས་ལེགས་པར་བསྐྲུན་ཏེ་གཞན་ངོར་བསྟར་རྒྱུ་ནི་ཆེས་ཐོག་མའི་ཀུན་སློང་དུ་སེམས།
མཚམས་རེར་སྙན་ངག་བྲིས་ཚར་དུས།སྙན་ངག་ཏུ་གྲུབ་ཡོད་ཀྱང་སྙན་ངག་ལ་ཁ་བྱང་མེད་དུས་ཀྱང་ཡོད་པས་སྙན་ངག་ལ་ཁ་བྱང་གདགས་དཀའ་བའི་ཚོད་དུ་ལྷུང་ངེས།གཏན་ཚུགས་ནི་སྙན་ངག་དེ་ལྟ་བུའི་རིགས་ནི་སྣང་ཚུལ་ག་གེ་མོ་ཞིག་གིས་ནང་སེམས་ལ་འགོག་མི་ཐུབ་པའི་ཚོར་སྣང་དང་བཅས་ཏེ་ཐོལ་བྱུང་གིས་འཁྱུག་བྲིས་བྱས་པའི་སྙན་ངག་ཡིན་སྟབས།ཁ་བྱང་ལ་མནོ་བསམ་གཏོང་ཁོམ་ཡང་མེད་ལ་གཏོང་དགོས་དོན་ཀྱང་མེད་པས་རེད།གཙོ་བོ་སྐབས་དེའི་ཚོར་འདུའི་དབང་བསྒྱུར་གྱི་ཟིལ་ཤུགས་ཆེས་སོང་བ་རེད།སྙན་ངག་མང་ཆེ་བར་ཁ་བྱང་སྔོན་དུ་དྲན་ཡོང་ལ།དེ་ནི་ཁ་བྱང་ཙམ་སྔོན་དུ་དྲན་པ་ཞིག་མིན་པར།སྙན་ངག་གི་ཁ་བྱང་དྲན་པ་དང་མཉམ་དུ།སྙན་ངག་ཀྱང་དྲན་ནས་འདུག །འདི་ནི་སྙན་ངག་བྱུང་འཕེལ་གྱི་གོ་རིམ་ཡང་དག་པ་ཞིག་རེད་བསམ།
   སྙན་ངག་ནི་སྒྱུ་རྩལ་ཀུན་གྱི་ཡང་རྩེ་དང་།སྐད་ཆ་ནི་སྒྱུ་རྩལ་དེའི་བླ་སྲོག་ཏུ་ངེས་ན།སྐད་ཆའི་དང་དོད་དང་སྐད་ཆའི་གྲིམ་ལྷོད།སྐད་ཆའི་བཤད་སྟངས།སྐད་ཆའི་མཛེས་དཔྱོད་བཅས་ནི་ངེས་པར་དུ་ཉུང་ཞིང་ཉིང་བཅུད་དང་ཐུང་ཞིང་ངོ་མཚར་ལྡན་དགོས་པ་ནི་སྨོས་མ་དགོས་ཏེ།འོ་མ་ལས་མར་ལོ་གསོག་གསོག་དང་།ལྭ་བ་ལས་ཆུ་བཙུར་བཙུར་བྱེད་པ་ནི་གནད་ཀྱི་དམ་པར་སེམས།དེ་ཡང་འབྲི་བཞིན་པའི་སྙན་ངག་དེ་རང་ཉིད་ཀྱི་ངག་ཏུ་བླངས་ཏེ་གྱེར་འདོན་བྱས་ན།དབྱངས་འགྲོས་དང་སྐད་ཆའི་ལྷོད་ཤ་མངོན་གསལ་གྱིས་འཕེལ་ཡོང་བས་ན།རང་གཞན་སུས་ངག་ལ་གྱེར་ཡང་མི་བདེ་བའི་ངལ་བ་མྱོང་མི་དགོས་སོ། །
   ཕ་མ་ལ་ཤ་ཚ་བ་དང་དགའ་རོགས་ལ་སྙིང་ཉེ་བ་ནང་བཞིན་སྙན་ངག་ལའང་ཤ་ཚ་བ་དང་སྙིང་ཉེ་དགོས་ལགས།དེ་ནི་ཁྱོད་དང་སྙན་ངག་བར་གྱི་བརྩེ་དུང་གི་ཚེ་སྲོག་ཅིག་མཚོན་ལ།ཡུན་རིང་དུ་གནས་ཐུབ་མིན་གྱི་གནད་དོན་ཅིག་ཀྱང་མཚོན་པར་འདོད།གལ་ཏེ་རང་ཉིད་ཀྱི་དགའ་རོགས་ལ་ཤ་མི་ཚ་བ་དང་སྙིང་མ་ཉེ་ན།མི་འགྱངས་པར་ཁྱོད་གཉིས་ཀྱི་བརྩེ་དུང་ལ་རྫོགས་ཚིག་འགོད་དགོས་ལགས།དེ་བས་སྙན་ངག་ལའང་ཡ་ག་ཡོག་གེ་མི་བཅའ་བར་རྣམ་འགྱུར་དྲང་མོ་ཞིག་འཛིན་དགོས་པར་འདོད།
   འུ་ཚོས་སྙན་ངག་བྲིས་ཏེ་སྙན་ངག་འདུལ་འདོད་ཀྱིན་འདུག །དེ་ནི་བྲན་བདག་ཅིག་གིས་བྲན་གཡོག་འདུལ་བ་ལྟ་བུ་རེད།ནམ་ཞིག་བྲན་གཡོག་དེར་ཡུལ་དུས་རྐྱེན་གསུམ་འཛོམས་ཚེ་ངོ་ལོག་མི་རྒྱག་པ་ངེས་པ་མེད་པར་འདོད།དེ་བཞིན་ངས་བསམ་ན་འུ་ཚོས་སྙན་ངག་འདུལ་བ་ནི་མིན་པར་སྙན་ངག་གིས་འུ་ཚོ་འདུལ་དགོས་པར་འདོད།སྐབས་དེར་སྙན་ངག་ནི་བྲན་བདག་ཅིག་ཏུ་གྱུར་སོང་བ་མིན་ནམ་ཞེས་འདྲི་ན།སྙན་ངག་ནི་བྲན་བདག་ཏུ་འགྱུར་དགོས་ལ།ད་རུང་གདུག་རྩུབ་ཅན་གྱི་དྲན་བདག་ཅིག་ཏུ་གྱུར་ན་ཤིན་ཏུ་བཟང་བའི་ཚོད་རེད།རྒྱུ་མཚན་སྙན་ངག་ནི་སྙན་ངག་པའི་ཡོད་ཚད་ཡིན་པ་དང་གཅིག །གཙིག་ཏུ་བཀུར་དགོས།སྙན་ངག་གིས་སྙན་ངག་པའི་ནང་སེམས་བཙོ་བར་བྱེད་པ་དང་གཉིས།བཟང་བར་འདོད་དགོས།སྙན་ངག་ནི་སངས་རྒྱས་ཀྱི་བཀའ་གསུངས་ལས་ལྷག་པ་དང་གསུམ།ཡིད་ཆེས་དགོས།དེ་ལས་སྙན་ངག་གིས་མི་འདུལ་དགོས་ལ།མིས་འཇིག་རྟེན་འདུལ་དགོས།དེ་བས་འུ་ཚོས་སྙན་ངག་ལ་གོ་གནས་ཤིག་སྤྲད་དོན།འུ་ཚོ་སྙན་ངག་གི་ཞབས་ཞུ་བ་རྣལ་མ་ཞིག་བྱེད་འདོད་པ་དེ་རེད།སྙན་ངག་གིས་གནང་བའི་ཆགས་སྡང་ནི་འུ་ཚོའི་འོས་འགན་ཡིན་ལ།འོས་འགན་དེ་ནི་ལོག་སེམས་དང་གནོད་སེམས་མི་སྐྱེས་པའི་སྒོ་ནས་ཡང་དག་གིས་བསྒྲུབ་དགོས་ལགས།དེ་ལྟར་བྱེད་ན་སྙན་ངག་གི་སེམས་དགའ་ནི་རེད།སྙན་ངག་གི་ཚེ་སྲོག་ཀྱང་ཁྲི་ལོ་ནས་ཁྲི་ལོ་ཡོང་ནི་རེད།
    དེ་ལས་ལྡོག་སྟེ།འུ་ཚོས་ཆགས་སྡང་གི་ཕྱིར་དུ་སྙན་ངག་ལ་དཀའ་ལས་གཏད་ན།སྙན་ངག་ཁྱོད་ཀྱི་རེ་འདུན་ལྟར་གང་སར་མི་འགྲོ་བར་མ་ཟད།སྙན་ངག་ཐང་ཆད་དེ་ཁྱོད་ཀྱི་གམ་ནས་ངུ་ཤམ་རྒྱགས་ནི་རེད།པུས་མོ་ས་ལ་བཙུགས་ཏེ་ངུ་ཤམ་རྒྱགས་ཞོར་ད་རུང་ཞུ་བ་བྱེད་ནི་རེད།དུས་དེར་ཁྱོད་དང་སྙན་ངག་བར་གྱི་འབྲེལ་བ་ཙམ་པོའང་ཆད་ལ་ཉེ་མགོ་བརྩམས་པས།ཁ་བྲལ་གྱི་གཡང་དུ་ལྷུང་བ་རེད།དེ་བས་སྙན་ངག་པ་རྒས་སླ་ཟེར་བ་ནི།ངས་བསམ་ན་འདི་ལས་བྱུང་བར་འདོད།
    སྙན་ངག་གི་བློ་རྒྱ་ནམ་མཁའ་ལས་ཡངས་ལ།སྙན་ངག་གི་དགོངས་པ་རྒྱ་མཚོ་ལྟར་ཟབ་པས།སྙན་ངག་གིས་ཁྱོད་ལ་མཚམས་རེར་མི་རིགས་སྐྱོབས་ཞེས་གསུངས་ན།ཁྱོད་ཀྱིས་ལེགས་སོ་ཞེས་ཞུ་དགོས།ལན་རེར་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་གསུངས་ན།ཡང་ཁྱོད་ཀྱིས་ལེགས་སོ་ཞེས་ཞུ་དགོས།དམངས་སྲོལ་དང་རིག་གནས་སོགས་ཀྱང་དེ་འདྲ་ལས་མ་དའས་པས།ཡོད་ཚད་ལ་ལེགས་སོ་ཞེས་ཞུ་དགོས།འདི་ལྟར་བྱས་ཏེ་ག་དུས་ཤིག་སོང་ན་ཁྱོད་རང་སྙན་པར་འགྱུར་ལ།གཙོ་བོ་སྙན་ངག་པ་ཨ་ཐང་མ་ཆད་ན་སྙན་ངག་གི་དངོས་གྲུབ་ནམ་ཡང་ཟད་པ་མེད།          

                                2011.09.22       14/00ལན་གྲུ་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་གི་འབྲི་ཐབས་གླེང་བ།

2011-09-26 རྐང་ཐང་བ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།