འཚོ་བའི་གར་གྱི་གསེང་སྟོང་ན།། སྐྱིད་སྡུག་ལོ་ཟླ་ཀུ་རེ་འདྲ།།

                                                        ___ སྟག་འབུམ་རྒྱལ་གྱི་སྒྲུང་འབྲིང༼ མི“ རྒྱ་བྷ།” ཁྱི “རྒྱ་བྷ།” ༽བཀླགས་པའི་མྱོང་ཚོར།

  【ནང་དོན་གནད་བསྡུས】དཔྱད་རྩོམ་འདིར༼མི“རྒྱ་བྷ།” ཁྱི“རྒྱ་བྷ།”༽ཞེས་པའི་སྒྲུང་གཏམ་བཀླགས་པའི་མྱོང་ཚོར་བརྒྱུད་ནས། སྒྲུང་གཏམ་ཁྲོད་ཀྱི་རྙོག་འཛིང་ལྡན་པའི་མི་སྣའི་བྱུང་རིམ་དང་འགལ་འདུ། ད་དུང་སྤྱི་ཚོགས་འཚོ་བའི་རྒྱབ་ལྗོངས་ལས་ཐོན་པའི་འཚོ་བའི་བདེ་སྡུག་བཅས་ལ་དཔྱད་ཞིབ་བྱས་ཡོད་པ་མ་ཟད། སྒྲུང་གཏམ་གྱི་བརྗོད་བྱའི་བསྟན་དོན་གླེང་པའི་ཞོར་དུ་མཇུག་མཐར་རང་གི་ལྟ་ཚུལ་རེ་གཉིས་ཀྱང་ཟུར་དུ་བཏོན་ཡོད།
  【གནད་འགག་མིང་བརྡ】 མི“རྒྱ་བྷ།” ཁྱི “རྒྱ་བྷ།” སྡེ་བ། སློབ་གྲྭ།

              གླེང་གཞི།
  སྒྲུང་གཏམ་རྩོམ་པ་པོ་སྟག་འབུམ་རྒྱལ་གྱིས་བྲིས་པའི་སྒྲུང་འབྲིང༼མི“ རྒྱ་བྷ།” ཁྱི “རྒྱ་བྷ།”༽ཞེས་པ་འདི་ནི་ཁོང་གིས་མི་དང་ཁྱི་བརྗོད་བྱ་བྱས་ཏེ་བྲིས་པའི་སྒྲུང་གཏམ་ཁྲོད་ཀྱི་སྒྲུང་གཏམ་ཡག་ཤོས་ཞིག་ཡིན་པ་མ་ཟད། བརྗོད་བྱ་དང་མཚོན་དོན། སྒྱུ་རྩལ་སོགས་ཕྱོགས་ཡོངས་ནས་བཤད་ནའང་ཅུང་མངོན་གསལ་ལྡན་པའི་སྒྲུང་གཏམ་ཞིག་རེད། སྤྱིར་ཁོང་གིས་བྲིས་པའི་སྒྲུང་གཏམ་མང་ཤོས་ཤིག་ཁྱི་དང་འབྲེལ་བའི་སྒྲུང་གཏམ་ཡིན་པའི་ཁར་མི་ལ་ཁྱི་གཤིས་ཡོད་པ་དང་ཁྱི་ལ་མི་གཤིས་ཡོད་པའི་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་རྩོམ་ཐབས་སྤྱད་ནས་བྲིས་པ་ཅུང་མང་ལ། དེ་བས་སྒྲུང་གཏམ་རོལ་མྱོང་གི་སྐབས་སུའང་བཀླགས་པ་ཙམ་གྱིས་གོ་བ་ལོན་དཀའ་བའི་ཚོར་སྣང་སྟེར། ཡིན་ནའང་ཐེངས་འདིའི་གླེང་གཞི་སྟེ་དངོས་ཡོད་དགག་སྒྲུབ་རིང་ལུགས་ཀྱི་རྩོམ་ཐབས་སྤྱད་ནས་བྲིས་པའི༼མི“ རྒྱ་བྷ།”ཁྱི“རྒྱ་བྷ།”༽ཞེས་པའི་སྒྲུང་གཏམ་འདི་ལ་མཚོན་ན། དེ་འདྲ་མ་ཡིན་པར་ཐེངས་གཅིག་གཉིས་ཙམ་ལ་བཀླགས་པ་ན་ད་གཟོད་གཞི་ནས་གོ་བ་ལོན་ཐུབ་ཅིང་། མི་སུམ་ཅུར་བསམ་པ་སུམ་ཅུ་དང་མཛོ་སུམ་ཅུར་རྭ་ཁ་དྲུག་ཅུ་ཞེས་པའི་དཔེ་ལྟར་མི་རེ་རེར་གོ་བ་ལེན་ཕྱོགས་འདྲ་མིན་སྣ་ཚོགས་ཡོད་ལ། ཡོད་ཀྱང་སྲིད། ཡང་ཅིག་བཤད་ན། སྒྱུ་རྩལ་བརྩམས་ཆོས་ཤིག་ལ་ཆ་མཚོན་ན། རོལ་མྱོང་གི་དབང་ཆ་དེ་ཀློག་པ་པོ་ཁོ་ནར་དབང་བ་ཡིན་པས། ཀློག་པ་པོ་ཡོད་ཚད་ཀྱི་ལྟ་ཚུལ་གཅིག་པ་ཡིན་པའི་ངེས་པ་ནི་མེད། དེ་བས་གཤམ་དུ་ཁོ་བོས་ཀྱང་ཀློག་པ་པོར་དབང་བའི་དབང་ཆ་དེ་བཀོལ་ནས་རྩོམ་པ་པོས་ང་ཚོར་བསྐྱུར་བའི་མངོན་ལྐོག་གང་རུང་དང་ཕྱི་ནང་གསང་གསུམ་གྱི་གནས་ལུག་དང་རྒྱུ་མཚན་མཐའ་དག་ལ་དབྱེ་ཞིབ་དང་བསམ་གཞིགས་བྱས་ཏེ། སྒྲུང་གཏམ་གྱི་བྱུང་རིམ་དང་མི་སྣ། བརྗོད་སྙིང་བཅས་ཆ་རྐྱེན་གསུམ་གྱི་སྟེང་ནས་དབྱེ་ཞིབ་བྱེད་པ་ཅུང་ཚད་ལྡན་དུ་རློམ་ནས་རང་གི་གོ་བ་ལེན་ཕྱོགས་ཙམ་ཞིག་གཞན་གྱི་མིག་མདུན་དུ་བསྟར་འདོད་པ་ཡིན་ལ། སྤྱིར་ན“བརྩམས་ཆོས་ནི་ལྟ་ཀློག་མཁན་གྱི་ཆེད་དུ་བྲིས་པ་དང་། བརྩམས་ཆོས་ཀྱི་དགོངས་དོན་དང་རིན་ཐང་བྱེད་ནུས་སོགས་མཐར་གཏུགས་ན་ལྟ་ཀློག་བརྒྱུད་ནས་མངོན་དགོས་པ་ཞིག་རེད”(སྟོབས་རྒྱལ། « རྩོམ་རིག་རྣམ་བཤད་» [M] པེ་ཅིང་མི་རིགས་དཔེ་སྐྲུན་ཁང་གིས་2005ལོའི་ཟླ་10པར་བསྐྲུན།ཤ7གསལ།) ཅེས་བཤད་པའང་གནད་དུ་སྨིན་པའི་གཏམ་མོ།།

              དང་པོ། སྒྲུང་གཏམ་འདིའི་བྱུང་རིམ།
  སྒྲུང་གཏམ་འདིར་སློབ་ཆེན་སློབ་མཐར་ཕྱིན་མ་ཐག་པའི་རྒྱ་མཚོ་ཟེར་བ་ཞིག་གཞི་རིམ་འབྲོག་ཕྱོགས་སུ་དགེ་རྒན་གྱི་བྱ་བ་བསྒྲུབ་ཏུ་ཡོང་བ་ཡིན་ལ། ཉིན་ཞིག་གི་མཚན་མོར་སྡེ་བའི་ནང་གི་གསར་བུ་འགའ་དང་མཉམ་དུ་ཆང་འཐུང་རྗེས། མཚན་གུང་དུ་གསར་བུ་རྣམས་ཀྱིས་སྡེ་བའི་ནང་གི་ཨ་ནེ་ཕག་མཚོའི་སྒོ་འགྲམ་དུ་འགྲོ་ཐུབ་མཁན་ཡོད་ཚེ་མི་རེས་སྒོར་ལྔ་བཅུ་རེ་སྟེར་ཞེས་སྙིང་སྟོབས་འགྲན་པའི་གཡོ་ཐབས་ཤིག་བཀོལ་ནས་དགེ་རྒན་རྒྱ་མཚོ་འགྲོ་རུ་བཅུག་པ་དང་། སྟབས་མ་ལེགས་པར་དགེ་རྒན་རྒྱ་མཚོ་སྡེ་དཔོན་སྐ་ཐེ་དང་ཨ་ནེ་ཕག་མཚོ་གཉིས་ལྐོག་ཉལ་བྱས་ཡོད་པའི་ལག་ཏུ་ཤོར་ནས་གཅར་རྡུང་བྱས་ཤིང་། དུས་དེ་ནས་བཟུང་རྒྱུ་དེ་ལ་རྐྱེན་བྱས་ཏེ། སྡེ་དཔོན་སྐ་ཐེས་དགེ་རྒན་རྒྱ་མཚོའི་མིང་ལ་ཁོང་ཚང་གི་ཁྱི་རྒན་རྒྱ་བྷའི་མིང་བཏགས་པ་ཞིག་ཡིན།( གཤམ་ནས་བཟུང་དགེ་རྒན་རྒྱ་མཚོ་སྟེ།མི“རྒྱ་བྷ།”ལ་རྒྱ་བྷ་ཞེས་འབོད་རྒྱུ་ཡིན།)
  སྡེ་དཔོན་སྐ་ཐེ་དང་ཨ་ནེ་ཕག་མཚོའི་གསང་བ་དེ་རིམ་གྱིས་སྡེ་བའི་ནང་དུ་ཁྱབ་པ་དང་། སྡེ་དཔོན་སྐ་ཐེ་དང་ཨ་ནེ་ཕག་མཚོས་མི་ཁ་ཁྱབ་ཏུ་འཇུག་པའི་དགྲ་བོ་ནི་རྒྱ་བྷ་ཡིན་པར་ཡིད་མ་ཆེས་པར་བརྟེན། རྒྱ་བྷ་དང་སྡེ་དཔོན་སྐ་ཐེ། ཨ་ནེ་ཕག་མཚོ་བཅས་གྱི་བར་ལ་འགལ་བ་མི་ཆུང་བ་ཞིག་བྱུང་ལ། སྡེ་དཔོན་སྐ་ཐེས་གསང་བ་དེ་ཕྱི་ལ་ཤོར་བར་སྐྱིན་པ་ལེན་ཆེད། རྒྱ་བྷ་སྡེ་བའི་རྨོང་སེལ་དགེ་རྒན་དུ་གདན་དྲངས་ཏེ། རྒྱ་བྷ་ལ་ཚད་མིན་གྱི་དམའ་འབེབས་དང་འཕྱ་སྨོད་བྱས། ཡིན་ནའང་གོ་ལྡོག་པ་ཞིག་ལ་རྨོངངས་སེལ་ཁྲོད་ཀྱི་སྡེ་དཔོན་སྐ་ཐེའི་བུ་མོ་སྒྲོལ་མ་སྐྱིད་དང་རྒྱ་བྷ་གཉིས་ཀྱི་བར་ལ་འབྲས་བུ་མེད་པའི་བརྩེ་དུངས་ཤིག་ཆགས་མོད། རྒྱ་བྷ་ལ་ཆུང་མ་དང་བུ་ཕྲུག་ཡོད་པས། བཏང་ན་ཤོར་འགྲོ་བ་དང་བཟུང་ན་བསྲེག་འགྲོ་བའི་ཁ་དཔེ་ལྟར། ཅི་བྱེད་འདི་བྱེད་མེད་པའི་ཚོར་ཤེས་ལྡོམ་པོ་ཞིག་ནམ་རྒྱུན་ཁོ་མོའི་ཕྱོགས་སུ་ཤོར། དོན་དག་དེ་རིམ་གྱིས་སྡེ་དཔོན་སྐ་ཐེས་ཀྱང་རྟོགས་ནས་རྒྱ་བྷ་ལ་མག་པ་བྱེད་རྒྱུའི་རེ་ཞུ་བྱས་མོད། རྒྱ་བྷས་གཏན་ནས་ཁས་ལེན་མ་བྱས་སྟབས། སྡེ་དཔོན་སྐ་ཐེ་རྒྱ་བྷའི་སྟེང་ལ་མེ་ཐོག་ཏུ་སྣུམ་བླུག་པ་ལྟར་སྔར་ལས་ལྷག་པའི་ཞེ་སྡང་ལངས། དེ་ནས་ཡུན་རིང་མ་འགོར་བར་རྒྱ་བྷའི་ཨ་མ་དང་རྒྱ་བྷའི་ཆུང་མ་གཉིས་ཀྱི་བར་ལའང་དོན་མེད་ཀྱི་འགལ་བ་བྱུང་བས་རྒྱ་བྷའི་ཆུང་མ་ཕྱིར་རང་ཡུལ་དུ་བྲོས་ཤིང་། བཟའ་ཟླའི་དོན་ཕྲན་ཚེགས་འདི་དག་གིས་རྒྱ་བྷའི་སེམས་ཁ་མེ་བཞིན་དཀྲུགས་ཡོད་པ་ནི་སྨྲས་མ་དགོས་པ་ཞིག་རེད། དེ་ནས་ཅུང་མ་འགོར་བར་རིམ་བཞིན་དུ་ཐོན་པའི་གསར་འགྱུར་ནི་ཁྱི་རྒྱ་བྷ་གཞན་གྱིས་བསད་པ་དང་ཨ་ནེ་ཕག་མཚོ་སློབ་གྲྭའི་ཇ་མར་ཐོན་པ་དེ་རེད། གཞན་གྱིས་བཤད་པ་ལྟར་ན། ཨ་ནེ་ཕག་མཚོ་སློབ་གྲྭའི་ཇ་མར་ལེན་མཁན་ནི་སློབ་གཙོ་ཀུན་བཟང་ཡིན་ཤས་ཆེ་ལ་ཡང་མིན་ན་ཨ་ནེ་ཕག་མཚོས་སྡེ་དཔོན་སྐ་ཐེ་བསྐྱུར་ནས་སློབ་གཙོ་ཀུན་བཟང་དང་འགྲོགས་པ་དང་། ཡང་མིན་ན་སྡེ་དཔོན་སྐ་ཐེས་སློབ་གཙོ་ཀུན་བཟང་ལ་གཡག་སྐམ་གཅིག་བྱིན་ནས་ཨ་ནེ་ཕག་མཚོ་སློབ་གྲྭའི་ནང་དུ་ཆུ་ཁོལ་སྐོལ་བར་ཡོང་དུ་བཅུག་པ་རེད་ཟེར། ད་དུང་གསར་འགྱུར་གཞན་ཞིག་ནི་ཁྱི་རྒྱ་བྷ་གསོད་མཁན་ནི་མི་རྒྱ་བྷ་ཡིན་ཟེར་བས་རྒྱ་བྷའི་མགོ་ལ་ཡང་བསྐྱར་མ་ཉེས་ཁ་གཡོགས་ཐེབས།
  སྡེ་དཔོན་སྐ་ཐེ་དང་རྒྱ་བྷའི་འགལ་བ་ཡིས་སྒྲོལ་མ་སྐྱིད་དང་རྒྱ་བྷ་གཉིས་རེ་ཞིག་ཁ་གྱེས་ནའང་ཉིན་མང་བོ་ཞིག་གི་རྗེས་སུ་སླར་ཡང་འཕྲད་པ་མ་ཟད། ཁོང་གཉིས་ལུས་འབྲེལ་བྱས་པའི་དགོང་མོ་དེའི་སྒྲོལ་མ་སྐྱིད་ཀྱི་སེམས་གཏམ་བརྒྱུད་རྒྱ་བྷས་གནས་ལུགས་མང་བོ་ཞིག་གི་ཡང་སྙིང་རྟོགས་པ་མ་ཟད། ཕྱིར་རང་ཡུལ་དུ་ལས་གནས་སྤོར་རྒྱུའི་སེམས་ཐག་ཡང་འདི་ནས་བཅད། སྤྱིར་བཤད་ན། ལས་གནས་སྤོ་རྒྱུ་དེ་ནི་རྒྱབ་ན་མི་ཡོད་པ་ཞིག་གིས་བསྒྲུབ་ཐུབ་པའི་བྱ་བ་ཡིན་པ་ལས་རྒྱ་བྷ་ལྟ་བུའི་རྒྱབ་ན་མི་མེད་པ་དང་ལུས་ན་རྒྱུ་མེད་པའི་མི་ཞིག་གིས་བསྒྲུབ་ཐུབ་པའི་བྱ་བ་ཞིག་གཏན་ནས་མིན་མོད། ད་ཐེངས་སློབ་གཙོ་ཀུན་བཟང་གི་ཚ་བོ་དང་རྒྱ་བྷ་གཉིས་ཀྱི་ལས་གནས་ཕན་ཚུན་བརྗེ་སྤོར་བྱེད་དགོས་པ་ཡིན་པས། སློབ་གཙོ་ཀུན་བཟང་གིས་གཟའ་འཁོར་གཅིག་གི་དུས་ཚོད་བེད་སྤྱད་ནས་རྒྱ་བྷའི་ལས་གནས་བརྗེ་རུ་བཅུག་སོང་། སྒྲུང་གཏམ་འདིའི་མཇུག་ཏུ་ཨ་ནེ་ཕག་མཚོ་ཚུད་པའི་རྒྱ་བྷའི་སྐྱེལ་སྟོན་གྱི་མཚན་མོར་སྡེ་དཔོན་སྐ་ཐེ་ཡིས་ཁྱི་རྒྱ་བྷ་གསོད་མཁན་ནི་མི་རྒྱ་བྷ་མིན་པ་དཀར་འདོན་བྱས་པ་དང་། ད་དུང་ཁོས་ཀུ་རེ་ཡི་ཚུལ་དུ“ཁྱི་རྒྱ་བྷ་ཤི་འབྲལ་བྱས་པ་དང་མི་རྒྱ་བྷ་གསོན་འབྲལ་བྱས་སོང”ཞེས་གདུང་སེམས་སྐྱེ་བའི་ཚུལ་གྱིས་ཆང་དྲངས་ལ་རྒྱ་བྷས་ཀྱང་ཀུ་རེ་ཡི་ཚུལ་དུ“ཁྱོད་ཀྱིས་དེ་ལྟར་བཤད་དེ་ང་ལའང་སློབ་གསོ་མང་བོ་ཞིག་ཐོབ་ཡོད་པས། དེང་ཕྱིན་ཆད་ངས་རང་ཉིད་ལ་ཁྱི་ཡི་རྔ་མ་ཞིག་སྐྱེ་རུ་གཞུག་མི་སྲིད”ཅེས་བཤད། རྗེས་སུ་རྒྱ་བྷ་རོང་ཁུལ་དུ་དགེ་རྒན་གྱི་བྱ་བ་བསྒྲུབ་ཏུ་སོང་རྗེས། ནམ་རྒྱུན་སྒོ་སམ་སྟེང་དུ་ཡི་གེ་འབྲི་ཞོར་འཕོངས་ངོས་ལ་རེག་ཙམ་རེག་ཙམ་བྱེད་པའི་གོམས་སྲོལ་ཞིག་ཆགས། གོམས་སྲོལ་དེ་ནི་ཡག་པོ་ཞིག་མིན་ནའང་ཁོ་ལ་བྱ་ཐབས་མི་འདུག་ཟེར། ཁོས་དུས་དང་རྣམ་པ་ཀུན་དུ་འཕོངས་ནས་ཁུལ་སྤུ་ཟིང་ངེ་ཁྱིའི་རྔ་མ་ཞིག་སྐྱེ་བར་དོགས་པ་ཡིན་ལ། “རྒྱུ་མཚན་ནི་རྒྱང་རིང་འབྲོག་ཕྱོགས་སུ་ཡོད་དུས་ཀྱི་བྱ་སྤྱོད་དེ་ནི་སྡེ་དཔོན་སྐ་ཐེ་ཚང་གི་ཁྱི་རྒན་རྒྱ་བྷའི་སྤྱོད་ལམ་དང་ཧ་ཅང་མཚུངས་ཆེ་བས་ཀྱང་ཡིན་པ་རེད”ཅེས་པའི་སྐད་ཆ་དེས་སྒྲུང་གཏམ་གྱི་མཇུག་བསྡུས་ཡོད་ལ། གོང་གི་སྒྲུང་གཏམ་འདིའི་བྱུང་རིམ་ལ་རྒྱུས་ལོན་རགས་ཙམ་བྱས་ན“རྩོམ་རིག་གི་བརྗོད་བྱའི་བརྗོད་སྙིང་ནི་དུས་རབས་ངེས་ཅན་ཞིག་ལས་བྱུང་བའི་དུས་རབས་ཀྱི་མེ་ལོང་ཡིན” (རྣམ་སྲས། « དུས་སྐབས་གསར་བའི་བོད་ཀྱི་སྒྲུང་གཏམ་ལ་དཔྱད་པ་བློ་གསར་དགྱེས་བའི་དགའ་སྟོན » [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།2005ལོའི་ཟླ་3པ།ཤ2གསལ)ཞེས་བཤད་པའི་གཏམ་འདི་ནི་འགན་འཁྲི་ཡོད་པའི་རྩོམ་རིག་གི་སྐད་ཆ་རྨ་མེད་པ་ཞིག་ཏུ་མཐོང་ཐུབ་བོ།།

              གཉིས་པ། མི་སྣའི་འགལ་འབྲེལ།
  ང་ཚོས་སྒྲུང་གཏམ་ཞིག་ལ་ངོས་འཛིན་གསལ་བོ་ཞིག་བྱ་དགོས་ན། ཐོག་མར་དེའི་ནང་གི་མི་སྣ་དག་ལ་ངོས་འཛིན་གསལ་བོ་ཞིག་བྱ་དགོས་པ་དང། མི་སྣ་དག་ལ་ངོས་འཛིན་གསལ་བོ་ཞིག་བྱས་རྗེས་ད་གཟོད་རྩོམ་པ་པོས་མི་སྣ་སོ་སོར་སྒྲུབ་ཏུ་བཅུག་པའི་བྱ་བའི་སྟེང་ནས་མི་སྣ་དེའི་འགྲོ་འདུག་སྤྱོད་གསུམ་དང་བྱ་བྱེད་ལས་གསུམ་བཅས་ལ་དབྱེ་ཞིབ་ཞིབ་མོ་ཞིག་བྱས་ཏེ། སྒྲུང་གཏམ་ཧྲིལ་བོའི་བསྟན་དོན་ལ་བསམ་གཞིག་གཏོང་དགོས་ལ། སྒྲུང་གཏམ་ཁྲོད་ཀྱི་ཡར་སྐུལ་དང་རེ་སྙེག་གི་རྗེས་སུ་རྐང་བ་འཇོག་རྒྱུ་དང་འོས་མིན་ཚུལ་མིན་དང་འཇིག་རྟེན་མི་ཆོས་དང་མི་མཐུན་པའི་བྱ་བར་རྡོག་པ་གཏད་ནས་འཇིག་རྟེན་ཆོས་ཉིད་དང་མི་འགལ་བའི་གཉུག་གཤིས་ཤིག་ལ་བརྩོན་ལེན་བྱེད་རྒྱུ་དེ་ནི་སྒྲུང་གཏམ་གྱི་ཡང་སྙིང་དང་ང་ཚོས་འཚོལ་བར་བྱ་བའི་དམིགས་ཡུལ་ཡང་ཡིན། སྒྲུང་གཏམ་འདི་ནི་མི“རྒྱ་བྷ”དང་ཁྱི་“རྒྱ་བྷ” སྡེ་དཔོན་སྐ་ཐེ་དང་ཨ་ནེ་ཕག་མཚོ། དེ་མིན་སློབ་གཙོ་ཀུན་བཟང་དང་སྡེ་དཔོན་གྱི་བུ་མོ་སྒྲོལ་མ་སྐྱིད་སོགས་མི་སྣ་གཙོ་ཕལ་བརྒྱད་དགུ་ཙམ་གྱིས་གྲུབ་པའི་སྒྲུང་གཏམ་ཞིག་ཡིན་ལ། དོན་དུ་མི་སྣ་གཙོ་བོ་གསུམ་གྱི་སྟེང་དུ་བབས་ཡོད། དེ་དག་ནི་སྡེ་དཔོན་སྐ་ཐེ་དང་མི་རྒྱ་བྷ། སྡེ་དཔོན་སྐ་ཐེའི་བུ་མོ་སྒྲོལ་མ་སྐྱིད་བཅས་ཡིན། དེའི་ཞོར་གྱི་མི་སྣ་གཞན་དག་ནི་དེ་འདྲའི་གལ་ཆེན་པོ་མིན་པར་སྙམ་ནས་མི་སྣ་ཕལ་བར་བཞག་པ་ཡིན།
  ༡ སྡེ་དཔོན་སྐ་ཐེ་ནི་སློབ་གྲྭའི་ཉེ་འགྲམ་གྱི་སྡེ་བ་འདིའི་སྡེ་དཔོན་ཡིན་ལ། སྤྱིར་གཞི་རིམ་འབྲོག་ཕྱོགས་ཀྱི་སློབ་གྲྭ་ཞིག་ལ་ཆ་མཚོན་ན། སློབ་གཙོ་དང་དགེ་རྒན། སློབ་མ་དང་ཁྱིམ་བདག ད་དུང་སྡེ་དཔོན་དང་སྡེ་འབངས་བཅས་ནི་ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་ཚུལ་དུ་ཡོད་པ་མ་ཟད། འདི་དག་ནི་ལྗང་མྱུག་བཞིན་གསར་དུ་ནར་སོན་བཞིན་པའི་ན་ཆུང་བྱིས་པ་དག་གི་མ་འོངས་མདུན་ལམ་དང་མི་ཚེའི་བརྒྱུད་རིམ་ལ་སེམས་ཁུར་བྱེད་མཁན་གྱི་ཚོགས་པ་ཞིག་ཀྱང་ཡིན། ཡང་ཅིག་བཤད་ན་ཁོ་ཚོ་ནི་ལོ་ཆུང་བྱིས་པའི་མདུན་ལམ་གྱི་རྒྱབ་ཕྱོགས་སུ་ལངས་པའི་རྒྱབ་རི་བཀན་མོ་དེ་ཡིན་དགོས། སྤྱིར་ན་སྒྲུང་གཏམ་ཁྲོད་ཀྱི་སྡེ་དཔོན་སྐ་ཐེ་ནི་སྡེ་འགོ་འཛིན་པའི་ཁོག་རྒྱ་ཡངས་མོ་ཅན་ཞིག་དང་རྒོད་པོ་འཁྲིད་པའི་སྲབ་མདའ་རིང་བོ་འཛིན་མཁན་ཞིག་ཡིན་དགོས་མོད། ཁོ་རང་དེ་ལས་ལྡོག་སྟེ། དམིགས་ཡུལ་དང་འཆར་གཞི་མེད་པ་མ་ཟད། ཕུགས་འདུན་དང་འཚོལ་སྙེག་དེ་བས་ཀྱང་མེད། ད་དུང་སྒྲུང་གཏམ་འདིའི་ཁྲོད་དུ་ཁོ་ནི་འཁོས་ཆུང་བའི་བྱ་བ་སྒྲུབ་མཁན་ཞིག་དང་རྙོག་དྲ་ཡི་རྒྱ་ལ་ཚུད་མཁན་ཞིག་ཡིན་པ་ལས་དོན་དག་གཞན་ཅི་ཞིག་ཀྱང་འཁྱོངས་ཀྱིན་མེད་པའི་སྡེ་དཔོན་ཞིག་ཡིན། དེ་མིན་ཁོ་ནི་མི་ཀུན་མཐུན་ཞིག་ཀྱང་མ་ཡིན་ཏེ། སྡེ་བའི་གསར་བུ་རྣམས་ཀྱིས་ཨ་ནེ་ཕག་མཚོ་དང་ཁོང་གཉིས་ལ་བར་ཆད་གཏོང་བ་དང་ཁྱི་རྒན་རྒྱ་བྷ་བསད་པ་སོགས་ཀྱི་སྟེང་ནས་ཀྱང་གཞན་གྱིས་ཁོ་ལ་ཁོག་སྡུག་དང་ཞེ་སྡུག་བཟུང་ཡོད་པའང་མཚོན་ཐུབ།
  ༢ སྒྲུང་གཏམ་ཁྲོད་ཀྱི་མི་རྒྱ་བྷ་ནི་སྒྲུང་གཏམ་ནང་གི་མི་སྣ་ཆེས་གཙོ་བོ་དེ་ཡིན་ལ། སྒྲུང་གཏམ་ཧྲིལ་བོའི་ཁྲོད་དུ་དགའ་ན་དགོད་མཁན་དང་སྡུག་ན་ངུ་མཁན་གྱི་འཁྲབ་སྟོན་པ་གཙོ་བོའང་ཁོ་རང་རེད། དེ་བས་ཁོས་སྒྲུང་གཏམ་གྱི་མགོ་མཇུག་བར་གསུམ་དུ་ནུས་པ་ཆེན་ཐོན་ཡོད། སྤྱིར་རྒྱ་བྷ་ནི་གཞི་རིམ་འབྲོག་ཕྱོགས་སུ་དགེ་རྒན་གྱི་བྱ་བ་བསྒྲུབ་ཏུ་ཡོང་བའི་དགེ་རྒན་དཀྱུས་མ་ཞིག་རེད། ཁོའི་མིང་དངོས་ལ་རྒྱ་མཚོ་ཟེར་ཞིང་རྒྱ་བྷ་ནི་སྡེ་དཔོན་སྐ་ཐེས་བཏགས་པའི་གཅེས་མིང་ལྟ་བུ་ཞིག་ཏུ་ཆགས་ཡོད་ཀྱང་། དོན་དངོས་སུ་དེ་ནི་གཅེས་མིང་མ་ཡིན་པར་དེ་ལས་ལྡོག་སྟེ། ཁོང་ཚང་གི་ཁྱི་རྒན་རྒྱ་བྷའི་མིང་དགེ་རྒན་རྒྱ་མཚོར་བཏགས་པ་ཞིག་རེད། སྤྱིར་ན་མི་ཞིག་ལ་ཁྱི་མིང་བཏགས་པ་དེ་ནི་དོན་བཟང་ཞིག་མིན་པ་ང་ཚོས་རིགས་འདེད་བྱས་པས་ཀྱང་ཤེས་ཐུབ་ལ། སྒྲུང་གཏམ་ཁྲོད་དུ་དེ་ནི་ན་ཟུག་གང་ཞིག་གི་ཆེད་དུ་ངན་མིང་བཏགས་པའི་སེམས་གཏིང་གི་ཟུག་གཟེར་འཇོམས་ཆེད་ཡིན་པ་ལས་མི་ཁྱི་རུ་གྱུར་བ་མ་ཡིན་ལ་ཡིན་ཀྱང་མི་སྲིད་ཅེས་བཤད་ཡོད། རྒྱ་བྷ་ཁོ་རང་ཐོག་མར་རྒྱུས་མེད་འབྲོག་ཕྱོགས་ཀྱི་ས་མཐར་ཐོན་ནས་རྩྭ་ཐང་གི་གསར་བུ་དག་དང་མཉམ་དུ་ཆང་འཐུང་རྗེས་ཀྱི་མཚན་མོར་གསར་བུ་དག་གི་གཡོ་འོག་ཏུ་ཚུད་པ་དེས་གྱོད་གཞི་ཆེན་པོ་ཞིག་གི་ཁ་ཕྱེས་པ་ཡིན་ལ། སྒྲུང་གཏམ་འདི་འགོ་རྩོམ་པའི་གཟུགས་མེད་ཀྱི་རོལ་དབྱངས་ཀྱང་འདི་ནས་གྲགས་པ་ཡིན། རྒྱ་བྷར་མཚོན་ན་ཆེས་སྤྱིར་བཏང་ཡིན་པའི་ཨ་ནེ་ཕག་མཚོའི་སྒོ་ཁར་སྙིང་སྟོབས་འགྲན་དུ་སོང་བ་འདིས་ལས་བསམ་སར་མི་འགྲོ་གསེག་སར་འགྲོ་ཞེས་བའི་དཔེ་ལྟར་སྡེ་དཔོན་སྐ་ཐེ་དང་ཨ་ནེ་ཕག་མཚོའི་སོ་ནང་གི་སྲིན་འབུ་དང་མིག་ནང་གི་ཚེར་མ་རུ་གྱུར་སོང་བ་འདི་ནི་རྒྱ་བྷའི་ཡིད་དུའང་དྲན་མ་མྱོང་བའི་དོན་དག་ཅིག་རེད། ཡང་ཅིག་བཤད་ན། མཚན་མོ་དེའི་སྙིང་སྟོབས་ནི་སྒོར་མོ་ལེན་པའི་སྙིང་སྟོབས་ཤིག་ཀྱང་ཡིན་ཏེ། རྒྱ་བྷ་དང་ཐོག་འབྲོག་ཕྱོགས་སུ་ཡོང་དོན་བཤད་ནའང“ཁོ་རང་རྗེས་ལུས་ཀྱི་འབྲོག་ཕྱོགས་སུ་ཡོང་དོན་ནི་སློབ་གསོའི་ལས་དོན་ཁོ་ན་མ་ཡིན་པར་འབྲོག་ཕྱོགས་ཀྱི་དཔལ་འབྱོར་ཆ་རྐྱེན་ལ་དམིགས་ནས་ཡོང་བ་ཡིན”ཞེས་པ་ལྟར། རྒྱུ་ནོར་གྱི་སྲེད་པ་གཞི་བྱས་བའི་མཚན་མོ་དེའི་ཀུ་རེ་ནི་སྒྲུང་གཏམ་གྱི་མགོ་མཇུག་བར་གསུམ་དུ་ཁོ་ལ་མནར་གཅོད་གཏོང་པའི་གཞིར་རུ་གྱུར་མོད། སྒྲུང་གཏམ་རང་སྟེང་ནས་བཤད་ན། དེ་ནི་སྒྲུང་གཏམ་གྱི་ཆེས་ལེགས་པའི་སྒྱུ་རྩལ་གྱི་ཆ་ཤས་ཤིག་རེད་ཅེས་བཤད་ཀྱང་ཆོག གཞན་སྒྲུང་གཏམ་འདིའི་ནང་དུ་རྒྱ་བྷ་ལ་བར་ཆད་རབ་དང་རིམ་པ་བྱུང་ཡོད་དེ། ཐོག་མར་སྡེ་དཔོན་སྐ་ཐེ་ཡིས་སློབ་གཙོར་རེ་ཞུ་བྱས་པ་ལྟར་སྡེ་བའི་རྨོངས་སེལ་དགེ་རྒན་དུ་རྒྱ་བྷ་གདན་དྲངས་ལ། ཐེངས་དང་པོ་དང་ཐེངས་གཉིས་པའི་རྨོངས་སེལ་གསོ་སྦྱོང་སྟེང་གི་སྡེ་དཔོན་སྐ་ཐེས་གུ་དོག་པའི་ཁོག་སྡུག་བཟུང་སྟེ། ཉམས་ཆེ་བའི་དཔོན་ཚུགས་ཀྱིས་ཚད་མ་ཡིན་པའི་དམའ་འབེབས་དང་བརྙས་བཅོས་བྱས་པའི་ཡིག་རྨོངས་སྡེ་དཔོན་ཞིག་གི་ཁྱད་གསོད་འདི་ལས། གནས་སྐབས་སུ་རྒྱ་བྷ་གཅིག་པར་མནར་གཅོད་བཏང་པ་ཡིན་ཡང་། ཞོར་དུ་རྒྱ་བྷ་ཁོ་ན་མ་ཡིན་པའི་གཞི་རིམ་དུ་སློབ་གསོའི་ལས་དོན་ཕྲག་ཏུ་བླངས་ཤིང་དཀའ་སྡུག་གི་རྔུལ་ཆུས་ལོ་ཟླའི་རི་མོ་འབྲི་བཞིན་པའི་ཉམ་ཆུང་གཞི་རིམ་དགེ་རྒན་དག་གི་གོ་གནས་ཀྱང་ཟུར་དུ་མཚོན་པར་བྱས་ཡོད། བར་ཆད་གཞན་ཞིག་ནི་སྒྲུང་གཏམ་གྱི་འཕེལ་རིམ་ཁྲོད་དུ་རྨོངས་སེལ་ཁྲོད་ཀྱི་སྡེ་དཔོན་སྐ་ཐེའི་བུ་མོ་སྒྲོལ་མ་སྐྱིད་ཀྱིས་སློབ་སྦྱོང་གི་གོ་སྐབས་བསྩལ་ནས་རྒྱ་བྷར་དགའ་བ་དང་གནས་ཚུལ་དེ་སྡེ་དཔོན་སྐ་ཐེས་ཀྱང་རྟོགས་ནས་རྒྱ་བྷ་མག་པར་འཇོག་རྒྱུའི་ཐབས་ཤེས་འཐེན་མོད། དེ་ནི་གཞི་རིམ་དུ་ཁ་དཔེ་ཞིག་ཡོད་པ་ནང་བཞིན“མག་པར་ཁ་ལོ་བ་ཞིག་ལག་ཏུ་མི་ཡོང་ནའང་མག་པར་དགེ་རྒན་ཞིག་ལག་ཏུ་ཡོང་ངེས”ཞེས་བའི་དཔེ་ལྟར། སྡེ་དཔོན་སྐ་ཐེས་གདེང་ཚོད་ཡོད་པའི་སྒོ་ནས་རྒྱ་བྷ་མག་པ་བྱེད་རྒྱུའི་རེ་བ་བྱས་ཀྱང་། རྒྱ་བྷས་རང་ཉིད་ལ་ཆུང་མ་དང་བུ་ཕྲུག་ཡོད་པའི་མི་ཆོས་ཚུལ་མཐུན་གྱི་གནས་ལུགས་བཤད་པས། སྡེ་དཔོན་སྐ་ཐེ་དེ་མུར་རྒྱ་བྷའི་སྟེང་ལ་མེ་ཐོག་ཏུ་སྣུམ་བླུགས་པ་ལྟར་ཁོང་ཁྲོ་ལངས་ཤིང་། ཁོ་གཉིས་ཀྱི་འགལ་བ་དེ་སྔར་ལས་ཛ་དྲག་ཏུ་གྱུར་བ་མ་ཟད། སྡེ་དཔོན་སྐ་ཐེ་ཚང་གི་ཁྱི་རྒན་རྒྱ་བྷ་གསོད་མཁན་ཡང་རྒྱ་བྷའི་མགོར་ལྷུང་བས། རྒྱ་བྷ་ནི་རི་ཐང་གཉིས་སུ་མ་ཉེས་ཁ་གཡོགས་དང་དམའ་འབེབས། དམོད་མོ་བཅས་ཀྱི་ཁ་གཏད་དུ་ལངས་པའི་ལས་ངན་མི་སྣའི་མཚོན་བྱེད་ཞིག་ཏུ་གྱུར།
  ༣ སྒྲུང་གཏམ་ཁྲོད་ཀྱི་སྒྲོལ་མ་སྐྱིད་ནི་སློབ་གྲྭར་མ་སོང་བའི་ཕྱུགས་རྫི་བུ་མོ་ཞིག་ཡིན་ལ། མོས་རང་གི་ཕ་རྒན་སྐ་ཐེ་དང་རྒྱ་བྷའི་བར་གྱི་འགལ་བར་མི་ལྟ་བར་བྱེད་ཐབས་མང་བོའི་སྒོ་ནས་རྒྱ་བྷ་འགུག་ཐབས་བྱས་ཤིང་། དེ་ནི་མིའི་གཉུག་གཤིས་སུ་ཡོད་པའི་ཕོ་མོའི་བར་གྱི་དུངས་བ་ཁོ་ན་ཡིན་པ་ལས་གཞན་གང་ཡང་མིན་པ་འདྲ། ཡང་ཅིག་བཤད་ན། དེ་ནི“བཟོད་སྒོམ་རིང་ལུགས་ཀྱི་སྙིང་སྟོབས་ཤིག་ཀྱང་ཡིན” (བསྟན་འགྲུབ་དབང་འཕེལ། «བོད་པའི་རིག་གནས་ཀྱི་བྱུང་འཕེལ་ལོ་རྒྱུས» སྨད་ཆ [M] ཀན་སུའུ་སློབ་གསོ་དཔེ་སྐྲུན་ཁང་། 2001ལོའི་ཟླ་4པར་པར་གཞི་དང་པོ། ཤ1413ནས1414) སྲིད། དེ་མིན་སྒྲོལ་མ་སྐྱིད་རྒྱ་བྷར་དགའ་བ་ལའང་རྒྱུ་མཚན་ཡོད་དེ། གཅིག་བྱས་ན། སེམས་གཏིང་ནས་དངོས་སུ་རྒྱ་བྷ་ལ་དགའ་བ་དང་། གཉིས་བྱས་ན། མོའི་ཕ་རྒན་དང་རྒྱ་བྷའི་བར་གྱི་འགལ་བ་ནི་ཨ་ནེ་ཕག་མཚོ་དང་ཕ་རྒན་གྱི་ལྐོག་འབྲེལ་བརྒྱུད་ནས་བྱུང་བ་ཡིན་པས་ཕ་རྒན་དང་རྒྱ་བྷའི་འགལ་བ་དེར་མོས་གཏན་ནས་ཁ་ཡ་བྱེད་མི་སྲིད། དེ་མིན་སྒྲུང་གཏམ་ཁྲོད་དུ་སྒྲོལ་མ་སྐྱིད་ཀྱིས་རྒྱ་བྷར་བཤད་རྒྱུར། ང་ཁྱོད་ལ་དགའ་བ་ནི་ནོར་འཁྲུལ་ཡིན་ཚུལ་དང་བཟའ་ཚང་བར་ལ་གཏོར་བརླག་བྱས་པ་ནི་ཉེས་པ་ཡིན་ལ། ཉེས་པ་དེའི་བྲོ་བ་ནི་དྭ་ཕྲུག་གི་བྲོ་བ་ཡིན་པ་དང་བྲོ་བ་དེ་མོས་མྱངས་ཚུལ་དང་། བུ་ཕྲུག་གང་ཞིག་ཕ་མ་གཉིས་དང་མཉམ་དུ་ཡོད་པ་ནི་སྨྲ་བསམ་བརྗོད་འདས་ཀྱི་བདེ་སྐྱིད་ཅིག་ཡིན་ལ། བདེ་སྐྱིད་དེ་ད་ལྟ་མོས་མྱོང་བཞིན་ཡོད་པས ། རྗེས་ཕྱོགས་ཁྱོད་ཀྱིས་ཀྱང་དེ་འདྲའི་ལས་མི་བྱེད་པར་ཁྱིམ་བཟའ་ཚང་ལ་ཁྲེལ་ཡོད་དང་ནང་བུ་ཕྲུག་ལ་བདག་སྐྱོང་བྱ་དགོས་ཞེས་བཤད་པའི་སྐད་ཆ་དེས་རྒྱ་བྷ་རྨོངས་གཉིད་ལས་སད་པ་ལྟར་དུ་གྱུར་སོང་། དེ་མིན་སྒྲུང་གཏམ་ཁྲོད་དུ་སྒྲོལ་མ་སྐྱིད་ཀྱིས་རྒྱ་བྷ་ལ་དགའ་བའི་གཏམ་དང་དུངས་བའི་འཕྲིན་སོགས་བྲིས་པ་མ་ཟད། ཐ་ན་ལུས་འབྲེལ་ཀྱང་བྱས་ཟིན་པས། ཀློག་པ་པོ་མང་བོ་ཞིག་གི་སེམས་སུ་སྒྲོལ་མ་སྐྱིད་ནི་ཅི་བྱེད་འདི་བྱེད་མེད་པའི་བུད་མེད་འཁྱམ་མོའི་གྲས་སུ་རྒྱག་སྲིད་ཀྱང་། འདོད་པ་ནི་མི་སུ་ལའང་ཡོད་པའི་གཉུག་གཤིས་ཤིག་སྟེ། “སྡོམ་པར་མི་ནུས་སྤྱོད་པར་ངོ་ཚ་ཞིང་། གསང་བར་མི་ནུས་བསྒྲགས་པས་འཕྱས་འོང་བ། མི་དགའ་ཟེར་ཞིང་མི་དགའ་གཅིག་མེད་པ།མ་སྤྱད་ཟེར་ཞིང་ལྐོག་ཏུ་རྒྱུན་སྤྱོད་པའི་གསང་རྒྱ་ཐེབས་པའི་རིག་གནས་ཤིག་ཡིན”(« ཀྲུང་གོའི་བོད་རིག་པ » [J] 2012ལོའི་དེབ་གཉིས་པ། ཤ12གསལ)ཞེས་པ་བཞིན་རྩོམ་པ་པོས་མིའི་གཉུག་གཤིས་སུ་ཡོད་པའི་མིའི་འདོད་ཞེན་ལ་བརྩི་འཇོག་བྱས་ནས་ཕོ་མོ་འདྲ་མཉམ་དང་འདོད་པ་འདྲ་མཉམ་ལ་རང་དབང་བྱིན་པ་འདྲ། དེ་མིན་འཇུ་མི་ཕམ་དང་མཁས་དབང་དགེ་ཆོས་སོགས་ཀྱིས་ཀྱང་དེ་སྔ་འདོད་པའི་རིག་གནས་ལ་གདེང་འཇོག་བྱས་ཡོད་པར་གཞིགས་ན། སྒྲོལ་མ་སྐྱིད་ལའང་ངན་ཁག་དཀྲི་རྒྱུ་མི་འདུག་སྙམ། ད་དུང་སྒྲོལ་མ་སྐྱིད་ནི་སྒྲུང་གཏམ་ཁྲོད་ཀྱི་མི་དང་མིའི་འགལ་བ་ཐག་གཅོད་བྱེད་མཁན་ཞིག་དང་ལྷད་མེད་ཀྱི་བརྩེ་དུང་ཅན་ཞིག་ཡིན་པ་མ་ཟད། དོན་དངོས་ལ་གཞིགས་ཤེས་པའི་འཆར་སྒོ་ཡངས་པོ་ཅན་ཞིག་དང་། རྣམ་པར་དག་པའི་མི་ཚེའི་སྐྱིད་སྡུག་ཤེས་མཁན་ཞིག ད་དུང་རང་གི་མདུན་ལམ་དང་ཕུགས་བསམ་ལ་འཚོལ་སྙེགས་བྱེད་མཁན་ཞིག་ཡིན་པས། སྐུ་ཞབས་རང་གྲོལ་གྱིས་བཤད་པ་ནང་བཞིན་“ཁྱོད་ཀྱིས་གོམས་སྲོལ་གྱི་ལྕགས་སྒྲོག་དེ་གཏོར་ཐུབ་རྒྱུ་ན། ཁྱེད་རང་རྗེས་ལུས་ཀྱི་སྤྱི་ཚོགས་དེའི་གནས་སྒོ་འགྲིམ་པའི་སྡུག་བསྔལ་ཀྱང་ཡོད་རྒྱུ་མ་རེད”(ཆོས་སྐྱོང་། «རང་གྲོལ་ཞིབ་འཇུག» [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2006ལོའི་ཟླ་5བར་པར་གཞི་དང་པོ་དཔར་ཐེངས་དང་པོ་།ཤ 221གསལ)ཅེས་བརྗོད་ཡོད་པ་འདི་ནི་མི་སྣ་སྒྲོལ་མ་སྐྱིད་ལྟ་བུའི་བུ་མོ་དག་ལ་ཤིན་ཏུ་ནས་འཚམ་སྙམ་མོ།།

               གསུམ་པ། བརྗོད་བྱའི་བསྟན་དོན་བཤད་པ།
  སྤྱིར་སྒྲུང་གཏམ་ཞིག་ལ་དབྱེ་ཞིབ་བྱེད་དུས་སྒྲུང་གཏམ་གྱི་བྱུང་རིམ་དང་མི་སྣ། བརྗོད་དོན་བཅས་རྣམ་པ་གསུམ་གྱི་སྟེང་ནས་དབྱེ་ཞིབ་བྱས་ན། ད་གཟོད་རྩོམ་པ་པོས་འཆད་འདོད་པའི་སྒྲུང་གཏམ་ཁྲོད་ཀྱི་དོན་དག་གང་ཞིག་གམ་བརྗོད་དོན་གང་ཞིག་ལྷང་ལ་འབུད་ངེས་ཡིན་པས། གཤམ་དུ༼མི“ རྒྱ་བྷ།” ཁྱི “རྒྱ་བྷ།”༽ཞེས་པའི་སྒྲུང་གཏམ་ཁྲོད། དོན་དངོས་སུ་ཅི་ཞིག་འཆད་ཀྱིན་ཡོད་པར་དབྱེ་ཞིབ་རེ་བྱས་ན། སྒྲུང་གཏམ་འདི་ནི་ཁྱི་དང་བཅས་པའི་མི་སྣ་བརྒྱད་དགུ་ཙམ་གྱིས་གྲུབ་ཡོད་ལ། སྒྲུང་གཏམ་ཧྲིལ་བོའི་ཁྲོད་ཀྱི་མི་སྣ་གཙོ་བོའི་བྱུང་རིམ་ལ་བལྟས་ན། སྡེ་དཔོན་སྐ་ཐེ་ཚུད་པའི་ཁོའི་ཕྱོགས་གྱུར་གྱི་མི་སྣ་དག་ནི་རྩོམ་པ་པོས་ཅི་ཞིག་བཤད་པར་རམ་འདེགས་བྱེད་སྤྱད་ཀྱི་རོལ་དབྱངས་ལྟ་བུ་ཡིན་པ་ལས་དོན་དངོས་ཀྱི་ངག་ལས་བྱུང་བའི་འགྱུར་ཁུགས་ངོ་མ་དེ་མིན། དེ་ལས་གཞན་མི་སྣ་སྒྲོལ་མ་སྐྱིད་ལ་བདེན་པའི་ཆ་དང་གནས་ལུགས་ཀྱི་ཆ་ཅུང་མང་བས་དེ་ནི་རྩོམ་པ་པོས་བརྗོད་འདོད་པའི་དོན་དག་རེད་ཟེར་སྲིད་མོད། དེ་ཡང་མ་ངེས་ཏེ། སྒྲོལ་མ་སྐྱིད་ནི་ཆེས་སྤྱིར་བཏང་གི་རྨོངས་སེལ་བུ་མོ་ཞིག་ཡིན་ལ། ཁོ་མོར་མངའ་བའི་བདེན་པའི་ཆ་དེ་དག་གིས་སྒྲུང་གཏམ་གྱི་ཕུག་ཏུ་ཉལ་བའི་བརྗོད་དོན་གང་དེར་རམ་འདེགས་བྱས་ཡོད་པ་ལས་མོའི་སྟེང་ན་བརྗོད་དོན་གྱི་ཆ་ཆེན་པོ་ཞིག་མེད། ཡང་ཅིག་བཤད་ན། ཆེས་སྤྱིར་བཏང་གི་མིའི་ཡོན་ཏན་བརྗོད་ནས་ཆེས་སྤྱིར་བཏང་མ་ཡིན་པའི་མི་སྣ་ཞིག་གི་ཞན་ཆ་བརྗོད་རྒྱུ་དེ་ནི་འཁོས་ཆུང་བའི་མི་སྣ་གལ་ཆེན་ཞིག་གི་ཚུལ་མིན་སྤྱོད་ལམ་ལ་རྡུང་རྡེག་བྱེད་ཐབས་ཤིག་ཀྱང་ཡིན་སྲིད། དེ་བས་ “ཆེས་སྤྱིར་བཏང་གི་དོན་དག་བརྗོད་ནས་ཆེས་སྤྱིར་བཏང་མ་ཡིན་པའི་དོན་དག་ཅིག་བརྗོད་རྒྱུ” (胡平 « 关于小说的写什么» [J] 西藏文学2010年第二期 P99)དེ་ནི་སྒྲུང་གཏམ་གྱི་ཆེས་ཕུལ་དུ་བྱུང་བའི་གྲུབ་འབྲས་ཤིག་རེད་སྙམ།
  སྤྱིར་རྩོམ་པ་པོ་སུ་ཞིག་ཡིན་ཡང་བརྩམས་ཆོས་ཀྱི་ཁྲོད་དུ་བརྗོད་པར་འདོད་པའི་སྐད་ཆ་དེ་ཚིག་གཅིག་གིས་ཐག་བཅད་བྱས་མེད་པར་ང་ཚོའི་ཀློག་པ་པོ་རྣམས་ལ་བཞག་ཡོད། དེ་བས་ང་ཚོ་ཀློག་པ་པོ་རྣམས་ཀྱིས་འཚོལ་རྒྱུའང་རྩོམ་གྱི་ཕུག་ཏུ་ཉལ་བའི་དོན་དངོས་དེ་ཡིན། ཡང་ཁ་ཤས་ཀྱིས་སྒྲུང་གཏམ་གྱི་སྒྲིག་གཞི་དང་ནང་དོན་ལས་བརྒལ་ཏེ་ཕ་རོལ་གྱི་ལྐོག་གྱུར་ཞིག་གི་གསེབ་ནས་སྒྲུང་གཏམ་དངོས་གཞི་ལས་བརྒལ་པའི“གཞུང་འགྲེལ”ལ་མུན་ནག་ལག་སྙོབ་བཞིན་ལག་ཏུ་གང་ཡོང་གང་འཐུ་བྱས་ཏེ། སྒྲུང་གཏམ་དངོས་དང་འབྲེལ་མེད་ཀྱི་གནས་ལུགས་ཡ་མ་བརླ་ཐེག་ཚོད་ཅིག་བཙན་ཚུགས་ཀྱིས་དཔྱད་གཞིའི་སྒྲུང་གཏམ་སྟེང་བཀལ་ནས་བརྗོད་དོན་བསློགས་པ་དེ་ཡང་འགྲིག་པའི་ངེས་པ་མེད། དེས་ན་རྩོམ་པ་པོས་བརྗོད་འདོད་པའི་དོན་དངོས་དེ་གང་ན་ཡོད་ཅེ་ན། ༼མི“ རྒྱ་བྷ།” ཁྱི “རྒྱ་བྷ།”༽ཞེས་པའི་སྒྲུང་གཏམ་འདིའི་ནང་གི་བརྗོད་བྱའི་བསྟན་དོན་གཙོ་བོ་དེ་སྔར་བཞིན་མི་སྣ་གཙོ་བོ་རྒྱ་བྷའི་སྟེང་ན་ཡོད་པར་འདོད། སྤྱིར་རྒྱ་བྷ་ནི་འབྲོག་ཕྱོགས་སུ་སློབ་གསོའི་ལས་དོན་སྒྲུབ་ཏུ་ཡོང་བའི་དགེ་རྒན་ཞིག་ཡིན་ལ། དང་ཐོག་ཁོ་རང་འབྲོག་ཕྱོགས་སུ་ཡོང་དོན་ནི་རྗེས་ལུས་ཡིན་པའི་འབྲོག་ཕྱོགས་ཀྱི་སློབ་གསོའི་ལས་དོན་ཁོ་ན་མ་ཡིན་པར་འབྲོག་ཕྱོགས་ཀྱི་དཔལ་འབྱོར་ལ་དམིགས་ནས་ཡོང་བ་ཡིན། འདུ་ཤེས་དང་ཀུན་སྤྱོད་གཙང་མ་མིན་པའི་རྒྱུ་ནོར་གྱི་སྲེད་པས་བསླུས་པའི་མཚན་མོ་དེའི་སྒོར་འགའ་ཐོབ་ཆེད་ཀྱི་སྙིང་སྟོབས་འགྲན་པ་བརྒྱུད་ནས་སྒྲུང་གཏམ་འདིའི་དོན་རྐྱེན་གྱི་འགོ་བསླངས་ཡོད་ལ། དེ་མིན་སྒྲུང་གཏམ་ཧྲིལ་བོའི་ནང་ཁོ་ལ་གཞན་གྱིས་མ་ཉེས་ཁ་གཡོགས་དང་དམོད་མོ། དམའ་འབེབས་དང་འཕྱ་སྨོད། ད་དུང་བརྩེ་དུངས་ཀྱི་རོལ་རྩེད་དང་བཟའ་ཚང་གི་བར་ཆད་བཅས་ཀྱིས་ཀུ་རེ་དང་མནར་གཅོད་གང་མང་བཏང་ཡོད་ལ། གཏོང་ཡང་སྲིད་ངེས། མ་གཞི་ནི་ཁོའི་ཀུན་སྤྱོད་གཙང་མ་མིན་པས་ཀྱང་ཡིན་སྲིད། དེ་མིན་སྒྲུང་གི་མགོ་མཇུག་བར་གསུམ་དུ་ཁོ་ནི་དགེ་རྒན་ཞིག་ཡིན་པའི་ཆ་ནས་ཁོས་བསམ་གཞིག་བྱེད་འོས་པའི་ཉམ་ཆུང་གི་མིག་ཟུང་རིལ་རིལ་དུ་གཡོ་བའི་སློབ་མ་ཚོའི་མདུན་ལམ་ལ་སེམས་ཁུར་གཅིག་ཀྱང་བྱས་མེད་པ་མ་ཟད། དཔལ་འབྱོར་ལ་དམིགས་ཏེ་འབྲོག་ཕྱོགས་ཀྱི་སློབ་གྲྭ་འདིར་ཐོན་པ་ནས་བཟུང་སྡེ་བར་འདྲེས་ཏེ་སྡེ་དཔོན་གྱི་གྱོད་ཡར་གྱུར་བ་དང་། རྨོངས་སེལ་སློབ་མར་ཐུག་ནས་སློབ་མའི་དགའ་རོགས་སུ་གྱུར་བས། ཁོ་རང་ཐོག་མཐའ་བར་གསུམ་དུ་མ་ཉེས་ཁ་གཡོགས་དང་གྱོད། དེ་ནས་ཡང་བསྐྱར་མ་ཉེས་ཁ་གཡོགས་དང་གྱོད་ལ་ཐུག་པ་མ་ཟད། མཐའ་མར་ཁོས་རྟག་པར་ངག་སྒོར་ཐོགས་པའི་ཆུང་མ་དང་བུ་ཕྲུག་ཡོད་པས་བུད་མེད་གཞན་ལ་རེག་ཙམ་ཡང་བྱེད་མི་ཉན་ཅེས་པའི་དམ་ཚིག་དེའང་། ད་ལྟ་ཁ་སྟོང་ནང་གི་ཚིག་སྟོང་དུ་གྱུར་ནས་རིམ་བཞིན་རབ་རིབ་དང་མག་མོག་ཏུ་སོང་བ་ན། སློབ་གྲྭར་མ་སོང་ཞིང་སློབ་གསོས་མ་བསྐྱངས་པའི་ཆེས་སྤྱིར་བཏང་གི་བུ་མོ་སྒྲོལ་མ་སྐྱིད་ཀྱི་སྐད་ཆ་དེས་ད་གཟོད་ཁོ་རང་གཉིད་ལས་སད་པ་ལྟར་གྱུར་ཏེ། རང་རིགས་ངོས་ཟིན་པའི་རྣམ་པ་དེས། དགེ་རྒན་ཞིག་གི་ལས་ཐོབ་ཡོད་པའི་མི་སྣ་རྒྱ་བྷའི་བསམ་བློ་དེ་རྨོངས་སེལ་བུ་མོ་སྒྲོལ་མ་སྐྱིད་ཀྱི་བསམ་བློར་ཡང་མི་དོ་བ་མཚོན་ཡོད་པ་མ་ཟད། རྩོམ་པ་པོས་རྒྱ་བྷས་མཚོན་པའི་སྤྱི་ཚོགས་སྟེང་གི་མི་དེ་དག་ལ་རང་གི་ཐོབ་ཐང་བསྲུང་དགོས་པའི་བརྡ་ལན་རེ་སྤྲད་པའང་ལོས་ཡིན་སྙམ།།

              བཞི་བ། མཇུག་སྡོམ།
  སྒྲུང་གཏམ་འདིའི་བརྗོད་བྱ་འདེམས་སྒྲིག་བྱས་པ་ལེགས་པ་དང་། ཚིག་སྦྱོར་ཁ་གསལ་ཞིང་གོ་བདེ་ལ། གསོན་ཉམས་ལྡན་པ། དངོས་ཡོད་སྤྱི་ཚོགས་འཚོ་བའི་བྲོ་བས་ཕྱུག་པ་དང་། སྒྱུ་རྩལ་གྱི་བདེན་པས་ཕྱུག་པ། དངོས་ཡོད་འཚོ་བ་དང་བར་ཐག་ཉེ་བས་ཀློག་པ་པོས་དང་ལེན་བྱེད་སླ་བའི་ཁྱད་ཆོས་མངོན་གསལ་ལྡན། ཡིན་ནའང་ཤིང་འཛེར་མེད་རྒྱ་རྫོང་ནགས་ན་མེད་ཅེས་པའི་དཔེ་བཞིན། སྒྲུང་གཏམ་འདིའི་ཁྱོན་ཡོངས་ལ་བལྟས་ན། སྒྲུང་གཏམ་ཁྲོད་ཀྱི་ཁྱི་རྒྱ་བྷས་སྒྲུང་གཏམ་ལ་རམ་འདེགས་ཆེན་པོ་ཅི་ཞིག་ཐོན་ཡོད་པ་གསལ་བོར་མ་རྟོགས་པ་དང་། དེ་མིན་བརྗོད་ཚིག་ཅུང་རིང་ལ་ཚིག་སྡུད་ཉུང་བའི་སྣང་བ་བན་བུན་ཞིག་ཀྱང་ཞོར་ལ་སྐྱེས་སོང་། དེ་བས་རྗེས་ཀྱི་རྩོམ་རིག་གསར་རྩོམ་ཁྲོད་དུ་འུ་ཅག་གིས་རང་ཉིད་གནས་སའི་ལུང་ཕུག་གཅིག་གི་བརྗོད་དོན་ཁོ་ན་མི་གླེང་བར་མིག་གི་རྒྱ་རྒྱང་ལ་བསྐྱེད་དེ། བོད་རང་གི་སྐད་ཆའི་སྒྱུ་རྩལ་ལ་མཐོང་ཆེན་དང་བོད་རང་གི་རྩོམ་རིག་ལེགས་ཆ་རྨང་གཞི་བྱས་ཏེ། རྒྱབ་ཁབ་ཕྱི་ནང་གི་སྒྲུང་གཏམ་གྲགས་ཅན་དང་ནུབ་གླིང་རྩོམ་རིག་གི་ཤེས་བྱའི་ལེགས་ཆ་འོས་འཚམ་གྱིས་ཚུར་ལེན་བྱས་ཏེ་སྤྱི་ཚོགས་དང་མི་རིགས། དུས་རབས་བཅས་ཀྱི་ཁྱད་ཆོས་ཡོད་པའི་བརྩམས་ཆོས་སྤེལ་རྒྱུ་ནི་དཔྱོད་ལྡན་རྩོམ་མཁན་དག་གི་འབད་བྱ་དང་ང་ཚོ་ཀློག་མཁན་དག་གི་རེ་སྒུག ད་དུང་སྤྱི་ཚོགས་ཀྱི་དགོས་མཁོ་བཅས་ཡིན་པར་སེམས་སོ།།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཚོ་བའི་གར་གྱི་གསེང་སྟོང་ན།། སྐྱིད་སྡུག་ལོ་ཟླ་ཀུ་རེ་འདྲ།།

2015-01-09 གཡག་རིག་འཛིན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།