རྩོམ་རིག་གི་འབྱུང་ཁུངས་སྐོར་གྱི་བསམ་ཚུལ་ཕྲན་བུ།

གངས་སྨྱུག༼ ལྷ་ས ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-02-05

  རྩོམ་རིག་གི་འབྱུང་ཁུངས་སྐོར་ལ་གནའ་ནས་ད་ལྟའི་བར་དུ་ལྟ་ཚུལ་འདྲ་མིན་སྣ་ཚོགས་ཤིག་བྱུང་ཡོད། དེ་དག་ལས་ཤུགས་རྐྱེན་ཅུང་ཆེ་བ་ནི་ལད་ཟློས་སྨྲ་བའི་ལྟ་བ་དེ་ཡིན།
  ལད་ཟློས་སྨྲ་བ་ཞེས་བརྗོད་མ་ཐག་ཀུན་གྱི་བློ་ངོར་ཅིག་ཅར་དུ་ཤར་ཡོང་བ་ནི་རྩོམ་རིག་གི་འབྱུང་ཁུངས་སྐོར་གྱི་གནད་དོན་དེ་ཡིན། འདི་ནི་ད་ལྟའི་བར་དུ་བོད་ཀྱི་རྩོམ་རིག་ཞིབ་འཇུག་གི་ཁྱབ་ཁོངས་སུ་ནུབ་ཕྱོགས་ཀྱི་ལྟ་བ་ཁག་ཅིག་གི་རྗེས་འབྲངས་ཏེ་མ་བརྟག་གྱ་ཚོམ་དུ་སྨྲ་བའི་གནད་དོན་ཞིག་ཏུ་གྱུར་འདུག་པ་ན། རང་བློས་དཔོག་ཚོད་ཀྱིས་གནད་དོན་འདིའི་ཐད་ལྟ་ཚུལ་གསོང་བོར་གླེང་ནས་གནས་ལུགས་ཀྱི་བདེན་པ་རྙེད་པར་འབད་པ་ལྷུར་ལེན་བྱ་རྒྱུ་ཡིན། རྩོམ་རིག་གི་འབྱུང་ཁུངས་ནི་དོན་གྱིས་ཁུངས་དེད་ནས་ཕྱིན་ན་སྙན་ངག་གི་འབྱུང་ཁུངས་རེད་ཅེས་སྨྲས་ན་ཡང་འགལ་བ་མེད་པ་ཡིན། རྒྱུ་མཚན་ནི་རྩོམ་ལུས་ཁག་ལས་ཆེས་སྔ་ཤོས་ནི་སྙན་ངག་ཡིན་པས་དེ་ལྟར་དུ་བཤད་ཆོག་པ་ཡིན། གལ་ཏེ་གནད་དོན་འདི་ཐག་གཅོད་མ་བྱས་ན་འདི་དང་འབྲེལ་ཡོད་ཀྱི་གནད་དོན་མང་པོ་ཞིག་སྔར་མུས་སུ་གནས་ཏེ་རྩོམ་རིག་གི་ཆོས་ཉིད་དངོས་དང་མཐུན་པའི་གཏམ་སྨྲ་རྒྱུ་ནི་ཤིན་ཏུ་ནས་ཁག་པོར་གྱུར་ཡོད། ལྟ་བ་འདི་ཐོག་མར་འདོན་མཁན་ནི་གནའ་བོའི་ཞི་ལའི་མཚན་ཉིད་རིག་པ་མཁས་ཅན་ད་མོ་ཁེ་ལི་ཐི་སིས་ཡིན། ཁོང་གིས་གསུངས་དོན་ཆེས་གལ་ཆེ་བའི་ལས་ཀ་འགའ་ཞིག་ང་ཚོས་དུད་འགྲོར་ལད་ཟློས་བྱས་པ་མ་ཟད། དུད་འགྲོའི་སློབ་ཕྲུག་བྱེད་དགོས་ངེས་ཡིན། མི་རྣམས་ཀྱིས་འབུ་སྡོམ་ལས་རས་འཐགས་དང་གོས་ཚེམས་སྟངས་ཤེས་པ་དང་། བྱ་ཁུག་རྟ་ནས་ཁང་བ་བཟོ་ཤེས་པ། ངང་པ་དང་བྱ་རི་སྐྱེགས་སོགས་གཞས་གཏོང་མཁན་ནས་ང་ཚོས་གཞས་གཏོང་ཤེས་པ་རེད། ཅེས་དང་མིའི་སྐད་བརྡ་ནི་རང་བྱུང་གི་འགྱུར་ཁུགས་ལ་ལད་ཟློས་བྱས་པ་ཡིན་ཞེས་གསུངས། དེའི་རྗེས་ཡ་ལི་ཧྲི་ཏོ་ཐ་ཡིས་མཛད་པའི་༼སྙན་ངག་རིག་པ༽ཞེས་པའི་ནང་དུ་ཁུངས་སྐྱེལ་བྱས་ཡོད་པ་སྟེ་ལད་ཟློས་ཀྱི་ནུས་པ་ནི་མི་རྣམས་ཀྱི་ལྷན་སྐྱེས་ཀྱི་ནུས་པ་ལས་བྱུང་བ་དང་མིའི་ཐོག་མར་སློབ་སྦྱོང་བྱེད་པ་དེའང་ལད་ཟློས་ཀྱི་གོ་རིམ་ཞིག་ཡིན་ཞེས་དང་། སྙན་ངག་ནི་སྐད་ཆ་དང་སྒྲ་གདངས་ལ་ལད་ཟློས་བྱས་པ་ཡིན་པས་ལད་ཟློས་ལས་རྩོམ་རིག་བྱུང་།①ཞེས་གསུངས་ཡོད་ཀྱང་ལྟ་བ་འདི་ལ་ཁོ་བོ་ནི་འཐད་པར་མ་མཐོང་སྟེ། ནམ་རྒྱུན་ལྟ་བ་འདི་ནི་ང་ཚོའི་རྩོམ་རིག་སློབ་ཁྲིད་དང་རྩོམ་རིག་ཞིབ་འཇུག་བྱེད་དུས་མི་མང་པོ་ཞིག་གིས་དེ་ལ་བརྒལ་བརྟག་ཅི་ཡང་མེད་པར་བདེན་ནོ་སྙམ་པའི་བློ་སྐྱེས་ཏེ་དྲང་ཐད་དུ་ལེན་ཅི་ཐུབ་བྱེད་ཀྱིན་ཡོད། འུ་ཅག་གིས་བློ་གཟུ་བོར་གནས་ནས་འདི་ལ་བསམ་བློ་ཤིག་བཏང་ཚེ། འདི་ནི་རྩོམ་རིག་གི་འབྱུང་ཁུངས་གླེང་དུས་ཚུར་ལེན་རིང་ལུགས་ནོར་འཕྲུལ་ཅན་ཞིག་ཡིན། རྒྱུ་མཚན་གང་ཡིན་ཞེ་ན། འགྲོ་བ་རིགས་དྲུག་གི་ཁོངས་སུ་བསྡུ་བའི་མི་ཞེས་པའི་མཐོ་རིམ་སྲོག་ཆགས་འདིས་རང་བྱུང་ཁོར་ཡུག་ལས་ངལ་རྩོལ་བྱེད་པའི་དུས་མཚུངས་སུ་ལད་ཟློས་བྱས་པའི་འཚོ་བའི་བརྒྱུད་རིམ་ཅིག་ཡོད་པ་བདེན་མོད། རྩོམ་རིག་གི་འབྱུང་ཁུངས་ཀྱང་ལད་ཟློས་ལས་བྱུང་བ་རེད་ཟེར་ན་ཇི་འདྲའི་བློ་ཕམ་དགོས་པ་ཞིག་རེད་ཨང་། སྤྱིར་ལད་ཟློས་ནི་ལད་ཟློས་བྱེད་མཁན་གང་གིས་ལད་ཟློས་བྱ་ཡུལ་གྱི་བྱ་བྱེད་དང་འཇོམས་ནུས་སོགས་ཚུར་རང་གི་སྒོ་གསུམ་དུ་ལེན་པ་ཞིག་ལ་ཟེར་ཡང་། རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན་པའི་ཆ་ནས་གནའ་ནས་ད་བར་དུ་ས་སྒང་གྲོང་ཚོ་འདིའི་སྐྱེ་བོ་རྣམས་ཀྱིས་ཡུལ་ཁམས་དང་དད་མོས། མཛེས་འཛིན་གྱི་ལྟ་བ། ཡུལ་སྲོལ་གོམས་གཤིས་སོགས་ཐ་དད་པའི་རང་རང་གི་སྐད་དང་ཡི་གེ་ལ་བརྟེན་ནས་གསར་རྩོམ་མཛད་ཀྱིན་ཡོད་པ་ལས་གོང་དུ་གསུངས་པ་བཞིན་དུད་འགྲོ་དང་འདབ་ཆགས་གཞན་དག་གི་སྐད་ཆ་སོགས་ལ་ལད་ཟློས་བྱས་པ་མཐོང་མི་ཐུབ་ལ་གདངས་དབྱངས་ཀྱང་ལད་ཟློས་བྱས་པ་རེད་ཟེར་ན། མི་ནི་སྲོག་ཆགས་ཀུན་ལས་ཁྱད་དུ་འཕགས་པའི་དགེ་མཚན་ཇི་སྙེད་ཅིག་ཡོད་པ་ཚང་མས་མཁྱེན་གསལ་ཡིན་ཡང་། གཞན་གྱི་ཟེར་སྒྲོས་ཙམ་ལ་ཡིད་རྟོན་ན་མིའི་བླ་མེད་ཀྱི་འཇོན་ནུས་སོགས་རྡུལ་དུ་བརླགས་པ་མ་ཡིན་ནམ། རྩོམ་རིག་མཁན་པོ་རྣམས་ཀྱི་བཞེད་དགོངས་གཅིག་ཏུ་མཐུན་པ་ནི་རྩོམ་རིག་སྒྱུ་རྩལ་གྱི་ཁོངས་སུ་འདུ་བས་ཕྱི་རོལ་ཡུལ་དུ་ཡོད་པའི་འགུལ་ལྡན་དང་འགུལ་མེད་ཀྱི་དངོས་པོ་སོགས་དཔར་བརྒྱབ་པ་ལྟ་བུ་རྩོམ་ཡིག་ཏུ་བྲིས་ན་དེ་ལ་དགེ་མཚན་ཅི་ཡང་མེད་པས་དེའི་རིགས་སུ་གྱུར་བ་ཡོད་དོ་ཅོག་རྩོམ་རིག་གི་བརྩམས་ཆོས་སུ་མི་འདོད་ཅེས་གསུངས་པ་ལས་ཀྱང་རྩོམ་རིག་གསར་རྩོམ་བྱེད་སྐབས་འཚོ་བའི་སྤྱི་ཚོགས་ཀྱི་དོན་དག་ཆེ་འབྲིང་ཆུང་གསུམ་གང་ལའང་ཇི་བཞིན་དུ་ལད་ཟློས་བྱེད་མི་རུང་བ་བསྟན་ཡོད། དེར་བརྟེན། རྩོམ་རིག་ནི་གསར་གཏོད་བྱེད་དགོས་པ་ཞིག་ལས་ལད་ཟློས་ལས་བྱུང་མེད་པ་ར་སྤྲོད་གསལ་པོ་བྱས་ཡོད། འོ་ན་ཁྱོད་ཀྱིས་རྩོམ་རིག་གི་འབྱུང་ཁུངས་གང་ལ་ངོས་འཛིན་བྱེད་ཀྱིན་ཡོད་ཟེར་ན། རྩོམ་རིག་གི་ལས་སུ་གཞོལ་བའི་མི་མང་ཆེ་བ་ཞིག་གིས་མར་ཁེ་སིའི་རྩོམ་རིག་ནི་ངལ་རྩོལ་ལས་བྱུང་བ་ཡིན་ཞེས་པའི་ལྟ་བ་དེ་བདེན་དོན་དུ་བརྩིས་ནས་རྩོམ་རིག་གི་འབྱུང་ཁུངས་ནི་འཚོ་བའི་སྤྱི་ཚོགས་ལ་ངོས་འཛིན་བྱེད་ཀྱིན་ཡོད།འདི་ལ་ཡང་དཔྱད་པར་བྱ་བ་འདི་འདྲ་ཡོད་དེ། རྩོམ་རིག་གི་འབྱུང་ཁུངས་ནི་འཚོ་བའི་སྤྱི་ཚོགས་ཡིན་ཞེས་བརྗོད་ན་རིག་པ་རགས་པ་ཙམ་ལས་ཞིབ་ཆ་མ་ཐོན་པའི་སྐྱོན་འདུག རྒྱུ་མཚན་ནི་སྐབས་འདིའི་རྩོམ་རིག་ཞེས་པ་འདི་སྒྱུ་རྩལ་བརྩམས་ཆོས་ལ་གོ་བས་ན་རྩོམ་པ་པོའི་རྣམ་དཔྱོད་ཀྱི་རྩལ་ལ་མ་བརྟེན་པར་རྩོམ་རིག་གི་བརྩམས་ཆོས་དེ་ལྷད་མེད་དྭངས་གཙང་གི་ཆུ་ཕྲན་མང་པོ་རྫ་རིའི་ཁོང་གསེང་ནས་བཞུར་འོང་བ་ལྟར་གློ་བུར་དུ་ཀློག་པ་པོ་གྲངས་མེད་ཀྱི་མིག་གི་དགའ་སྟོན་དུ་ལྷགས་མི་སྲིད། རྒྱུ་མཚན་དེའི་དབང་གིས། རྩོམ་རིག་བརྩམས་ཆོས་ཤིག་རྩོམ་པ་པོས་དང་ཐོག་བློས་བསླངས་བྱས་པ་ནས་ཐ་སྙད་བཙོ་སྦྱོང་སོགས་ཡང་བསྐོར་བསྐྱར་བསྐོར་གྱི་བཟོ་བཅོས་ཡོངས་སུ་གྲུབ་པའི་བར་ལ་མེད་དུ་མི་རུང་བ་ནི་རྩོམ་པ་པོ་ཡིན། གལ་སྲིད་རྩོམ་པ་པོ་མེད་ན་རླབས་ཆེ་བའི་རྩོམ་རིག་གི་ཁང་བཟང་མངོན་མཐོར་བརྩིགས་མི་སྲིད། དེ་བས། རྩོམ་རིག་གི་ཐོག་མའི་རྒྱུ་ཆའི་འབྱུང་ཁུངས་ནི་འཚོ་བའི་སྤྱི་ཚོགས་ཡིན་ལ་རྩོམ་པ་པོས་ངོ་མཚར་བའི་ཀུན་རྟོག་གི་ཐབས་ཀྱིས་ཡུན་རིང་གསོག་ཉར་བྱས་པའི་རྒྱུ་ཆ་(ལ་ལས་འདི་ལ་རྩོམ་གཞི་ཡང་ཟེར)་དེ་དག་ལ་གདམ་གསེས་དང་ལས་སྣོན་བྱས་ཏེ་རང་ཉིད་ཀྱི་བརྩེ་སེམས་བརྩམས་ཆོས་དངོས་ལ་སིམ་ནས་སྒྲོམ་དུ་གྲུབ་རྗེས་ད་གཟོད་རང་སྐྱ་ཐུབ་པའི་རྩོམ་ལུས་ཤིག་ཏུ་འགྱུར་བ་ཡིན། འདི་ལས་ང་ཚོས་གསལ་བཤད་བྱེད་ཐུབ་པ་ཞིག་ལ་རྩོམ་རིག་གི་ཐོག་མའི་རྒྱུ་ཆའི་འབྱུང་ཁུངས་དང་རྩོམ་རིག་བརྩམས་ཆོས་ཀྱི་འབྱུང་ཁུངས་གཉིས་ནི་གཅིག་ཏུ་བལྟ་མི་རུང་བ་དེ་བསྟན་ཡོད། འདིའི་སྐོར་ལ་མདོ་ཁམས་སྨད་ཀྱི་སྙན་ངག་སྨྲ་བ་ལ་མཆོག་ཏུ་མངའ་བའི་དེང་རབས་བོད་ཀྱི་སྙན་ངག་པ་གྲགས་ཅན་རྒྱ་གྲོལ་ལགས་ཀྱིས་སྙན་ངག་གི་འབྱུང་ཁུངས་ནི་རྩོམ་པ་པོའི་བསམ་བློ་དང་བརྩེ་དུང་ཡིན། གལ་ཏེ་བསམ་གཞིགས་དང་བརྩེ་དུང་མེད་པར་ཕྱི་རོལ་གྱི་འཚོ་བ་ཁོ་ནས་སྙན་ངག་བསྐྱེད་མི་ཐུབ།②ཞེས་སྙན་ངག་གི་བརྩམས་ཆོས་ཀྱི་འབྱུང་ཁུངས་ནི་སྙན་ངག་པའི་རྣམ་དཔྱོད་ཀྱི་རྩལ་ཡིན་པ་ལས་ཕྱི་རོལ་གྱི་འཚོ་བ་ཙམ་མིན་པར་གསུངས་ཡོད། ཡང་དབྱིན་ཇའི་སྙན་ངག་སྨྲ་བ་ཨད་ལེ་ཐིས(艾略特)སྙན་ངག་གི་ཐོག་མའི་རྒྱུ་ཆའི་འབྱུང་ཁུངས་ནི་སྙན་ངག་པའི་འཚོ་བའི་ཉམས་མྱོང་ལས་བྱུང་བ་ཡིན་ཟེར། འོ་ན་ཐོག་མའི་རྒྱུ་ཆ་འདི་དག་སུ་ཞིག་གིས་སྙིགས་དོར་བཅུད་ལེན་མཛད་དེ་སྙན་ངག་པའི་འཚོ་བའི་ཉམས་མྱོང་དུ་བསྒྱུར་བ་ཡིན་ནམ་ཞེ་ན། ཁོང་གིས་དགོངས་པར་སྙན་ངག་པའི་རྣམ་དཔྱོད་ཀྱི་རྩལ་གྱིས་འོས་འགན་འདི་བསྒྲུབ་པ་ཞིག་ཡིན་ཟེར། རྒྱུ་མཚན་ནི་སྙན་ངག་པའི་རྣམ་དཔྱོད་ནི་མི་ཕལ་པ་ལས་ཞིབ་ཚགས་ལྡན་པའམ་ཤིན་ཏུ་ནས་ཁྱོན་ཡངས་པ་ཞིག་ཡིན་ཟེར། མཁྱེན་རྒྱ་ཡངས་པའི་དགེ་མཚན་འདིས་དམིགས་བསལ་གྱི་ཚོར་བ་ཇི་སྙེད་ཅིག་རང་སྟོབས་ཀྱིས་ཟླ་སྒྲིལ་བྱེད་ཐུབ། གནས་ལུགས་འདི་ཁོང་གིས་རྫས་འགྱུར་འགྱུར་བྱུང(化学反应)ཞིག་གི་ངོས་ནས་གསལ་བཤད་བྱས་ཡོད་དེ། གསེར་སྐུད་དཀར་པོ་ཞིག་དབྱངས་དབུགས་དང་དབྱངས་གཉིས་ལུགས་འགྱུར་(二氧化硫)ཡོད་པའི་སྒམ་ཆུང་ཞིག་ཏུ་འཇོག་དུས་འདྲེས་འགྱུར་སྟོབས་ཀྱིས་ལུགས་སོན(硫酸)་དུ་འགྱུར་བ་ཡིན།③ཞེས་པའི་དཔེ་འདི་ལས་སྙན་ངག་གི་བརྩམས་ཆོས་ཀྱི་འབྱུང་ཁུངས་ནི་སྙན་ངག་པའི་རྣམ་དཔྱོད་ཀྱི་རྩལ་ཡིན་ཞེས་བཤད་ན་ཤིན་ཏུ་ནས་འཚམ་པར་སེམས། འདི་ལ་རྒྱུན་ལྡན་འཚོ་བའི་ནང་དུ་འོས་པའི་དཔེ་ཞིག་དྲངས་ནས་ར་སྤྲོད་བྱས་ན་དེ་བས་ཀྱང་ཁ་གསལ་པོ་ཡོང་ངེས་ཡིན། དཔེར་ན། ང་ཚོས་ཁང་པའི་ནང་དུ་ཁྱིམ་ཆས་སྒྲོག་ཙེ་ལ་སོགས་ཉོས་ཏེ་གྲལ་འགྲིག་པོ་ཞིག་བསྒྲིགས་ནས་འཇོག་དུས་ཉིན་ཞིག་གྲོགས་པོའམ་མགྲོན་པོ་སླེབས་ཚེ། སྒྲོག་ཙེ་འདིའི་ཐོན་ཁུངས་བཟོ་གྲྭ་གང་ཡིན་འདྲི་བ་ལས་ནགས་ཚལ་གང་ཡིན་འདྲི་མི་སྲིད་པ་བཞིན་ནོ། སྐབས་འདིར་སྙན་ངག་པ་གཙིགས་སུ་བཟུང་ནས་བཤད་རྒྱུ་ནི་ཤིན་ཏུ་ནས་གལ་ཆེན་པོ་ཡིན་པ་རྟོགས་ནུས་སོ། གལ་སྲིད་སྙན་ངག་པ་སྣང་མེད་དུ་བཞག་ཚེ་སྙན་ངག་གི་ལུས་དང་ཕུན་སུམ་ཚོགས་པའི་རྒྱན་སྣ་ཚོགས། སྙན་ངག་པའི་རྩོམ་གཤིས། ཡིད་དབང་འཕྲོག་པའི་ཚིག་སྦྱོར། ལྷོག་ལྷོག་ཏུ་འཕྱུར་བའི་ཡིད་ཀྱི་འགྱུར་བ་དྲག་པོ་སོགས་ཀློག་པ་པོའི་འདྲེན་བྱེད་ཀྱི་གཟིགས་མོར་ནམ་ཡང་འགྱུར་མི་སྲིད་དོ། ནམ་རྒྱུན་རྩོམ་རིག་ལ་ཞིབ་འཇུག་བྱེད་མཁན་ཁག་ཅིག་གིས་རྩོམ་རིག་གི་ཆོས་བཞི་ལས་གཙོ་བོ་ནི་བརྩམས་ཆོས་ཡིན་པར་འདོད་མོད། རྩོམ་རིག་གི་འབྱུང་ཁུངས་གླེང་སྐབས་ང་ཚོས་ཤེས་ཐུབ་པ་ཞིག་ལ་རྩོམ་པ་པོ་ནི་རྩོམ་རིག་གི་ཆོས་བཞི་ལས་གཙོ་བོའི་གཙོ་བོར་གྱུར་ཡོད། རྩོམ་རིག་གི་ཐོག་མའི་རྒྱུ་ཆའི་འབྱུང་ཁུངས་དང་རྩོམ་རིག་བརྩམས་ཆོས་ཀྱི་འབྱུང་ཁུངས་སོ་སོར་དགར་ན་དགེ་མཚན་གང་ཡོད་ཅེས་དྲི་བ་འདོན་མཁན་ཡང་ཡོད་སྲིད། དེའི་ལན་དུ་དེ་ནི་གྲགས་ཆེ་བའི་རྩོམ་རིག་གི་སྒྱུ་རྩལ་མཚོན་ཐབས་གཉིས་པོ་སྟེ་བསྐྱར་མཚོན་སྨྲ་བ་དང་མངོན་མཚོན་སྨྲ་བ་གཉིས་ཀྱི་འགལ་བ་ལྟག་སྤྲོད་ཀྱི་ཕྱོགས་རེ་བའི་ལྟ་བ་དེ་སེལ་ཐུབ་པ་ཡིན། དེ་སེལ་ན་དོན་དུ་སྙན་ངག་གི་འབྱུང་ཁུངས་སྐོར་གྱི་གནད་དོན་དེ་ས་འཕྱར་ན་རྡོ་ལྷང་ལ་འབུད་པའི་དཔེ་བཞིན་ནོ།

དཔྱད་ཐོ།
①༼ རྩོམ་རིག་རྣམ་བཤད ༽ སྟོབས་རྒྱལ་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ལོའི་ཟླ༢པར་པེ་ ཅིན་དུ་པར་བརྒྱབ ། ཤོག་གྲངས་༡༢
②༼དཔྱད་རྩོམ་ཚངས་པའི་ཐིག་རིས༽(སྙན་ངག་གི་གནད་དོན་འགའ་བཤད་པ། རྒྱ་གྲོལ་གྱིས་བརྩམས། )
༼ སྦྲང་ཆར ༽་རྩོམ་སྒྲིག་ཁང་གིས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ལོའི་ཟླ ༦ ཤོག་གྲངས ༤༣༠
③ <<艾略特:传统与个人才能 艾略特论文集>> 第6页

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྩོམ་རིག་གི་འབྱུང་ཁུངས་སྐོར་གྱི་བསམ་ཚུལ་ཕྲན་བུ།

2015-02-05 གངས་སྨྱུག༼ ལྷ་ས ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།